当前位置: 首页 / 古籍图书

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ལྷན་ཚོགས་ཐེངས་སུམ་ཅུ་བ་ཚོགས...

发布时间:2020-07-23
字体:
访问量:
来源:州编译局
分享到:



དེབ་ཨང་ལྔ་བཅུ་ལྔ་སུམ་པ།སྤྱི་ཨང་223པ།                                  2015ལོའི་ཟླ་11པའི་ཚེས་9ཉིན།

དཀར་ཆག

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ལྷན་ཚོགས་ཐེངས་སུམ་ཅུ་བ་ཚོགས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(4)

རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་པའི་

གྲོས་གཞི། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(6)

སི་ཁྲོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་སྐོར་གྱི་གནས་ཚུལ་སྙན་ཞུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལི་ཧུང་ཡུང་།(8)

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(14)

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》(གྲོས་ཞིབ་ཐེངས་དང་བོསྐོར་གྱི་གྲོས་ཞིབ་བསམ་འཆར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(18)

མི་རིགས་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་པའི་ཐོ་མཛོད་ཀྱི་དོ་དམ་བྱེད་ཐབས།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(21)

ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཁང་ལྟ་ཞིབ་ཙུའུ་ཡི་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་སྐོར་གྱི་ལྟ་ཞིབ་སྙན་ཞུ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(26)

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་མི་དམངས་སྲིད་གཞུང་གི་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་བའི་འཐུས་མིའི་རེ་འདུན་དང་། སྐྱོད་བརྗོད། བསམ་འཆར་གཉེར་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུལ་བཏོན་པའི་གྲོས་ཞིབ་བསམ་འཆར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(49)

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གི་ལུའུ་ཅུན་གྱི་གོ་གནས་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་(52)

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་བསྐོ་འཐེན་མིང་ཐོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(53)

ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་བ་མཇུག་སྒྲིལ་སྐབས་གནང་བའི་གསུང་བཤད།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(54)

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ལྷན་ཁང་གི་ཁོངས་མི་ཚོགས་འདུ་ཐེངས་སུམ་ཅུ་པ་ལ་ཞུགས་པའི་གནས་ཚུལ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་(62)

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ལྷན་ཚོགས་ཐེངས་སུམ་ཅུ་བ་ཚོགས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་ཅུ་བ་དེ་2015ལོའི་ཟླ10པའི་ཚེས་16ཉིན་འབར་ཁམས་སུ་ཚོགས།  ཚོགས་འདུ་ལ་གྲོས་རིམ་རྣམ་གྲངས་7ཡོད།

ཚོགས་འདུའི་ཐོག་ཡིག་ཐོག་ནས་སི་ཁྲོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགདག་བཅོས་འཆར་ཟིན)》(འཆར་ཟིནདང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིག》(གྲོས་ཞིབ་ཐེངས་དང་བོ)(འཆར་ཟིནལ་གྲོས་ཞིབ་བྱས།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་རིགས་ཁྲིམས་འཛུགས་འདྲི་རྟོག་ཆེད་མཁས་པའི་ཐོ་མཛོད་ཀྱི་དོ་དམ་བྱ་ཐབས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།  ཁུལ་དམངས་འཐུས་རྒྱུན་ཨུ་ཁང་ལྟ་ཞིབ་ཚོ་ཆུང་གི་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་གིས་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་སྐོར་གྱི་ལྟ་ཞིབ་སྙན་ཞུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་བའི་ཐོག་འཐུས་མིའི་བསམ་འཆར་དང་སྐྱོན་བརྗོད་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས།  མི་དོན་བསྐོ་འཐེན་རྣམ་གྲངས་ལ་གྲོས་འཆམ་བྱུང་།

རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་ཧྥུའུ་ཡའོ་དང་། ཀྲུའུ་རེན་གཞོན་པ་ཐའེ་ཞའོ་ཏན།  ཝུན་ཡུས་ཞང་།  ཀའོ་ཞའོ་རུང་།  ཝང་ཧྲུན་ཆིང་།  ཧོ་ཝུན་ཐའོ། ལི་ཧུང་ཡུང་། དྲུང་ཡིག་ཆེན་མོ་ཁང་ཆིང་ཝེ་དང་ཨུ་ཡོན་ཁྱོན་བསྡོམས་29ཚོགས་འདུར་ཞུགས་ཡོད། རྒྱུན་ཨུ་ཁང་ཀྲུའུ་རེན་ཝང་ཧྥུའུ་ཡའོ་ཡིས་ཚོགས་འདུ་འགོ་འཛིན་བྱས། ཁུལ་སྲིད་གཞུང་ཁུལ་དཔོན་གཞོན་པ་ཡུས་ཕིང་དང་། ལི་ཝེ་ཀུའོ།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་སྐར་སྟོང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་དཔོན་པོ་ལིའུ་ཀྲི་མིང་། ཁུལ་དམངས་འཐུས་ཆེད་དམིགས་ཨུ་ཡོན་ཁང་སོ་སོའི་ཨུ་ཡོན།  རྒྱུན་ཨུ་ཁང་ལས་ཀ་སྡེ་ཁག་སོ་སོའི་འགན་ཁུར་བ། ཁུལ་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་དང་རྫོང་སོ་སོའི་དམངས་འཐུས་རྒྱུན་ཨུ་ཁང་གི་འགན་ཁུར་བ་ཚོགས་འདུ་ལ་ཟུར་ཞུགས་གནང་། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀྲང་ཡན་དང་། ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གཞོན་པ་པད་མ་ནོར་བུ།  ཁུལ་ཨུ་རྩ་འཛུགས་པུའུ་པུའུ་དོན་ཨུ་ཡོན་ཧོ་ཡོན་ཧུའེ་དང་ཁུལ་དམངས་འཐུས་འཐུས་མི་3གདན་འདྲེན་ཞུས་པ་ལྟར་ཚོགས་འདུ་ཟུར་ཞུགས་གནང་། སྤྱི་དམངས་5ཡིས་ཚོགས་འདུ་ལ་ཟུར་ཉན་བྱས།

༄༅།།རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་    སུམ་བཅུ་པའི་གྲོས་གཞི།

2015ལོའི་ཟླ10པའི་ཚེས་16ཉིན། རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་པའི་ཐོག་གྲོས་འཆམ་བྱུང་།

གཅིག   སི་ཁྲོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཡིག་ཐོགབརྒྱུད་བསྒྲགས་བྱ་རྒྱུ།

གཉིས།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་གྱི་སྲོལ་ཡིགདག་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུ།

གསུམ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཆའང་སྐད་ཡིག་སྲོལ་ཡིག》(གྲོས་ཞིབ་ཐེངས་དང་བོ)(འཆར་ཟིནལ་གྲོས་ཞིབ་བྱ་རྒྱུ།

བཞི།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་རིགས་ཁྲིམས་འཛུགས་འདྲི་རྟོག་ཆེད་མཁས་ཐོ་མཛོད་དོ་དམ་བྱ་ཐབསའཆར་ཟིནལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ལྔ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་ལྟ་ཞིབ་ཙུའུ་ཡི་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་སྐོར་གྱི་ལྟ་ཞིབ་སྙན་ཞུ་ལ་ཉན་རྒྱུ།

དྲུག   མི་དམངས་སྲིད་གཞུང་གི་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་འཐུས་མི་བསམ་འཆར་དང་སྐྱོན་བརྗོད་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།

བདུན།  མི་དོན་བསྐོ་འཐེན།

བརྒྱད།  རྣམ་གྲངས་གཞན་པ།

༄༅།། སི་ཁྲོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ།ཡིག་ཐོག

2015ལོའི་ཟླ10པའི་ཚེས་16ཉིན་རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་པའི་ཐོག

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ།  ལི་ཧུང་ཡུང་།

ཀྲུའུ་རེན་དང་།  ཀྲུའུ་རེན་གཞོན་པ་ཚོ།  དྲུང་ཡིག་ཆེན་མོ། ཨུ་ཡོན་རྣམ་པ་ལགས།

       སི་ཁྲོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གཅིག་རྒྱུན་ཨུ་ཚོགས་འདུ་ཐེངས་བཅོ་བརྒྱད་པ་དེ་ཟླ་9བའི་ཚེས22ནས་25བར་ཁྲེན་ཏུའུ་ནས་ཚོགས།  ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གི་མངག་བཅོལ་བྱས་པ་ལྟར། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཀོང་ཀྲི་ཡིས་ཚོགས་འདུ་འགོ་འཛིན་བྱས་པ་དང་གསུང་བཤད་གནང་། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཏུང་ཧྲེང་དང་། ཕེང་ཡུས།  ལིའུ་ཏའོ་ཕིང་། ཙེང་ཧྲེང་ཆོན། ལི་ཞང་ཀྲི་དང་ཨུ་ཡོན་ཁྱོན་བསྡོམས་64ཚོགས་འདུར་ཞུགས་ཡོད།

     ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དཔོན་པོ་གཞོན་པ་ཝང་ཉིང་དང་ཡེ་ཀྲོང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་ལིའུ་ཏ་ཀུའེ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཏེང་ཁྲོན། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ།  ཞིང་ཆེན་དམངས་འཐུས་ཆེད་དམིགས་ཨུ་ཡོན་ཁང་གི་ཁུངས་མི་དང་འདྲི་རྟོག་ཨུ་ཡོན། རྒྱུན་ཨུ་ཁང་གི་ལས་སྒྲུབ་ལས་ཁུངས་སོ་སོའི་འགན་ཁུར་བ། ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་འཐུས་རྒྱུན་ཨུ་ཁང་གི་འགན་ཁུར་བ། རྫོང་རིམ་དམངས་འཐུས་རྒྱུན་ཨུ་ཁང་8ཡི་འགན་ཁུར་བ། ཡུལ་ཚོ་གྲོང་རྡལ་3ཡི་དམངས་འཐུས་ཀྲུའུ་ཞི། རྒྱལ་ཡོངས་དམངས་འཐུས་འཐུས་མི3དང་ཞིང་ཆེན་དམངས་འཐུས་འཐུས་མི13ཚོགས་འདུ་ལ་ཟུར་ཞུགས་གནང་།

      ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཁྲེན་ཧྥང་གདན་འདྲེན་ཞུས་པ་ལྟར་ཚོགས་འདུར་ཞུགས།

     སྤྱི་དམངས་10ཚོགས་འདུ་ལ་ཟུར་སྙན་བྱས།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཚོགས་འདུ་ཐེབས་བཅུ་དྲུག་པའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་དང་། སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་སྲོལ་ཡིགའཆར་ཟིན)》དང་། སི་ཁྲོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷ་ཁང་གི་ཁྲིམས་འགལ་གྱི་འཛུགས་སྐྲུན་ལ་བཀག་འགོག་དང་རྩད་གཅོད་བྱེད་པའི་སྐོར་གྱི་གཏན་འབེབསའཆར་ཟིན)》གྱི་གྲོས་ཞིབ་བྱས་འབྲས་དང་།  སི་ཁྲོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་སྲོལ་ཡིགདག་བཅོས་འཆར་ཟིན)》།  སི་ཁྲོན་ཞིང་ཆེན་གྲོང་དམངས་ཨུ་ཡོན་ཁང་གི་འདེམས་བསྐོའི་སྲོལ་ཡིག་དག་བཅོསའཆར་ཟིན)》གྲོས་ཞིབ་བསམ་འཆར་གྱི་སྙན་ཞུ་ལ་ཉན་པ།  སི་ཁྲོན་ཞིང་ཆེན་རྩིབས་འཕྲོ་སྦགས་བཙོག་འགོག་བཅོས་སྲོལ་ཡིགའཆར་ཟིན)》དང་།  སི་ཁྲོན་ཞིང་ཆེནཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་ལག་རྩལ་ཁྱབ་སྤེལ་བཅའ་ཁྲིམསལག་བསྟར་བྱ་ཐབསདག་བཅོས་འཆར་ཟིནསི་ཁྲོན་ཞིང་ཆེནཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ཚོགས་བཅའ་ཁྲིམས〉》ལག་བསྟར་བྱ་ཐབསདག་བཅོས་འཆར་ཟིན)(འཆར་ཟིན)》སྐོར་གྱི་གསལ་བྱེད་ལ་ཉན།  ཁྲེན་ཏུའུ་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་གྱི་གཏན་འབེབསདང་།  ཁྲེན་ཏུའུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ཁང་གི་ཁྲེན་ཏུའུ་གྲོང་ཁྱེར་ཆོས་ལུགས་བྱེད་སྒོ་སྤེལ་རའི་དོ་དམ་གཏན་འབེབསདང་ཁྲེན་ཏུའུ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་སྐོར་གྱི་སྲོལ་ཡིགཁྲེན་ཏུའུ་གྲོང་ཁྱེར་ཆུ་གྲོན་ཆུང་དོ་དམ་སྐོར་གྱི་སྲོལ་ཡིགདག་བཅོས་བྱེད་པའི་གཏན་འབེབས་ཀྱི་ཞིབ་བཤེར་བསམ་འཆར་སྙན་ཞུ་ལ་ཉན། 

     ཚོགས་འདུའི་ཐོག་ཞིང་ཆེན་མི་དམངས་སྲིད་གཞུང་གིཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིགདང་སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིགལག་བསྟར་བྱེད་ཚུལ་དང་།  ལྔ་འཆར་བཅུ་གཉིས་པའིའཆར་གཞིའི་ལག་བསྟར་དང་ལྔ་འཆར་བཅུ་གསུམ་པའིའཆར་གཞིའི་བཟོ་སྒྲིག་བྱས་ཚུལ། སི་ཁྲོན་ཞིང་ཆེན་2015ལོའི་ནོར་སྲིད་སྔོན་རྩིས་ཇུས་གཞི་ལེགས་སྒྲིག་འཆར་གཞི། ཞིང་ཆེན་ཡོངས་ཀྱི་ས་གནས་སྲིད་གཞུང་བུན་ལོར་མ་དངུལ་བེད་སྤྱོད་བྱས་ཚུལ། ཞིང་ཆེན་ཡོངས་ཀྱི་ས་གནས་སྲིད་གཞུང་བུན་ལོར་མ་དངུལ་རྩིས་བཤེར་གནས་ཚུལ་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ཁང་གི་སི་ཁྲོན་ཞིང་ཆེན་2015ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་སྐོར་གྱི་རྩིས་བཤེར་སྙན་ཞུ་ལ་ཉན།

ཚོགས་འདུའི་ཐོག་ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན་ཝང་ཧའེ་ཕིང་གིས་གནང་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྲིད་འཛིན་ཁྲིམས་གཅོད་སྤེལ་བའི་གནས་ཚུལ་སྙན་ཞུ་དང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཏེང་ཁྲོན་གྱིས་ཞུས་པའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་དོ་དམ་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལས་ཀ་སྤེལ་བའི་གནས་ཚུལ་སྙན་ཞུ་ལ་ཉན།

ཚོགས་འདུའི་ཐོག་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཕེང་ཡུས་ཀྱིས་ཞུས་པའི་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་ཁྲིམས་འཛིན་ཞིབ་བཤེར་ཙུའུ་ཡི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམསདང་སི་ཁྲོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་སྲོལ་ཡིགདོན་ཐོག་ཏུ་འཁྱོལ་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་ལ་ཉན།

      ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་འཐུས་མིའི་ཐོབ་ཐང་ལ་ཞིབ་དཔྱོད་བྱེད་པའི་ཨུ་ཡོན་ལྷན་ཁང་གི་སི་ཁྲོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་ཚོགས་ཆེན་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་འོས་བབ་ཞིབ་བཤེར་སྙན་ཞུ་འཆར་ཟིན)》དང་བསྐོ་འཐེན་གྲོས་གཞི་དང་དོན་ཚན་གཞན་དག་ལ་ཉན།

ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་རྩིབས་འཕྲོ་སྦགས་བཙོག་འགོག་བཅོས་སྲོལ་ཡིག་འཆར་ཟིན)》དེ་རྒྱུན་ཨུ་ཁང་གི་གྲོས་ཚོགས་ནང་དུ་བཞག་ནས་མུ་མཐུད་དུ་གྲོས་ཞིབ་བྱ་རྒྱུ་ཐག་བཅད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་ནས་སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་སྲོལ་ཡིགདང་། སི་ཁྲོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཁྲིམས་འགལ་འཛུགས་སྐྲུན་ལ་བཀག་འགོག་དང་རྩད་གཅོད་བྱས་པའི་གཏན་འབེབས། སི་ཁྲོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམསལག་བསྟར་བྱ་ཐབསདག་བཅོས་བྱས་པའི་གཏན་འབེབས་ལ་གྲོས་འཆམ་བྱུང་།  སི་ཁྲོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཁྲེན་ཏུའུ་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་གྱི་གཏན་འབེབསལ་ཆོག་མཆན་བཀོད་པའི་གཏན་འབེབས་དང་།  ཁྲེན་ཏུའུ་གྲོང་ཁྱེར་དམངས་འཐུས་རྒྱུན་ཨུ་ཁང་གི་ཁྲེན་ཏུའུ་གྲོང་ཁྱེར་ཆོས་ལུགས་བྱེད་སྒོ་སྤེལ་རའི་དོ་དམ་གཏན་འབེབསདང་ཁྲེན་ཏུའུ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་སྲོལ་ཡིགཁྲེན་ཏུའུ་གྲོང་ཁྱེར་ཆུ་གྲོན་ཆུང་དོ་དམ་སྲོལ་ཡིགདག་བཅོས་བྱེད་པའི་གཏན་འབེབས་ཀྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་།

     ཚོགས་འདུའི་ཐོག་བརྡས་ཐག་བཅད་ནས་སི་ཁྲོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་སི་ཁྲོན་ཞིང་ཆེན་2015ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ལ་ཆོག་མཆན་བཀོད་པའི་ཆོད་དོནདང་། སི་ཁྲོན་ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་འཐུས་མི་འོས་བབ་ཞིབ་བཤེར་ལྷན་ཁང་གི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་ཀྱི་འོས་བབ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ། བསྐོ་འཐེན་གྲོས་གཞི་དང་དོན་ཚན་གཞན་པ་ལ་གྲོས་འཆམ་བྱུང་།

གྲོས་རིམ་ཁག་ཚང་མ་ལེགས་འགྲུབ་བྱུང་རྗེས། ཁྲེན་ཀོང་ཀྲི་ཡིས་གསུང་བཤད་གལ་ཆེན་གནང་།  ཁྲེན་ཀོང་ཀྲི་ཡིས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་ནི་མྱུར་བགྲོད་གཞུང་ལམ་སྲོལ་ཡིག་དང་། སྒྲིག་སྲོལ་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་འགལ་འཛུགས་སྐྲུན་ལ་བཀག་འགོག་དང་རྩད་གཅོད་བྱས་པའོ་ཆོད་དོན་དང་བཟོ་ཚོགས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དག་བཅོས་བྱས་པའི་ཆོད་དོན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དེ་ཡིན་པར་བསྟན།  མྱུར་བགྲོད་གཞུང་ལམ་སྲོལ་ཡིག་ཐེངས་དང་བོར་ས་གནས་རང་བཞིན་གྱི་སྒྲིག་ཁྲིམས་རྣམ་པའི་སྒོ་ནས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་ཁྲོད་ཀྱི་ཁྲོམ་ར་དང་སྲིད་གཞུང་གི་ནུས་པ་དེ་གཏན་འབེབས་གསལ་བོར་བྱས། རང་རེའི་ཞིང་ཆེན་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་བརྒྱུད་རིམ་ཁྲོད་དུ་གསོག་པ་དང་གསར་གཏོད་བྱས་པའི་ཉམས་མྱོང་བཟང་བོ་དེ་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པ་དེས། རང་རེའི་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་སྐུལ་འདེད་གཏོང་རྒྱུ་རེད།  ཁྲིམས་འགལ་གྱི་འཛུགས་སྐྲུན་ལ་བཀག་འགོག་དང་རྩད་གཅོད་བྱས་པའི་གཏན་འབེབས་ཀྱིས་གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་གཞིའི་བཅའ་ཁྲིམས་དང་།  ས་ཞིང་དོ་དམ་བཅའ་ཁྲིམས། སྲིད་འཛིན་གྱི་བཙན་འདོམས་བཅའ་ཁྲིམས། རང་རེའི་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་སྲོལ་ཡིག་སོགས་འབྲེལ་ཡོད་ཆོད་དོན་སྔར་བས་ཞིབ་ཚགས་སུ་བཏང་སྟེ། ཁྲིམས་འགལ་གྱི་འཛུགས་སྐྲུན་བཀག་འགོད་དང་རྩད་གཅོད་བྱས་པ་ལ་སྔར་བས་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་ལེན་མཁོ་འདོན་བྱས།  བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཟོ་བཅོས་བྱས་པའི་ཆོད་དོན་ཀྱིས་སྔར་ལག་བསྟར་བྱ་ཐབས་ནང་གི་དོན་ཚན་ཁ་ཤས་དེ་རྒྱལ་ཁབ་ད་ལྟར་ལག་བསྟར་བྱས་པའི་བཅའ་ཁྲིམས་དང་སྲིད་ཇུས་ཆོད་དོན་དང་མི་མཐུན་པའི་གནད་དོན་ཐག་གཅོད་བྱས་པ་དང་།  རང་རེའི་ཞིང་ཆེན་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་ཁེ་དབང་དང་འོས་འགན་ཁྲིམས་ལྟར་ཚད་ལྡན་དུ་གཏོང་རྒྱུ།  ལས་བཟོ་བ་དང་བཟོ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།  ཁྲིམས་སྲོལ་དང་ཆོད་དོན་འདི་གསུམ་ལ། ས་གནས་སོ་སོས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱ་དགོས།

ཁྲེན་ཀོང་ཀྲི་ནན་ཏན་གྱིས་བཤད་པ།  ཁུལ་བཙུགས་པའི་གྲོང་ཁྱེར་ལ་དབང་བའི་ཁྲིམས་འཛུགས་དབང་ཆ་དང་ཡུལ་ཚོའི་དམངས་འཐུས་ལས་ཀ་དང་འཛུགས་སྐྲུན་ཤུགས་སྣོན་བྱ་རྒྱུ་ནི་ སྐབས་འདིའི་རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུ་ཁང་གི་མངོན་གསལ་དོད་པ་གཉིས་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་དམངས་འཐུས་ཀྱིས་གགནས་བབ་གསར་བའི་འོག་ཏུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་གལ་ཆེ་བའི་རང་བཞིན་དེ་ངེས་པར་ངོས་འཛིན་གང་ལེགས་བྱ་དགོས་པ་དང་།  དམངས་འཐུས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་བྱས་ཏེ།  གསར་སྤེལ་དང་རྩད་འཚོལ་ཧུར་ཐག་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས།

༄༅།། རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར།

   རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་ཅུ་བ་དེ2015ལོའི་ཟླ10པའི་ཚེས་16ཉིན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིན)》(གྲོས་ཞིབ་ཐེངས་དང་བོགཤམ་དུ་བསྡུས་མིང་ལཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིནཟེར་རྒྱུ་ཡིནལ་གྲོས་ཞིབ་བྱས།

གྲོས་ཞིབ་ཐེངས་དང་བོའི་ཐོག་ཏུ་རང་ཁུལ་ད་ལྟ་ལག་བསྟར་བྱས་པའི་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདེ་2010ལོའི་ཟླ5བར་ཁྱབ་བསྒྲགས་ལག་བསྟར་བྱས་པ་ནས་བཟུང་།  ཆོས་ལུགས་ལས་དོན་དོ་དམ་ཚད་ལྡན་དུ་གཏོང་བ་དང་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་འགན་སྲུང་།  ཆོས་ལུགས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ།  ཁྲིམས་ལྟར་ཁུལ་སྐྱོང་སྐུལ་འདེད་གཏོང་བ་ལ་ནུས་པ་གལ་ཆེན་འདོན་པ་མ་ཟད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཀྱང་། ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་འབྱེད་མུ་མཐུད་གཏིང་ཟབ་འགྲོ་བ་དང་བསྟུན། ཆོས་ལུགས་ཁྱབ་ཁོངས་སུ་ཡང་གནས་ཚུལ་དང་གནད་དོན་གསར་བ་བྱུང་བ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལས་དོན་ཀྱི་དོ་དམ་ཤུགས་སྣོན་དང་དག་བཅོས་ལ་རེ་འདུན་གསར་བ་བཏོན། དུས་བསྟུན་གྱིས་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགབཟོ་བཅོས་བྱེད་པ་ནི་དགོས་གལ་ཧ་ཅང་ཆེ་བ།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིན)》ཡི་མཛུབ་ཁྲིད་གྱི་བསམ་བློ་གསལ་བ།  བཅའ་ཁྲིམས་ཀྱི་གཞིར་འཛིན་ས་ལྡན་པ།  སྒྲོམ་གཞིའི་གྲུབ་ཆ་ལུགས་མཐུན་ཡིན་ལ།  དངོས་སྤྱོད་རང་བཞིན་དང་ལག་བསྟར་རང་བཞིན་མངོན་གསལ་དོད་པས་རང་ཁུལ་གྱི་དངོས་གནས་དང་མཐུན་པ།  ཚོགས་འདུའི་ཐོག་གཤམ་གྱི་གྲོས་ཞིབ་བསམ་འཆར་བཏོན།

གཅིག  ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། མང་ཚོགས་ཀྱི་མཁོ་འདུན་ལ་བརྩི་འཇོག་གང་ལེགས་བྱ་དགོས།

བརྟག་དཔྱད་ཞིབ་འཇུག་ཐེངས་མང་བོའི་ཁྲོད་དུ། རྫོང་ཁག་དང་། འབྲེལ་ཡོད་ལས་ཁུངས།  གྲྭ་བཙུན་དང་སྤྱི་ཚོགས་ལས་རིགས་སོ་སོས་ལོ་ན་མ་སོན་པ་དགོན་པར་ཞུགས་པ་དང་། དགོན་པས་མི་སྣ་གཏན་འཁེལ་བྱས་པ།  སྒོ་འབྱེད་མེད་པའི་ཆོས་ལུགས་བྱེད་སྒོ་སྤེལ་རའི་དོ་དམ། གནས་སྐབས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོའི་མཆན་འགོད་སོགས་གནད་དོན་ལ་བསམ་འཆར་མང་བོ་བཏོན་པ་དང་།  དགོན་པའི་དོ་དམ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣའི་འོས་འགན་སྔར་ལས་གསལ་བོ་དང་། ཆོས་ལུགས་ལས་དོན་དོ་དམ་རྐྱེན་སྲོལ་སྔར་ལས་གསར་གཏོད། ཆོས་ལུགས་ལས་ཀའི་དཔྱད་ཞིབ་གདེང་འཇོག་བྱ་ཐབས་འཐུས་ཇེ་ཚང་། ས་ཁོངས་ལས་བརྒལ་བའི་མཉམ་དུ་དོ་དམ་བྱས་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་པ་སོགས་ཐད་ལ་བསམ་འཆར་བཏོན།  གཞུག་གི་བཟོ་བཅོས་དང་འཐུས་ཚང་གཏོང་བའི་ལས་ཀའི་ཁྲོད་དུ།  ཏང་ཨུའི་བླང་བྱ་དང་མང་ཚོགས་ཀྱི་རེ་འདུན་ལ་བསམ་གཞིགས་གང་ལེགས་དང་།  རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་དང་ལེན་བྱས་ཏེ། བཟོ་བཅོས་བྱས་རྗེས་ཀྱིཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགལ་ཚན་རིག་རང་བཞིན་དང་།  གཟབ་ནན་རང་བཞིན།  བཀོལ་སྤྱོད་རང་བཞིན་ཇེ་ལྡན་དུ་གྱུར་དགོས།

གཉིས། གོང་རིམ་སྡེ་ཁག་ལ་གནས་ཚུལ་ཞུ་བའི་ལས་ཀ་ཤུགས་སྣོན་བྱས་ཏེ།  གོང་གནས་བཅའ་ཁྲིམས་དང་འབྲེལ་མཐུད་ལ་མཐོང་ཆེན་བྱ་དགོས།

རྒྱུས་ལོན་པ་ལྟར་ན་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགབཟོ་བཅོས་ལས་ཀ་སྤེལ་བཞིན་ཡོད། འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་འཛུགས་ཇུས་གཞིའི་ལྟར་རང་འགན་རང་ཁུར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིན)》ནང་དུ་བཀོད་ཡོད་པའི་སྣང་འཇོག་ཆེན་པོ་བྱ་དགོས་པའི་གནད་དོན་དུས་བསྟུན་དུ་གོང་རིམ་སྡེ་ཁག་ལ་གནས་ཚུལ་ཞུ་སྟེ། ཁོ་ཚོའི་རྒྱབ་སྐྱོར་དང་རོགས་རམ་བརྩོན་ལེན་བྱ་དགོས། དུས་མཚུངས་སུ་དུས་ཐོག་ཏུ་རྒྱལ་ཁབ་དང་ཞིང་ཆེན་གྱིསཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགབཟོ་བཅོས་བྱས་པའི་མྱུར་ཚད་དང་གཙོ་གནད་རྒྱུས་ལོན་དང་། ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིན)》དང་གོང་གནས་བཅའ་ཁྲིམས་ཀྱི་འབྲེལ་མཐུད་ལས་ཀ་ལེགས་སྒྲུབ་བྱས་ཏེ། གོང་གནས་བཅའ་ཁྲིམས་དང་གཅིག་མཐུན།  རང་ཁུལ་གྱི་དངོས་གནས་དང་མཐུན་པར་བྱ་དགོས།

གསུམ། བཟོ་བཅོས་ཀྱི་གཙོ་གནད་འབུར་དུ་ཐོན་ནས། བཟོ་བཅོས་ཀྱི་ནང་དོན་འཐུས་ཚང་དུ་གཏོང་དགོས།

ཏང་ཨུའི་བླང་བྱ་དང་མང་ཚོགས་ཀྱི་རེ་འདོད་ལྟར། ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགགི་བཟོ་བཅོས་ནང་དུ་ལོ་ན་མ་སོན་པ་དགོན་པར་ཞུགས་པ་དང་། ཆོས་ལུགས་བྱེད་སྒོ་དང་སྤེལ་རའི་དོ་དམ། ཆོས་དོན་བགྱི་མཁན་མི་སྣའི་དོ་དམ། ཆོས་ལུགས་རྒྱུ་ནོའི་དོ་དམ་སོགས་གཙོ་བོར་བཟུང་ནས། ཧུར་ཐག་དང་། བརྟན་བརླིང་། གཟབ་ནན་གྱིས་རྩ་དོན་བརྩི་སྲུང་བྱས་པ་དང་།  དངོས་གནས་ཀྱི་དགོས་མཁོ་དང་ཆ་རྐྱེན་འཛོམས་ཡོད་མེད་བཅས་ལ་བསམ་གཞིགས་བྱས་ཏེ། བཟོ་བཅོས་བྱས་རྗེས་ཀྱིཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགགོ་ཆོད་པ་དངོས་སུ་སྤྱོད་ཐུབ་པ་འགན་ལེན་བྱ་དགོས། དུས་མཚུངས་སུ ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགདག་བཅོས་འཆར་ཟིན)(འཆར་ཟིན)》གྱི་ཡེ་གེ་ཁ་ཤས་ལ་བཟོ་བཅོས་སྔར་ལས་ལྷག་པར་བྱས་ཏེ། བཟོ་འགོད་ཡང་དག་པ་དང་། གསལ་པོཚད་ལྡན་བཅས་བྱ་དགོས།

བཞི། དུས་ཚོད་ཀྱི་འཕེལ་རིམ་དམ་འཛིན་བྱས་པ་དང་། ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགཁྱབ་བསྒྲགས་བྱས་པའི་དུས་ཚོད་ཡང་དག་པ་བཙལ་དགོས།

རྒྱལ་ཁབ་དང་ཞིང་ཆེན་གྱིས་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགབཟོ་བཅོས་བྱས་པ་གཞིགས་ནས། འབྲེལ་ཡོད་ལས་ཁུངས་ལ་གོང་རིམ་དང་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བའི་གྲོས་གཞི་བཏོན། ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགགི་བཟོ་བཅོས་ལས་ཀ་དེ་གོང་གནས་བཅའ་ཁྲིམས་དང་འབྲེལ་མཐུད་ནུས་ལྡན་བྱ་དགོས། འོས་འཚམ་གྱི་དུས་སུ་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགལ་གྲོས་ཞིབ་ཡང་བསྐྱར་བྱས་པའི་གྲོས་གཞི་བཏོན།

༄༅།།རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》(གྲོས་ཞིབ་ཐེངས་དང་བོསྐོར་གྱི་གྲོས་ཞིབ་བསམ་འཆར།

རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུའི་ཚོགས་འདུ་ཐེངས་སུམ་བཅུ་བ་2015ལོའི་ཟླ10པའི་ཚེས་16ཉིནརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》(གྲོས་ཞིབ་ཐེངས་དང་བོ)(གཤམ་དུ་བསྡུས་མིང་ལཁུལ་བོད་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》ཟེར་རྒྱུ་ཡིནལ་གྲོས་ཞིབ་བྱས།

གྲོས་ཞིབ་ཐེངས་དང་བོའི་ཐོག་ཏུ་ཁུལ་བོད་ཆའང་རིགས་སྐད་ཡིག་སྲོལ་ཡིགགཏན་འབེབས་བྱས་པ་ནི་ཁུལ་དམངས་འཐུས་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁ་ཤས་ལོ་མང་བོའི་རིང་གི་རེ་འདུན་དང་ཁུལ་ཡོངས་མི་དམངས་ཀྱི་རེ་འདུན་ཡིན། འདིའི་སྔོན་དུ་ཁུལ་ཡོངས་བོད་ཆའང་སྐད་ཡིག་གི་དོ་དམ་གཙོ་བོ་ནི་སྲིད་ཇུས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྟེན། ཁུལ་བོད་ཆའང་རིགས་སྐད་ཡིག་སྲོལ་ཡིགགཏན་འབེབས་བྱས་པ་དེས་ཁུལ་ཡོངས་ཀྱི་བོད་ཆའང་རིགས་སྐད་ཡིག་གི་དོ་དམ་གཙོ་བོ་སྲིད་ཇུས་ལ་བརྟེན་པ་ནས་ཁྲིམས་ལྟར་སྐྱོང་བར་བསྒྱུར་རྒྱུ་ལ་ཕན་པ་དང་། མི་རིགས་ཀྱི་རིག་གནས་དར་སྤེལ།  ཁུལ་ཡོངས་སྤྱི་ཚོགས་ཡུན་རིང་བརྟན་གནས་བདེ་འགོད་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས།  གཞི་རིམ་སྤྱི་ཚོགས་སྐྱོང་བའི་མ་ལག  སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་ལ་ཧ་ཅང་གལ་ཆེན་བའི་ནུས་པ་ལྡན།  ཁུལ་བོད་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》ཁྲིམས་འཛུགས་ཀྱི་དམིགས་ཡུལ་གསལ་ཞིང་རྩ་དོན་འོས་འཚམ། སྒྲིག་གཞི་ལུགས་དང་མཐུན་པ། དངོས་སྤྱོད་རང་བཞིན་དང་ལག་བསྟར་རང་བཞིན་འབུར་དུ་ཐོན་པ། རང་ཁུལ་གྱི་དངོས་གནས་དང་མཐུན་པ། ཚོགས་འདུའི་ཐོག་གཤམ་གྱི་གྲོས་ཞིབ་བསམ་འཆར་བཏོན།

གཅིག ཆའང་ཡིག་བཀོལ་སྤྱོད་ཀྱི་གཞིར་འཛིན་ས་དངོས་ར་གསལ་འཕྲོད་བྱ་དགོས།

   དུས་རབས་གོང་མའི་ལོ་རབས་50བར་རྒྱལ་ཡོངས་ཆའང་ཡིག་གསར་བཟོ་ལས་ཀའི་འགོ་བརྩམས། གཞུག་ནས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་མཚམས་བཞག  ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཞིང་ཆེན་དམངས་ཨུས་སྣེ་ཁྲིད་བྱས་ཏེ་སི་ཁྲོན་ཞིང་ཆེན་ཆའང་རིགས་སྒྲ་སྦྱོར་ཡེ་གེ་འཆར་གཞི་གསར་བཟོ་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ། ཆའང་རིགས་ཀྱི་སྒྲ་སྦྱོར་ཡི་གེ་འཆར་གཞིགྲུབ་པ་རེད། 1991ལོའི་ཟླ10པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་དམངས་ཨུ་ལ་ཞིབ་བཤེར་ཞུས། མིག་སྔར་འབྲེལ་ཡོད་ཀྱི་མཆན་འགོད་ཡིག་ཆ་མ་རྙེད་པ། འབྲེལ་ཡོད་སྡེ་ཁག་གིས་ར་སྤྲོད་བྱེད་པའི་ནུས་ཤུས་སྔར་ལས་ཇེ་ཆེར་བཏང་བ་དང་། བཀོལ་སྤྱོད་བྱེད་པའི་ཁུངས་ལུང་དམ་འཛིན་བྱས་ཏེ། ཆའང་ཡིག་གི་བཀོལ་སྤྱོད་དང་ཁྱབ་སྤེལ་ལ་བཅའ་ཁྲིམས་ཀྱི་གཞིར་འཛིན་ས་ལྡན་དུ་གྱུར་དགོས།

གཉིས། ཐོག་མ་བོད་ཡིག་དང་ཆའང་རིགས་སྐད་ཡིག་ལ་ཁྱད་པར་ཅན་གྱི་དོ་དམ་ལག་བསྟར་བྱ་དགོས།

རང་ཁུལ་གྱི་བོད་ཡིག་དང་ཆའང་གི་སྐད་ཡིག་གི་ཡོངས་ཁྱད་བྱེད་ཚད་ལ་མངོན་གསལ་གྱི་ཁྱད་པ་ཡོད་ལ། བོད་སྐད་ཡིག་དེ་ཆའང་སྐད་ཡིག་དང་སྡུར་ན་ཡོངས་ཁྱབ་བྱེད་ཚད་ཅུང་མཐོ་བ་དང་། དར་སྤེལ་ཡོངས་ཁྱབ་ཀྱི་རྒྱ་ཁྱོན་ཡང་ཅུང་རྒྱ་ཆེ་བ། ཁུལ་ཡོངས་སུ་ཆའང་གི་སྐད་ཡིག་ཤེས་མཁན་བརྒྱ་ལྷག་ཙམ་མ་གཏོགས་མེད།  རང་ཁུལ་ནི་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཡིན། གཙོ་འཛིན་མི་རིགས་གཉིས་ཀྱི་སྐད་ཡིག་གི་བཀོལ་སྤྱོད་དོ་དམ་ལ་ཁྲིམས་འཛུགས་གཅིག་གྱུར་བྱེད་པའི་དགོས་ངེས་ཡོད། འོན་ཀྱང་སྐད་ཡིག་རིགས་གཉིས་ཀྱི་དངོས་གནས་གནས་ཚུལ་ལ་གཞིགས་ནས། ཁྲིམས་འཛུགས་སྐབས་སུ་དེའི་ལག་བསྟར་རང་བཞིན་དང་དངོས་སྤྱོད་རང་བཞིན་ལ་བསམ་གཞིགས་གང་ལེགས་བྱ་དགོས། དེ་ལས་བོད་སྐད་ཡིག་དང་ཆའང་རིགས་སྐད་ཡིག་གི་བཀོལ་སྤྱོད་དོ་དམ་གྱི་ཐོག་མར་ཁྱད་པར་ཅན་གྱི་དོ་དམ་བྱེད་པ་དང་། ཆ་རྐྱེན་འཛོམས་རྗེས་ད་རུང་གཅིག་གྱུར་དོ་དམ་བྱེད་ན་བཟང་།

གསུམ། སྒྲིག་གཞི་སྔར་ལས་ལེགས་སུ་གཏོང་བ་དང་ཡི་གེ་ཞིབ་སྦྱང་བྱ་དགོས།

ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》གྱི་ས་བཅད་དང་དོན་ཚན་སོ་སོའི་བར་གྱི་གཏན་ཚིགས་དང་མཐུན་པའི་འབྲེལ་མཐུད་ལ་དོ་སྣང་བྱས་ཏེ།  བལྟོས་བཅས་ཀྱི་རང་ཚུགས་དང་ཡང་ཕན་ཚུན་རམ་འདེགས་བྱ་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་དང་། ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》གྱི་ནང་དོན་སྔར་ལས་འཐུས་ཚང་དང་ཕུན་སུམ་ཚོགས་སུ་གཏོང་དགོས། ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིགགི་ཡི་གེ་སྦྱོང་བརྡར་ཤུགས་སྣོན་བྱས་ཏེ། ཐ་སྙད་ཚད་ལྡན་དང་ཞིབ་གླེང་གནད་དུ་འཁེལ་བ།  སྒྲིག་གཞི་ཚགས་དམ་པ་དང་གོ་ཆོད་དངོས་སྤྱོད་ཐུབ་པའི་བླང་བྱ་དང་མཐུན་དུ་འཇུག་དགོས།

༄༅།། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་རིགས་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་པའི་ཐོ་མཛོད་ཀྱི་དོ་དམ་བྱེད་ཐབས།

དོན་ཚན་དང་བོ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་རིགས་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་པའི་ཐོ་མཛོད་ཀྱི་དོ་དམ་ཚད་ལྡན་དུ་བཏང་སྟེ།  ཁྲིམས་འཛུགས་ལས་ཀའི་ཁྲོད་དུཆེད་མཁས་པའི་ནུས་པ་གང་ལེགས་འདོན་པ་དང་། མི་རིགས་ཁྲིམས་འཛུགས་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་སྐུལ་འདེད་བཏང་བ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད། བྱེད་ཐངས་འདི་གཏན་འབེབས་བྱས་པ་ཡིན།

  དོན་ཚན་གཉིས་པ།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་གཤམ་དུ་བསྡུས་མིང་ལ་ཁུལ་དམངས་འཐུས་ཟེར་རྒྱུ་ཡིནཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་བྱེད་ཐབས་འདིའི་ལག་བསྟར་རྩ་དང་འཛུགས་ཀྱི་འགན་ཁུར་དགོས། གཙོ་བོ་ནི་ཆེད་མཁས་པའི་གདན་ཞུས་ལས་བསྐོས་དང་རྒྱུན་ལྡན་གྱི་དོ་དམ་སོགས་ཀྱི་ལས་ཀའི་འགན་ཁུར།

དོན་ཚན་གསུམ་པ། ཆེད་མཁས་པའི་ཐོ་མཛོད་དེ་བཅའ་ཁྲིམས་དང་། ཆབ་སྲིད་། དཔལ་འབྱོར། སྤྱི་ཚོགས། རིག་གནས།  ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་མི་སྣ།  དངོས་གནས་ལས་བྱེད་དང་ཁྲིམས་འཛུགས་ལག་ལེན་གྱི་ཉམས་མྱོང་ལྡན་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་དང་ཆེད་མཁན་རྒན་རབ་ཀྱིས་གྲུབ།

དོན་ཚན་བཞི་བ།  ཆེད་མཁས་པའི་ཐོ་མཛོད་ཀྱི་ཁོངས་མི་ལ་གཤམ་གྱི་ཆ་རྐྱེན་འཛོམས་དགོས།

གཅིགཏང་གི་གཞི་རྩའི་ལམ་ཕྱོགས་ལ་བརྩི་བཀུར་དང་། བསྒྱུར་བཅོས་སྒོ་འབྱེད་དང་གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་བྱ་དགོས།

གཉིསའབྲིང་མཐོ་རིམ་གྱི་མཚན་གནས་ཡོད་པ་དང་། ཡུན་རིང་དུ་འབྲེལ་ཡོད་ལས་ཀ་གཉེར་བ། ཡང་ན་ལག་ལེན་གྱི་ཉམས་མྱོང་མང་བ་མ་ཟད་ཆེད་ལས་ཁྱབ་ཁོངས་སུ་རིག་གཞུང་གི་ཡོན་ཚད་ཅུང་མཐོ་བ་དང་སྙན་གྲགས་ཆེ་ཙམ་ཡོད་མཁན།

གསུམམི་རིགས་ཀྱི་ཁྲིམས་འཛུགས་ལས་ཀར་སྤྲོ་སེམས་འཁོར་བའི་ངང་ཞུགས།

བཞིལུས་ཕུང་བདེ་ཐང་ཡིན།

དོན་ཚན་ལྔ་བ། ཆེད་མཁས་ཐོ་མཛོད་ཀྱི་འོས་མི་གཤམ་གྱི་ལས་ཁུངས་ཀྱིས་མཚམས་སྦྱོར་བྱ་དགོས།

གཅིགའབྲེལ་ཡོད་སློབ་ཆེན་དང་སློབ་གླིང་།  ཚན་རིག་ཞིབ་འཇུག་ལས་ཁུངས།

གཉིསའབྲེལ་ཡོད་སྤྱི་ཚོགས་ཀྱི་ཚོགས་ཁག

གསུམའབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས།

བཞིམི་སྒེར་སོ་སོས་འོས་སྦྱོར།

དོན་ཚན་དྲུག་པ། ཁུལ་དམངས་འཐུས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ལོ་རེར་ཕྱོགས་སོ་སོས་འོས་སྦྱོར་བྱས་པའི་ཆེད་མཁས་འོས་མི་ལ་ཞིབ་བཤེར་བྱས་པ་མ་ཟད། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་རྗེས། གྲོས་འགོའི་མིང་ཐོ་བཏོན་ནས་ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཁང་ཀྲུའུ་རེན་ཚོགས་འདུ་ལ་ཞིབ་བཤེར་གཏན་འབེབས་སུ་ཞུ།

ཁྲིམས་འཛུགས་ཀྱི་བྱ་འགུལ་ཁྲོད་དུ་ཉེར་མཁོའི་ཆེད་མཁས་ག་དུས་ཡིན་ཡང་གདན་ཞུས་བྱེད་ཆོག

དོན་ཚན་བདུན་པ། ཆེད་མཁས་ཐོ་མཛོད་དུ་བདམས་པའི་ཁོངས་མི་ལ་ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཁང་གིས་གདན་ཞུས་ཡི་གེ་སྤྲོད་དེ། དུས་ཡུན་ནི་ལོ་5ཡིན།

དོན་ཚན་བརྒྱད་པ།  གཤམ་གྱི་གནས་ཚུལ་དག་ལས་གནས་ཚུལ་གཅིག་ལྡན་མཁན་ལ་ཁུལ་དམངས་འཐུས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་གདན་ཞུས་ལས་བསྐོས་འབྲེལ་བ་མཚམས་བཞག་པའི་གྲོས་གཞི་བཏོན་ཆོག

གཅིགལས་གནས་འཕོ་འགྱུར། 

གཉིསལུས་ཁམས་སྐྱོ་བའི་གནས་ཚུལ་འདྲ་ཡོད་པ།

གསུམཐེངས་གསུམ་ཡན་ལ་བླང་བྱ་ལྟར་ཁྲིམས་འཛུགས་བྱེད་སྒོ་རུ་མི་ཞུགས་པ།

བཞིརྒྱུ་རྐྱེན་གཞན་དག་གིས་མུ་མཐུན་དུ་གདན་ཞུས་ལས་བསྐོས་བྱེད་མི་འཚམ་པ།

དོན་ཚན་དགུ་བ། ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མིས་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་ལ་ཁ་གཡར་ནས་ཁྲིམས་འཛུགས་ཀྱི་ལས་ཀ་དང་འབྲེལ་བ་མེད་པའི་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་བཅུ་བ།  ཁུལ་དམངས་འཐུས་ཆེད་ལས་ཨུ་ཡོན་ཁང་དང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལས་སྒྲུབ་སྡེ་ཁག་གིས་གཤམ་གྱི་ཁྲིམས་འཛུགས་བྱེད་སྒོ་སྤེལ་སྐབས།  ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མི་གདན་ཞུས་བྱས་ནས་བློ་འདྲིའི་བསམ་འཆར་འདོན་དགོས།  

གཅིགལོ་ལྔའི་ཁྲིམས་འཛུགས་འཆར་གཞི་འགོད་སྐབས།

གཉིསསྒྲིག་ཁྲིམས་གལ་ཆེན་འཆར་ཟིན་གྱི་ཞིབ་བཤེར་དང་དག་བཅོས།

གསུམཁྲིམས་འཛུགས་ཁྲོད་ཀྱི་གནད་དོན་གཙོ་བོ་དང་དཀའ་གནད་ཆེ་བའི་གནད་དོན།

བཞིའབྲེལ་ཡོད་ཀྱི་ཁྲིམས་འཛུགས་བྱེད་སྒོ་གཞན་དག

དོན་ཚན་བཅུ་གཅིག་པ། ཁྲིམས་འཛུགས་བྱེད་སྒོའི་དུས་རིམ་སོ་སོ་དང་གྲོས་ཞིབ་ཐེངས་རེ་རེ་ལ། སྣེ་ཁྲིད་བྱས་ནས་ཁྲིམས་འཛུགས་ལས་ཀའི་འགན་ཁུར་བའི་ཁུལ་དམངས་འཐུས་འབྲེལ་ཡོད་ཆེད་ལས་ཨུ་ཡོན་ཁང་ཡང་ན་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་འབྲེལ་ཡོད་ལས་སྒྲུབ་སྡེ་ཁག་གིས་ཆེད་མཁས་ཐོ་མཛོད་དུ་ཆེད་ལས་དང་འབྲེལ་ཡོད་རྩ་དོན་ལྟར་ཆེད་མཁས་གདན་ཞུས་བྱས་པའི་འགན་ཁུར་དགོས།

གདན་ཞུས་བྱས་ནས་ཁྲིམས་འཛུགས་བློ་འདྲི་བྱེད་སྒོ་རུ་ཞུགས་པའི་ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མི་ཐེངས་རེར་མི་3ལས་ཉུང་མི་ཆོག

དོན་ཚན་བཅུ་གཉིས་པ། ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མི་ཁྲིམས་འཛུགས་བློ་འདྲི་བྱེད་སྒོར་གདན་འདྲེན་བྱེད་སྐབས། བསམ་འཆར་བསྡུ་ལེན་དང་།  བརྟག་དཔྱད་ཞིབ་འཇུག་ཏུ་ཞུགས།  ར་འཕྲོད་རྩ་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤེལ་ཆོག་མ་ཟད། ཞུགས་པའི་རྣམ་པ་དང་ཐབས་ལམ་མུ་མཐུད་དུ་འཐུས་ཚང་དང་གསར་གཏོད་བྱ་དགོས།

དོན་ཚན་བཅུ་གསུམ་པ།  ཆེད་མཁས་ཐོ་མཛོད་ཀྱི་ཁོམས་མི་བླང་བྱ་ལྟར་ཁྲིམས་འཛུགས་བློ་འདྲི་བྱེད་སྒོ་རུ་ཞུགས་ཏེ། ནན་ཏན་དང་འགན་འཁུར་བའི་སྒོ་ནས་བློ་འདྲིའི་བསམ་འཆར་འདོན་དགོས།

ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མིས་འདོན་པའི་ལུགས་མཐུན་གྱི་བསམ་འཆར་དང་ཞིབ་འཇུག་གྲུབ་འབྲས་དེ་བསྡུ་ལེན་བྱ་དགོས།  གལ་ཆེའི་རིན་ཐང་ལྡན་པའི་བསམ་འཆར་དང་ཞིབ་འཇུག་གྲུབ་འབྲས་དེ་ཁྲིམས་འཛུགས་ལས་ཀ་སྣེ་ཁྲིད་ཀྱི་འགན་ཁུར་བའི་ཁུལ་དམངས་འཐུས་འབྲེལ་ཡོད་ཆེད་དམིགས་ཨུ་ཡོན་ཁང་ཡང་ན་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་འབྲེལ་ཡོད་ལས་སྒྲུབ་སྡེ་ཁག་གིས་ཆེད་དོན་སྙན་ཞུ་རུ་བསྒྲིགས་ནས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་དང་ཁུལ་དམངས་འཐུས་འབྲེལ་ཡོད་ཆེད་དམིགས་ཨུ་ཡོན་ཁང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་འབྲེལ་ཡོད་ལས་སྒྲུབ་སྡེ་ཁག་ལ་དཔྱད་གཞི་མཁོ་འདོན་བྱ་དགོས།

དོན་ཚན་བཅུ་བཞི་བ། ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མི་ཁྲིམས་འཛུགས་བློ་འདྲི་བྱེད་སྒོར་གདན་ཞུ་བྱས་ནས།  ཚད་གཞི་ངེས་ཅན་ཞིག་ལ་ལྟར་ནས་གླ་ཆ་སྤྲད་དགོས།  དེར་དགོས་པའི་གྲོན་དངུལ་ནི་ཁྲིམས་འཛུགས་གྲོན་དངུལ་ལས་གཏོང་རྒྱུ་རེད།

དོན་ཚན་བཅོ་ལྔ་བ།  ཁུལ་དམངས་འཐུས་ཁྲིམས་ལུགས་ཨུ་ཡོན་ཁང་གིས་ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མིའི་ཆེད་ལས་ཁྱད་ཆོས་དང་།  ཞིབ་འཇུག་ཁ་ཕྱོགས། གྲུབ་འབྲས་གཙོ་བོ་དང་འབྲེལ་གཏུག་བྱེད་ཐབས་སོགས་གཞི་རྩའི་གནས་ཚུལ།  ཁྲིམས་འཛུགས་བློ་འདྲི་བྱེད་སྒོར་ཞུགས་པའི་གནས་ཚུལ། ཐོབ་པའི་གྲུབ་འབྲས་སོགས་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་དྲ་ཚིགས་ཐོག་ཏུ་བརྒྱུད་བསྒྲགས་བྱ་དགོས། ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མིའི་བར་གྱི་འབྲེལ་གཏུག་ཤུགས་སྣོན་བྱས་ཏེ།  དུས་ཐོག་ཏུ་ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མིས་ཆེད་མཁས་ཐོ་མཛོད་འཁོར་སྐྱོད་གནས་ཚུལ་གྱི་བསམ་འཆར་རྒྱུས་ལོན་དང་མུ་མཐུད་དུ་ཆེད་མཁས་ཐོ་མཛོད་ཀྱི་ལས་ཀའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

དོན་ཚན་བཅུ་དྲུག  ཁྲིམས་འཛུགས་བློ་འདྲི་བྱེད་སྒོར་ཧུར་ཐག་གིས་ཞུགས་པ་དང་བྱས་རྗེས་མངོན་གསལ་དོད་པོ་ཕུལ་པའི་ཆེད་མཁས་ཐོ་མཛོད་ཀྱི་ཁོངས་མི་ལ། ཁུལ་དམངས་འཐུས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་བསམ་འཆར་བཏོན་ནས་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་གཟེངས་བསྟོད་བྱ་དགའ་གནང་རྒྱུ་ཡིན།

དོན་ཚན་བཅུ་བདུན་པ།  བྱེད་ཐབས་འདི་ནི་བརྒྱུད་བསྒྲགས་བྱེད་པའི་ཉིན་ནས་བཟུང་ལག་བསྟར་བྱ་དགོས།

༄༅།།རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཁང་ལྟ་ཞིབ་ཙུའུ་ཡི་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་ལྟ་ཞིབ་སྐོར་གྱི་སྙན་ཞུ།

2015ལོའི་ཟླ10པའི་ཚེས་16ཉིན་དམངས་འཐུས་རྒྱུན་ཨུ་ཚོགས་འདུ་ཐེངས་30བའི་ཐོག་ཏུ།

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།  ཀའོ་ཞའོ་རུང་།

ཀྲུའུ་རེན་དང་། ཀྲུན་རེན་གཞོན་པ་རྣམ་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་རྣམ་པ་ལགས།

       གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀ་སྔར་ལས་ཤུགས་སྣོན་དང་། གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་དེ་དམངས་ཁྲོད་རྩོད་གླེང་སེལ་བ་དང་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད།  སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་མགྱོགས་མྱུར་གཏོང་བ་སོགས་ཐད་ཀྱི་ནུས་པ་གང་ལེགས་འདོན་ནས་ཁྲིམས་ལྟར་ཁུལ་སྐྱོང་གི་བརྒྱུད་རིམ་ཏན་ཏིག་གིས་སྐུལ་འདེད་གཏོང་ཆེད། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་ཁུལ་དམངས་འཐུས་འཐུས་མི་རྩ་འཛུགས་བྱས་ནས་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལ་ལྟ་ཞིབ་བྱེད་པའི་ལས་ཀ་དེ་ད་ལོའི་ལས་ཀ་གཙོ་གནད་ནང་དུ་བཞག་ནས། རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ལས་དོན་དེའི་སྤེལ་བའི་ཆེད་དུ་བཀོད་སྒྲིག་བྱས། ཝང་ཧྥུའུ་ཡའོ་ཚོ་གཙོ་དང་། ང་དང་ལི་ཧུང་ཡུང་ཚོ་གཙོ་གཞོན་པ།  ཁུལ་དམངས་འཐུས་འཐུས་མི་ཁ་ཤས་ཁོངས་མི་བྱེད་པའི་ལྟ་ཞིབ་ཙུའུ་བཙུགས།  ཟླ8པའི་ཟླ་དཀྱིལ་དུ་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་་ལས་ཀ་ལ་ལྟ་ཞིབ་གནང་།

ད་ལྟ་ལྟ་ཞིབ་གནང་སྐབས་གནས་ཚུལ་སྙན་སེང་ཞུ་རྒྱུ་ཡིན།

གཅིག  ལྟ་ཞིབ་ཙུའུ་ཡི་ལས་ཀ་སྤེལ་བའི་གཞི་རྩའི་གནས་ཚུལ།

ལྟ་ཞིབ་ཀྱི་འཆར་གཞི་ལྟར། ལྟ་ཞིབ་ཙུའུ་ཟླ8པའི་ཟླ་དཀྱིལ་དུ་ལྟ་ཞིབ་བྱེད་འགོ་ཚུགས་པའི་ཚོགས་འདུ་འཚོགས་ཏེ། ལྟ་ཞིབ་ལས་ཀ་བཀོད་སྒྲིག་བྱས་པ་དང་ཁུལ་ཁྲིམས་འཛིན་ཅུས་ཀྱི་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།  མི་དམངས་འདུམ་འགྲིག་བཅའ་ཁྲིམསདང་འབྲེལ་ཡོད་ཡིག་ཆ་ལ་སློབ་སྦྱོང་བྱས།  ཟླ8པའི་ཚེས་19ཉིན་ནས་བཟུང་། འབར་ཁམས་དང་། ཆུ་ཆེན། ཝུན་ཁྲོན། མའོ་རྫོང་། ཟུང་ཆུ། རྔ་བ་སོགས་རྫོང་དུ་ལྟ་ཞིབ་བྱས།  སླེབས་སའི་རྫོང་ཐོག་ཏུ་བཅའ་སྡོད་བྱས་པའི་ཁུལ་དམངས་འཐུས་འཐུས་མི་གཉིས་སམ་གསུམ་ལྟ་ཞིབ་ཏུ་ཞུགས་པར་གདན་ཞུས་བྱས། དུས་མཚུངས་སུ་ང་ཚོས་ལྷག་མའི་རྫོང་མི་དམངས་སྲིད་གཞུང་ལ་རང་རྫོང་གི་གཞི་རིམ་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་ཡིག་ཐོག་སྙན་ཞུ་བྱས་ནས་ལྟ་ཞིབ་ཙུའུ་ལ་ཞུ་བའི་བླང་བྱ་བཏོན།  རྫོང་སོ་སོར་སོང་ནས་ལྟ་ཞིབ་ལས་ཀ་སྤེལ་བའི་ཁྲོད་དུ། ལྟ་ཞིབ་ཙུའུ་སྔར་གཞུག་ཏུ་གཞི་རིམ་ཁྲིམས་འཛིན་ཁང་དང་། གྲོང་ཚོ།  སྡེ་ཁུལ་གྱི་མི་དམངས་འདུམ་འགྲིག་ཁང་50ལྷག་ཏུ་ཟབ་ཞུགས་བྱས་ཏེ།  གཞི་རིམ་ཁྲིམས་འཛིན་ཁང་གི་ལས་བྱེད་དང་། གྲོང་གསེབ་དང་སྡེ་ཁུལ་ལས་བྱེད་དང་མང་ཚོགས་ངོ་ཟུག་གདོང་འཕྲད་ཀྱིས་སྤེལ་རེས་དང་། ལས་ཀའི་སྙན་ཞུ་ལ་ཉན་པ། ས་གནས་ས་ཐོག་ཏུ་ལྟ་ཞིབ།  ཡིག་ཚགས་དཔྱད་གཞི་ལ་ཀློག་བཤེར། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། གཙོ་བོ་ནི་རྫོང་ཁག་གི་གཞི་རིམ་ཁྲིམས་འཛིན་ཁང་གི་ལས་སྒོའི་སྤྱོད་ཁང་གི་འཛུགས་སྐྲུན་དང་། མི་སྣའི་སྒྲིག་གཞི།  ལས་ཀའི་གྲོན་དངུལ་འགན་སྲུང་སོགས་ཀྱི་གནས་ཚུལ་དང་།  གཞི་རིམ་ཁྲིམས་འཛིན་ཁང་གི་ལམ་ལུགས་འཛུགས་སྐྲུན།  འགན་ནུས་འདོན་སྤེལ།  ས་གནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་བྱེད་པའི་གནས་ཚུལ། མི་དམངས་འདུམ་འགྲིག་ལས་ཀ་སྤེལ་བའི་གནས་ཚུལ་དང་མི་དམངས་འདུམ་འགྲིག་པའི་བདམས་བསྐོས་དང་གསོ་སྦྱོང་།  མི་དམངས་འདུམ་འགྲིག་མི་སྒེར་གྱི་གྱོད་གཞི་གསབ་སྤྲོད་པའི་གནས་ཚུལ་སོགས།  གཞི་རིམ་ཁྲིམས་འཛིན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀའི་ཁྲོད་དུ་ཡོད་པའི་དཀའ་ངལ་གནད་དོན་དང་དེ་ཐག་གཅོད་བྱེད་པའི་གྲོས་གཞི་དང་བསམ་འཆར་སོགས་ལ་ལྟ་ཞིབ་བྱས།  ཟླ9བའི་ཟླ་སྟོད་དུ་ལྟ་ཞིབ་ཙུའུ་ཡིས་ཁུལ་མི་དམངས་སྲིད་གཞུང་གི་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་།  རྫོང་ཁག་ཏུ་ལྟ་ཞིབ་ལས་ཀ་སྤེལ་སྐབས་སུ་རྒྱུས་ལོན་པའི་གཞི་རྩའི་གནས་ཚུལ་ཕྱིར་ལྡོག་བྱས།

གཉིས།  གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀའི་གཞི་རྩའི་གནས་ཚུལ།

ཉེ་བའི་ལོ་ཤས་རིང་། ཁུལ་དང་། རྫོང་མི་དམངས་སྲིད་གཞུང་དང་ཁྲིམས་འཛིན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཞི་རིམ་ཁྲིམས་འཛིན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་མི་དམངས་འདུམ་འགྲིག་ལས་ཀ་ཤུགས་སྣོན་བྱེད་པ་དེ་ནི་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་དང་།  དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོང་ལྟ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་བ།  གཞི་རིམ་ཁྲིམས་ལྟར་སྐྱོང་བའི་གཞི་རྩའི་ལས་ཀར་འཛིན་པ།  ཕྱོགས་གཅིག་ནས་མཁྲེགས་ཆས་འཛུགས་སྐྲུན་འཛིན་པ་དང་ཕྱོགས་གཞན་ནས་མཉེན་ཆས་ཡར་འདེགས་གཏོང་རྒྱུ་དམ་འཛིན་བྱས་ཏེ། ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀ་ལ་གོམ་གང་མདུན་སྤོས་ཀྱི་ཤུགས་སྣོན་བྱུང་།  ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུ་འགྲིག་ཨུ་ཡོན་ཁང་ཡང་ཏང་ཨུ་དང་། སྲིད་གཞུང་གི་ལས་དོན་གཙོ་བོ་ལ་དམ་པོར་དམིགས་པ་དང་།  ས་གནས་སོ་སོའི་དངོས་གནས་དང་ཟུང་འབྲེལ་བྱས་ཏེ།  ལས་ཀའི་འགན་འཁྲི་ལག་ལེན་ཏག་ཏིག་བྱས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ་དང་། མང་ཚོགས་ལ་ཞབས་ཞུ། སྤྱི་ཚོགས་ལ་ཞབས་བཅས་བྱས་ཏེ། འགལ་བ་དང་རྩོད་གླེང་གི་སྔོན་འགོག་སེལ་བ། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་བརླིང་སྲུང་སྐྱོང་།  ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས། གཞི་རིམ་གྱི་ཁྲིམས་ལྟར་སྐྱོང་བ་དང་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་སོགས་ཐད་ལ་ནུས་པ་གལ་ཆེན་བཏོན།

གཅིགཁྲིམས་འཛིན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་འགན་ནུས་འདོན་པའི་གནས་ཚུལ།

གཅིག  ཁྲིམས་འཛིན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྔར་བས་ཤུགས་སྣོན་བརྒྱབ། གཅིག་ནི་ལས་སྒྲུབ་སྤྱོད་ཁང་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད།  2004ལོར་རྒྱལ་ཡོངས་ཁང་གཉིས་ཐིང་གཅིགགི་འཛུགས་སྐྲུན་འགོ་ཚུགས་ནས་བཟུང་། རང་ཁུལ་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་གཞི་རིམ་གཞི་རྩའི་འཛུགས་སྐྲུན་ཤུགས་སྣོན་བྱས།  གཞི་རིམ་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་།  གཞི་རིམ་ཁྲིམས་འཛིན་ལས་ཀའི་གནས་བབ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ།  གཞི་རིམ་ཁྲིམས་འཛིན་ཁང་གི་ལས་དོན་ཁག་གི་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་། མིག་སྔའི་བར་ཁུལ་ཡོངས་སུ་ཁྲིམས་འཛིན་ཁང་221ལེགས་སུ་སྐྲུན་པ་དང་སྤྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་27045ཡོད་པ་དང་།  ཁྲིམས་འཛིན་ཁང་སོ་སོའི་བཟོ་སྐྲུན་རྒྱ་ཁྱོན་ཆ་སྙོམས་སྨི་གྲུ་བཞི་མ་120ཡོད། དེའི་ནང་ཁྲིམས་འཛིན་ཁང་113ཁུལ་རིམ་གྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཚད་གཞིར་ཐོན་ཡོད། གཉིས་ནི་སྡེ་ཁག་རྩ་འཛུགས་བྱས་ཏེ་མི་སྣའི་སྒྲུབ་གཞིའི་ནུས་ལྡན་འགན་སྲུང་བཙུགས་པ་དང་འཐུས་ཚང་དུ་བཏང་། 2007ལོར་ཁུལ་ཡོངས་གྲོང་གསེབ་ཁྲིམས་འཛིན་ཁང་223དངོས་སུ་བཙུགས།  དེ་ནི་ཁའོ་རིམ་གཞོན་པའི་སྲིད་འཛིན་ལས་ཁུངས་ཞིག་ཡིན་པར་ཁ་གསལ་བཏོན་ཡོད། འགོ་འཛིན་གཅིག་བཀོད་སྒྲིག་བྱས་ཡོད། མིག་སྔར་ཁུལ་ཡོངས་ཁྲིམས་འཛིན་འགོ་འཛིན་41ལ་ཁའོ་རིམ་གཞོན་པའི་འགན་རིམ་ཐོབ་ཐང་དོན་འཁྱོལ་བྱས། 2009ལོར་ཀྲུང་དབྱང་གིས་ཁུལ་ཡོངས་ཁྲིམས་འཛིན་ལས་རོགས་པའི་སྲིད་ཁྲིམས་ཀྱི་ཆེད་དམིགས་ལས་གནས་261གནང་། མིག་སྔར་ཆེད་གཉེར་གྱི་སྒྲིག་གཞིར་ཡོད་པའི་མི་སྣ་216ཡོད།  སྒྲིག་ཁོངས་སྟོང་བ་45ཡོད། གཞི་རིམ་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་གི་ནུས་ཤུགས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཁུལ་ཡོངས་སུ་གཅིག་ལྕོགས་ཁྲིམས་འཛིན་ལས་རོགས་པ་204བདམས་སྦྱོར་བྱས། གསུམ་ནི་གྲོན་དངུལ་འགན་སྲུང་བྱེད་ཐབས་ནུས་པ་ལྡན་པ། ཁྲིམས་འཛིན་ལས་རོགས་པའི་ལས་གནས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་བརྡ་ཐོ》(ཁྲིམས་འཛིན2009ཨང་205ཡི་བླང་བྱ་ལ་ནན་པོར་གཞིགས་ནས།  ཁྲིམས་འཛིན་ལས་རོགས་པའི་ལས་གནས་ཁ་གསབ་རོགས་དངུལ་དོན་ཐོག་ཏུ་འཁྱོལ།  འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་སྤྱི་དོན་གྲོན་དངུལ་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་བཅུག་པ་དང་།  སྤྱི་དོན་གྲོན་དངུལ་གྱི་སྔོན་རྩིས་ཚད་གཞི་ནི་མི་རེར་ལོ་རེར་སྒོར་8000ཡིན།  བཞི་ནི་ལམ་ལུགས་འཛུགས་སྐྲུན་མུ་མཐུད་དུ་ཚད་ལྡན་དུ་གཏོང་དགོས། ཁྲིམས་འཛིན་ཁང་གི་ལས་སྒོའི་འགན་འཁྲི་ལས་ཀའི་བརྒྱུད་རིམ་དང་ནང་ཁུལ་ཚད་ལྡན་དུ་གཏོང་བ།  མི་དམངས་འདུམ་འགྲིག  བཅའ་ཁྲིམས་ཐད་ཀྱི་རོགས་སྐྱོར།  བཀོད་སྒྲིག་རོགས་སྐྱོར་དང་སློབ་གསོ།  སྡེ་ཁུལ་གྱི་ཡོ་བསྲང་། ཁྲིམས་ལུགས་ཁྱབ་བསྒྲགས་སོགས་ལས་ཀའི་ལམ་ལུགས་ཚང་མ་གྱང་ཐོག་བཞག་ནས། ཕྱི་ཚུལ་གཞི་གཅིག་ཅན་དང་། མཚོན་རྟགས་མངོན་གསལ་དོད་ཅན། བཀོད་པ་བྱེད་ལས་ཅན ། འགན་འཁྲི་ཁ་གསལ་ཅན། ལས་སྒོ་དམངས་ཕན་ཅན་གྱི་ཚད་ལྡན་ཅན་གྱི་ཚད་གཞིར་ཐོན་དགོས། ཁྲིམས་འཛིན་སྲིད་འཛིན་དང་།  མི་དམངས་འདུམ་འགྲིག  འགལ་བ་སེལ་བ།  བཀོད་སྒྲིག་རོགས་སྐྱོར་དང་སློབ་གསོ་བྱེད་རོགས།  ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས། རྒྱུན་ལྡན་ལས་ཀ་སོགས་ཀྱི་ཡིག་ཆ་དང་། དཔྱད་གཞི། ཟིན་ཐོ་སོགས་རིགས་སོ་སོའི་རྣམ་གྲངས་འབྱེད་པ་དང་ལེགས་སྒྲིག་ཡིག་ཚགས་སུ་འཇོག་སྟེ། རྩིས་ཁྲའི་ཚད་གཞི་གཅིག་གྱུར་དང་། ཐོ་འགོད་ཚད་ལྡན། བདེ་འཇགས་དུ་བཅོལ། དོ་དམ་གོ་རིམ་ལྡན་པར་བྱས་ཡོད། ཁྲིམས་འཛིན་ཁང་ལས་སྒྲུབ་ཁང་དང་། ལས་སྒྲུབ་སྒྲིག་བཀོད་སོགས་ལ་བབ་མཚུངས་ཀྱི་རྒྱུ་ནོར་རྩིས་ཐོ་བཙུགས་ཡོད།

གཉིས། ཁྲིམས་འཛིན་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས།  ཉི་བའི་ལོ་ཤས་རིང་།  ཁུལ་ཡོངས་ཁྲིམས་འཛིན་ཁང་གིས་རང་གི་ལས་གནས་ཐོག་ཏུ་གཞིར་འཛིན་ཏེ་སྤྱི་ཚོགས་ལ་ཞབས་འདེགས་དང་འགན་འཁྲི་ནན་ཏན་ཁུར་བ།  བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་དང་། ཁྲིམས་ལྟར་སྐྱོང་བ། མི་དམངས་འདུམ་འགྲིག  སྡེ་ཁུལ་ཡོ་བསྲང་། བཀོད་སྒྲིག་རོགས་སྐྱོར། བཅའ་ཁྲིམས་ཞབས་འདེགས་སོགས་ཀྱི་ལས་ཀ་གཏིང་ཟབ་ཏུ་སྤེལ་ནས།  ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་བརྒལ་དང་ཡུན་རིང་བརྟན་འགོད་ལ་བྱས་རྗེས་བླ་ཆེན་བཞག་ཡོད།  2015ལོའི་ལོ་སྟོད་དུ་ཁྲིམས་འཛིན་ཁང་གིས་དཀའ་གནད་རྙོག་དྲའི་རྩོད་གཞི་138འདུམ་འགྲིག་བྱས་པ་དང་། གཞི་རིམ་མི་དམངས་སྲིད་གཞུང་ལ་རོགས་རམ་བྱས་ཏེ་འགལ་བ་རྩོད་གཞི་453ཐག་བཅད། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཐེངས་1410སྤེལ་བ་དང་སློབ་གསོ་མྱོང་བའི་མི་ཐེངས་ཁྲི14.76། ཡུལ་དངོས་སུ་བཅའ་ཁྲིམས་འདྲི་རྟོག་མི་ཐེངས1058ལ་ལེན་འདེབས།  སྡེ་སྲོལ་དམངས་ཆིངས་འཇོག་པའི་དོན་དག་185ལ་མཛུབ་ཁྲིད་གནང་། ཁྲིམས་ཁུར་དུས་ཚད་གཙང་ནས་གློད་གྲོལ་བཏང་བའི་མི་1058དང་དེབ་སྐྱེལ་སྡེ་ཁུལ་དུ་ཁྲིམས་ཆད་འཁུར་བཞིན་པའི་མི་637བཀོད་སྒྲིག་དང་སློབ་གསོ་རོགས་སྐྱོར་བྱས།  སྡེ་ཁུལ་དུ་ཁྲིམས་ཆད་འཁུར་པའི་མི1779བསྡུ་ལེན་དང་། ཡོ་བསྲང་མི་སྣ1142ཕྱིར་འཐེན། གྲོང་ཚོའིསྡེ་ཁུལལས་དོན་དྲ་རྒྱའི་ཁེབས་ཚད་བརྒྱ་ཆ་བརྒྱ་ལ་ཐོན་ཡོད།

གཉིསམི་དམངས་འདུམ་སྒྲིག་ལས་དོན་གྱི་གནས་ཚུལ།

གཅིག མི་དམངས་འདུམ་སྒྲིག་རྩ་འཛུགས་རིམ་བཞིན་འཐུས་ཚང་དུ་བཏང་། ཁུལ་ཡོངས་སུ་མི་དམངས་འདུམ་སྒྲིག་ཨུ་ཡོན་ཁང་1858བཙུགས་ཡོད།  དེའི་ནང་གྲོང་ཚོསྡེ་ཁུལམི་དམངས་འདུམ་སྒྲིག་ཨུ་ཡོན་ཁང་1404དང་། གྲོང་རྡལ་ཡུལ་ཚོའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་223།  ཁེ་ལས་དང་བྱ་ལས་སྡེ་ཁག་གི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་92།  འགྲིམ་འགྲུལ་དོན་རྐྱེན་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་36། སྨན་བཅོས་རྩོད་གཞིའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་30། ངལ་རྩོལ་རྩོད་གླེང་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་36། དངོས་པོ་རྩོད་གཞི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་5། འཛད་སྤྱོད་ཀྱི་རྩོད་གཞིའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་10།  ཡུལ་སྐོར་གྱི་རྩོད་གཞིའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་5།  གཞན་པའི་འདུམ་སྒྲིག་རྩ་འཛུགས་39ཡོད།

གཉིས། མི་དམངས་འདུམ་སྒྲིག་ལམ་སྲོལ་མུ་མཐུད་དུ་གསར་གཏོད་བྱས། གཅིག་ནི་འགལ་བ་དང་རྩོད་གཞིའི་སྔོན་བརྡའི་ལམ་སྲོལ་བཙུགས།  སྤྱི་ཚོགས་ཐོག་གླེང་མང་བོའི་གནད་དོན་དང་བརྟན་བརླིང་མེད་པའི་རྒྱུ་རྐྱེན་གྱི་རྩད་ཞིབ་དབྱེ་ཞིབ་དང་སྔོན་དཔོག་བྱེད་ཤུགས་ཇེ་ཆེར་བཏང་སྟེ།  གླེང་ཆ་ཆེ་བ་དང་སྣང་འཇོག་ཆེན་པོ་བྱ་དགོས་པའི་གནད་དོན་ཀྱི་ཞིབ་འཇུག་བརྡར་གཅོད་ནུས་པ་མཐོ་རུ་བཏང་ཡོད།  རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་དུས་ཐོག་ཏུ་སྡེ་ཁུལ་གྱི་གནས་ཚུལ་དང་མང་ཚོགས་ཀྱི་རེ་འདོད་རྒྱུས་ལོན་བྱེད་པ་དང་།  ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། འགལ་བ་དང་རྩོད་གཞི་ཐག་གཅོད་སྔོན་འགོག་ནུས་ལྡན་བྱེད་པར་གཞི་འཛིན་སར་མཁོ་འདོན་བྱས་ཏེ།  འགལ་བ་དང་རྩོད་གཞི་དེ་གཞི་རིམ་དུ་སེལ་བ་དང་མ་བྱུང་གོང་དུ་སྔོན་འགོག་བྱས། གཉིས་ནི་འགལ་བ་དང་རྩོད་གཞིའི་རྩད་ཞིབ་དང་མཐུན་སྦྱོར་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་། སྔར་ནས་དམ་འཛིན་དང་། ཆུང་བ་དམ་འཛིན། གཏད་ཕྱོགས་དམ་འཛིནབྱས་པའི་བླང་བྱ་ལྟར། དུས་གཏན་དུ་འགལ་བ་དང་རྩོད་གླེང་གཅིག་སྡུད་ཐོག་གྲལ་བཤེར་བྱེད་པའི་བྱེད་སྒོ་སྤེལ།  ལོ་སར་དང་ཚོགས་འདུ་གཉིས་སོགས་བརྟན་སྲུང་ལ་སྣང་འཇོག་ཆེན་པོ་བྱེད་དགོས་པའི་སྐབས་སུ། རྩྭ་ས་དང་།  སྨན་རི། གཏེར་རི།  མཐའ་མཚམསསོགས་སྣང་འཇོག་ཆེན་པོ་བྱེད་དགོས་པའི་ས་ཆར་འགལ་བ་དང་རྩོད་གཞིའི་རྩད་ཞིབ་དང་མཐུན་སྦྱོར་ཐག་གཅོད་བྱེད་སྒོ་སྤེལ་ནས། དུས་ཐོག་ཏུ་གཏད་ཕྱོགས་རང་བཞིན་གྱི་གནད་དོན་དེ་མགོ་འབུས་པ་ཙམ་དུ་རྩ་མེད་དུ་བཏང་། གསུམ་ནི་འགལ་བ་དང་རྩོད་གཞིའི་འདུམ་འགྲིག་ཁྲོད་ཀྱི་མཉམ་ལས་གཞོགས་འདེགས་ཤུགས་སྣོན་བྱས། གྲོང་ཚོསྡེ་ཁུལདང་། གྲོང་རྡལ་ཡུལ་ཚོ། རྫོང་བཅས་རིམ་པ་གསུམ་གྱི་འགལ་བ་རྩོད་གཞིའི་འདུམ་སྒྲིག་དྲ་རྒྱ་བཙུགས་ཏེ་མཉམ་ལས་གཞོགས་འདེགས་ཤུགས་སྣོན་བྱས་པ་དང་། རིམ་པ་ལྟར་འགལ་བ་རྩོད་གཞི་འདུམ་སྒྲིག་བྱས།  དོགས་གནད་ཅན་གྱི་འགལ་བ་རྩོད་གཞི་དང་། ཁྲིམས་དོན་གྱོད་གཞི་གལ་ཆེ་ལ། མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་གཞུང་དཔང་མི་སྣ་དང་ཁྲིམས་རྩོད་པ་སོསག་བཅའ་ཁྲིམས་ལས་བྱེད་མཁན་རྩ་འཛུགས་བྱས་ནས་འདུམ་སྒྲིག་ཏུ་ཞུགས། སྡེ་ཁག་མང་བོ་དང་འབྲེལ་བ་ཡོད་པའི་འགལ་བ་རྩོད་གཞི་ལ།  འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་གྱིས་ཐུན་མོང་དུ་ཐེ་ཞུགས་བྱས། མི་དམངས་འདུམ་སྒྲིག་དང་ཡིག་སྐུར་ངོ་གཏུག་སྡེ་ཁག  སྤྱི་བདེ་མངག་གཏོང་ཁང་། ཁྲིམས་འཛིན་འདུམ་སྒྲིག་ཁང་གི་མཐུན་སྦྱོར་གསུམམཉམ་འགུལ་ལས་དོན་ཤུགས་སྣོན་བྱས་ཏེ།  ཡུན་རིང་འགོར་ཀྱང་ཁྲིམས་བཅད་མ་བྱས་པའི་དོགས་གནད་ཅན་གྱི་གྱོད་གཞི་ལ། ཕན་ཚུར་མཐུན་སྦྱོར་མཉམ་འགུལ་དང་ཆ་འཕྲིན་སྡེབ་སྒྲིག་བྱས་ཏེ། འགན་བ་རྩོད་གཞི་སེལ་ཚད་མཐོར་བཏང་།  བཞི་ནི་འགལ་བ་རྩོད་གཞིའི་གྱོད་དོན་ཁས་བླངས་པའི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་བཏང་།  རྩད་ཞིབ་བྱས་པའི་འགལ་བ་རྩོད་གཞི་དུས་ཐོག་ཏུ་དབྱེ་འབྱེད་དང་འགན་འཁྲི་སྡེ་ཁག་དང་འགན་འཁྲི་ཁུར་མཁན་གསལ་བོ་བྱས་ཏེ། འགལ་བ་དང་རྩོད་གཞི་སེལ་པའི་གྱོད་གཞིའི་གྲངས་འབོར་དང་། སྤུས་ཚད་དང་དེ་བཞིན་རྙོག་དྲའི་ཚད་འགན་འཁྲི་ལས་ཁུངས་དང་འགན་འཁྲི་འཁུར་མཁན་གྱི་དཔྱད་གདེང་ཀྱི་གཞིར་འཛིན་ས་བྱ་རྒྱུ་ཡིན  ལྔ་ནི་འདུམ་སྒྲིག་བྱེད་སྟངས་བྱེད་ཐབས་གསར་གཏོད་བྱས།  མི་དམངས་འདུམ་སྒྲིག་ལས་ཀ་མུ་མཐུད་དུ་ཚད་ལྡན་དུ་བཏང་བའི་དུས་མཚུངས་སུ།  དམངས་ཁྲོད་སྲོལ་རྒྱུན་གྱི་གོམས་གཤིས་ལྟར་དམངས་ཁྲོད་རྩོད་གཞི་སེལ་བའི་ཉམས་མྱོང་བཟང་བོ་དེ་ལ་དཔྱད་གཞིར་གང་ལེགས་འཛིན་པ་དང་རྒྱུད་འཛིན་གང་ལེགས་དང་ཁྲིད་སྟོན་ཡང་དག་བྱས་ཏེ།  དམངས་ཁྲོད་སྲོལ་རྒྱུན་གོམས་གཤིས་ཀྱིས་རྩྭ་ས་དང་། སྨན་རི།  མཐའ་མཚམས།  གྲོང་ཚོ།  ཁྱིམ་ཚང་སོགས་ཀྱི་ཚོགས་པའི་རང་བཞིན་གྱི་རྩོད་གཞིའི་ཁྲོད་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས།

གསུམ།  མི་དམངས་འདུམ་འགྲིག་ལས་ཀ་ལ་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་རིམ་པ་ཁག་དང་རིགས་སོ་སོའི་མི་དམངས་འདུམ་སྒྲིག་གིས་རྩ་འཛུགས་བྱས་ནས་གྱོད་གཞི་རིགས་གསུམ་གྱི་འགག་སྒྲོལ་དཀའ་སེལདང་།  རྩད་ཞིབ་ཆེན་མོ་དང་འདུམ་འགྲིག་ཆེན་མོསོགས་ཆེད་དམིགས་བྱེད་སྒོ་ཏན་ཏིག་སྤེལ་ནས། འདུམ་སྒྲིག་སྔོན་ལ་འཇོག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  སློབ་གསོ་དང་། གྲོས་མོལ། ཁྲིད་སྟོན་སོགས་ཀྱི་བྱེད་སྟངས་དང་བྱེད་ཐབས་སྤྱད་དེ།  འགལ་བ་མང་བོ་དེ་གཞི་རིམ་དུ་སེལ་བ་དང་མགོ་འབུས་ཙམ་དུ་ཐག་བཅད།  2014ལོ་ནས་བཟུང་ཁུལ་ཡོངས་རིགས་སོ་སོའི་འགལ་བ་རྩོད་གཞི་ཁྱོན་བསྡོམས་3798འདུམ་སྒྲིག་བྱས་པ་དང་རྩོད་གཞི་3772འདུམ་སྒྲིག་ལེགས་འགྲུབ་བྱུང་སྟེ་འགལ་བའི་རྩོད་གཞིའི་སེལ་ཚད་ནི་བརྒྱ་ཆ་99.3ཐོན་ཡོད།  དོ་བདག་མང་ཚོགས་36481ལ་ཞབས་ཞུ་བྱས།  འདུམ་སྒྲིག་གི་གྲོས་མཐུན་དང་འབྲེལ་ཡོད་པའི་སྒོར་ཁྲི3865.14ཡོད།  དམངས་དོན་ཉེན་དོན་གྱོད་གཞིར་འཁོར་པར་བཀག་འགོག་བྱས་པའི་གྱོད་གཞི་39དང་།  མང་ཚོགས་རང་བཞིན་གྱི་གོང་གཏུག་གྱོད་དོན་158སྔོན་འགོག་བྱས། མི་ཚོགས་རང་བཞིན་གྱི་མཚོན་ཐོག་རུབ་འཛིང་ཁག45སྔོན་འགོག་བྱས། དེའི་ནང་གྲོང་རྡལ་གྱི་འགལ་བ་དང་རྩོད་གཞིའི་འདུག་སྒྲིག་བརྒྱ་ཆ་66.1ཟིན་པ་དང་། གྲོང་ཚོསྡེ་ཁུལགྱི་མི་དམངས་འདུམ་འགྲིག་ཁང་གིས་སེལ་བའི་འགལ་བ་དང་རྩོད་གཞི་བརྒྱ་ཆ་28ཟིན་ཡོད།  ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བརྒྱ་ཆ་5.9ཟིན། ཁུལ་ཡོངས་འགལ་བ་དང་རྩོད་གཞིའི་གྲོས་མཐུན་ཁྱོན་བསྡོམས་3202ལག་བསྟར་བྱས་དང་དོན་ཐོག་འཁྱོལ་ཚད་ནི་བརྒྱ་ཆ་95.8ལ་ཐོན་ཡོད།  འདུམ་འགྲིག་གྲོས་མཐུན་168ཁྲིམས་འཛིན་ངོས་བཟུང་བྱེད་རེ་ཞུ། ཡུལ་ཚོགྲོང་རྡལགྲོང་ཚོའི་མི་དམངས་འདུམ་སྒྲིག་རྩ་འཛུགས་དེ་གཞི་རིམ་ཀྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཁྲོད་དུ་གཞི་རྩའི་རང་བཞིན་གྱི་ནུས་པ་བཏོན་ཏེ།  དོན་ཆུང་གྲོང་ཚོ་ལས་མི་བརྒལ་བ་དང་། བྱ་བ་ཆེ་གྲས་ཡུལ་ཚོ་ལས་མི་བརྒལ། འགལ་བ་གོང་ཞུ་མི་བྱེད་པ་མངོན་སུམ་དུ་སྒྲུབ་ཐུབ་ཡོད།

གསུམ། གཞི་རིམ་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀའི་ཁྲོད་དུ་གནས་པའི་གནད་དོན།

གཅིག  གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀའི་ངོས་འཛིན་ཐད་དུ་ད་དུང་མཐོ་རུ་གཏོང་དགོས། གཞི་རིམ་ཁྲིམས་འཛིན་ཁང་གིས་ཁས་ཐེག་བྱས་པའི་ལས་ཀ་གཙོ་བོ་ནི་དམངས་ཁྲོད་རྩད་གཞི་འདུམ་འགྲིག་དང་། སྡེ་ཁུལ་ཡོ་བསྲང་། བཅའ་ཁྲིམས་ཞབས་ཞུ།  བཀོད་སྒྲིག་རོགས་སྐྱོར།  ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ། གཞི་རིམ་གྱི་ཁྲིམས་ལྟར་སྐྱོང་བ། བཅའ་ཁྲིམས་འདྲི་རྟོག་སོགས་སུ་ཞུགས་དགོས། དེའི་རྩ་བའི་འགན་ནུས་དེ་སྔོན་འགོག་རང་བཞིན་དང་། སློབ་གསོ་རང་བཞིན། ཞབས་ཞུ་རང་བཞིན་སོགས་ཐད་དུ་མཚོན་ཡོད།  གཞི་རྩའི་རང་བཞིན་གྱི་ཁྱད་ཆོས་ཧ་ཅང་མངོན་གསལ་དོད་པ་ཡིན། མི་དམངས་འདུམ་འགྲིག་དེ་གཞི་རིམ་དུ་ཡང་གཙོ་བོ་འགལ་བ་རྩད་ཞིབ་དང་། རྩོད་གཞི་སེལ་བ། འགལ་བ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག  གཞི་རིམ་གྱི་བརྟན་བརླིང་སྲུང་སྐྱོང་སོགས་ཐད་ཀྱི་མདུན་གྱི་གཡུལ་སའིནུས་པ་བཏོན།  ཁེ་སྤོགས་འདོད་གདུངགི་ནོར་འཁྲུལ་གྱི་རིན་ཐང་ལྟ་བའི་ཤུགས་རྐྱེན་ཐེབས་ནས། གྲོང་རྡལ་གྱི་ལས་བྱེད་མང་ཚོགས་ཁ་ཤས་ཀྱིས་ཁྲིམས་འཛིན་ཁང་དེ་གཞི་རིམ་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་དང་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་འདོན་པའི་ནུས་པ་གལ་ཆེ་དང་།  དུས་སྐབས་གསར་བ་དང་རྒྱུན་རྣམ་གསར་བའི་ཁྲོད་མི་དམངས་འདུམ་འགྲིག་ལས་ཀས་གཞི་རིམ་སྤྱི་ཚོགས་སྐྱོང་བའི་ཁྲོད་དུ་བཏོན་པའི་འགོག་སྲུང་འཛིང་རགས་ཨང་དང་བོའིགཞི་རྩའི་ནུས་པ་ལ་ངོས་འཛིན་བྱེད་རྒྱུར་མི་འདེང་བ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁྲིམས་འཛིན་ཁང་གི་ཚད་ལྡན་ཅན་འཛུགས་སྐྲུན་ལ་མཐོང་ཆེན་མི་བྱེད་པ།  མཉམ་འགུལ་ནང་ཞུགས་དང་མཉམ་འཛིན་འཁུར་མཉམ་ལེན་བྱེད་པའི་མི་དམངས་འདུམ་འགྲིག་ངང་ཚུལ་མི་འདེང་བས།  ཚད་ངེས་ཅན་ཞིག་གི་སྟེང་དམངས་དོན་རྩོད་གཞིའི་འདུམ་འགྲིག་དང་། འགལ་བ་དང་རྩོད་གཞིའི་རྩད་ཞིབ།  བཅའ་ཁྲིམས་དྲིལ་བསྒྲགས། སྡེ་ཁུལ་ཡོ་བསྲང་།  བཙོན་གྲོལ་དང་ངལ་རྩོལ་སློབ་གཅུན་ལས་གྲོལ་བའི་མི་སྣའི་བཀོད་སྒྲིག་རོགས་སྐྱོར་སོགས་ལས་ཀ་དེ་ས་གནས་ཁ་ཤས་སུ་དམ་འཛིན་ཏན་ཏིག་མིན་པ་དང་ཞིབ་ཚགས་མིན་པའི་གནས་ཚུལ་བྱུང་།

གཉིསགཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་སྒྲུབ་མི་སྣ་དང་མི་དམངས་འདུམ་འགྲིག་པའི་གསོ་སྦྱོང་ད་དུང་ཤུགས་སྣོན་བྱ་དགོས། གཞི་རིམ་ཁྲིམས་འཛིན་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། ཁྲིམས་ལྟར་སྐྱོང་བ། བཅའ་ཁྲིམས་སྐོར་གྱི་རོགས་སྐྱོར། བཅའ་ཁྲིམས་ཀྱི་ཞབས་ཞུ། མི་དམངས་འདུམ་འགྲིག  སྡེ་ཁུལ་ཡོ་བསྲང་སོགས་བཅའ་ཁྲིམས་བཀོལ་སྤྱོད་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་ཀའི་འགན་ནུས་ཁུར་ཡོད་པ་དེས།  ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་ངེས་པར་བཅའ་ཁྲིམས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཅུང་བྱང་ཆ་ཡོད་པའི་དཔུང་ཁག་ཞིག་ཡིན་དགོས་པར་ཐག་གཅོད། མི་དམངས་འདུམ་འགྲིག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་ལམ་ལུགས་ཞིག་ཡིན།  ཉེས་དོན་འདུམ་འགྲིགཞེས་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལས་རྩ་བ་ཚུགས་པ་དང་། རང་རྒྱལ་འགལ་བ་རྩོད་གཞི་ཐག་གཅོད་ལམ་སྲོལ་གྱི་གྲུབ་ཆ་གལ་ཆེ་ཞིག་ཡིན།  དམངས་ཁྲོད་ཀྱི་རྩོད་གཞི་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགལ་བ་སེལབ། སྤྱི་ཚོགས་ཀྱི་འཆམ་མཐུན་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་གལ་ཆེ་བཏོན་ཡོད། མི་དམངས་འདུམ་འགྲིག་པ་ལ་ངེས་པར་བཅའ་ཁྲིམས་ཀྱི་ཤེས་བྱ་དང་འགལ་བ་རྩོད་གཞི་འདུམ་འགྲིག་བྱེད་པའི་ལས་སྒོའི་ཐབས་རྩལ་ངེས་ཅན་ཞིག་ཡོད་དགོས། འོན་ཀྱང་ཁུལ་ཡོངས་རྫོང་སོ་སོའི་གཞི་རིམ་ཁྲིམས་སྲིད་འཛིན་དཔུང་ཁག་ལ་བཅའ་ཁྲིམས་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་ཉུང་བའི་གནད་དོན་རྒྱ་ཁྱབ་ཏུ་གནས་ཡོད་པས། གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་འགན་ནུས་ཀྱི་གཞི་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་མི་ཐུབ།  མི་དམངས་འདུམ་འགྲིག་པའི་ཁྲིམས་ལུགས་བྱང་ཚད་དང་ལས་སྒོའི་ཐབས་རྩལ་དེ་བས་ཀྱང་མི་སྙོམས་པ། ལྷག་པར་གྲོང་ཚོའི་རིམ་པའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མང་ཆེ་ཤོས་ཀྱི་རིག་གནས་ཆུ་ཚད་ཞན་པ་དང་དགོས་ངེས་ཀྱི་འདུམ་འགྲིག་ཐབས་རྩལ་མི་འདང་བ།  དེ་བས་མང་བའི་མི་དམངས་འདུམ་འགྲིག་པ་སྔར་བཞིན་དུ་མི་སྒེར་གྱི་སྙན་གྲགས་ལ་བརྟེན་ནས་གིས་བར་འདུམ་བྱེད་བཞིན་ཡོད།   རྙོག་འཛིང་ཆེ་ཞིང་རྣོ་ངར་ལྡན་པའི་འགལ་བ་དང་རྩོད་གཞི་ལ་ནུས་ལྡན་གྱི་བར་འདུམ་བྱེད་དཀའ་  མིག་སྔར་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ཀྱི་ལས་སྒྲུབ་མི་སྣ་དང་མི་དམངས་འདུམ་འགྲིག་པ་ལ་འཆར་གཞི་དང་བརྒྱུད་རིམ་རང་བཞིན་གྱི་གསོ་སྦྱོང་བྱེད་རྒྱུ་ཉུང་བ། གསོ་སྦྱོང་ལས་བལྟོས་བཅས་ཀྱི་རྗེས་ལུས་ཡིན་པ། གཞི་རིམ་ཁྲིམས་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུའི་ཐད་ལ་ཤུགས་རྐྱེན་ཚད་ངེས་ཅན་ཞིག་ཐེབས་ཡོད།

གསུམགཞི་རིམ་ཁྲིམས་འཛིན་སྲིད་འཛིན་ཀྱི་ལས་སྒྲུབ་མི་སྣ་དང་མི་དམངས་འདུམ་འགྲིག་པའི་དོ་དམ་ལམ་སྲོལ་ད་དུང་མཐུན་སྦྱོར་བྱ་དགོས། མིག་སྔར་ཁུལ་ཡོངས་རྫོང་སོ་སོའི་གཞི་རིམ་ཁྲིམས་འཛིན་ཁང་གི་ལས་སྒྲུབ་མི་སྣའི་ལས་གནས་འཕོ་འགྱུར་མང་བ།  གྲོང་རྡལ་ལ་ལའི་ཁྲིམས་འཛིན་ཁང་གི་ལས་སྒྲུབ་མི་སྣས་ཁྲིམས་འཛིན་སྲིད་འཛིན་ལས་སྒོ་ལ་རྒྱུས་ལོན་མ་ཐག་དང་། ཡང་ན་ལས་སྒོའི་རྐང་འཛིན་པར་གསོ་སྐྱོང་བྱེད་མ་ཐག  དེ་ནས་ལས་གནས་འཕོས་པའམ་ཡང་ན་ལས་གནས་གཞན་དུ་གནས་སྤར་བསྐོ་སྤྱོད་བྱས་ནས།  ལས་དོན་ཐ་དད་དུ་གྱུར་ཏེ་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་མེད་པར་གྱུར།  ཕྱོགས་གཅིག་ནས་ཁྲིམས་འཛིན་ཁང་གི་ལས་སྒྲུབ་མི་སྣས་གཅིག་ལྕོགས་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་ཡོད་པ། ཁྲིམས་འཛིན་ཁང་འགོ་འཛིན་མང་ཤོས་ནི་གྲོང་རྡལ་གྱི་འགོ་འཛིན་གཞོན་པས་གཅིག་ལྕོགས་སུ་འགན་ཁུར་ཡོད། ཁྲིམས་འཛིན་ཁང་གི་ལས་སྒྲུབ་མི་སྣའི་ནང་ཆེད་གཉེར་ལས་འགན་གྱི་ཁྲིམས་འཛིན་ལས་རོགས་པ་མ་གཏོགས། ལ་ལ་ནི་འགོ་ཁྲིད་མིན་པའི་གོ་གནས་ལས་གནས་སྤྲོད་པ་དང་། ལ་ལ་ནི་སློབ་ཆེན་སློབ་མའི་སྡེ་དཔོན།  ལ་ལ་ནི་ལས་དོན་སྡེ་ཁག་གི་ལས་བྱེད། ལ་ལ་ནི་གནས་སྐབས་ཀྱི་གླ་བ། ཁྲིམས་འཛིན་སྲིད་འཛིན་ལས་ཀའི་འགན་ཁུར་དགོས་པ་མ་ཟད། ལས་ཀ་གཞན་པའི་འགན་ཡང་ཁུར་དགོས་པས། སེམས་ནུས་གཅིག་བསྡུས་ཀྱིས་ཁྲིམས་འཛིན་སྲིད་འཛིན་གྱི་རང་འཁྲིའི་ལས་ཀ་སྤེལ་དཀའ་བ་དང་ཁྲིམས་འཛིན་འགན་ནུས་ཀྱི་ནུས་པ་འདོན་པ་ལ་ཤུགས་རྐྱེན་ཐེབས་ཡོད། ཕྱོགས་གཞན་ནས་ཁྲིམས་འཛིན་ལས་རོགས་པའི་སྲིད་ཁྲིམས་ཆེད་བསྐོས་སྒྲིག་གཞི་ལ་སྒྲིག་ཁོངས་སྟོང་བའི་གནས་ཚུལ་ཡོད་པ། ཁྲིམས་འཛིན་ལས་རོགས་པ་ལ་ལ་ལས་ཁུངས་གཞན་པར་ལས་བྱེད་སྐོང་གཡར་དང་ལས་གནས་སྤར་འཐེན་བྱས་ནས། ཁྲིམས་འཛིན་ལས་རོགས་པའི་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་གང་ནས་འཁོར་སྐྱོད་བྱེད་མི་ཐུབ། མི་དམངས་འདུམ་འགྲིག་པའི་དཔུང་ཁག་གི་ངེས་མེད་རང་བཞིན་ཆེ་བ།  མི་དམངས་འདུམ་འགྲིག་པ་དཔུང་ཁག་ལ་གཏན་འཇགས་ཀྱི་འོ་བའི་ཁ་གསབ་མེད་པས།  གྲོང་དམངས་མང་ཤོས་ཀྱིས་མི་དམངས་འདུམ་འགྲིག་པའི་ལས་ཀ་གཉེར་སེམས་ཆེན་པོ་མེད་པ། མིག་སྔར་ཁུལ་ཡོངས་གྲོང་ཚོ་རིམ་པའི་མི་དམངས་འདུམ་འགྲིག་པའི་དཔུང་ཁག་མང་ཆེ་ཤོས་ནི་གྲོང་ཚོའི་འགོ་ཁྲིད་ཀྱི་འགན་ཁུར་བ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འགན་འཁུར་ཡུན་ཚད་ནི་ལོ3ཡིན། གྲོང་ཚོའི་འགོ་ཁྲིད་ལ་ལ་གསོ་སྦྱོང་བྱས་ནས་མི་དམངས་འདུམ་འགྲིག་ལས་ཀ་ལ་རྒྱུན་ལོན་མ་ཐག་ཡང་སྐབས་བརྗེ་དང་འཕྲད་དེ། གྲོང་ཚོའི་རིམ་པའི་མི་དམངས་འདུམ་འགྲིག་པའི་དཔུང་ཁག་ལ་རྒྱུད་མཐུན་རང་བཞིན་དང་བརྟན་པོའི་རང་བཞིན་མི་འདང་བས།  མི་དམངས་འདུམ་འགྲིག་དེ་མང་ཚོགས་ཁྲོད་ཀྱི་དབང་གྲགས་རང་བཞིན་དང་ཡིད་ཆེས་སྟོན་གྲངས་ལ་ཤུགས་རྐྱེན་ཐེབས་པ།

བཞིམི་དམངས་འདུམ་འགྲིག་ལས་ཀའི་གྲོན་དངུལ་གྱི་འགན་ལེན་ལམ་སྲོལ་ད་དུང་འཐུས་ཚང་དུ་གཏོང་དགོས། མི་དམངས་འདུམ་འགྲིག་ལས་ཀའི་གྲོན་དངུལ་དུ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་འདུམ་འགྲིག་ལས་ཀ་ལ་མཛུབ་སྟོན་བྱས་པའི་གྲོན་དངུལ་དང་། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁ་གསབ་གྲོན་དངུལ། མི་དམངས་འདུམ་འགྲིག་པའི་ཁ་གསབ་གྲོན་དངུལ་བཅས་འདུས་ཡོད། མིག་སྔར་ཁུལ་ཡོངས་རྫོང་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ལས་ཀའི་གྲོན་དངུལ་ཚང་མ་བླང་བྱ་ལྟར་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་དུ་བཞག་ཡོད།  ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་འདུམ་འགྲིག་ལ་མཛབ་སྟོན་བྱེད་པའི་གྲོན་དངུལ་གཞི་རྩའི་ཐོག་འགན་ལེན་བྱེད་ཐུབ། འོན་ཀྱང་རྫོང་ཁ་ཤས་སུ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁ་གསབ་རོགས་དངུལ་དང་མི་དམངས་འདུམ་འགྲིག་པའི་ཁ་གསབ་རོགས་དངུལ་ལ་ནུས་ལྡན་གྱི་འགན་ལེན་ལམ་སྲོལ་ད་དུང་ཆགས་མེད། སྐབས་འགར་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་དགོས་ངེས་ཀྱི་ལས་ཀའི་གྲོན་དངུལ་མེད་པས་མི་དམངས་འདུམ་འགྲིག་ལས་ཀ་ནུས་ལྡན་སྤེལ་མི་ཐུ། མི་དམངས་འདུམ་འགྲིག་པ་ལ་མི་སྒེར་གྱི་གྱོད་གཞི་ལྟར་ཁ་གསབ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པས། ཁ་གསབ་རོགས་དངུལ་ཉུང་ཞིང་།  གྲོན་དངུལ་ཀྱི་བཀོད་སྒྲིག་དང་སྤྲོད་སྟངས་ཡང་འདུམ་འགྲིག་བྱེད་པའི་རྩོད་གཞིའི་གྲངས་ཀ་དང་།  དཀའ་སླའི་ཚད།  སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་ཆུང་དང་ཚད་ལྡན་དུ་ཡིན་ཚད་བཅས་ཀྱིས་ཐག་གཅོད རང་ཁུལ་ས་གནས་མང་ཤོས་ཀྱི་མི་དམངས་འདུམ་འགྲིག་ལས་ཀ་ལ་རང་རེའི་ཁུལ་གྱི་ས་གནས་མང་ཆེ་བའི་མི་དམངས་འདུམ་འགྲིག་ལས་ཀ་ལ་འདུམ་འགྲིག་པ་གྲོང་ཚོ་དང་ཁྱིམ་ཚང་རེ་རེ་བཞིན།  ཞིང་ཁ་དང་མུ་ཁ་ཐ་ན་རི་མཐོའི་འབྲོག་ར་སོགས་ལ་འགྲོ་དགོས་པ། མི་དམངས་འདུམ་འགྲིག་པས་འགལ་བ་རྩོད་གཞི་འདུམ་འགྲིག་ཆེད་དུ་དུས་རྒྱུན་དུ་དུས་ཚོད་དང་ནུས་ཤུགས་འབོར་ཆེན་སྤྱད་དེ། རང་རེའི་ཐོན་སྐྱེད་འཚོ་བ་ལ་ཤུགས་རྐྱེན་ཐེབས་པ་རེད། སྐབས་འགར་རང་ཉིད་ཀྱི་འགྲིམ་འགྲུལ་དང་འཕྲིན་གཏོང་འགྲོ་གྲོན་ཐ་ན་འཚོ་བའི་འགྲོ་སོང་ལྡོག་གསབ་བྱེད་དགོས  འོན་ཀྱང་སྒོར་30ནས་500ཡི་སྒེར་གྱི་གྱོད་དོན་གྱི་ཁ་གསབ་རོགས་དངུལ་དེ་རྒྱུན་དུ་འདུམ་འགྲིག་གི་ཡིག་ཆ་མེད་པའམ་འདུམ་འགྲིག་གི་ཡིག་ཆ་ཚད་ལྡན་མིན་པའི་རྐྱེན་གྱིས་ལེན་རྒྱུའི་རེ་ཞུ་བྱེད་ཐབས་མེད།  གྱོད་དོན་གྱི་ཁ་གསབ་རོགས་དངུལ་བླངས་ན་ཡང་འདུམ་འགྲིག་པ་མང་བ་དང་གྲོན་དངུལ་ཉུང་བའི་རྐྱེན་གྱིས་བགོ་བཤས་བྱེད་དཀའ་བ།  དེའི་རྐྱེན་གྱིས་ད་ལྟའི་འདུམ་འགྲིག་གི་ཁ་གསབ་རོགས་དངུལ་གྲོན་དངུལ་གི་ལག་བསྟར་མ་སྲོལ་གྱིས་འདུམ་འགྲིག་པའི་ལས་ཀའི་ཧུར་སེམས་སྐུལ་སློང་ནུས་ལྡན་བྱེད་མི་ཐུབ།

ལྔགཞི་རིམ་ཁྲིམས་འཛིན་ཁང་གི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་ད་དུང་ཤུགས་སྣོན་བྱ་དགོས།  ཉེ་བའི་ལོ་ཤས་རིང་། ཁུལ་དང་རྫོང་གི་མི་དམངས་སྲིད་གཞུང་གིས་གཞི་རིམ་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོ་པོ་བྱས་པས། ཁྲིམས་འཛིན་ཁང་གི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་ཚད་ཆེན་པོ་བཏང་ཡོད། འོན་ཀྱང་གཞི་རིམ་མི་དམངས་ཁྲིམས་ཁང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་བསྡུར་ན། ཁྲིམས་འཛིན་ཁང་གི་གཞི་རྩའི་འཛུགས་སྐྲུན་ད་དུང་ཤུགས་སྣོན་བྱ་དགོས།  ཁྲིམས་འཛིན་ལ་ལ་གྲོང་རྡལ་མི་དམངས་སྲིད་གཞུང་དང་མཉམ་སྐྲུན་ཡང་ན་གོ་བརྗེ་བྱས། མཉམ་སྐྲུན་དང་གོ་བརྗེ་བྱས་རྗེས་ཀྱི་ཁྲིམས་འཛིན་ཁང་གི་ལས་སྒྲུབ་སྤྱོད་ཁང་གིས་ལས་སྒོའི་ལས་ཀ་སྤེལ་བའི་དགོས་མཁོ་བསྐོང་མི་ཐུབ། ལས་སྒྲུབ་སྤྱོད་ཁང་གི་མངའ་དབང་ཡང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གྱི་བླང་བྱ་ལྟར་ཐོ་འགོད་བྱས་མེད། ཁྲིམས་འཛིན་ཁང་ལ་ལ་དགོས་ངེས་ཀྱི་དེང་རབས་ཅན་གྱི་ལས་སྒྲུབ་སྒྲིག་བཀོད་མེད་པ།  པར་འཁོར་དང་།  པར་ཆས། སྒྲ་པར་སྨྱུ་གུ་སོགས་ཡང་ཉོ་སྒྲུབ་བྱེད་མི་ཐུབ།  གནད་དོན་འདི་དག་གིས་ཚད་ངེས་ཅན་ཞིག་གི་སྟེང་དུ་ཁྲིམས་འཛིན་ཁང་གི་ལས་ཀ་རྒྱུན་ལྡན་ངང་སྤེལ་རྒྱུར་ཚོད་འཛིན་བྱས་ཡོད།

བཞི། བསམ་འཆར་གྲོས་འགོ

གཅིགགཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀ་ཤུགས་སྣོན་བྱེད་པར་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་དགོས།  གཞི་རིམ་ཁྲིམས་འཛིན་ཁང་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀ་ཤུགས་སྣོན་བྱ་རྒྱུ་ནི། གཞི་རིམ་སྤྱི་ཚོགས་སྐྱོང་བ་དང་ཁྲིམས་ལྟར་ཁུལ་སྐྱོང་སྐུལ་འདེད་གཏོང་བའི་གཞི་རྩའི་རང་བཞིན་གྱི་ལས་ཀ་དང་། དེ་ནི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བརྟན་འགོད་མངོན་དུ་འགྱུར་བའི་དངོས་གནས་བླང་བྱ་ཡིན།  ལས་བྱེད་མང་ཚོགས་ཁ་ཤས་ཀྱིས་གཞི་རིམ་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀའི་སྣང་ཚུལ་འདི་ལ་རྒྱུས་ལོན་མེད་པའི་གནས་ཚུལ་འདི་དང་བསྟུན་ནས། ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་འགན་ནུས་ཀྱི་དྲིལ་བསྒྲགས་ཐད་ཤུགས་སྣོན་ཏན་ཏིག་བྱས་ཏེ།  དམངས་ཁྲོད་རྩོད་གཞི་བྱུང་ཚེ་110ལ་ཁ་པ་རྒྱག་པ་ཡང་ན་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པ་ལས།  ཁྲིམས་འཛིན་ཁང་ངམ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དུ་སོང་ནས་རོགས་རམ་བྱེད་དུ་མི་འཇུག་པའི་གནས་ཚུལ་ཡོ་བསྲང་བྱ་དགོས།  ཐབས་བཀོད་ཡོད་ཚད་སྤྱད་དེ། མང་ཚོགས་ཀྱིས་ལྟ་འདོད་ཀྱང་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་རང་འགུལ་གྱིས་གྲོང་གསེབ་དང་། འབྲོག་ར།  སྡེ་ཁུལ་དུ་དྲིལ་བསྒྲགས་དང་།  བཅའ་ཁྲིམས་སྐོར་གྱི་རིག་གནས་འགྲེལ་བཤད། ཡུལ་བབ་དམངས་འདུན་ལ་རྒྱུས་ལོན་བྱས་ནས།  འགལ་བ་རྩོད་གཞིའི་རྩད་ཞིབ་དང་མཐུན་སྦྱོར་ཐག་གཅོད་ལས་ཀ་སྤེལ་དགོས། ལེགས་སྐྱེས་སུ་འབུལ་བའི་སྙིང་སྟོབས་དང་།  ཁྱོན་ཡོངས་ཀྱི་འདུ་ཤེས།  གསར་གཏོད་ཀྱི་ཐབས་ལམ། ཆེད་ལས་ཀྱི་ཤེས་རིག་ལ་བརྟེན་ནས་ཁྱོན་ཡོངས་ལ་ཞབས་ཞུ་དང་། མང་ཚོགས་ལ་ཞབས་ཞུ། སྤྱི་ཚོགས་ལ་ཞབས་ཞུ་བྱེད་པའི་ལས་ཀ་ཁྲོད་དུ་ཞུགས་ཏེ།  མང་ཚོགས་ཀྱི་དངོས་གནས་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ནས། མང་ཚོསག་ཀྱིས་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀ་ལ་ཡིད་ཆེས་དང་། གོ་བ། རྒྱབ་སྐྱོར་ཐོབ་པར་བྱ་དགོས། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དེ་མི་དམངས་འདུམ་འགྲིག་གི་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་པ་དང་།  གྱོད་གཞི་འདུམ་འགྲིག་དང་ཟུང་འབྲེལ་བྱས་ཏེ། དམིགས་ས་ཡོད་པའི་སྒོ་ནས་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་བྱས་ཏེ། དོ་བདག་དང་རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཆེ་རུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ལ་སྒྲིག་བརྩི་ཁྲིམས་སྲུང་གི་ཁྲིད་སྟོན་བྱས།  ལུགས་མཐུན་དང་ཁྲིམས་མཐུན་ཀྱི་ཐབས་ལམ་སྤྱད་དེ་རང་གི་རེ་འབོད་གོང་ཞུ་བྱས་ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཀྱི་ཁེ་དབང་སྲུང་སྐྱོང་བྱ་དགོས།  དོན་དངོས་གཞི་འཛིན་སདང་། བཅའ་ཁྲིམས་ཚད་གཞིར་འཛིན་པར་རྒྱུན་འཁྱོངས་བྱས་ཏེ། བདེན་པའི་གནས་ལུགས་དང་ཀུན་སྤྱོད་ལེགས་པོར་བརྟེན་ནས་མི་སེམས་བརྩོན་ལེན་དང་།   མི་དམངས་འདུམ་འགྲིག་དེ་གཞི་རིམ་སྤྱི་ཚོགས་སྐྱོང་བའི་ཁྲོད་ཀྱི་ཕན་ནུས་དེ་ཏན་ཏིག་འདོན་དགོས།

གཉིསཁྲིམས་འཛིན་ཁང་གི་ལས་བྱེད་མི་སྣ་དང་མི་དམངས་འདུམ་འགྲིག་པའི་གསོ་སྦྱོང་ལས་ཀ་སྔར་བས་ཤུགས་སྣོན་བྱ་དགོས།  གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་འབྲེལ་རྒྱ་ཆེ་བ་དང་། སྲིད་ཇུས་དང་འབྲེལ་བ་དམ་པ། ཆེད་ལས་རང་བཞིན་གྱི་ཚད་མཐོ་བ། རྒྱུན་རྣམ་གསར་བའི་འོག་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཀ་དེ། ངེས་པར་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་མི་སྣའི་གསོ་སྦྱོང་ཤུགས་སྣོན་བྱེད་པ་དེ་ཁྲིམས་འཛིན་ཁང་འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གལ་ཆེ་ཞིག་ལ་བཟུང་སྟེ། བསམ་བློ་ཆབ་སྲིད་དང་སྒྲིག་ལམ་སྤྱོད་ཚུལ། ལས་རིགས་ཀྱི་ཀུན་སྤྱོད་དང་ལས་སྒོའི་བྱང་ཚད་སློབ་གསོ་ཤུགས་སྣོན་ཏན་ཏིག་བྱས་ཏེ།  ཁྲིམས་འཛིན་ཁང་གི་ལས་བྱེད་མི་སྣའི་ཆབ་སྲིད་འདུ་ཤེས་དང་།  ཁྱོན་ཡོངས་འདུ་ཤེས།  འགན་ཁུར་འདུ་ཤེས་མུ་མཐུད་དུ་ཤུགས་སྣོན་བྱས། སློབ་གསོ་གསོ་སྦྱོང་གི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིམ་པ་མང་བ་དང་། འགྲོ་ལམ་མང་བ།  རྣམ་པ་མང་བའི་སྒོ་ནས་བྱང་ཚད་སློབ་གསོ་དང་།  ཁྲིམས་ལུགས་སློབ་གོས།  ལས་སྒོའི་ལག་རྩལ་སློབ་གསོ་དང་ཤེས་བྱ་གསར་སྒྱུར་སློབ་གསོ་སྤེལ་དགོས། སློབ་སྦྱོང་གསོ་སྦྱོང་དེ་ལས་གནས་འགན་འཁྲི་དང་བྱ་དགའ་ཆད་གཅོད་ལ་དཔྱད་ཞིབ་བྱེད་པ་སོགས་ཀྱི་ལམ་ལུགས་དང་ཟུང་འབྲེལ་བྱས་ཏེ།  གཞི་རིམ་ཁྲིམས་འཛིན་ལས་བྱེད་མི་སྣའི་སློབ་སྦྱོང་བྱེད་པའི་ཧུར་སེམས་དེ་ལ་སྐུལ་སློང་གང་ལེགས་བྱས་ཏེ་ལས་ཀའི་གསར་གཏོད་རང་བཞིན་མཐོ་རུ་གཏོང་བ་དང་།  གནས་བབས་ཀྱི་དགོས་མཁོ་དང་འཚམ་པའི་བྱང་ཚད་མཐོ་བའིགཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་ཅིག་གསོ་སྐྱོང་གང་མགྱོགས་བྱ་དགོས།  མི་དམངས་འདུམ་འགྲིག་ལས་ཀ་ཤུགས་སྣོན་བྱ་དགོས་པ་དང་།  ཁུལ་ཡོངས་མི་དམངས་འདུམ་འགྲིག་པའི་བྱང་ཚད་དང་ནུས་པ་མི་འདྲ་བའི་གནས་ཚུལ་ལ་གཞིགས་ནས།  མི་དམངས་འདུམ་འགྲིག་པའི་གསོ་སྦྱོང་ལས་ཀའི་ནུས་ཤུགས་ཆེ་རུ་ཏན་ཏིག་གཏོང་པ་དང་།  མི་དམངས་འདུམ་འགྲིག་པའི་གསོ་སྦྱོང་དེ་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་གི་གསོ་སྦྱོང་འཆར་གཞིར་བཀོད་དེ།  གཅིག་གྱུར་གྱིས་འཆར་འགོད་དང་རིམ་དབྱེ་འགན་འཁུར།  དུས་བགོས་ཁག་བགོས་ཀྱིས་དོན་ཐོག་ཏུ་འཁྱོལ་དགོས།  བྱེད་ཐབས་སྣ་ཚོགས་སྤྱད་དེ།  གསོ་སྦྱོང་འཛིན་གྲྭ་འཛུགས་པ་དང་། ཚོགས་སྦྱོང་གཉིས་འཐུས། ཁྲིམས་སར་འདྲི་གཅོད་ལ་ཟུར་ཉན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མི་དམངས་འདུམ་འགྲིག་པ་ལ་སློབ་གསོ་གསོ་སྦྱོང་བྱས་ཏེ།   ཁོ་ཚོའི་ཆབ་སྲིད་བྱང་ཚད་དང་། ལས་སྒོའི་ནུས་པ། འདུམ་འགྲིག་ཐབས་རྩལ་མུ་མཐུད་དུ་མཐོ་རུ་གཏོང་དགོས།

གསུམཁྲིམས་འཛིན་ཁང་གི་ལས་བྱེད་མི་སྣ་དང་མི་དམངས་འདུམ་འགྲིག་པའི་དོ་དམ་ལམ་སྲོལ་སྔར་བས་ལྷག་པར་མཐུན་སྦྱོང་བྱ་དགོས།  ཁྲིམས་འཛིན་ཁང་གི་ལས་བྱེད་མི་སྣ་ཡིན་ན་ཁྲིམས་འཛིན་སྲིད་འཛིན་གྱི་ཆེད་དམིགས་སྒྲིག་གཞི་བེད་སྤྱོད་ནན་ཏན་དང་།  ཆེད་དམིགས་སྒྲིག་གཞིའི་ལས་གནས་དང་མི་སྣ་འགན་ཁུར་གཏན་འབེབས་བྱས།  གཞུང་ལས་པའི་སློབ་བསྡུ་དང་དེ་བཞིན་བདམས་གསེས་སྐོང་འཐེན་སོགས་ཀྱི་རྣམ་པ་བརྒྱུད་དེ་དུས་ཐོག་ཏུ་ད་ལྟ་ཡོད་པའི་ཁྲིམས་འཛིན་ལས་རོགས་པའི་ཆེད་དམིགས་སྒྲིག་གཞི་ཁ་གསབ་བྱས་ཏེ།  གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཀ་གཉེར་འཚམ་ཐུབ་ཀྱི་མེད་པའི་མི་སྣ་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་།  ནུས་པ་ལྡན་པ་དང་། ཉམས་མྱོང་ཕྱུག་པ།  ཁྲིམས་ལུགས་ཀྱི་ཤེས་བྱའི་ཆུ་ཚད་ངེས་ཅན་ལྡན་པ་དང་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཀ་གཉེར་འདོད་པའི་བློ་མཐུན་བདམས་གསེས་སྐོང་འཐེན་བྱས་ཏེ་ཁྲིམས་འཛིན་ཁང་གི་ནུས་ཤུགས་སྣོན་དགོས། ཡོངས་གྲགས་གཞུང་དྲང་དང་། འདྲ་མཉམ་འགྲན་རྩོད།  ལེགས་པོ་འདེམས་ཏེ་ལས་གནས་སུ་ཞུགས།  ཧུར་བརྩོན་ཅན་ལ་གཟེངས་བསྟོད་དང་སྒྱིད་ལུག་ཅན་ལ་ཆད་གཅོད་བྱེད་པའི་མི་སྣ་འདེམས་སྤྱོད་ཐད་ཀྱི་ངར་སྐུལ་ལམ་སྲོལ་ བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ།  ཁྲིམས་འཛིན་སྲིད་འཛིན་ལས་བྱེད་མི་སྣ་འཚར་ལོངས་ཡོང་བ་ལ་ཆ་རྐྱེན་བསྐྲུན་པ་དང་། གོ་སྐབས་མཁོ་འདོན། སྒུལ་ཤུགས་བསྩལ་བ་བཅས་བྱ་དགོས།  ཧུར་ཐག་གིས་རྩ་འཛུགས་དང་། མི་དོན་སྡེ་ཁག་འབྲེལ་གཏུག་བརྗེ་རེས་བྱས་ནས།  ཆ་རྐྱེན་དང་མཐུན་པ།  ནུས་པ་ལྡན་པའི་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་མི་སྣ་དེ་སྡེ་ཁག་གཞན་པར་འོ་སྦྱོར་བྱས་པ་དང་།  ཁྲིམས་འཛིན་ཁང་འགོ་འཛིན་གྱི་ཁའོ་རིམ་གཞོན་པའི་འགན་རིམ་གྱི་ཐོབ་ཐང་དོན་འཁྱོལ་ལས་ཀ་ཧུར་ཐག་གིས་སྐུལ་འདེད་བྱ་དགོས།  ཁྲིམས་འཛིན་སྲིད་འཛོན་སྔོན་ཐོན་མིག་དཔེ་ཡི་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་ལ་ཚད་མཐོའི་མཐོང་ཆེན་དང་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་ཐོན་མིག་དཔེ་ཡི་དྲིལ་བསྒྲགས་བྱེད་ཤུགས་ཤུགས་སྣོན་བྱས་ཏེ་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་བརྩོན་ལེན། སྔོན་ཐོན་ལ་བསྙེགས་བརྒལ་བྱེད་པའི་ཁོར་ཡུག་བཟང་བོར་གྲུབ་དགོས།  མི་དམངས་འདུམ་འགྲིག་པའི་འདེམས་བསྐོ་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས།  མི་དམངས་འདུམ་འགྲིག་དཔུང་ཁག་དེ་མུ་མཐུད་དུ་ལེགས་སྒྲིག་དང་། ཕུན་སུམ་ཇེ་ཚོགས། རྒྱ་ཇེ་ཆེར་བཏང་སྟེ།  མི་དམངས་འདུམ་འགྲིག་པའི་དཔུང་ཁག་གི་ཤེས་བྱའི་སྒྲིག་གཞི་དང་། ཆེད་ལས་སྒྲིག་གཞི་ལེགས་སུ་གཏོང་དགོས།  ཁྲིམས་ལུགས་སྲིད་ཇུས་ཤེས་མཁན་དང་།  ལོ་གཞོན་སྟོབས་རྒྱས་རྣམས་ནང་དུ་འདྲེན་དགོས།  སྲིད་ཇུས་ཤེས་བྱའི་ཆུ་ཚད་མཐོ་བ་དང་། མང་ཚོགས་ཀྱི་ལས་ཀའི་ཉམས་མྱོང་ཕྱུག་པ།  འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་མཁས་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་བསྡུ་ལེན་བྱ་དགོས།  ཆབ་སྲིད་དང་། ལས་ཀ  འཚོ་བའི་ཐོག་ཏུ་མི་དམངས་འདུམ་འགྲིག་པའི་དཔུང་དག་ལ་གཅེས་སྐྱོང་དང་།  དངོས་ཡོད་ཀྱི་དཀའ་ངག་ཐག་གཅོད་བྱེད་རོགས་བཅས་བྱེད་དེ།  ཁོ་ཚོའི་ལས་སྒྲུབ་ཧུར་སེམས་ལ་ཁྲིད་སྟོན་དང་། འདོན་སྤེལ། སྲུང་སྐྱོང་གང་ལེགས་བྱ་དགོས། མི་དམངས་འདུམ་འགྲིག་པའི་དཔངུ་ཁག་གི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བྱ་དགོས།  ཁྱོན་ཡོངས་ཀྱི་ལྟ་བ་དང་།  མང་ཚོགས་ཀྱི་ལྟ་བ། འགན་ཁུར་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་རྒྱུན་མ་ཆད་པར་ཆེ་རུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་དང་།  སྔོན་ཐོན་མི་དམངས་འདུམ་འགྲིག་རྩ་འཛུགས་དང་ཕུལ་བྱུང་མི་དམངས་འདུམ་འགྲིག་པ་ལ་དྲིལ་བསྒྲགས་གཟེངས་བསྟོད་ཤུགས་ཆེ་རུ་བྱས་ཏེ།  མི་དམངས་འདུམ་འགྲིག་ལས་ཀ་མུ་མཐུད་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

བཞིམི་དམངས་འདུམ་འགྲིག་ལས་ཀའི་གྲོན་དངུལ་འགན་ལེན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། མི་དམངས་འདུམ་འགྲིག་དེ་ཡོན་མི་དགོས་པའི་སྤྱི་ཚོགས་ལས་དོན་སྒྲུབ་མཁན་དུ་གཏན་འཁེལ་བྱས་ཡོད། དེའི་མངོན་གསལ་གྱི་ཁྱད་ཆོས་ནི་འགྲོ་གྲོན་གང་ཡང་མི་བསྡུ་བ། འོན་ཀྱང་མི་དམངས་འདུམ་འགྲིག་ལས་ཀ་བདེ་བླག་ངང་སྤེལ་བར་ཡང་འགྲོ་གྲོན་ངེས་ཅན་ཞིག་དགོས་པས། མི་དམངས་འདུམ་འགྲིག་ལས་ཀ་དུས་རྒྱུན་དུ་ལག་བདེ་མ་ཡིན་ཡང་ལ་འབྲས་མ་ཡོད་ན་ཟ་མ་ལས་མི་ཐུབཞེས་པའི་དཀའ་སྡུག་གི་གནས་སུ་ལྷུང་།  གྲོན་དངུལ་འགན་ལེན་བྱེད་དཀའ་བའི་གནད་དོན་ཀྱིས་འདུམ་འགྲིག་ལས་ཀའི་ཡུན་རིང་ནུས་ལྡན་སྤེལ་བར་ཚོད་འཛིན་ཆེན་པོ་བྱས་ཡོད། དེའི་རྐྱེན་གྱིས་མི་དམངས་འདུམ་འགྲིག་བཅའ་ཁྲིམསདང་། ནོར་སྲིད་པུའུ།  ཁྲིམས་འཛིན་པུའུ་ཡི་མི་དམངས་འདུམ་འགྲིག་གི་གྲོན་དངུལ་སྐོར་གྱི་བསམ་འཆར་ལག་བསྟར་ནན་པོར་དང་།  མི་དམངས་འདུམ་འགྲིག་ལས་ཀའི་གྲོན་དངུལ་གྱི་འགན་ལེན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ།  མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་གྲོན་དངུལ་མི་འདང་བའི་གནད་དོན་ཞི་ལྷོད་དུ་གཏོང་དགོས།  དངོས་གནས་དང་ཟུང་འབྲེལ་ནས་མི་དམངས་འདུམ་འགྲིག་ལས་ཀའི་གྲོན་དངུལ་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་དུ་བཞག་པ་མ་ཟད།  དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་ལྟར་རིམ་བཞིན་གོང་འཕར་གཏོང་དགོས། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ལོ་རེར་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་གྲངས་དང་། དཀའ་སླའི་ཚད།  སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ལ་གཞིགས་ནས།   ཁྱད་པར་དབྱེ་འབྱེད་ཀྱིས་ལས་ཀའི་གྲོན་དངུལ་ངེས་ཅན་ཞིག་གཏོང་སྤྲོད་བྱས་ཏེ། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ལས་ཀ་སྤེལ་བར་དགོས་ངེས་ཀྱིས་གྲོན་དངུལ་དགོས་མཁོ་སྐོང་དགོས། མི་དམངས་འདུམ་འགྲིག་པའི་ཁ་གསབ་གྲོན་དངུལ་གྱི་བྱ་དགའ་ཆད་གཅོད་ལ་སྐུལ་མ་གཏོང་བའི་ལམ་སྲོལ་ཞིག་འཚོལ་ཞིབ་བྱས་ནས་འཛུགས་དགོས།  མི་དམངས་འདུམ་འགྲིག་པའི་འཚོ་བའི་ཁ་གསབ་རོགས་དངུལ་ལམ་ལུགས་བཙུགས་ཏེ།  གྱོད་གཞིའི་ཁ་གསབ་རོགས་དངུལ་རིམ་བཞིན་ཇེ་མང་དུ་གཏོང་བ་དང་།  སྒེར་གྱི་གྱོད་གཞིའི་ཁ་གསབ་རོགས་དངུལ་གྱི་ལེན་རྒྱུའི་རེ་ཞུ་གོ་རིམ་སྔར་ལས་ཚད་ལྡན་དུ་བཏང་སྟེ།  ལས་ཀ་སྒྲུབ་དང་མི་སྒྲུབ་གཅིག་མཚུངས་ཡིན་པལས་ཀ་མང་ཙམ་སྒྲུབ་པ་དང་ཉུང་ཙམ་སྒྲུབ་པ་ཡང་གཅིག་མཚུངས་ཡིན་པའིགནས་ཚུལ་དེ་རིགས་མི་ཐོན་པར་བྱ་དགོས། མི་དམངས་འདུམ་འགྲིག་གི་ལས་ཀའི་ཁྲོད་དུ།  ལས་ཀ་མི་སྒྲུབ་པ་དང་། གང་འདོད་བྱས་ཏེ་ དོན་དག་ཆེ་རུ་སོང་ནས་དམངས་དོན་གྱོད་གཞི་དེ་ཉེས་དོན་གྱོད་གཞིར་གྱུར་པ་དང་མང་ཚོགས་རང་བཞིན་གྱི་དོན་རྐྱེན་བྱུང་དུ་འཇུག་པའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་འདུམ་འགྲིག་པ་ལ་སྤ་སེ་གཅིག་གིས་ཁྲ་སློག་ལག་བསྟར་བྱས་པ་དང་། གནས་ཚུལ་དང་བསྟུན་ནས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་གྲོན་དངུལ་ཁ་གསབ་དང་འདུམ་འགྲིག་པའི་འཚོ་བའི་ཁ་གསབ་རོགས་དངུལ་དེ་ཉུང་དུ་གཏོང་བའམ་མེད་པར་བཟོས།  འབྲེལ་ཡོད་སྡེ་ཁག་གིས་མི་དམངས་འདུམ་འགྲིག་གི་གྲོན་དངུལ་ལག་ཐོག་ཏུ་འཁྱོལ་བ་དང་། ལག་བསྟར། བེད་སྤྱོད་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་ནན་མོ་བྱ་དགོས།  ཚུལ་མིན་བེད་སྤྱོད་དང་། སྒྲིག་འགལ་ངང་གཞན་སྤྱོད།  དེ་བཞིན་མི་བདེན་རྫུན་སྒྲིག་དང་ཁ་བསླུས་རྒྱག་པ་བཅས་ལ་བརྟེན་ནས་མི་དམངས་གྱོད་དོན་འདུམ་འགྲིག་གྱི་རོགས་གསབ་གྲོན་དངུལ་གཡོ་ལེན་ཀྱི་སྣང་ཚུལ་གཏན་འགོག་བྱ་དགོས།

ལྔགཞི་རིམ་ཁྲིམས་འཛིན་ཁང་གི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་ཤུགས་སྣོན་བྱ་དགོས།  ཁྲིམས་འཛིན་ཁང་གི་ལས་སྒྲུབ་ཆ་རྐྱེན་ཧུར་བརྩོན་གྱིས་ལེགས་སུ་གཏོང་བ་ནི།  ཁྲིམས་འཛིན་སྲིད་འཛིན་ཀྱི་འགན་འཁྲིའི་ནུས་པ་དེ་གཞི་རིམ་དུ་འདོན་སྤེལ་གང་ལེགས་བྱེད་ཐུབ་མིན་གྱི་གཞི་རྩའི་འགན་ལེན་ཡིན།  ཁྲིམས་འཛིན་ཁང་གི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་སྣོན་བྱ་དགོས་པ་དང་། གོང་རིམ་ལས་སྒོ་དོ་དམ་སྡེ་ཁག་གི་རྒྱུ་ནོར་ཐོག་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་དང་།  ཁྲིམས་འཛིན་ཁང་ལ་དགོས་ངེས་ཀྱི་འགྲིམ་འགྲུལ་དང་། འཕྲིན་སྐྱེལ།  ཡིག་ཆ་པར་རྒྱག  ཡིག་ཚགས་དོ་དམ་སོགས་ཀྱི་མཁྲེམས་ཆས་བཀདོ་སྒྲིག་བྱས་ཏེ། ཁྲིམས་འཛིན་ཁང་གི་ལས་ཀ་སྤེལ་བའི་དགོས་མཁོ་འགན་ལེན་བྱ་དགོས།  ཁྲིམས་འཛིན་ཁང་གི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁྱབ་འཆར་གཞིའི་ནང་དུ་བཞག་སྟེ།  སྲིད་གཞུང་གི་གཏོང་ཆ་ཆེ་བཏང་སྟེ།  ཁྲིམས་འཛིན་ཁང་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་དུ་གནས་པའི་མ་དངུལ་དང་།  དངོས་རྫས།  འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་སོགས་ཀྱི་དངོས་གནས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱ་དགོས།  ཁྲིམས་འཛིན་ཁང་གི་ལས་སྒྲུབ་ཆ་རྐྱེན་རིམ་བཞིན་ལེགས་སུ་བཏང་ནས།  ཁྲིམས་འཛིན་ཁང་གིས་འགན་ནུས་སྔར་བས་ལེགས་པར་སྒྲུབ་པ་ལ་དགོས་ངེས་ཀྱི་དངོས་རྫས་འགན་ལེན་མཁོ་འདོན་བྱ་དགོས།

གནས་བབ་གསར་བ་དང་། རྒྱུན་རྣམ་གསར་བ།  ལས་འགན་གསར་བའི་མདུན་དུ།  ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ལས་ཀ་ཡང་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེ་གསར་བ་ཞིག་ལ་འཕྲད་པ་རེད།  ང་ཚོས་གོ་སྐབས་དམ་འཛིན་དང་།  བབ་བསྟུན་ལས་སྒྲུབདཀའ་ཚེགས་སེལ་བ རང་ཁུར་ལས་འགན་ལ་ངོ་མི་གནོང་བ་བྱ་དགོས། དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཚང་མ་ལ་སྐུལ་སློང་དང་འདོན་སྤེལ་གང་ལེགས་བྱ་དགོས།  དུས་མཚངས་སུ་ང་ཚོས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་།   ཁུལ་ཡོངས་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་རམ་འདེགས།  ཁུལ་ཡོངས་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་ཀྱི་ཐུན་མོང་འབད་བརྩོན་འོག  གཞི་རིམ་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀ་དེ་སྐས་རིམ་གསར་པ་ཞིག་ཏུ་འཛེགས་ཐུབ་ངེས་པའི་ཡིད་ཆེས་བརྟན་པོ་ཡོད།

༄༅།། རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་མི་དམངས་སྲིད་གཞུང་གི་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་བའི་འཐུས་མིའི་རེ་འདུན་དང་། སྐྱོད་བརྗོད།   བསམ་འཆར་གཉེར་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུལ་བཏོན་པའི་གྲོས་ཞིབ་བསམ་འཆར།

རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་པ་2015ལོའི་ཟླ10པའི་ཚེས་16ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་བའི་འཐུས་མིའི་རེ་འདུན་དང་། སྐྱོད་བརྗོད བསམ་འཆར་གཉེར་སྒྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ》(གཤམ་དུ་བསྡུས་མིང་ལ་སྙན་ཞུཟེར་རྒྱུ་ཡིནལ་ཉན་པ་དང་གྲོས་ཞིབ་བྱས།

ཚོགས་འདུའི་ཐོག་སྙན་ཞུཡི་བློ་ཡིད་ཚིམ་ཚད་ལ་བརྡས་ཐག་གཅོད་པ། རྒྱུན་ཨུ་ཁང་གྲུབ་པའི་ཁོངས་མི་ཚོགས་འདུར་ཞུགས་དགོས་པའི་མི་གྲངས་35དང་དངོས་སུ་ཡོང་བའི་མི་29ཡོད།  བརྡས་ཐག་བཅད་འབྲས་ནི།  མི29བློ་ཡིད་ཚིམས་པ་དང་།  མི3གཞི་རྩའི་ཐོག་བློ་ཡིད་ཚིམས། ཚོགས་འདུའི་ཐོག་གཤམ་གྱི་གྲོས་ཞིབ་བསམ་འཆར་བཏོན།

གཅིག  ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།  དམངས་འཐུས་འཐུས་མིས་བཏོན་པའི་བསམ་འཆར་ནི་མི་དམངས་ཀྱིས་ཚབ་བྱས་ཏེ་དབང་ཆ་སྤྱོད་པའི་ཞིབ་ཕྲའི་མངོན་ཚུལ་ཡིན། འཐུས་མིའི་བསམ་འཆར་སྒྲུབ་པ་ནི་བཅའ་ཁྲིམས་ལ་བརྩི་བཀུར།  དམངས་འཐུས་ཚོགས་ཆེན་ལ་བརྩི་བཀུར་བྱེད་པ་ཡིན།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཁེ་དབང་འགན་སྲུང་བྱེད་པ་ཡིན།  འཐུས་མིའི་བསམ་འཆར་གྱིས་མི་དམངས་ཀྱི་རེ་འདོད་མཚོན་པ་དང་། མི་དམངས་ཀྱི་རེ་འབོད་སྟོན་པ།  འཐུས་མིའི་བསམ་འཆར་སྒྲུབ་པ་དང་དོན་ཐོག་ཏུ་འཁྱོལ་བ་ནི།  དམངས་ཆེད་སྲིད་འཛིན་བྱེད་པའི་དགོངས་དོན་ལག་ལེན་བྱེད་པ་ཡིན། ཁུལ་མི་དམངས་སྲིད་གཞུང་དང་སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་འཐུས་མིའི་བསམ་འཆར་སྒྲུབ་པའི་ལས་ཀ་ལ་མཐོང་ཆེན་བྱས་ཏེ།  འཐུས་མིའི་བསམ་འཆར་སྒྲུབ་རྒྱུ་དེ་ནི་རང་འགུལ་གྱིས་དམངས་འཐུས་འཐུས་མིའི་ལྟ་སྐུལ་དང་ལེན་བྱེད་པ་དང་།  ཁྲིམས་ལྟར་སྲིད་འཛིན་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེ་ཞིག་ཏུ་འཛིན་ནས། ངས་སྒྲུབ་པ་བྱེད་དུ་བཅུགནས་ངས་བསྒྲུབ་དགོསདང་། ཁྲལ་མངོན་སླ་བཅོསནསསྒྲུབ་དགོས་པལ་གྱུར་པ་མ་ཟད།  བྱ་སྤྱོད་ཐོག་འཁྱོལ་བ་བྱེད་དགོས།

གཉིས། གཉེར་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་མི་དམངས་སྲིད་གཞུང་དང་སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་གཉེར་སྒྲུབ་ལས་ཀའི་བྱེད་ཤུགས་ཆུང་དུ་མི་འགྲོ་བ་དང་།  ལྷོད་གཡེང་མི་བྱེད་པ་འགན་ལེན་བྱེད་དགོས། ཁས་ལེན་བྱས་པའི་ཐག་གཅོད་དུས་བཀག་ལྟར།  ཆེད་མི་དམིགས་འཛུགས་དང་།  འཕེལ་རིམ་ལྡོག་སྐུལ།  དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ།  ཁས་ལེན་ཁ་ཐོག་ལག་བཞག་བྱས་ཏེ་ཆ་རྐྱེན་གང་ཡང་མི་འཐེན་པ་དང་། ལས་དོན་ནན་ཏན་བསྒྲུབས་ནས་ཁ་གཡར་ས་མ་བཙལ།  གནད་དོན་ཐག་གཅོད་ནུས་ཤུགས་གང་ཡོད་བཏོན་པ་ཏན་ཏིག་བྱས་ཏེ།  བསམ་འཆར་གྱི་ལེགས་འགྲུབ་བྱུང་ཚད་ཧུར་བརྩོན་གྱིས་མཐོ་རུ་གཏོང་དགོས།  དུས་མཚུངས་སུ་འཐུས་མིའི་བསམ་འཆར་ལེགས་འགྲུབ་ཡོང་བ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་གཉིས་ཟུང་འབྲེལ་དང་། དམངས་འཚོ་ལས་གྲྭ་ལག་བསྟར་བྱེད་པ་དང་ཟུང་འབྲེལ།  ལས་ཀ་གཏིང་ཟབ་ཏུ་སྤེལ་རྒྱུ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས།  འཐུས་མིའི་བསམ་འཆར་སྒྲུབ་པར་བརྒྱུད་དེ་སྡེ་ཁག་གི་སྤྱི་ཡོངས་ཀྱི་ལས་དོན་སྐས་རིམ་གསར་བ་དང་ཆུ་ཚད་མཐོ་པོར་ཡངོ་བར་སྐུལ་འདེད་གཏོང་དགོས།

གསུམ།  འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས།འཐུས་མིའི་བསམ་འཆར་གྱི་ནང་དོན་ལྟར་སོ་སོ་རིགས་དབྱེ་དང་།  སྡེ་ཁག་གི་འགན་འཁྲི་ལྟར་ནན་ཏན་གྱིས་སྒྲུབ་འགན་འཁུར་བའི་སྡེ་ཁག་ལས་ཐོག་ཏུ་འཁྱོལ་དགོས།  སྒྲུབ་འགན་འཁུར་བའི་སྡེ་ཁག་མང་བོ་དང་འབྲེལ་བའི་འཐུས་མིའི་བསམ་འཆར་དེ།  གཙོ་འགན་འཁུར་བའི་སྡེ་ཁག་དང་མཉམ་སྒྲུབ་སྡེ་ཁག་བར་གྱི་འབྲེལ་གཏུག་བརྗེ་རེས་མཐུན་སྦྱོར་ཡག་པོ་དང་།  དུས་ཐོག་ཏུ་འཐུས་མིའི་བསམ་འཆར་སྒྲུབ་པའི་གོ་རིམ་ཁྲོད་ཀྱི་འགལ་བ་དང་གནད་དོན་ལ་ཞབ་འཇུག་དང་ཐག་གཅོད་བྱས་ཏེ། ཁག་འགན་ཕར་དཀྲི་ཚུར་དཀྲི་ཀྱི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། ད་ལྟ་ཐག་གཅོད་བྱེད་བཞིན་པ་དང་རིམ་བཞིན་ཐག་གཅོད་བྱེད་པའི་བསམ་འཆར་ལ། ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་རང་འགུལ་གྱིས་འཐུས་མི་དང་འབྲེལ་མཐུད་བྱས་ཏེ། ་སྒྲུབ་པའི་མྱུར་ཚད་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ་དང་འཐུས་མིའི་བསམ་འཆར་བསྡུ་ལེན་བྱ་དགོས།

བཞི། འགན་འཁྲི་ཤུགས་ཆེ་རུ་གཏོང་དགོས།  ཁུལ་མི་དམངས་སྲིད་གཞུང་གིས་འཐུས་མིའི་བསམ་འཆར་སྒྲུབ་པའི་ལས་ཀ་ལ་ལྟ་སྐུལ་ཞིབ་བཤེར་གྱི་ནུས་ཤུགས་ཆེ་རུ་བཏང་སྟེ།  འཐུས་མིའི་བསམ་འཆར་སྒྲུབ་པའི་མྱུར་ཚད་ལ་དུས་ཐོག་ཏུ་ཤེས་རྟོགས་དང་།  དུས་བཀག་དང་དུས་ངེས་མེད་ཐོགགྲོས་འགོ་དོན་དག་བསྒྲུབས་པའི་གནས་ཚུལ་ཁྱབ་བསྒྲགས།  དམངས་འཐུས་འཐུས་མི་རྩ་འཛུགས་བྱས་ཏེ་དུས་ཐོག་དུ་བསྒྲུབས་མེད་པ་དང་སྔར་བཞིན་ཐག་གཅོད་བྱེད་མེད་པའི་གྲོས་འགོ་ལ་དཔྱད་མོལ་བྱེད་དེ།  གྲོས་འགོ་བསྒྲུབས་པའི་ཕན་འབྲས་ཤུགས་ཆེར་ཏན་ཏིག་གཏོང་བ་དང་གྲོས་འགོ་བསྒྲུབས་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ཐག་གཅོད་བྱེད་ཤུགས་མི་འདང་བ་དང་མྱུར་ཚད་མི་མགྱོགས་པ། ལྷག་པར་དུས་ལྟར་ཁས་ལེན་དོན་ཐོག་ཏུ་འཁྱོལ་མི་ཐུབ་པ་ལ།  ཐབས་ཤེས་གོ་ཆོད་པ་སྤྱད་པ་དང་བྱ་དགའ་དང་ཆད་གཅོད་ཀྱི་དཔྱད་ཞིབ་ལག་བསྟར་ནན་པོ་བྱས་ཏེ། འཐུས་མིའི་གྲོས་འཆར་ཐག་གཅོད་ལས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པ་འགན་ལེན་བྱེད་དགོས།

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གི་ལུའུ་ཅུན་གྱི་གོ་གནས་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན།

2015ལོའི་ཟླ10པའི་ཚེས་16ཉིན་རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་བའི་ཐོག་གྲོས་འཆམ་བྱུང་།

       ལུའུ་ཅུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་དབང་གིས།  ས་གནས་རྩ་འཛུགས་བཅའ་ཁྲིམསཀྱི་དོན་ཚན་ཞེ་བཞིའི་འབྲེལ་ཡོད་ཆོད་དོན་ལྟར།  རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་བའི་ཐོག་ལུའུ་ཅུན་གྱི་རྔ་བ་ཁུལ་ཞིང་ལས་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་མེད་པར་བཟོ་རྒྱུ་གཏན་འབེབས་བྱས།

༄༅།། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་བསྐོ་འཐེན་མིང་ཐོ།

2015ལོའི་ཟླ10པའི་ཚེས་16ཉིན་རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཅིག་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་བའི་ཐོག་གྲོས་འཆམ་བྱུང་།

      དབྱང་ཧུང་ཧྲོའུ་ནི་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་།

      སྙན་གྲགས་སྐྱབས་ནི་རྔ་བ་ཁུལ་ཞིང་ལས་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་ལ་བསྐོ་བཞག་གཏན་འཁེལ་བྱས།

     ལུའུ་ཅན་ཧྭ་ཡི་རྔ་བ་ཁུལ་དབུལ་སྐྱོར་གནས་སྤོས་ཅས་ཀྱི་ཅུས་ཀྲང་གི་གོ་གནས་འཐེན་རྒྱུ་གནཏ་འབེབས་བྱས།

༄༅།།  ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་བ་མཇུག་སྒྲིལ་སྐབས་གནང་བའི་གསུང་བཤད།

ཁོངས་མི་རྣམ་པ།  བློ་མཐུན་ཚོ།

     ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཚོགས་འདུ་ཐེངས་སུམ་བཅུ་བ་དེ་ཁྱེད་རྣམ་པའི་ཐུན་མོང་གི་འབད་བརྩོན་འོག་གྲོས་རིམ་སོ་སོ་ཚང་མ་ལེགས་འགྲུབ་བྱུང་།  ཚོགས་འདུའི་ཐོགརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་དག་བཅོས་འཆར་ཟིན)》དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་རིགས་ཆའང་རིགས་སྐད་ཡིག་སྲོལ་ཡིགའཆར་ཟིན)》ལ་གྲོས་ཞིབ་བྱས་པ་དང་།  རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་རིགས་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་ཐོ་མཛོད་ཀྱི་དོ་དམ་བྱེད་ཐབསལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ལྟ་ཞིབ་ཙུའུ་ཡི་ཁུལ་ཡོངས་གཞི་རིམ་ཁྲིམས་འཛིན་ཁང་གི་འཛུགས་སྐྲུན་དང་མི་དམངས་འདུམ་འགྲིག་ལས་ཀའི་གནས་ཚུལ་སྐོར་གྱི་ལྟ་ཞིབ་སྙན་ཞུ་དང་།  ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དམངས་འཐུས་སྐབས་བཅུ་གཅིག་ཚོགས་འདུ་ཐེངས་བཞི་བའི་འཐུས་མིའི་བསམ་འཆར་དང་སྐྱོན་བརྗོད། གྲོས་འགོ་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས།  ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་ལ་གྲོས་འཆམ་བྱུང་།  ཚོགས་འདུའི་ཐོག་ཚང་མས་རང་ཁུལ་གྱི་དངོས་གནས་དང་རང་རེའི་ལས་ཀའི་ལག་ལེན་ལ་ཟུང་འབྲེལ་བྱས་ཏེ།  བསམ་འཆར་དང་གྲོས་འགོ་བཟང་བོ་མང་བོ་བཏོན།  འབྲེལ་ཡོད་སྡེ་ཁག་གིས་ཕྱོགས་བསྡུས་ལེགས་བསྒྲིགས་ནན་ཏན་བྱས། ཁྲིམས་སྲོལ་འཆར་ཟིན་དང་། ལྟ་ཞིབ་སྙན་ཞུ་དང་གྲོས་ཞིབ་བསམ་འཆར་ལ་དག་བཅོས་འཐུས་ཚང་དུ་བཏང་ནས།  དུས་ཐོག་ཏུ་ཁུལ་མི་དམངས་སྲིད་གཞུང་བསྒྲུབ་རྒྱུ་ལ་མངག་སྐྱེལ་བྱ་དགོས།

གཤམ་དུ་ངས་དེ་རིང་གི་གྲོས་ཞིབ་བྱེད་པའི་གྲོས་གཞི་དང་བསྟུན་བསམ་འཆར་འགའ་བཤད་རྒྱུ་ཡིན།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིགབརྒྱུད་བསྒྲགས་བྱས་པ་ནས་བཟུང་། རང་ཁུལ་གྱི་ཆོས་ལུགས་ལས་དོན་གཏིང་ཟབ་དང་། ཡུན་རིང་། ནུས་ལྡན་སྒོ་ནས་དོ་དམ་བྱེད་པར་སྲ་བརྟན་གྱི་ཁྲིམས་ལུགས་འགན་སྲུང་མཁོ་འདོན་བྱས་པ་དང་། རྒྱ་ཆེ་བའི་ཆོས་ལུགས་ལ་དད་མོད་བྱེད་མཁན་དང་དད་མོས་མི་བྱེད་མཁན་རྣམས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་སུ་བསྐྲུན་པའི་བླ་ཆེན་དམིགས་འབེན་ཐོག་ཏུ་གོང་བུར་འགྲིལ།  ཁྲིམས་ལྟར་ཁུལ་སྐྱོང་མྱུར་ཚད་མགྱོགས་སུ་གཏོང་བར་བསྟུན། རང་ཁུལ་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་དེ་ཆོས་ལུགས་ལས་དོན་ཁྲོད་དུ་བྱུང་བའི་འགྱུར་ལྡོག་གསར་པ་དང་ཡོངས་སུ་ཐིག་པོ་མི་ཡོང་བས། རང་ཁུལ་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཆོས་ལུགས་ལས་དོན་ལ་དོ་དམ་དང་ཁྲིད་སྟོན་བྱེད་པའི་འགན་ནུས་སྔར་བས་ཤུགས་སྣོན་རྒྱག་ཆེད། རང་ཁུལ་གྱི་ད་ལྟ་ལག་བསྟར་བྱེད་པའི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་བཟོ་བཅོས་རྒྱག་པ་ནི་ཧ་ཅང་དགོས་ངེས་ཤིག་རེད།  སྲོལ་ཡིག་གི་བཟོ་བཅོས་ལས་ཀས་སྤྱི་དམངས་ཀྱི་ཆོས་ལུགས་དད་པ་རང་མོས་འགན་སྲུང་བྱེད་པར་གཞི་རྩའི་རྩ་དོན་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་།  ཐེངས་འདིའི་ཚོགས་འདུའི་ཐོག་ལ་གྲོས་ཞིབ་ཞུས་པའི་སྲོལ་ཡིག་འཆར་ཟིན་གྱིས་རང་ཁུལ་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་སྔར་ལས་གསར་བཟོས་བྱས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་རའི་དམངས་གཙོའི་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེར་བཏང་། ཆོས་ལུགས་བྱེད་སྒོ་སྤེལ་རའི་ཁྲིམས་མཐུན་གྱི་རྒྱུ་ནོར་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་།  ཕྱི་རོལ་དུ་ཆོས་ལུགས་སྐུ་བརྙན་བཟོ་བ་དང་།  ཆོས་སྦྱངས་མི་སྣ་བསྡུ་ལེན། ས་ཁུལ་ལས་བརྒལ་ནས་ཆོས་དད་དགོས་མཁོ་བསྐངས་པ་སོགས་ཆོས་ལུགས་བྱེད་སྒོ་ལ་རང་ཁུལ་གྱི་དངོས་གནས་དང་མཐུན་ཞིང་བཀོལ་སྤྱོད་རང་བཞིན་ལྡན་པའི་བྱེ་བྲག་གི་གཏན་འབེབས་མཁོ་འདོན་བྱས་ཡོད། བཟོ་བཅོས་བྱས་རྗེས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་གི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་སྔར་ལས་ཆེ་བ་མ་ཟད་ནང་དོན་ཡང་སྔར་ལས་འཐུས་ཚང་ཡིན།  དེ་བས་གལ་འགངས་ཆེ་བ་ཞིག་ནི་དེ་དང་རང་ཁུལ་གྱིས་གཏན་འབེབས་བྱས་པའི་སློབ་གསོའི་སྲོལ་ཡིག》《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྲོལ་ཡིགཟུང་འབྲེལ་དམ་ཟབ་བྱས་ཏེ།  རང་ཁུལ་གྱི་མི་རིགས་ཁྱད་ཆོས་ལྡན་པའི་རང་སྐྱོང་ཁྲིམས་སྲོལ་མ་ལག་ཆགས།

མི་རིགས་རང་སྐྱོང་ས་ཁུལ་དུ་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་ལ་གནང་བའི་མཆོག་གྱུར་ཁེ་དབང་དང་།  མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེ་ཡིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་རིགས་ཆའང་རིགས་ཀྱི་སྐད་ཡིག་སྲོལ་ཡིགགཏན་འབེབས་བྱས་པ་དེས། རང་ཁུལ་གྲངས་ཉུང་མི་རིགས་སྐད་ཡིག་གིས་དཔལ་ཡོན་རྒྱུད་འཛིན་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་སྟོན་གྱི་ནུས་པ་གང་ལེགས་འདོན་ནས།  རང་ཁུལ་གྱི་གྲངས་ཉུང་མི་རིགས་ཕུལ་བྱུང་གི་རིག་གནས་སྲོལ་རྒྱུན་སྔར་ལས་རྒྱུད་འཛིན་དང་དར་སྤེལ་དང་། ཁྱོན་ཡོངས་དང་།  དངོས་མཐུན། བརྒྱུད་རིམ་ལྡན་པའི་སྒོ་ནས་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀ་སྤེལ་བ། ཚན་རིག་དང་ལུགས་མཐུན་གྱིས་གྲངས་ཉུང་མི་རིགས་སྐད་ཡིག་ལ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་་བྱེད་པ་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཏེ། རང་ཁུལ་བོད་རིགས་དང་ཆའང་རིགས་ཀྱི་སྐད་ཡིག་ལས་ཀ་ལ་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་བྱས་ནས། རང་ཁུལ་གྱི་སྐད་ཡིག་ལས་དོན་དེ་རྒྱུད་མཐུད་དང་། བརྟན་བརླིང་། བདེ་བླག་ངང་འཕེལ་རྒྱས་ཡོང་རྒྱུ་འགན་སྲུང་བྱེད་པར་གལ་འགངས་ཆེ་བ་དང་གཏིང་ཟབ་བའི་དོན་སྙིང་ལྡན།

མི་རིགས་ཁྲིམས་འཛུགས་བློ་འདྲིའི་ཆེད་མཁས་ཐོ་མཛོད་ནི་རང་ཁུལ་ཀྱིས་མི་རིགས་ཁྲིམས་འཛུགས་ལས་སྔར་ལས་ཤུགས་ཆེ་དང་ཇེ་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེ་ཞིག་ཡིན། ཚན་རིག་དང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱ་ཡིན་པ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་ཏན་ཏིག་གཏོང་བའི་འགན་སྲུང་གལ་ཆེ་ཡིན། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་མི་རིགས་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་ཐོ་མཛོད་ཀྱི་དོ་དམ་བྱེད་ཐབསལ་གཞིགས་ནས། ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། རང་སོ་སོའི་ལས་ཀའི་ཁྱབ་ཁོངས་སུ་སྙན་གྲགས་ཆེ་ཙམ་ཡོད་པའི་ཁྲིམས་རིག་དང་། དཔལ་འབྱོར། དངུལ་རྩ། སློབ་གསོ།  རིག་གནས། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་། ཞིང་ལས་སོགས་ཐད་ཀྱི་ཆེད་མཁས་པ་དང་མཁས་དབང་གདན་འདྲེན་ཞུས་ཏེ་རང་ཁུལ་གྱི་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་ཐོ་མཛོད་དུ་བཞག་སྟེ། རང་ཁུལ་གྱི་མི་རིགས་ཁྲིམས་འཛུགས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་དགོས།  བྱ་ཐབས་འདི་ལག་བསྟར་བྱེད་པར། ང་ཚོས་རྒྱུན་དུ་དང་། དུས་ཐོག་ཏུ། ཁྱོན་ཡོངས་ནས་ཆེད་མཁས་པའི་བསམ་འཆར་འདྲི་བ་དང་། ཉན་པ། བསྡུ་ལེན་བྱེད་པ་ལ། རྩ་འཛུགས་ཐོག་དང་ལམ་ལུགས་ཐོག་གི་འགན་སྲུང་མཁོ་འདོན་བྱས་ཡོད། ཕྱིན་ཆད་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་འཛུགས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས།  གང་ཐུབ་ཅི་ཐུབ་ཀྱིས་འབྲེལ་ཡོད་ཆེད་མཁས་པ་དང་མཁས་དབང་གདན་འདྲེན་ཞུས་ནས་ཁྲིམས་འཛུགས་ཀྱི་བརྟག་དཔྱད་ཞིབ་འཇུག་ལས་ཀར་ཞུགས་དགོས། དུས་ཚོད་འོས་འཚམ་སྐབས་སུ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་གལ་འགངས་ཆེ་བ་དང་ཆེད་ལས་རང་བཞིན་ཆེ་བའི་ཁྲིམས་འཛུགས་རྣམ་གྲངས་ལ།  ཁྲིམས་འཛུགས་ཞིབ་འཇུག་མངགས་བཅོལ་ ཁྲིམས་འཛུགས་ཀྱི་འཆར་ཟིན་འགོད་པ་དབང་བཅོལ་གྱི་བྱེད་སྟངས་སྤྱད་དེ། ཆེད་མཁས་པས་ཁྲིམས་འཛུགས་ཞིབ་འཇུག་སྙན་ཞུ་དང་ཁྲིམས་འཛུགས་འཆར་ཟིན་གྲོས་འགོའི་མ་ཡིག་འདོན་རོགས་བྱས་ཏེ། སྐྱོན་ཆ་ཅུང་མང་བའི་སྲིད་གཞུང་ཁྲིམས་འཛུགས་སྡེ་ཁག་ཅནདང་སྡེ་ཁག་གི་ཁེ་ཕན་ཁྲིམས་ལུགས་ཅནགྱི་གནད་དོན་ཐག་གཅོད་ནན་ཏན་བྱ་དགོས།

མིག་སྔར།  ཁུལ་ཡོངས་འཕར་སྣོན་གཏོང་བའི་མྱུར་ཚད་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་དུས་སྐབས་གལ་ཆེ་ཞིག་ཏུ་གནས་ཡོད། སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་མངོན་གསལ་དོད་པོར་ཡིན།  གཞི་རིམ་ཁྲིམས་འཛིན་ཁང་གི་མི་དམངས་འདུམ་འགྲིག་འགན་ནུས་གང་ལེགས་འདོན་ནས། འགལ་བ་དང་རྩོད་གཞི་ཐོག་མའི་དུས་སུ་ཐག་གཅོད་གང་ཐུབ་བྱེད་ན།  འགལ་བ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་ལ་སྔར་ལས་ཇེ་ལེགས་སྒོ་ནས་ལམ་སྟོན་སློབ་ཁྲིད་བྱེད་ཐུབ་པ་དེ་ནི་དོགས་ཟོན་མེད་པ།  དེའི་རྗེས་ཀྱི་ལས་ཀའི་ཁྲོད་དུ། མི་དམངས་འདུམ་འགྲིག་མ་ལམ་འཐུས་ཚང་དུ་གཏོང་རྒྱུ་རྨང་གཞི་བྱས་ཏེ།  ཡུལ་ཚོགྲོང་རྡལདང་།  གྲོང་ཚོ། དུད་འབྲེལ་བཅས་རིམ་པ་གསུམ་གྱི་འདུམ་འགྲིག་དྲ་རྒྱ་གྲུབ་སྟེ།  བྱང་ཚད་ཅུང་མཐོ་བ་དང་།  མང་ཚོགས་ཀྱི་རྨང་གཞི་ཅུང་བཟང་བ།  བྱ་བའི་འཇོན་ཐང་ཅུང་ཆེ་བའི་མི་སྣ་བདམས་ཏེ་འདུམ་འགྲིག་པའི་འགན་འཁུར་བ། ནོར་ཤུགས་དང་།  མི་སྣའི་གནས་ཚུལ་དེ་ཙམ་ཡག་པོ་མིན་པའི་སྐབས། ཐབས་བརྒྱ་ཇུས་སྟོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཏེ།  གྲོང་ཚོ་སོ་སོ་ལ་གཞུང་ལས་སྒྲུབ་ཁང་དང་། འདུམ་འགྲིག་ཁང་། སྒོ་བྱང་། གཞུང་ཐམ། ཁ་པ། འདུམ་འགྲིག་ཡིག་ཆ་དང་བསྡོམས་རྩིས་རྩིས་ཁྲ་བཅས་ཡོད་དགོས། འདུམ་འགྲིག་དང་སྔོན་འགོག་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ།  ཧུར་ཐག་གིསཡུལ་ཚོར་བསྐྱོད་པ་གསུམ་གྱི་བྱེད་སྒོ་རྩ་འཛུགས་བྱས།  དྲིལ་བསྒྲགས་རླངས་འཁོར་དང་། དྲིལ་བསྒྲགས་ཡིག་ཆ་སྤྲོད་པ་དང་སྲུང་ལམ་དུ་འདྲི་རྟོག་ལ་ལན་ལྡོན་པ་སོགས་བྱེད་སྟངས་སྤྱད་དེ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཁྲོད་དུ་ཁྲིམས་ལུགས་འདུ་ཤེས་ཀྱི་ས་བོན་འདེབས།  འགལ་བ་དང་རྩོད་གཞི་གཙང་བཤེར་འདུམ་འགྲིག་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོ་རེ་རེ་བཞིན་གྲལ་བཤེར་བྱས་ནས་ཡུལ་ཚོར་གྲོང་ཚོ་ཆད་ལུས་མི་ཡོང་བ་དང་གྲོང་ཚོ་དུད་ཚང་ཆད་ལུས་མི་ཡོང་བ། མི་མངོན་པའི་རྐྱེན་ངན་ཤེས་མ་ཐག་ཏུ་ཐེ་ཞུགས་དང་དུས་ཐོག་ཏུ་སེལ་འཇགས་བྱ་དགོས

ཁུལ་དམངས་འཐུས་སྐབས་བཅུ་གཅིག་ཚོགས་འདུ་ཐེངས་བཞི་བ་ཚོགས་ནས་བཟུང་། ཁུལ་མི་དམངས་སྲིད་གཞུང་དང་ལས་འགན་འཁུར་བའི་ལས་ཁུངས་སོ་སོས་དམངས་འཐུས་འཐུས་མིའི་བསམ་འཆར་སྒྲུབ་རྒྱུ་དེ་སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་དང་།  ལས་ཀའི་སྤྱོད་ཚུལ་བསྒྱུར་བ།  ཏང་གི་མང་ཚོགས་ལམ་ཕྱོགས་དང་ནན་གསུམ་དྲང་གསུམ་བྱེད་སྒོ་ལག་ལེན་བྱེད་པའི་བྱ་འགུལ་བྱས་ཏེ། སྒྲུབ་པའི་གོ་རིམ་མུ་མཐུད་དུ་འཐུས་ཚང་གཏོང་བ་དང་།  ལས་སྒྲུབ་བྱ་ཐབས་ལེགས་བཅོས།  སྐུལ་འདེད་དང་ཞིབ་བཤེར་ཤུགས་སྣོན།  འབྲེལ་བ་བྱ་རྒྱུ་ཤུགས་སྣོན་བཅས་བྱས་ཏེ། བསམ་འཆར་སྒྲུབ་པའི་བརྒྱུད་རིམ་བདེ་བླག་དང་། སྒྲུབ་པའི་སྤུས་ཚད་དང་ཆུ་ཚད་ཡང་སྔར་ལས་མཐོ་རུ་སོང་ཡོད། ཕྱིན་ཆད་ཀྱི་བསམ་འཆར་སྒྲུབ་པའི་ཁྲོད་དུ། ཁུལ་མི་དམངས་སྲིད་གཞུང་དང་སྒྲུབ་འགན་ཁུར་བའི་ལས་ཁུངས་སོ་སོས་ལས་ཀའི་ཉམས་མྱོང་ཕྱོགས་ཡོངས་སུ་ཕྱོགས་བསྡོམས་བྱས་ཏེ། བསམ་འཆར་སྒྲུབ་པའི་ལས་ཀའི་རིམ་ལམ་གསར་བ་དང་། བྱེད་ཐབས་གསར་བ།  འགྲོ་ལམ་གསར་མུ་མཐུད་དུ་འཚོལ་ཞིབ་བྱེད་པ་དང་། གཟབ་ནན་ཞིབ་ཚགས་ཀྱི་རྣམ་འགྱུར་དང་བདེན་འཚོལ་དོན་གཉེར་གྱི་སྤྱོད་ཚུལ་གྱིས་བསམ་འཆར་སྒྲུབ་པའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ནས། བསམ་འཆར་ལག་ལེན་བྱེད་ཚད་དང་འཐུས་མིའི་བློ་ཡིད་ཚིམ་ཚད་དེ་མཐོར་གཏོང་དགོས།

ཐེངས་འདིའི་ཚོགས་འདུའི་ཐོགས་གནས་རྩ་འཛུགས་བཅའ་ཁྲིམསཀྱི་དོན་ཚན་ཞེ་བཞིའི་ཆོད་དོན་ལྟར། ཁུལ་ཞིང་ལས་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་ལུའུ་ཅུན་གྱི་ཅུས་ཀྲང་གི་གོ་གནསག་མེད་པར་བཟོས། འདི་ནི་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་ཐོག་དང་མར་གོ་གནས་མེད་པར་བཟོས་བའི་ཁེ་དབང་བཀོལ་སྤྱོད་བྱེད་པ་ཡིན།  ལུའུ་ཅུན་གྱིས་ འགན་གནས་ཀྱི་སྟབས་བདེ་སྤྱད་དེ་ལྐོག་ཟ་དང་། གསུག་ཟ།  གཞུང་དངུལ་གཞན་བཀོལ་བྱས་ཏེ།  ཁྲིམས་ལུགས་ཁྲིམས་སྲོལ་ལས་འགལ་ཚབས་ཆེན་དང་ཏང་གི་དམིགས་ཡུལ་རྒྱབ་འགལ་ཚབས་ཆེན་བྱས་ཡོད། ང་ཚོའི་ཁོངས་མི་རྣམ་པ་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣས་བསླབ་བྱར་འཛིན་ནས། རྒྱུན་དུ་རང་སྐྱོན་རང་ཞིབ་དང་ དུས་དང་རྣམ་པ་ཀུན་ཏུ་རང་ཟོན་རང་སྐུལ་བཅས་བྱས་ཏེ། སྤྱོད་གཙང་རང་གཅུན་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་ཏན་ཏིག་འཛུགས་དགོས།  བཅའ་ཁྲིམས་ཀྱི་དམར་ཐིག་ལས་བརྒལ་མི་ཆོག་པ་དང་། བཅའ་ཁྲིམས་ཀྱི་མ་མཐའི་མཚམས་ཐིག་ལ་ཕོག་ཐུག་བཏང་མི་ཆོག་པར་མཐའ་འཁྱོངས་བྱས་ནས། ཁྲིམས་འཛིན་ལ་བསྐྱངས་བའི་གུས་བཀུར་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་དེ་ལས་དོན་ཇུས་འགོད་སྐབས་ཀྱི་བསམ་གཞིགདང་། གནད་དོན་ཐག་གཅོད་བྱེད་སྐབས་ཀྱི་བྱ་ཐབས་སུ་བསྒྱུར་དགོས། ནན་གསུམ་དྲང་གསུམ་གྱི་བླང་བྱ་ལྟར་སྤྱོད་གཙང་རང་འཇུན་གྱི་ཆོད་དོན་སྣ་ཚོགས་ལག་ལེན་བྱས་ཏེ།  བྱ་བ་གཙང་མ་སྒྲུབ་པ་དང་མི་ཚུལ་ལྡན་ཞིག་བྱ་དགོས།

   ཚོགས་འདུའི་ཐོག་དབྱང་ཧུང་ཧྲོའུ་དེ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་བློ་མཐུན་སྙན་གྲགས་རྒྱལ་ནི་ཁུལ་ཞིང་ལས་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་དུ་བསྐོ་གཞག་བྱས།  དེ་རིང་བསྐོ་གཞག་བྱས་པའི་བློ་མཐུན་རྣམ་པས་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་བཏང་བ་དང་། རྒྱ་ཆེར་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན། རྒྱལ་ཁབ་ཀྱི་ཡུན་རིང་བརྟན་འགོད་ཀྱི་ལྟ་ཕྱོགས་སུ།  དར་ཆ་གསར་སྒྲེང་གིས་རྩ་ཁྲིམས་ཀྱི་གཟི་རྔམ་དང་དབང་གྲགས་སྲུང་སྐྱོང་བྱ་དགོས། དམངས་འཐུས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། རང་འགུལ་གྱིས་དམངས་འཐུས་ཀྱི་ལྟ་སྐུལ་དང་ལེན་དང་།  རང་འགུལ་གྱིས་དམངས་འཐུས་དང་དམངས་འཐུས་རྒྱུན་ཨུ་ཁང་ལ་ལས་ཀའི་སྙན་ཞུ་འབུལ་དགོས།  འགན་ཁུར་གྱི་འདུ་ཤེས་བརྟན་པོར་བཙུགས་ནས། སོ་སོའི་ལས་བགོས་འགན་འཁྲི་ལྟར།  ཏན་ཏན་ཏིག་ཏིག་གིས་ལས་ཀ་སྤེལ་ནས།  ལས་ཀའི་ཆུ་ཚད་དང་ལས་ཀའི་གྲུབ་འབྲས་ཡག་པོ་བརྩོན་ལེན་བྱས་ཏེ། རང་ཁུལ་གྱི་ཁྱོན་ཡོངས་འཛུགས་སྐྲུན་བཞི་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་འཇོག་དགོས།

དེ་རིང་གི་ཚོགས་འདུ་འདི་ནས་མཇུག་སྒྲིག་སོང་། ཚོགས་གྲོལ།

༄༅།།  རྔ་བ་བོད་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ལྷན་ཁང་གི་ཁོངས་མི་ཐེངས་སུམ་བཅུ་པའི་ཚོགས་འདུ་ལ་ཞུགས་བའི་གནས་ཚུལ།

ཚོགས་འདུར་ཞུགས་མཁན།

ཝང་ཧྥུའུ་ཡའོ།     ཐའེ་ཞའོ་ཏན།    ཝུན་ཡུས་ཞང་།    ཀའོ་ཞའོ་རུང་།      ཝང་ཧྲུན་ཆིང་།

ཧོ་ཝུན་ཐའོ།        ལི་ཧུང་ཡུང་།      ཁང་ཆིང་ཝེ།        པའོ་ཀྲེང་ཅེ།         ཝུའུ་ལེན་ཚའེ།

ལིའུ་ཧྲི་ཝུན།         ལི་ཡོན་ཕིང་།     ལི་ལིན་ཆི།           དབྱང་ཧྥང་།         དབྱང་ཡུང་།

ཝུའུ་ལན།             ཧོ་ཧྲི་མིང་།       ཀུའུ་ཡུན་ཆི།         ཀྲང་ལན།            ཀྲང་ལི་ཧྥེང་།

ཀྲང་ཡིའུ་ཚའེ།       ཀྲང་མིང་ཏེ།     ཀྲང་ཏེ་ཧའེ།         ཁྲེན་ཝན་ཞི།        ཁྲེན་ལེན་དབྱི།

ཁྲེན་ཧྲུན་ཆིང་།       ཅིན་ཆང་།        ཀྲོའུ་ཆོན་ཧྲོའུ།     ཆང་ཀྲའོ་ཅུན།

ནད་བྱུང་བ་དང་དོན་གཞན་ཡོད་པས་གནངས་བ་ཞུ་མཁན།

ཀྲོའུ་ཡའོ་ཝུའུ།        ཧའོ་ཧྲི་ཁྲང་།      ཝང་དབྱིན་ཅེ།       ཧོ་ཡུང་ཧྲེང་།       ཁྲེན་ཀང་ཆི། 

ལིའོ་ཧྲེན་ཆང་།

责任编辑:俄尖泽仁

扫一扫在手机打开当前页