当前位置: 首页 / 新闻动态

征文启事རྩོམ་བསྡུའི་བརྡ་ཐོ།

发布时间:2020-10-09
字体:
访问量:
来源:州编译局
分享到:

རྩོམ་བསྡུའི་བརྡ་ཐོ།


  རྔ་བའི་བོད་རིག་པཞེས་པའི་དུས་དེབ་འདི་ནི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་བོད་རིག་པའི་ཞིབ་འཇུག་ཁའོ་ཡིས་གཙོ་འགན་བཞེས་པའི་ནང་ཁུལ་གྱི་བརྗེ་རེས་དང་འགྲེམ་སྤེལ་བྱེད་པར་ཆོག་མཆན་ཐོབ་པའི་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་རང་ཁུལ་གྱི་བོད་རིག་པར་ཞིབ་འཇུག་གི་ཁྱད་ཆོས་གཙོ་བོར་བཟུང་བའི་སྣ་འཛོམས་རིག་གཞུང་དུས་དེབ་ཅིག་ཡིན་ལ། ལོ་རེར་དེབ་གཉིས་པར་སྐྲུན་བྱེད་རྒྱུ་ཡིན། དུས་དེབ་འདི་གཉེར་ནས་ལོ་ངོ་བཅུ་ཕྲག་རིང་ལ་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་མཛད་པར།  ངེད་རྩོམ་སྒྲིག་ཁང་གིས་ཕྱག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།


  ད་ལོར་ཡང་བོད་ཡིག་གི་དེབ་ཨང་༣༧པ་དང་དེབ་ཨང་༣༨བ་སྤེལ་རྒྱུ་ཡིན་པས་བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་གཞོལ་བའི་རྒྱ་ཆེའི་རྩོམ་པ་པོས་བོད་མི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་།  མི་རིགས་སློབ་གསོ། ཡུལ་སྲོལ་གོམས་གཤིས།  དགོན་པའི་ལོ་རྒྱུས།  རྩོམ་རིག་སྒྱུ་རྩལ།  མི་སྣ་གྲགས་ཅན།  ས་བཤད་གནས་ཡིག ས་མིང་ཆུ་མིང་།  གླིང་སྒྲུང་གཏམ་དཔེ། གནམ་རིག་སྐར་རྩིས།  གསོ་རིག་སྨན་དཔྱད་སོགས་ཕྱོགས་གང་ཐད་ནས་ཕྱག་རྩོམ་ཆུ་བོའི་རྒྱུན་བཞིན་གནང་བ་དང་ཆབས་ཅིག་དོ་སྣང་མཛད་དགོས་པ་གཤམ་གསལ།


 ཀ  རྩོམ་ཡིག་སྐུར་སྐབས་ངེས་པར་རྩོམ་མགོར་ནང་དོན་གནད་བསྡུས་དང་།  བརྡ་ཆད་གཙོ་བོ།  ལུང་ཁུངས་དང་ཟུར་ལྟའི་ཡིག་ཆའི་དཔེ་མིང་དང་རྩོམ་པ་པོ།  དཔེ་སྐྲུན་ཁང་།  དཔར་དུ་བསྐྲུན་ལོ།  ཤོག་ངོས་ཨང་གྲངས་སོགས་ཟུར་མཆན་གསལ་བོར་འགོད་དགོས།


 ཁ འདི་གར་འབྱོར་བའི་རྩོམ་ཡིག་རྣམས་ཟླ་བ་ལྔའི་ནང་དུས་དེབ་ལ་འགོད་མིན་གྱི་བརྡ་ལན་མ་འབྱོར་ན་དུས་དེབ་གཞན་དུ་སྐུར་ཆོག་ལ། རྩོམ་གྱི་མ་ཡིག་ཕྱིར་མི་སློག་པས་མ་ཕྱི་རང་ཉིད་ཀྱིས་ཉར་ཚགས་བྱེད་དགོས། 



 ག  རྩོམ་ཡིག་རྣམས་བལྟ་བདེ་ལ་འཁྲུལ་བ་མི་འབྱུང་ཕྱིར་ནག་སུབ་ཆད་ལྷག་སོགས་ཀྱིས་མ་བསླད་པར་ངོས་གཙང་ནན་ཞུས་ཐོག་རབ་བྱུང་ན་གློག་ཀླད་ཀྱིས་འདེབས་པའམ་གློག་རྡུལ་ཡིག་སྒམ་བརྒྱུད་ནས་སྐུར་དགོས། 


 ང བསྐུར་བའི་རྩོམ་ཡིག་རྣམས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་མཐུན་དགོས་ཤིང་གྲུབ་མཐའི་ཆགས་སྡང་དང་ས་ཁུལ་གྱི་ཕྱོགས་རེས་མ་འདྲེས་པའི་རྩོམ་ཡིག་ཡིན་དགོས་ལ་ཡིག་འབྲུ་༣༠༠༠ཡན་བྱུང་ན་ལེགས།


 ཅ  རྩོམ་ཡིག་དང་ཆབས་ཅིག་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ཤིག་སྐུར་དགོས། དེའི་ནང་དུ་ས་གནས་ཀྱི་མིང་དང་།  རྩོམ་པ་པོའི་མཚན།  རྩོམ་ཡིག་གི་ཁ་བྱང་སོགས་རྒྱ་ཡིག་ཏུ་ཇི་ལྟར་འབྲི་དགོས་པ་གསལ་ཁ་མཛད་དགོས་པ་མ་ཟད་འབྲེལ་གཏུགས་ཁ་པར་ཨང་གྲངས་འབྲི་བའང་དགོངས་འཇགས་འཚལ། 

 ཆ   ༢༠༡༤ལོ་ནས་བཟུང་ངེད་རྩོམ་སྒྲིག་ཁང་གིསརྔ་བའི་བོད་རིག་པཞེས་པའི་དུས་དེབ་འདི་ཉིད་ལས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་རྔ་བ་ཁུལ་གྱི་སྲིད་འབྱོར་རིག་གསུམ་ཐད་ལ་དོན་དངོས་དང་མཐུན་ཞིང་གསར་གཏོད་ཀྱི་རང་བཞིན་ལྡན་པ།  ཞིབ་འཇུག་གི་ཚད་མཐོ་བའི་དཔྱད་རྩོམ་གྲངས་ངེས་ཅན་ལོངས་ཚེ་ ལེགས་པར་བདམས་ནསརྔ་བའི་བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགསཅེས་པའི་དཔེ་ཆ་མུ་མཐུད་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཚད་ལྡན་དཔེ་སྐྲུན་བྱེད་རྒྱུ་ཡིན།


ཇ   རྩོམ་སྐུར་ཡུལ།  སི་ཁྲོན་རྔ་བ་ཁུལ་འབར་ཁམས་མཐུན་སྒྲིལ་སྲང་ལམ་ཨང་༡༡༡པ་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་བོད་རིག་པའི་ཞིབ་འཇུག་ཁའོ། 

(地址:四川省阿坝州马尔康团结章恰岭巷28号阿坝州藏文编译局藏学研究科)

 ཁ་པར།༠༨༣༧༢༨༢༡༧༧༡

ཡིག་སྒམ།abzxbjb@sina.com  

 སྦྲག་ཨང་། ༦༢༤༠༠༠

རྔ་བའི་བོད་རིག་པརྩོམ་སྒྲིག་ཁང་གིས།



责任编辑:州编译局

扫一扫在手机打开当前页