当前位置: 首页 / 藏学研究室 / 阿坝藏学

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ།

发布时间:2020-07-23
字体:
访问量:
来源:州编译局
分享到:


༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་

མི་དམངས་ཞིབ་དཔྱོད་ཁང་གི་

ལས་ཀའི་སྙན་ཞུ

2017ལོའི་ཟླ12པའི་ཚེས་27ཉིན།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་

བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར།

རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཆེན།  ཏེང་ཕེང་།

འཐུས་མི་རྣམ་པ།

         ད་ལྟར་ངས་རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན་པས།  ཚང་མས་གྲོས་ཞིབ་གནང་རོགས་ཞུ་བ་དང་། ཚོགས་འདུ་ལ་ཟུར་ཞུགས་གནང་བའི་བློ་མཐུན་ཚོས་བསམ་འཆར་འདོན་རོགས་ཞུ།

                   2017ལོའི་ཞིབ་དཔྱོད་ལས་ཀ་ལ་ཕྱིར་མིག་ལྟ་བ།

     2017ལོར། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་། ཁུལ་དམངས་འཐུས་དང་དེའི་རྒྱུན་ཨུ་ལྷན་ཁང་གི་ལྟ་སྐུལ།   ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ།  རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་བ། བསམ་ཕྱོགས་གསར་བ།  འཐབ་ཇུས་གསར་བ་བཅས་གཙོ་བོར་བཟུང་ཞིང་།  ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་དང་། ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་རང་འགུལ་གྱིས་ལག་ལེན་མཐར་ཕྱིན་བྱས་ཤིང་།  ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱིལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་ལ་དམ་པོར་དམིགས་ཤིང་།  འཛིན་པ་ལྔཡི་སྤྱིའི་ལས་ཀའི་བཀོད་སྒྲིག་བརྩི་སྲུང་དང་།  ཁྲིམས་འཛིནསྒྲིག་སྲོལ་བསྒྱུར་བཅོསརྟོག་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་།   ཁྲིམས་ལྟར་ཞིབ་དཔྱོད་ཀྱི་འགན་ནུས་བསྒྲུབས་ཏེ།  བདེ་འཇགས་རྔ་བ་དང་ཁྲིམས་སྐྱོང་རྔ་བ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བྱས་ནས།  ཞིབ་དཔྱོད་ལས་དོན་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་བྱུང་ཡོད། 

  དང་བོ།   ལྟེ་བའི་ལས་ཀ་ལ་ཞབས་ཞུ་བྱས་ཏེ། “བྱེད་ནུས་ལྡན་པའི་ཞིབ་དཔྱོདབློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱས་ཡོད

རྒྱལ་ཁབ་ཀྱི་ཆབ་སྲིདབདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།   རྒྱལཁབ་ཀྱི་ཁེ་ཕན་བླ་ན་མེད་པར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངོ་རྒོལ་དང་སྔོན་འགོག་འཐབ་རྩོད་གཏིང་ཟབ་སྤེལ་ནས། “T225”སོགས་རྒྱལ་ཁབ་ཁ་བྲལ་བཏང་བ་དང་། མངའ་ཁོངས་ཕྱི་རོལ་ལ་ཁྲིམས་འགལ་སྒོས་གསང་འཕྲིན་འདོན་སྤྲོད་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་གསོག་གྱོད་གཞི་སྐོར་ཞིག་ཐག་གཅོད་བྱས་ཏེ། གྱོད་དོན་2ཀྱི་གྱོད་འབྲེལ་མི་སྣ་8ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་།  གྱོད་དོན་2ཀྱི་གྱོད་འབྲེལ་མི་སྣ8ཁྲིམས་ལ་སྦྱརཏེ།  རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སམ་ལྷག་པར་སྲིད་དབང་གི་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས།  དུས་མཚམས་གལ་ཆེན་དང་ཚོར་སྐྱེན་པའི་དུས་གནད་ཀྱི་བརྟན་བརླིང་སྲུང་སྐྱོང་ལས་ཀའི་ལམ་སྲོལ་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་ཞིང་།   བོད་ཁུལ་སྤྱི་ཚོགས་ཐད་ཀྱི་ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལས་ཀ་ཧུར་ཐག་གིས་སྤེལ།  2008ལོ་ནས་བཟུང་རང་ཁུལ་ནས་ཐག་གཅོད་བྱས་པའི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་གསོག་གྱོད་གཞི་ལ་དབྱེ་ཞིབ་བྱས་པའི་སྙན་ཞུ་ལ། ཞིང་ཆེན་ཞིབ་དཔྱོད་ཁང་གི་འགོ་ཁྲིད་གཙོ་བོས་གདེང་འཇོག་རང་བཞིན་གྱི་ཆོག་མཆན་མཛུབ་སྟོན་གནང་། རྔ་བ་ཁུལ་གྱི་བརྟན་བརླིང་རྣམ་པ་ལ་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་གནས་ཚུལ་ལ་དམིགས་ཏེ། ཞིང་ཆེན་ཞིབ་དཔྱོད་ཁང་གིསྤེལ་བའི་བརྟག་དཔྱད་ཞིབ་འཇུག་ལ་རོགས་འདེགས་ཧུར་ཐག་བྱས་ནས། རྔ་བ་ཁུལ་གྱིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་།  རིགས་འབྱེད་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ།   བོད་ཁུལ་ཡུན་ཕན་གྱི་དོ་དམ་ཚོད་འཛིན་དང་བདག་སྐྱོངལམ་སྲོལ་བཙུགས་པའིསྐོར་གྱི་བརྟག་དཔྱད་ཞིབ་འཇུག་ཡིག་ཆ་གྲུབནས་ཞིང་ཨུ་ལ་ཕུལ་ཏེ། ཞིང་ཨུ་དང་ཞིང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོ་བོས་གདེང་འཇོག་རང་བཞིན་གྱི་ཆོག་མཆན་མཛུབ་སྟོན་གནང་། 

       སྤྱི་ཚོགས་སྤྱི་པའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།  བརྟན་བརླིང་དང་བདེ་འཇགས་བླ་ན་མེད་པར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཤིང་།    ཞིབ་དཔྱོད་ལྷུ་ཚིགས་སུ་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱས་པའི་ལས་དོན་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་པ་དང་།  མང་ཚོགས་ཀྱི་བདེ་འཇགས་ཉམས་སྣང་ཇེ་ཆེར་བསྐྱེད་དེ།   རིགས་སོ་སོའི་ཉེས་དོན་ཉེས་གསོག་གྱོད་གཞི་245ཡི་གྱོད་འབྲེལ་མི་སྣ་385ལ་ཁྲིམས་ལྟར་འཛིན་བཟུང་ཆོག་མཆན་བཀོད་་དང་།  གྱོད་གཞི་455ཡི་གྱོད་འབྲེལ་མི་སྣ་670ཁྲིམས་ལ་སྦྱར། རྡུང་རྡེག་གི་གཙོ་གནད་འབུར་དུ་ཐོན་པར་བྱས། བསམ་བཞིན་དུ་མི་བསད་པ་དང་། ཤེས་བཞིན་དུ་རྨས་སྐྱོན་བཏང་བ་དང་བཙན་གཡེམ་སོགས་གཏུམ་སྤྱོད་ཉེས་གསོག་གི་གྱོད་གཞི་48ཀྱི་གྱོད་འབྲེལ་མི་སྣ་69ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་།  གྱོད་གཞི་63གྱི་གྱོད་འབྲེལ་མི་སྣ་99ཁྲིམས་ལ་སྦྱརརྐུ་ཁྱེར་དང་། འཕྲོག་བཅོམམགོ་སྐོར་གཡོ་ལེན་སོགས་རྒྱུ་ནོར་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི་101གི་གྱོད་འབྲེལ་མི་སྣ་157ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་། གྱོད་གཞི་162ཀྱི་གྱོད་འབྲེལ་མི་སྣ་255ཁྲིམས་ལ་སྦྱོར། སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་འགོག་རྐྱེན་དང་གནོད་འཚེ་བཏང་བའི་ཉེས་གསོགགྱོད་གཞི་55ཀྱི་གྱོད་འབྲེལ་མི་སྣ་96ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་། གྱོད་གཞི་101གི་གྱོད་འབྲེལ་མི་སྣ་174ཁྲིམས་ལ་སྦྱར། དུག་འགོག་ལེགས་སྒྲིག་གི་བྱེད་སྒོར་ཧུར་ཐག་གིས་ཞུགས་ཤིང་། དུག་རྫས་ལྐོག་འདྲེན་དང་། ནག་ཚོང་། སྐྱེལ་འདྲེན། དུག་རྫས་བཟོ་བ་དང་དུག་འཐེན་མཁན་འདུག་ཉར་སོགས་ཉེས་གསོག་གྱོད་གཞི་27གྱི་གྱོད་འབྲེལ་མི་སྣ་38ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་། གྱོད་གཞི་34གྱི་གྱོད་འབྲེལ་མི་སྣ་47ཁྲིམས་ལ་སྦྱར།  6.24མའོ་རྫོང་ས་གཤིས་གནོད་འཚེ་ཚབས་ཆེན་དང8.8གཟི་རྩ་སྡེ་དགུའི་ས་འགུལ་བྱུང་རྗེས།   ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཀམགྱོགས་མྱུར་ངང་སྤེལ་ཏེ།  ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར།  མཁོ་བསྟུན་གྱི་ཉེན་ཁ་མྱུར་སྐྱོབ་དང་གནོད་འཚེ་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་སེལ་བའི་ལས་ཀ་རང་འགུལ་ངང་ཧུར་ཐག་གིས་ཞུགས་ཏེ། གེགས་རྗེས་བསྐྱར་བསྐྲུནདང་ས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་ཏན་ཏིག་བྱས། 

རང་བྱུང་སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། ལྗང་མདོག་གི་འཕེལ་རྒྱས་བླ་ན་མེད་པར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེཁམས་ལ་ཞབས་ཞུ་བྱས་པའིཕྱོགས་བཞི་གཞི་གཅིགགི་ལས་ཀའི་བླང་བྱ་ལག་ལེན་བྱས་པ་དང་།   ཁོར་ཡུག་ཐོན་ཁུངས་གཏོར་བརླག་བཏང་བའི་ཉེས་གསོག་ལ་རྡུང་རྡེག་བྱས་པའི་ཆེད་དམིགས་བྱེད་སྒོ་སྤེལ་ནས།  ཁོར་ཡུག་ཐོན་ཁུངས་གཏོར་བརླག་བཏང་བའི་ཉེ་གསོག་གྱོད་གཞི་7གྱི་གྱོད་འབྲེལ་མི་སྣ་10ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་།  གྱོད་གཞི་14ཡི་གྱོད་འབྲེལ་མི་སྣ་17ཁྲིམས་ལ་སྦྱར།  སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་འདུ་ཤེས་དེ་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་གི་ལག་བསྟརདང་མཉམ་འདྲེས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་གཏུག་བཤེར་དང་། ལྟ་སྐུལ་གཏུག་བཤེར། ཞིབ་དཔྱོད་བསམ་འཆར་འདོན་པ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས། རང་བྱུང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་པ་དང་། སྐྱེ་ཁམས་སླར་གསོའི་སྐྱིན་གསབཀྱི་གྱོད་གཞི་3ཐག་བཅད་པ།   སྡོང་ཕྲུག་ཁྲི་20ལྷག་གསབ་འཛུགས་བྱས། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་ཞིབ་དཔྱོད་ལས་ཀ་ཆེད་གཉེར་ཅན་དང་། ཆེད་ལས་ཅན་དུ་གྱུར་པར་སྐུལ་འདེད་བཏང་ཞིང་།  ཁུལ་ཞིབ་དཔྱོད་ཁང་དང་གཞི་རིམ་ཞིབ་དཔྱོད་ཁང་5ཡིས་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་ཞིབ་དཔྱོད་ལས་ཁུངས་བཙུགས། ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་ཞིབ་བཤེར་ལ་མདུན་བསུ་བྱེད་པའི་འབྲེལ་ཡོད་ལས་དོན་ལེགས་པོར་བསྒྲུབས།

གཉིས་པ།  ཁྲིམས་ལྟར་རུལ་རྒོལ་གཙང་སེལ་བྱས་ཏེ།  འགན་ཁུར་ཕོད་པའི་ཞིབ་དཔྱོདབློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱས་ཡོད

       རུལ་རྒོལ་གཙང་སྤེལ་གྱི་འཛུགས་སྐྲུན་ལ་དམིགས་ཏེ།  གྱོད་གཞི་ཡོད་ན་ངེས་པར་ཐག་གཅོད་དང་།  དཔོན་ཆུང་ཧམ་ཟདང་ལྐོག་ངན་ཡུན་ཟ”བྱེད་མཁན་ལ་ཁྲིམས་གཅོད་བྱས། ཁྱོན་བསྡོམས་ལས་ཐོག་ཉེས་གསོག་གི་གྱོད་གཞི་26གི་གྱོད་འབྲེལ་མི་སྣ་32ལ་ཆེད་ཐོ་བཀོད་དེ་ཞིབ་བཤེར་ཐག་གཅོད་བྱས།  དེའི་ནང་དུ་ལྐོག་ཟ་རྔན་སྤྲོད་ཀྱི་ཉེས་གསོག་གྱོད་གཞི་24ཡི་གྱོད་འབྲེལ་མི་སྣ་29དང་།  འགན་འཛོལ་དབང་གནོད་ཀྱི་ཉེས་གསོག་གྱོད་གཞི་2ཀྱི་གྱོད་འབྲེལ་མི་སྣ་3ཡོད།  གྱོད་གཞི་ཆེ་པོ་22དང་གྱོད་གཞི་གནད་ཆེན་3ཡོད།  རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་སྒོར་ཁྲི་1700ལྷག་གི་གྱོང་གུན་སེལ།  རུལ་སུངས་ཆུང་ངུལ་ཞིབ་བཤེར་ཐག་གཅོད་པའི་ཆེད་དམིགས་ལས་སྒོ་སྤེལ་ནས།  མང་ཚོགས་ཉེ་འགྲམ་གྱིདཔོན་ཆུང་ཧམ་ཟདང་ལྐོག་ངན་ཡུན་ཟ”དང་།  ད་དུང་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་དབང་བརྟེན་ཁེ་གཉེར་དང་། ཁེ་ཕན་ཕྱིར་འདྲེན།  ལས་དོན་གང་ཡང་མི་སྒྲུབ་པ་དང་གང་བྱུང་གང་འདོད་བྱེད་པ་སོགས་ཀྱི་གྱོད་གཞི་ལ་མཐའ་གཅིག་ཏུ་རྩད་ཞིབ་བྱས་ཏེ།  རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་པར་འགན་ལེན་བྱས། མ་ལག་གི་ལས་ཐོག་ཉེས་གསོག་ལ་རྩད་ཞིབ་བྱས་པའི་ཆེད་དམིགས་ལས་སྒོ་སྤེལ་ནས།   ཚང་གཅིག་ཕྲེང་གཅིག་གི་གྱོད་གཞི་10ཡི་གྱོད་འབྲེལ་མི་སྣ་15ལ་ཞིབ་བཤེར་ཐག་གཅོད་བྱས།   དབུལ་བྲལ་འགག་སྒྲོལ་ལ་ཞབས་ཞུ་ཧུར་ཐག་བྱས་ཤིང་།  ཞིང་ཕན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་ལ་རྩད་ཞིབ་བྱས་པའི་ཆེད་དོན་ལས་སྒོ་སྤེལ་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་གྱོད་གཞི་4དང་གྱོད་འབྲེལ་མི་སྣ་6ཐག་གཅོད་བྱས། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བཟུར་མ་ཝུའུ་ཁའེ་མིང་གིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་དང་།  ཝུན་ཁྲོན་རྫོང་གི་ཡུས་ཁྲེང་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་འཛུགས་སྐྲུན་གྱི་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་བ་བཟུར་མ་དབྱང་ཧྥེང་པིན་གྱིས་ལྐོགརྔན་ཟོས་པའི་གྱོད་གཞི།  བཙན་ལྷ་རྫོང་ཟུར་ཡུལ་ཚོའི་ཧྲང་མ་ཁྲང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཟུར་མ་ལི་ཧུང་ཧྥུས་ལྐོག་རྔན་ཟོས་པའི་གྱོད་གཞི་སོགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས། 

ཆད་གཅོད་དང་སྔོན་འགོག་མཉམ་དུ་བསྟར་བའི་བླང་བྱ་སྟར་ཏེ།  དུས་མཉམ་གྱི་སྔོན་འགོག་བྱེད་ཤུགས་ཇེ་ཆེར་བཏང་ཞིང་སྔོན་འགོག་ཕན་འབྲས་མངོན་གསལ་དོད་པོ་བྱུང་སྔོན་འགོག་ཉེན་བརྡའི་སློབ་གསོ་དང་ཁྲིམས་སྐྱོང་འཆད་ཁྲིད་ཐེངས་39དང་།  སྔོན་འགོག་དྲིལ་བསྒྲགས་ཐེངས་33། སྔོན་འགོག་ཐེ་ཞུགས་ཐེངས་15། སྔོན་འགོག་བརྟག་དཔྱད་ཐེངས་17།  ལས་ཐོག་ཉེས་གསོགདབྱེ་ཞིབ་ཐེངས་16བཅས་སྤེལ།  ལྐོག་རྔན་སྤྲད་པའི་ཉེས་གསོག་ཡིག་ཚགས་དེ་འཕྲིན་སྦྲེལ་དྲ་བའི་ཐོག་ཏུ་འདྲི་རྟོག་གི་ཁ་དན་འཇོག་པའི་བྱེད་ནུས་སྤྱད་དེ། ལྐོག་རྔན་སྤྲད་པའི་ཉེས་གསོག་ཡིག་ཚགས་འདྲི་རྟོག་གི་ཞབས་ཞུ་ཐེངས་1000སྤྱི་ཚོགས་དང་མི་སྒེར་ལ་མཁོ་འདོན་བྱས།  ཁུལ་ཡོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་6ལ་ལས་ཐོག་ཉེས་གསོག་གི་རྗེས་འདེད་སྔོན་འགོག་ལས་ཀ་སྤེལ། གྱོད་གཞི་བྱུང་བའི་ལས་ཁུངས་ལ་ཞིབ་དཔྱོད་གྲོས་གཞི་ཡི་གེ9བཀྲམ་པ་དང་།  གྱོད་གཞིར་གཞིགས་ནས་ཁྲིམས་ལུགས་སྒྲོག་འགྲེལ་ཐེངས7སྤེལ། ཏང་ཨུ་ལ་ཕུལ་བའི་ས་གནས་འདིའི་ལས་ཐོག་ཉེས་གསོག་ལ་ཆད་གཅོད་དང་སྔོན་འགོག་བྱས་པའི་ལོ་འཁོར་སྙན་ཞུ་ལ་མཐོང་ཆེན་ཐོབ།  ཁུལ་ཨུའི་འགོ་ཁྲིད་གཙོ་བོས་ཁུལ་ཞིབ་དཔྱོད་ཁང་གི་2016ལོ་འཁོར་གྱི་ལས་ཐོག་ཉེས་གསོག་ལ་ཆད་གཅོད་དང་སྔོན་འགོག་བྱས་པའི་ཕྱོགས་བསྡུས་སྙན་ཞུལ་གདེང་འཇོག་རང་བཞིན་གྱི་ཆོག་མཆན་མཛུ་སྟོན་གནང་། ཁུལ་གསུམགྱི་མི་རིགས་ས་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཐོག་ཉེས་གསོག་སྔོན་འགོག་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤེལ་རེས་ཀྱི་གཏམ་བཤད་བྱས།  གོང་ལ་ཕུལ་བའི་སྔོན་འགོགབརྟག་དཔྱད་སྙན་ཞུ་དང་། ཞིབ་དཔྱོད་གྲོས་འགོ། སྔོན་འགོག་དཔེ་མཚོན་བཅས་སྔོན་འགོག་ལས་ཀའི་རྣམ་གྲངས་གསུམ་་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་དཔྱད་འདེམས་ཁྲོད་དུ་སོ་སོར་རིམ་པ་གཉིས་པའི་བྱ་དགའ་དང་།  ཕུལ་བྱུང་བྱ་དགའ་ཐོབ།

       ལྟ་ཞིབ་ལམ་སྲོལ་གྱི་བསྒྱུར་བཅོས་ལ་དམིགས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་བ་དང་། ཁོངས་གཏོགས་བསྒྱུར་བའི་ལས་དོན་ལེགས་གྲུབ་ཡོང་བར་འགན་ལེན་བྱས་ཡོད “འདུ་ཤེས་བཞིབརྟན་པོར་ཆགས་སུ་བཅུག་ཅིང་། གདེང་ཚོད་བཞི”ཇེ་བརྟན་དུ་བཏང་སྟེ། འགན་འཁྲི་འཁུར་བའི་ཆོད་སེམས་ཇེ་ཆེ་རུ་བཏང་། ཁོངས་གཏོགས་བསྒྱུར་བའི་མིའི་བསམ་བློ་ཆབ་སྲིད་ལས་ཀ་ལེགས་པར་བསྒྲུབ་པ་དང་། “ གཅིག་ལ་གཅིག་གཏད” ཀྱི་སྒོས་ཁ་བརྡ་དང་གླེང་མོལ་བྱེད་རེས་བྱས་ཏེ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ལ་བློ་ཐག་རྦད་བཅད་ཀྱིས་བརྩི་བཀུར་དང་རང་རྟོགས་ངང་རྒྱབ་སྐྱོར་བྱེད་པ་མ་ཟད་དེའི་ནང་དུ་ཧུར་ཐག་གིས་ཞུགས་པ་ནས་ཏང་ལ་ལྷག་བསམ་རྣམ་པར་ཀར་བའི་ངང་ཚུ་མཚོན་འདུག སྒྲིག་ཁོངས་ལས་གནས་གྲངས་འབོར་གྱི་འཐེན་སྒྱུར་དང་། ཁོངས་གཏོགས་སྒྱུར་བའི་མི་སྣའི་ཡིག་ཚགས་ཀྱི་རྩིས་སྤྲོད། མི་སྒེར་གྱི་འབྲེལ་ཡོད་ལས་དོན་གྱི་སྙན་ཞུའི་དཔྱད་བཤེར་སོགས་ལས་ཀ་ལེགས་སྒྲུབ་པར་ཞོགས་འདེགས་བྱས། དུས་ཚོད་ཀྱི་སྦྲེལ་ཚིགས་ལྟར། མྱུལ་ཞིབ་གྱོད་གཞིའི་ཞིབ་དཔྱོད་དང་། བཀག་གསོག་གྱོད་གཞིའི་ཁུངས་སྣེ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་དངོས་གཙང་བཤེར་ལེགས་བསྒྲུབས་བྱས་ཏེ། རུལ་རྒོལ་ལས་ཀའི་བྱེད་ཤུགས་ཇེ་ཆུང་དུ་དང་གོམ་སྟབས་ཇེ་དལ་དུ་མི་འགྱུར་བར་འགན་ལེན་བྱས།

  གསུམ་པ། ཞིབ་དཔྱོད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། “དྲང་གཞག་ཞིབ་དཔྱོད” བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱས་ཡོད།

རང་འགུལ་གྱིས་ལྟ་སྐུལ་ཕྱོགས་ཡོངས་ནས་དང་ལེན་བྱས་ཏེ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོར་འདེགས་སུ་བཏང་།  རང་འགུལ་ངང་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ཨུ་ལྷན་ཁང་ལ་ལས་དོན་སྙན་ཞུ་ཐེངས་65ཕུལ་བ་དང་། སྲིད་གྲོས་ལ་ལས་དོན་ཡོངས་བསྒྲགས་ཐེངས་57ཞུས། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་2013ལོ་ནས་བཟུང་ལས་ཐོག་ཉེས་གསོག་ཞིབ་གཅོད་དང་སྔོན་འགོག་ལས་ཀའི་ཆེད་དོན་སྙན་ཞུ་ཕུལ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ་འབྲེལ་གཏུག་བྱས་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་ཞིང་། བསམ་འཆར་སྡུ་ལེན་གྱི་ཡི་གེ་བཀྲམ། ངོས་ཐད་ནས་ལས་དོན་སྙན་སེང་ཞུས། ཞིབ་དཔྱོད་བརྡ་འཕྲིན་གཏོང་བ་སོགས་ཐབས་ལམ་ལ་བརྟེན་ནས།  རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱས། དམངས་འཐུས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་བ། ཆེད་བསྐོས་ཞིབ་དཔྱོད་པ་བཅས་གདན་འདྲེན་བྱས་ཏེ་ལས་ཀ་ལ་གཟིགས་ཞིབ་གནང་བ་དང་། ཆེད་དོན་ཞིབ་བཤེར་དང་གྱོད་དོན་བསམ་འཆར་ལ་ཉན་པ། ཁྲིམས་རའི་ཞིབ་དཔྱོད་ལྟ་སྦྱོང་། ཆེད་དོན་ཞིབ་བཤེར་ལ་མི(ཐེངས)་307ཞུགས་པ་དང་བཞུགས་མོལ་ཚོགས་འདུ་ཐེངས་35ཚོགས། དམངས་འཐུས་དང་སྲིད་གྲོས་ཀྱིས་བརྒྱུད་སྤྲོད་བྱས་པའི་གྱོད་གཞི་དང་། དམངས་འཐུས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་དག་རེ་རེ་བཞིན་ལྟ་སྐུལ་སྒྲུབ་གཉེར་དང་ནན་ཏན་གྱིས་ལན་བཏབ།

གཏུག་བཤེར་ལྟ་སྐུལ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ།  ཞིབ་དཔྱོད་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ལ་མཐོང་ཆེན་བྱས། ཆེད་ཐོ་འགོད་པ་དང་མྱུལ་ཞིབ་ལས་སྒོའི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། གྱོད་གཞི་88ལ་མྱུལ་ཞིབ་ཀྱིས་དཔང་རྟགས་ལེན་པར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། གྱོད་གཞི་14ལ་ཐོ་འགོད་ལྟ་སྐུལ་བྱས། གྱོད་གཞི་19ལ་བཀག་ཉར་རང་བཞིན་གྱི་འདྲི་དཔྱོད་བྱས་པའི་བསམ་འཆར་བཏོན་ནས་དང་ལེན་བྱས། བདེན་དཔང་ཁུངས་བཙན་མེད་པའི་རྐྱེན་གྱིས། མི་51ལ་འཛིན་བཟུང་ཆོག་མཆན་མ་བཀོད་པ་དང་མི་19ཁྲིམས་ལ་སྦྱར་མེད། ཆད་ལུས་སུ་ཤོར་བའི་ཉེས་འགན་དང་ཉེས་ཅན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་27བདའ་འདེད་བྱས་ཏེ་ཁྲིམས་ལ་སྦྱར། འཛིན་བཟུང་ལས་ཆད་ལུས་བྱུང་བའི་མི་3དང་ནག་ཉེས་ཆད་ལུས་བྱུང་བའི་མི་22ཡོ་བསྲང་བྱས། ཉེས་དོན་འདྲི་གཅོད་བྱེད་སྒོའི་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་བསྣན་ཏེ། གྱོད་གཞི་18ཀྱི་ཁྲིམས་ས་མ་འཚོགས་གོང་གི་ཚོགས་འདུ་ལ་ཞུགས་པ་དང་། མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་ཐེངས་5བྱས་ཏེ། ཉེས་དོན་འདྲི་གཅོད་བྱེད་སྒོའི་ཁྲོད་དུ་ཁྲིམས་འགལ་གྱི་གནས་ཚུལ་བྱུང་བའི་གྱོད་གཞི་3ཡོ་བསྲང་བྱས། ཁྲིམས་རའི་ཞིབ་གཅོད་དོན་དངོས་ཅན་དུ་འགྱུར་པར་སྐུལ་འདེད་བཏང་སྟེ། “མི་སྣ་རིགས་བཞི”གྱོད་གཞི་10ཡི་ཁྲིམས་རར་ཕྱིན་པའི་རེ་འདུན་ཞུས་ཏེ་ཁྲིམས་རར་ཕྱིན། འདྲི་གཅོད་གཙོ་བོར་འཛིན་པའི་གཏུག་བཤེར་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་བསྟུན་ཅི་ཐུབ་བྱས་པ་དང་། གཏན་འཁེལ་མི་སྣས་གྱོད་གཞི་ཞིབ་གཅོད་བྱས་པའི་འགན་འཁྲི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ཏུ་བསྟར་ཏེ། གཞི་རིམ་ཞིབ་དཔྱོད་དཔོན་ཆེན་6ཁྲིམས་རར་ཕྱིན་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱས།  ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཆེན་གཞོན་པ་ཀྲང་ཧྲུའུ་ཀྲོང་གིས་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏན་འཁེལ་མི་སྣས་གྱོད་གཞི་ཞིབ་དཔྱོད་ཀྱི་འགན་འཁྲིའི་ལམ་ལུགས་ལག་ཏུ་བསྟར་བའི་ལས་ཀ་ལ་གདེང་འཇོག་རང་བཞིན་གྱི་ཆོག་མཆན་མཛུབ་སྟོན་གནང་།    “ཉེས་དོན་གྱོད་གཞིའི་ཞིབ་དཔྱོད་སྤུས་ཚད་མཐོར་འདེགས་བཏང་བའི་ལས་ཀའི་མཉམ་ཞུགས་ཚོགས་འདུ”སྒྲིག་འཛུགས་སྐོང་ཚོགས་བྱས་ཏེ། གྱོད་སྒྲུབ་སྤུས་ཚད་དང་གཏུག་བཤེར་ལས་ཆོད་མཐོ་རུ་བཏང་ཡོད། ཉེས་ཆད་ལག་བསྟར་དང་བཙོན་སྲུང་དོ་དམ་ལས་སྒོའི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཁྲིམས་འགལ་བྱུང་བའི་གནས་ཚུལ་29ཡོ་བསྲང་བྱས་པ་དང་། བཙོན་སྲུང་དོ་དམ་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་བདེ་འཇགས་ཞིབ་བཤེར་ཆེན་མོ་ཐེངས་116སྤེལ། བདེ་འཇགས་ལས་དོན་གྱི་མཉམ་ཞུགས་ཚོགས་འདུ་ཐེངས་65ཚོགས། བཙོན་ཁང་གི་ཕྱི་རུ་ཁྲིམས་ཆད་འཁུར་བའི་ཉེས་ཅན་དང་སྡེ་ཁུལ་ནས་ཁྲིམས་ཆད་ལག་ཏུ་བསྟར་བའི་མི་809ལ་ཞིབ་དཔྱོད་ལྟ་སྐུལ་བྱས། དམངས་དོན་འདྲི་གཅོད་དང་སྲིད་འཛིན་གཏུག་བཤེར་གྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། དམངས་དོན་སྲིད་འཛིན་གྱི་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་32ཞིབ་གཅོད་བྱས་ཏེ། རྒྱལ་ཁབ་དང་ཐུན་མོང་ལ་སྒོར་ཁྲི་300ལྷག་གི་དཔལ་འབྱོར་གྱོང་གུན་སེལ། ཞིབ་དཔྱོད་གྲོས་གཞི་དང་། ཁྲིམས་འགལ་ཡོ་བསྲང་སོགས་ཀྱི་ལྟ་སྐུལ་བྱེད་ཐབས་སྤྱོད་པ་ལ་སྔར་བས་མཐོང་ཆེན་བྱས་ཏེ། ཞིབ་དཔྱོད་གྲོས་གཞི་ཡི་གེ105དང་། ཁྲིམས་འགལ་ཡོ་བསྲང་བྱས་པའི་བརྡ་ཡིག81བཀྲམ་པས། ཞིབ་དཔྱོད་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་བཏང་ཡོད།

སྤྱི་ཕན་གཏུག་བཤེར་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་ཏེ། ལོ་རྒྱུས་ཀྱི་ལས་འགན་གསར་བ་རང་འགུལ་ངང་ཁུར།  2017ལོའི་ཟླ་6པའི་ཚེས་27ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་བརྒྱད་ཐོག་དམངས་དོན་གཏུག་བཤེར་བཅའ་ཁྲིམས་དང་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་བཟོ་བཅོས་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་དངོས་སུ་ཚུགས་པ་མ་ཟད། ཟླ་7པའི་ཚེས་1ཉིན་ནས་བཟུང་ཁྱོན་ཡོངས་ནས་ལག་བསྟར་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་དེ་ནི།ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་རང་བཞིན་གྱི་ཇུས་གཞི་གལ་ཆེན་ཞིག་ཡིན་ལ། ཏང་ཀྲུང་དབྱང་གིས་ཞིབ་དཔྱོད་ལས་ཁུངས་ལ་གནང་བའི་ལོ་རྒྱུས་ཀྱི་ལས་འགན་གསར་བ་ཞིག་དང་། བཅའ་ཁྲིམས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་གནང་བའི་འགན་འཁྲི་ཆེན་པོ་ཞིག ཞིབ་དཔྱོད་ལྟ་སྐུལ་གྱི་ཤུགས་འཛིན་ས་གསར་བ་ཞིག་བཅས་རེད། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་ཨུ་དང་།  དམངས་འཐུས།  སྲིད་གཞུང་།  སྲིད་གྲོས་ལ་སྤྱི་ཕན་གཏུག་བཤེར་ལས་ཀའི་སྙན་ཞུ་ཕུལ་བ་དང་ཡོངས་བསྒྲགས་བྱས་ཤིང་ ཁུལ་ཨུའི་འགོ་ཁྲིད་གཙོ་བོས་ཁུལ་ཞིབ་དཔྱོ་ཁང་གིབཅའ་ཁྲིམས་ལས་ཞིབ་དཔྱོད་ལས་ཁུངས་ལ་གནང་བའི་སྤྱི་ཕན་གཏུག་བཤེར་ལས་ཀ་ཁྱོན་ཡོངས་ནས་སྤེལ་བའི་སྐོར་གྱི་སྙན་ཞུལ་གདེང་འཇོག་རང་བཞིན་གྱི་ཆོག་མཆན་མཛུབ་སྟོན་གནང་། ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཁུལ་ཁྲིམས་ལུགས་གཞུང་ལས་ཁང་དང་རྔ་བ་ཁུལ་ཞིབ་དཔྱོད་ལས་ཁུངས་དང་སྲིད་གཞུང་ཁྲིམས་ལུགས་སྡེ་ཁག་གི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ལས་ཀའི་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤསལ་མིང་རྟགས་ལྷན་བཀོད་བྱས་ཤིང་། ཞིབ་དཔྱོད་ལས་ཁུངས་ནང་ཁུལ་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་གསར་རྙེད་དང་། བརྒྱུད་སྤྲོད་ལས་ཀའི་ལམ་སྲོལ་འཛུགས་སྐྲུན་བྱས། སྤྱི་ཕན་གཏུག་བཤེར་ལས་ཀ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དང་། ཞིབ་དཔྱོད་བསམ་འཆར་མ་གཏུག་གོང་གི་བརྒྱུད་རིམ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་5ཞིབ་གཅོད་བྱས་པ་དང་།ཞིབ་དཔྱོད་བསམ་འཆར་ཡི་གེ5བཀྲམ།

   “ཁྲིམས་གཉིས་སྦྲེལ་མཐུད”ཀྱི་ལས་ཀ་ཁྱོན་ཡོངས་སུ་སྤེལ་ཏེ།  སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་དང་གོ་རིམ་ལྡན་པར་སྐུལ་སྤེལ་བཏང་། རྔ་བ་ཁུལ་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གྱི་སྦྲེལ་མཐུད་ལས་ཀ་ལག་བསྟར་བྱེད་ཐབལག་ལེན་ནན་མོར་བསྟར་ཏེ། ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་འཛིན་ནན་མོ་བྱེད་པར་ཡར་སྐུལ་བྱས། ཏང་ཨུ་ལ་ཧུར་ཐག་གིས་སྙན་ཞུ་ཕུལ་ནས་རྒྱབ་སྐྱོར་ཐོབ་པ་དང་། ཁུལ་ཨུ་དང་། ཁུལ་སྲིད་གཞུང་། རྫོང་ཏང་ཨུ་དང་སྲིད་གཞུང་4ཡིས“ཁྲིམས་གཉིས་སྦྲེལ་མཐུད”ལས་ཀ་དེ་དམིགས་ཚད་དང་གྲུབ་འབྲས་དཔྱད་ཞིབ་ནང་དུ་བཅུག་ཡོད། “ཁྲིམས་གཉིས་སྦྲེལ་མཐུད”ཀྱི་འབྲེལ་གཏུག་ཚོགས་འདུ་ཐེངས་2ཚོགས་པར་སྣེ་ཁྲིད་བྱས་ཤིང་། གཞི་རིམ་སྲིད་འཛིན་ལས་ཁུངས་སུ་ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་ཐེངས་2སྤེལ། “ཁྲིམས་གཉིས་སྦྲེལ་མཐུད”ཀྱི་ལས་སྟེགས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཉེས་བསགས་དོགས་ཡོད་གྱོད་གཞི་14བརྒྱུད་སྤྲོད་བྱས་པ།  དེ་སྔར་ལོ་3གྱི་སྤྱི་བསྡོམས་ལས་ཀྱང་མང་བ་རེད།

ནར་མ་སོན་པའི་མིའི་ཞིབ་དཔྱོད་ལས་ཀ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ནར་མ་སོན་པའི་མི་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་བསྣན་པ། སྡེ་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། ཁུལ་ཞིབ་དཔྱོད་ཁང་དང་གཞི་རིམ་ཞིབ་དཔྱོད་ཁང་2ཀྱིས་ནར་མ་སོན་པའི་མིའི་ཉེས་དོན་ཞིབ་དཔྱོད་སྡེ་ཁག་བཙུགས་པ་དང་། གཞི་རིམ་ཞིབ་དཔྱོད་ཁང་གཞན་དག་གིས་ནར་མ་སོན་པའི་མིའི་ཉེས་དོན་གྱོད་གཞིའི་ཞིབ་གཅོད་ཚོ་ཆུང་བཙུགས། ནར་མ་སོན་པའི་མི་དམིགས་བསལ་དུ་སྲུང་སྐྱོང་བྱས་པའི་ལམ་ལུགས་དོན་ཐོག་ཏུ་ནན་མོར་འཁྱོལ་ནས། ཁྲིམས་ལྟར་གྱོད་གཞི་3གྱི་གྱོད་འབྲེལ་མི་སྣ་3འཛིན་བཟུང་བྱས་མེད་པ་དང་། གྱོད་གཞི་1གི་གྱོད་འབྲེལ་མི་སྣ་2ཁྲིམས་ལ་སྦྱོར་མེད།  གྱོད་གཞི་7གྱི་གྱོད་འབྲེལ་མི་སྣ་9ལ་ཟུར་སྣོན་ཆ་རྐྱེན་གྱིས་ཁྲིམས་ལ་སྦྱར་མེད། འཛིན་བཟུང་དང་བཙན་ཉར་དགོས་ངེས་ཡོད་མེད་ལ་དཔྱད་དཔོག་བྱས་པའི་ལམ་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  ནར་མ་སོན་པའི་ཉེས་བསགས་དོགས་ཡོད་མི་སྣ་23ལ་བཙན་ཉར་མ་བྱས་པ་དང་ཁྲིམས་མ་སྦྱར་གོང་དུ་བཙན་ཉར་མི་བྱེད་ཚད་83.33%ལ་སླེབས་ཡོད། དུས་ཡུན་ལོ་གསུམ་རིང་གི“ཁྲིམས་སྐྱོང་བྱ་འགུལ་སློབ་གྲྭར་སྐྱེལ་བའི”སྐོར་སྐྱོད་སྒྲོག་བཤད་བྱ་འགུལ་གྱི་སྤེལ་གོ་བཙུགས། “སློབ་རའི་ནང་གི་བརྙས་བཅོས་བྱ་སྤྱོད་འགོག་བཅོས་བྱས་ཏེ། ནར་མ་སོན་པའི་མིའིའཚར་ལོངས་ལ་སྲུང་སྐྱེལ་བྱས”ཞེས་པའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། གཏམ་ལ་ཡིད་དབང་འགུག་ཤུགས་ལྡན་པ།   “སྐད་གཉིས་ལ”བྱང་བའི་ནར་མ་སོན་པའི་མིའི་ལས་སྒོ་སྤེལ་མཁན་4འདེམས་བསྐོ་བྱས་ཏེ་སྐོར་སྐྱོད་སྒྲོག་བཤད་ཚན་ཁག་བཙུགས་ནས། སྔ་གཞུག་ཏུ་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་(འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ)དང་། ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་།  རྔ་བ་རྫོང་བོད་ཡིག་སློབ་འབྲིང་སོགས་སློབ་གྲྭ་5ལ་སོང་ནས། “སྐད་གཉིས”ཀྱི་སྒོ་ནས་སྒྲོག་འགྲེལ་དང་། ངང་ཚུལ་མཉམ་འགུལ། བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་སྣ་མང་ཕུན་ཚོགས་པའི་ཐབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་སྐོར་སྐྱོད་སྒྲོག་བཤད་བྱ་འགུལ་སྤེལ།  ཀྲུང་གོའི་བུད་མེད་ཞིབ་དཔྱོད་པའི་མཐུན་ཚོགས་དང་། སི་ཁྲོན་ཞིང་ཆེན་བུད་མེད་ཞིབ་དཔྱོད་པའི་མཐུན་ཚོགས་ཀྱིས་རང་ཁུལ་བུད་མེད་ཞིབ་དཔྱོད་པས་སྐོར་སྐྱོད་སྒྲོག་བཤད་སྤེལ་བའི་མཛད་རྗེས་ལ་གདེང་འཇོག་གནང་ཞིང་།ཞིབ་དཔྱོད་ཉིན་རེའི་ཚགས་པརགྱིས་ཁོ་ཚོའི་སྐད་ཡིག་བཀོལ་ནས་ཁྲིམས་སྐྱོང་གི་སློབ་ཚན་ཁྲིད་པཁ་བྱང་བྱས་ཏེ་རང་ཁུལ་གྱི“ཁྲིམས་སྐྱོང་བྱ་འགུལ་སློབ་གྲྭར་སྐྱེལ་བའི”སྐོར་སྐྱོད་སྒྲོག་བཤད་བྱ་འགུལ་སྒྲོག་སྤེལ་བྱས

བཞི་བ། སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་ཞུགས་ཏེ། “དམངས་དོན་ཞིབ་དཔྱོད” བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱས་ཡོད། 

དྲང་གཞག་ཁྲིམས་འཛིན་གྱི་དགོས་མཁོ་ལ་ལན་བསློགས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས། དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། འཛིན་བཟུང་དགོས་ངེས་མེད་པའི་མི་48འཛིན་བཟུང་མ་བྱས་པ་དང་། ཉེས་པ་ཚབས་ཆུང་བའི་མི་56ཁྲིམས་ལ་མི་སྦྱོར་བའི་ཐག་བཅད།  གྱོད་གཞི་132ལ་ཁྲིམས་ཁང་གི་སྟབས་བདེའི་བྱ་རིམ་སྤྱད་དེ་བསྐྱཪ་ཞིབ་བྱས་པའི་བསམ་འཆར་བཏོན་པ་མ་ཟད་གྲོས་འགོ་དང་ལེན་བྱས། ཞིབ་དཔྱོད་དཔོན་ཆེན་གྱིས་ལས་ཀར་སྣེ་ལེན་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་ཏེ།  ཞུ་བཅར་མི་སྣ(ཐེངས)་85སྣེ་ལེན་བྱས་པ་དང་། བཙོན་པ་མི(ཐེངས)287ལ་ཐུག་འཕྲད་གནང་། བཙོན་པ་དང་ཁྱིམ་མིས་གཏུག་བཤེར་དང་དག་འབུཀྱི་གྱོད་གཞི་1ལ་ཞིབ་གཅོད་དང་ལན་བསློག་པ། ཁྲིམས་རྩོད་པའི་ལས་གཉེར་ཁེ་དབང་གི་འགན་སྲུང་ལ་ཤུགས་བསྣན་ཏེ།དག་འབུད་པ་དང་། གཏུག་བཤེར་ངོ་ཚབ་པ་བཅས་ཀྱིས་གྱོད་དོན་ཡིག་ཆ་ལ་ལྟ་ཀློག་བྱས་པ་དང་། ཐུག་འཕྲད་ཀྱི་རེ་འདུན་ཞུ་བ་བཅས་ཀྱི་མི་(ཐེངས)་142སྣེ་ལེན་བྱས་པ། བདེ་འཇགས་ཐོན་སྐྱེད་ཁྲོད་ནས་བྱུང་བའི་དོན་རྐྱེན་ལ་དུས་མཉམ་དུ་མི་མངགས་ཏེ་བརྟག་དཔྱད་ཐེངས་12བྱས། གནད་ཁེལ་དབུལ་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོར་གཉིས་ཟུང་དུ་འབྲེལ་བར་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོར་གྱི་གྱོད་གཞི་19ཞིབ་གཅོད་བྱས་པ་དང་། མི་29ལ་རོགས་སྐྱོར་བྱས། རོགས་སྐྱོར་དངུལ་སྒོར་ཁྲི་30.6བཏང་། ཞིབ་དཔྱོད་ཉིན་རེའི་ཚགས་པརགྱིས་བརྩེ་སེམས་ཁྱད་པར་བ་དེ“རྨས་སྐྱོན་ཕོགས་པའི་ཁྱེད་ལ་འབུལ”ཁ་བྱང་བྱས་ཏེ་རང་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཁྲིམས་འཛིན་རོགས་སྐྱོར་ལས་ཀ་དྲིལ་བསྒྲག་བྱས།  

དམངས་དོན་ཁྲིམས་འཛིན་གྱི་དགོས་མཁོ་ལ་ལན་བསློགས་ཏེ།  མང་ཚོགས་ཀྱི་ཞུ་གཏུག་གི་འགལ་བ་སེལ། ཞིབ་དཔྱོད་དང་འདུམ་འགྲིག་སྦྲེལ་མཐུད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། འགལ་བ་འདུམ་འགྲིག་བྱེད་པར་སྐུལ་འདེད་བཏང་སྟེ། ཉེས་དོན་གྱོད་གཞི་ཆུང་གྲས་13འདུམ་འགྲིག་བྱས་པ་དང་དམངས་དོན་གྱོད་གཞི་3འདུག་འགྲིག་བྱས་པར་ཁྲིད་སྟོན་བྱས། ཞིབ་དཔྱོད་དང་འབྲེལ་བའི་ཡིག་སྐུར་ངོ་བཅར་གྱོད་གཞི་རིགས་སོ་སོ་དང་ཉེས་དོན་དག་འབུ་གྱོད་གཞི་8ཞིབ་གཅོད་བྱས་པ་དང་། ཞིབ་དཔྱོད་དང་འབྲེལ་བའི་ཡིག་སྐུར་ངོ་བཅར་དེ་ཞིང་ཆེན་དུ་སོང་ནས“གོང་གཏུག་ཞུ་མཁན་གཅིག་ཀྱང་མེད་པའི”རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས། ཁྲིམས་རྩོད་པ་ཁྲིམས་འབྲེལ་གཏུག་འབྲེལ་གྱི་ཡིག་སྐུར་ངོ་བཅར་གྱོད་གཞི་ལ་ཞུགས་ཏེ་འདུག་འགྲིག་དང་ངོ་ཚབ་བྱས་པའི་སྐོར་གྱི་ལག་བསྟར་སྒྲིག་སྲོལ་ཕྲ་ཞིབ(ལག་ལེན་ཚོད་ལྟ)གཏན་འབེབས་ལ་སྣེ་ཁྲིད། ཁྲིམས་རྩོད་པ་ཁྲིམས་འབྲེལ་གཏུག་འབྲེལ་གྱི་ཡིག་སྐུར་ངོ་བཅར་གྱོད་གཞི་ལ་ཞུགས་ཏེ་འདུག་འགྲིག་དང་ངོ་ཚབ་བྱས་པའི་གྱོད་གཞི་7དང་། གྱོད་གཞི་4ལ་ཡོངས་བསྒྲགས་ངང་ལན་བསློགས།  མང་ཚོགས་ཀྱིས་ཁྲིམས་ལྟར་རིམ་པ་བཞིན་ཞུ་གཏུག་བྱེད་པར་ཁྲིད་སྟོན་བྱས་ཏེ། ཐེར་འདོན་དང་། གྱོད་གཏུག  དག་འབུ་བཅས་རིགས་སོ་སོའི་གྱོད་གཞི་141ཐག་གཅོད་འོས་འཚམ་བྱས། དབུལ་བྲལ་འགག་སྒྲོལ་གྱི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བདམས་མངག་བྱས་པའི“ཧྲུའུ་ཅི་དང་བོ”12དེ་འབྲེལ་གཏུག་གྲོང་ཚོར་བཅའ་སྡོད་བྱས་ཏེ་གནད་ཁེལ་དབུལ་སྐྱོར་གྱི་ལས་ཀ་ཏན་ཏིག་གིས་སྤེལ། དཔལ་ཡོན་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་ཆོས་ལུགས་སྤེལ་གནས་འཛུགས་སྐྲུན་ཁྲོད་དུ་རང་འགུལ་གྱིས་ཞུགས་ཏེ། ཏང་གི་ཆོས་ལུགས་སྲིད་ཇུས་དང་། དམངས་ཕན་སྲིད་ཇུས།  འབྲེལ་ཡོད་ཀྱི་ཁྲིམས་ལུགས་སྒྲིག་སྲོལ་དྲིལ་བསྒྲགས་ཁྱབ་ཆེན་བྱས། 

མངོན་གསལ་ཁྲིམས་འཛིན་གྱི་དགོས་མཁོ་ལ་ལན་བསློགས་ཏེ།  མང་ཚོགས་ཁྲིམས་ལྟར་ཁྲིམས་སྐྱོང་གི་གྲས་སུ་ཞུགས་པར་འགན་ལེན་བྱས། ཞིབ་དཔྱོད་ཀྱི་ལས་དོན་ཡོངས་བསྒྲག་ཟབ་སྤེལ་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི་གདན་དྲངས་ཏེ་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱེད་སྒོ་ལ་ཐེངས་18ཞུགས། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲག་བྱེད་པར་སྐུལ་འདེད་བཏང་སྟེ། བརྒྱུད་རིམ་རང་བཞིན་གྱི་ཆ་འཕྲིན་745དང་། གྱོད་གཞི་གལ་ཆེན་གྱི་ཆ་འཕྲིན་218ཡོངས་བསྒྲགས་བྱས། གྱོད་གཞིའི་ཆ་འཕྲིན་ཡོངས་བསྒྲགས་བྱས་པའི་སྐད་འཕྲིན་ལས་སྟེགས་ཉེར་སྤྱོད་བཀོད་སྒྲིག་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་ཆ་འཕྲིན་200ལྷག་འགྲེམ་སྤེལ་བྱས། “བཅའ་ཁྲིམསཡུལ་བདུན་ལ་སྐྱེལ་བའི”བྱེད་སྒོ་ཐེངས་70ལྷག་སྤེལ་བ་དང་། དྲིལ་བསྒྲག་ཡིག་ཆ་9000ལྷག་བཀྲམ།  མི་ཐེངས་1500ལྷག་ལ་ཁྲིམས་ལུགས་སྐོར་གྱི་འདྲི་རྩད་ཞབས་ཞུ་མཁོ་འདོན་བྱས་ཏེ། ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་སྐུལ་སྤེལ་བཏང་། རང་གི་འགན་ནུས་གཞིར་བཟུང་སྟེ། མང་ཚོགས་དེ་གྲོང་ཁྱེར་གྲོང་གསེབ་ཀྱི་འབྲེལ་མཚམས་ས་ཁུལ་དང་།  སློབ་གྲྭ།  སྨན་ཁང་། འགྲིམ་འགྲུལ་ལྟེ་གནས་སོགས་གཙོ་གནད་ས་ཁུལ་གྱི་བདེ་འཇགས་ཀྱི་མངོན་གསལ་དོད་པོའི་གནད་དོན་བཅོས་སྒྲིག་ཁྲོད་དུ་ཧུར་ཐག་གིས་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། དུག་འགོག་དང་ཨེ་ཙིའི་ནད་འགོག་པ།  བདེ་འཇགས་ཐོན་སྐྱེད་ལེགས་སྒྲིག  སློབ་གྲྭའི་གཏུམ་སྤྱོད་བཅོས་སྐྱོང་སོགས་ཆེད་དོན་ལས་ཀའི་ཁྲོད་དུ་ཧུར་ཐག་གིས་ཞུགས་ཏེ།  འཆམ་མཐུན་བདེ་འཇགས་ཀྱི་ཁྱིམ་གཞིས་མཉམ་དུ་བསྐྲུན།

ལྔ་བ། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་བཙུགས་ཏེ། “སྤྱོད་གཙང་ཞིབ་གཅོད” བློ་བརྟན་འགྱུར་མེད་ཀྱིསའཛུགས་སྐྲུན་བྱས་ཡོད།

  ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་འི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲག་ལག་ལེན་བྱེད་རྒྱུ་གཙོ་བོར་བཟུང་སྟེ། ཞིབ་དཔྱོད་རུ་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ནན་འཛིན་བྱས། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་འི་དགོངས་དོན་ཕྱོགས་ཡོངས་ནས་དྲིལབསྒྲགས་དང་ལག་ལེན་མཐའ་ཕྱིན་བྱས་ཏེ། དུས་རབས་གསར་འི་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ལག་ལེན་ཧུར་ཐག་བྱས། ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་བྱས།   ཁུལ་ཨུ་ལ་རང་འགུལ་ངང་ལས་དོན་སྙན་ཞུ་ཐེངས་14ཕུལ། “ལྟ་སྡུར་བཞི་དང་མཐོར་འདེགས་བཞི། བློ་དཀར་ཟོལ་མེད་ཀྱི་སྲུང་དམག་བྱེད་པ ” ཞེས་པའི་ཆེད་དོན་སློབ་གསོའི་བྱ་འགུལ་སྤེལ། གཞི་རིམ་ཞིབ་དཔྱོད་ཁང་དུ་ཕྱིན་ནས་ཆེད་དོན་སློབ་གསོ་ཐེངས་20ལྷག་ལ་ལྟ་སྐུལ་འབྲེལ་གཏུག་བྱས། ཞིབ་དཔྱོད་རུ་ཁག་ཁྲོད་ཀྱི་མངོན་གསལ་དོད་པོའི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པར་མཐོང་ཆེན་བྱས་ཏེ། མི་སྣ་རིགས་དབྱེ་བ་ལ་གཞིར་བཟུང་ནས“གསལ་ཐོ་གསུམ”གསར་དུ་བཀོད་པ་དང་། ཁྲིམས་འཛིན་སྲིད་གཙང་ཐད་ལ་ཉེན་ཁ་ཡོད་ས་དག་ལ་གཅིག་སྡུད་ཀྱིས་བཅོས་སྐྱོང་བྱས་པ་མ་ཟད། དམིགས་སའི་རང་བཞིན་གྱི་དག་ཐེར་དང་ལེགས་བཅོས་བྱེད་ཐབས་བཏོན་ནས། ཆེད་དོན་སློབ་གསོ་ལ་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱས། ཏང་ཙུའུ་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ཤིང་། འདུ་ཤེས་འཛིན་སྟངས་ལས་ཀའི་གནས་ཚུལ་ལ་དུས་བཅད་ལྟར་དབྱེ་ཞིབ་དང་ཞིབ་འཇུག བརྡར་ཤ་ཅད་དེ་ཀྲོའུ་ཡུང་ཁང་སོགས་ཀྱི་གྱོད་གཞིའི་ཤུགས་རྐྱེན་ངན་པ་དེ་གཙང་སེལ་མཐར་ཕྱིན་པ་བྱས།

ཏང་ནན་པོར་སྐྱོང་བ་དང་ཞིབ་དཔྱོད་ནན་པོར་སྐྱོང་བའི་འགན་འཁྲི་གཙོ་གཞིའི་ལག་བསྟར་བྱེད་རྒྱུ་དེ་རང་གི་འགན་འཁྲིར་བརྩིས་ཏེ། ཞིབ་དཔྱོད་རུ་ཁག་གི་སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྲུན་ནན་འཛིན་བྱས། སྒྲིག་ཁྲིམས་དང་སྒྲིག་ལམ་ཨང་དང་བོར་འཇོག་པ་རྒྱུན་འཁྱོངས་བྱས་ཤིང་། “འགན་འཁྲི་གཉིས”རང་རྟོགས་ངང་ལག་ཏུ་བསྟར་ནས།  ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་གཏན་འབེབས་བཅས་ལག་ལེན་ནན་ཏན་བྱས། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་འཛུགས་ཐད་ལ་ཤུགས་སྣོན་བྱས་པ་དང་། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ནམ་རུལ་འགོག་ལས་དོན་གྱི་ཚོགས་འདུ་ཚོགས་ཏེ། ཏང་ནན་པོར་སྐྱོང་བ་དང་ཞིབ་དཔྱོད་ནན་པོར་སྐྱོང་བ། ཞིབ་དཔྱོད་དཔོན་ཆེན་ནན་པོར་སྐྱོང་བ་བཅས་ཀྱི་གཙོ་གཞི་འགན་འཁྲི་དེ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྒྱུན་ལྡན་རང་བཞིན་གྱི་སློབ་གསོར་ཤུགས་བསྣན་ཏེ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས། ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ལྟ་བཤེར་ལྟ་སྒྲུབ་ཀྱི་ལས་སྒྲུབ་སྒྲིག་སྲོལ་གཏན་འབེབས། སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་བསྣན་ཏེ། ཞིབ་དཔྱོད་བཀའ་རྒྱ་ཐོགས་མེད་ལག་ཏུ་བསྟར་བར་ཁག་ཐེག་བྱས། 

སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་གསར་གཏོད་ཀྱི་ལས་ཀའི་སྤྲོ་སེམས་ལ་སྐུལ་སློང་བྱེད་རྒྱུ་དེ་ཁྲིད་ཕྱོགས་སུ་བཟུང་ནས།  ཞིབ་དཔྱོད་རུ་ཁག་གི་འགན་འཁྲི་སྒྲུབ་ནུས་འཛུགས་སྐྲུན་ནན་འཛིན་བྱས།  ཁྲིམས་འཛིན་ལམ་སྲོལ་བསྒྱུར་བཅོས་ཀྱི་བླང་བྱ་ལག་ཏུ་བསྟར་བ་དང་། མི་སྣ་རིགས་དབྱེ་བའི་དོ་དམ་ལ་ཤུགས་བསྣན་ཏེ། རིགས་དབྱེས་ནས་ལས་གནས་གཏན་འཁེལ་གྱི་ལས་ཀ་ལེགས་གྲུབ་བྱུང་བ་དང་། གཏན་འཁེལ་མི་གྲངས་སུ་ཚུད་པའི་ཞིབ་དཔྱོད་པས་བཅའ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ཐོག་དང་བོ་སྤེལ།ཞིབ་དཔྱོད་པའི་གྱོད་སྒྲུབ་ལས་ཀ་གྲངས་འབོར་ཅན་དུ་སྒྱུར་བའི་དོ་དམ་བྱེད་ཐབས(ལག་ལེན་ཚོད་ལྟ)དང་ཞིབ་དཔྱོད་པའི་ལས་ཆོད་དཔྱད་ཞིབ་ཀྱི་ལག་བསྟར་སྒྲིག་སྲོལ་ཕྲ་ཞིབ(ལག་ལེན་ཚོད་ལྟ)སོགས་ལམ་ལུགས་བཅུ་ལྷག་གཏན་འབེབས་བྱས་ཏེ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ཏུ་བསྟར། ལས་ཁུངས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པ་ལ་སྔར་ལས་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བསམའཆར(ལག་ལེན་ཚོད་ལྟ)གཏན་འབེབས་བྱས་ཏེ། ལས་བྱེད་པ་དང་ཉེན་རྟོག་པས་ལས་དོན་སྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་པའི་སྤྲོ་སེམས་ལ་སྐུལ་སློང་བྱས། རུ་ཁག་གི་ཆེད་ལས་ཅན་དང་དངོས་འཐབ་ཅན་གྱི་སློབ་གསོའི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེ་རུ་བཏང་སྟེ། ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་ཁྲིམས་རིག་སློབ་གླིང་ལ་“ཞིབ་དཔྱོད་དང་སློབ་གྲྭ་མཉམ་ལས”ཀྱི་ལམ་སྲོལ་བཙུགས་ཏེ། ཁུལ་ཡོངས་ཀྱི་ཞིབ་དཔྱོད་མི་སྣ་རྩ་འཛུགས་བྱས་ཏེ་རིམ་པ་ཁག་དང་རིགས་སོ་སོའི་སློབ་གསོའི་གསོ་སྦྱོང་ཐེངས་72སྤེལ་ཞིང་། མི(ཐེངས)་3621གསོ་སྦྱོང་ལ་ཞུགས་པས། འགན་ནུས་སྒྲུབ་པའི་ནུས་པ་མཐོ་རུ་བཏང་ཡོད། རྔ་བའི་ཞིབ་དཔྱོད་ཀྱི་སྐད་བརྡ་བཟང་བོ། རྔ་བའི་ཞིབ་དཔྱོད་ཀྱི་དྲང་ནུས་རང་འགུལ་ངང་བརྒྱུད་སྒྲོག་དང་། “རྔ་བ་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིསབདག་གི་སེམས་ཀྱི་མིག་དཔེ་སྟེ། ཞིབ་དཔྱོད་གཏམ་རྒྱུད་བཤད་དེ། ཏང་ཡོན་ཚད་ལྡན་བྱེད་པ’ཞེས་པའི་གཏམ་བཤད་འགྲན་བསྡུར་བྱ་འགུལ”སྤེལ།བློ་མཐུན་ཚེ་དོན་ཁུལ་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་སྔོན་ཐོན་མིག་དཔེར་བཀོད་ནས་དྲིལ་བསྒྲགས་སྐོར་གྱི་ཡར་ཞུ་ཁུལ་ཨུ་ལ་ཕུལ་ཏེ། ཁུལ་ཨུའི་འགོ་ཁྲིད་གཙོ་བོས་གདེང་འཇོག་རང་བཞིན་གྱིས་ཆོག་མཆན་མཛུབ་སྟོན་ཐོབ། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཞུང་ཡིག་བསྒྲགས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་བློ་མཐུན་ཚེ་དོན་ལ་སློབ་སྦྱོང་བྱེད་པའི་སྐུལ་སློང་གནང་། ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཀྲུང་དབྱང་བརྙན་འཕྲིན་དྲ་ཚིགས་སོགས་སྨྱན་གཟུགས་སུ་ངའི་ཨ་ཕ་ཞིབ་དཔྱོད་པ་ཡིནཞེས་པའི་བློ་མཐུན་ཚེ་དོན་གྱི་སྔོན་ཐོན་བྱས་རྗེས་ཀྱི་ཆེད་སྒྲིག་ལེ་ཚན་བཏང་སྟེ།  ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པས་བློ་མཐུན་ཚེ་དོན་མིག་དཔེར་བཟུང་ནས། ཐོག་མའི་བསམ་འདུན་མི་བརྗེད་ཅིང་། དཀའ་ངལ་སྣ་ཚོགས་སེལ་ནས་མདུན་དུ་བསྐྱོད་པར་སྐུལ་སློང་བྱས། ཚེ་དོན་དང་ཀའོ་རུའེ་ཐའོ་སྟེ་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པ་2དེ་2017ལོའི“ཡིད་དབང་འགུག་པའི་རྔ་བའི་ལོ་འཁོར་གྱི་ཕུལ་བྱུང་མི་སྣ”་བདམས། སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་གྱི་ངང་ཚུལ་ཆགས་པའི་ཁོར་ཡུག་ཕྱོགས་མཐའ་ཀུན་ནས་འཛུགས་སྐྲུན་བྱས་ཏེ། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་ཁུལ་རིམ་ཡན་གྱི་ཐུན་མོང་གཟེངས་བསྟོད་(ཐེངས)30དང་། མི་སྒེར་གཟེངས་བསྟོད་(ཐེངས)72།  མི(ཐེངས) 3ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་དང་། མི(ཐེངས) 41ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་བཀོད། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཁུལ་ཞིབ་དཔྱོད་ཁང་ལ་ཐུན་མོང་གཟེངས་བསྟོད་རིམ་པ་གཉིས་པ་བཀོད། “T225”ཆེད་སྒྲིག་གྱོད་གཞི་ཚན་ཁག་ལ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཞིབ་དཔྱོད་ཁང་གཉིས་ཀྱིས་བརྡ་ཁྱབ་སྤེལ་ནས་གཟེངས་བསྟོད་བྱས་པ་དང་བྱས་རྗེས་བཀོད།

ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམིགས་ཡུལ་དུ་བཟུང་སྟེ། ཞིབ་དཔྱོད་ལས་ཀའི་གཞི་རིམ་རྨང་གཞི་འཛུགས་སྐྲུན་ནན་འཛིན་བྱས།   ལས་སྒོ་དང་། རུ་ཁག དོ་དམ། འགན་ལེན་སོགས་ཐད་ནས་གཞི་རིམ་ཞིབ་དཔྱོད་ཁང་གི་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་ཇུས་བཀོད་བྱས་ཏེ། གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་འདིང་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་ལ་ཤུགས་སྣོན་བྱས། “ གཞི་རིམ་དུ་ལས་སྒྲུབ་བྱེད་སྟངས”ལག་ཏུ་བསྟར་ཏེ།  གཞི་རིམ་ཞིབ་དཔྱོད་ཁང་དང་འབྲེལ་གཏུག་བྱེད་པའིི་ལམ་ལུགས་དོན་འཁྱོལ་དང་། གཞི་རིམ་ཞིབ་དཔྱོད་ཁང་དུ་བསྐྱོད་དེ་ཤེས་ལྡན་མི་སྣའི་རུ་ཁག་གི་བརྟག་དཔྱད་ཞིབ་འཇུག་ལས་ཀ་སྤེལ་ཏེ། དོན་དངོས་གནད་ལ་འཁེལ་བར་ཁོང་དུ་ཆུད་པ་དང་། ཞིབ་དཔྱོད་ཁང་གི་དོན་དངོས་གནས་དང་བསྟུན་ནས་བོད་ཁུལ་ལ་རོགས་སྐྱོར་དང་རོགས་སྐྱོར་དང་དུ་ལེན་པའི་ལས་ཀ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པ་དང་ཉེན་རྟོག་པ་ཕན་ཚུན་མངགས་ཏེ་འགན་བཀལ་སྦྱོང་བརྡ་དང་། གྱོད་གཞི་ལ་གཞིགས་ནས་སློབ་སྦྱོང་སྤེལ་རེས་བྱེད་པའི་མི་ཁྱོན་བསྡོམས་48དང་། སྐོར་20དང་མི(ཐེངས)་406དུ་སླེབས། རོགས་སྐྱོར་མ་དངུལ་སྒོར་ཁྲི་530ལྷག་དང་ལེན་བྱས། དྲ་སྦྲེལ+ཞིབ་དཔྱོད་ལས་དོནགྱི་རྣམ་པ་ལ་རང་འགུལ་ངང་བསྟུན་ཐབས་བྱས་ཏེ། སྨྱན་སྦྱོར་དུས་སྐབས་ཀྱི་ཞིབ་དཔྱོད་ཀྱི་སྤྱི་པའི་འབྲེལ་བ་བཙུགས་པ་དང་། གཞུང་ཕྱོགས་དྲ་ཚིགས་དངཕྲན་གཉིས་སྣེ་གཅིག སོགས་ལ་བརྟེན་ནས། ཞིབ་དཔྱོད་ཆ་འཕྲིན་རིགས་སོ་སོ་800ལྷག་ཡོངས་ལ་བསྒྲགས། ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ། གཞི་རིམ་ཞིབ་དཔྱོད་ཁང་4ཡིཁང་བ་གཉིསཞེས་པ་དང་དེ་མིན་ཉེན་ཟོན་སློབ་གསོའི་གནས་གཞི་འཛུགས་སྐྲུན་བརྟན་པོ་སྐུལ་འདེད་བཏང་།

     འཐུས་མི་རྣམ་པ།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཀ་ལ་ཐོབ་པའི་གྲུབ་འབྲས་དང་ཡར་རྒྱས་ནི།ཏང་ཨུ་དང་གོང་རིམ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བརྟན་པོ་དང་། དམངས་འཐུས་ཀྱི་ལྟ་སྐུལ་ནུས་ལྡན།  སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ལས་རིགས་སོ་སོ་དང་མི་དམངས་མང་ཚོགས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་གྱི་འབྲས་བུ་ཡིན་པས། འདི་ནས་ངས་རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་དང་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་པ་དང་ཉེན་རྟོག་པའི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ།། 

   ལོ་གཅིག་གི་ལས་ཀ་ལ་ཕྱིར་མིག་བལྟས་ན། གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་མོད། ཡིན་ནའང་གནད་དོན་དང་ཞན་ཆ་ད་རུང་ཡོད་དེ། གཙོ་བོར་འདི་ལྟ་སྟེ། གཅིག་ནི་ཁྲིམས་ལུགས་ལྟ་སྐུལ་གྱི་འགན་ནུས་འདོད་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་བར་ལ་ད་རུང་བར་ཁྱད་ཡོད་པ་དང་། ཞིབ་དཔྱོད་ལྟ་སྐུལ་ལས་ཀའི་རྣམ་གྲངས་སོ་སོ་སྤེལ་བ་དོ་མི་མཉམ་པ། གཉིས་ནི་རུ་ཁག་སྤྱིའི་གྲུབ་ཆ་དང་བྱང་ཚད་ད་དུང་སྔར་བས་ལེགས་སྒྱུར་དང་ཇེ་མཐོར་གཏོང་དགོས་པ་དང་། ཁྲིམས་འཛིན་འདུ་ཤེས་དང་། ཁྲིམས་འཛིན་བྱེད་སྟངས་སྔར་བས་ལེགས་བཅོས་དང་ཚད་ལྡན་དུ་བསྒྱུར་དགོས། གསུམ་ནི་གཞི་རིམ་རྨང་གཞིའི་ལས་དོན་འཕེལ་རྒྱས་དོ་མི་མཉམ་པ་དང་། ཞིབ་དཔྱོད་ལས་དོན་གྱི་འགན་ལེན་དང་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ཆུ་ཚད་ད་རུང་དམའ་བ། བཞི་ནི་གཞི་རིམ་ཞིབ་དཔྱོད་ཁང་ཁ་ཤས་སུ་ཤེས་ལྡན་མི་སྣ་བསྡུ་ལེན་བྱེད་དཀའ་བ་དང་གཏན་གནས་མིན་པའི་གནད་དོན་འབུར་དུ་ཐོན་པ“སྐད་གཉིས་སྨྲ་བའི”ཤེས་ལྡན་མི་སྣའི་དགོས་མཁོ་སྐོང་མ་ཐུབ་སོགས་གནད་དོན་མི་ཉུང་བ་གནས་པས། དེ་ལ་ང་ཚོས་ཚད་མཐོ་བའི་སྒོ་ནས་མཐོང་ཆེན་བྱས་ཏེ།  སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན། 

         2018ལོའི་ཞིབ་དཔྱོད་ལས་ཀའི་གཙོ་གནད།

  2018ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཀའི་སྤྱིའི་བསམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཀྱིས་ཞིབ་དཔྱོད་ལས་ཀ་ལ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་དང་།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའིདགོངས་དོནབཅས་ཕྱོགས་ཡོངས་ནས་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐ་ཕྱིན་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཁྱབ་བཀོད་སྒྲིག་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཀྲུང་དབྱང་དང་ཞིང་ཨུའི་བོད་སྐྱོང་འཐབ་ཇུས་བྱེད་ཕྱོགས་ལག་ལེན་ནན་ཏན་དང་།  ཁུལ་ཨུའི“འཛིན་པ་ལྔ”ཡི་སྤྱི་ཁྱབ་ལས་ཀའི་བླང་བྱ་བརྩི་སྲུང་། “འདུ་ཤེས་བཞི”དང“གདེང་ཚོད་བཞི”བརྟན་པོ་ཆགས་སུ་འཇུག་རྒྱུ།  ཁྲིམས་འཛིན་ལམ་སྲོལ་བསྒྱུར་བཅོས་ཀྱི་བླང་བྱ་སོ་སོ་སྔར་བས་དོན་ཐོག་ཏུ་འཁྱོལ་ཏེ།  ཞིབ་དཔྱོད་ཀྱི་ལྟ་སྐུལ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། “ས་ཁུལ་གསུམ་དང་ལྟེ་གནས་གཅིག”གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་གཙོ་བོའི་ལས་དོན་རྣམ་པ་བདུན་དེ་རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་གྱི་མདུན་གྲས་སུ་བསྐྱོད་པར་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་རྔ་བའི་རྣམ་པ་གསར་པ་ཧུར་ཐག་གིས་སྐྲུན་པ་བཅས་ཆེད་དུ་ ཁྲིམས་འཛིན་ཁག་ཐེག་ནུས་ལྡནའདོན་སྤྲོད་བྱ་རྒྱུ་དེ་ཡིན།  

  དང་བོ།  འགན་ནུས་ཁྲིམས་ལྟར་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ངང་ལས་དོན་གཙོ་གནད་ལ་ཞབས་ཞུ་བྱ་དགོས། རྒྱལ་ཁབ་སྤྱིའི་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། བོད་ལྗོངས་སྤྱི་ཚོགས་ངོས་ཁྲིམས་བཞིན་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་དང་དགོན་སྡེ་གལ་ཆེན་བཅོས་སྒྲིག་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་དང་། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་གསོག་དང་ཉེས་དོན་ཉེས་གསོག་ཚབས་ཆེན་སྣ་ཚོགས་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱེད་དེ། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། དཔལ་འབྱོར་དངུལ་རྩའི་ཉམས་ཉེན་དེ་ཁྲིམས་འཛིན་ལྷུ་ཚིགས་སུ་བརྒྱུད་འདྲེན་དངོས་གནས་བྱེད་ཐུབ་མིན་ལ་དོ་ཁུར་ཆེན་པོ་བྱ་དགོས་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་རྒྱུ་ནོར་གྱི་བདག་དབང་དང་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོང་བྱ་དགོས། སྣོད་བཅུད་ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་དང་། སླར་གསོའི་རང་བཞིན་གྱི་ཁྲིམས་འཛིན་འདུ་ཤེས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྤེལ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་ཞབས་ཞུ་བྱ་དགོས། 

  གཉིས་པ། འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཞིབ་དཔྱོད་ཀྱི་ལྟ་སྐུལ་ནུས་པ་མཐོར་འདེགས་སུ་གཏོང་དགོས། ལྟ་སྐུལ་གྱི་འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་ཏེ། ཉེས་དོན་ལ་ཞིབ་དཔྱོད་ལྟ་སྐུལ་དང་། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེ་གཏོང་བ་དང་། གྱོད་གཏུག་དག་འབུཀྱི་ཞིབ་དཔྱོད་ལྟ་སྐུལ་དངོས་སུ་ལག་ཏུ་བསྟར་བ། ནར་མ་སོན་པའི་མིའི་ཉེས་དོན་གྱི་ཞིབ་དཔྱོད་ལྟ་སྐུལ་དེ་བས་ཞིབ་ཚགས་སུ་གཏོང་དགོས། རྔ་བའི་ཞིབ་དཔྱོད་ཀྱི་ཁྱད་ཆོས་ལྡན་པའི་ནར་མ་སོན་པའི་ཉེན་ཟོན་སློབ་གསོ་གནས་གཞི་འཛུགས་སྐྲུན་བྱ་དགོས། ཆེད་ལས་བྱང་ཚད་ཇེ་མཐོར་གཏོང་དགོས་པ་དང་། “སྲིད་འཛིན་ལ་ཆ་རྒྱུས་ཡོད་མཁན་དང་། བརྟག་དཔྱད་ཤེས་མཁན། གཞུང་གཏུག་ལ་མཁས་པའི”སྤྱི་ཕན་གཏུག་བཤེར་གྱི་ཆེད་ལས་རུ་ཁག་འཛུགས་དགོས། སྤྱི་ཕན་གཏུག་བཤེར་དེ་ཏང་ཨུ་དང་། སྲིད་གཞུང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་།  སྤྱི་ཕན་གཏུག་བཤེར་ལས་ཀ་ཕྱོགས་ཡོངས་ནས་སྤེལ་དགོས། ཁྲིམས་འཛིན་གྱི་ཆོས་ཉིད་ལ་བརྩི་སྲུང་དང་། སྐྱར་གཅོད་ཡང་ཞུ་དང་། ཁྲིམས་འགལ་ཡོ་བསྲང་། ཞིབ་དཔྱོད་གྲོས་འགོ་འདོན་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་བདེ་སྤྱོད་བྱས་ཏེ། ལྟ་སྐུལ་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས། ལྟ་སྐུལ་རྣམ་གྲངས་གལ་ཆེན་ལ“ གྱོད་གཞི་ཅན” གྱི་ཞིབ་གཅོད་རྣམ་པ་འཚོལ་ཞིབ་བྱས་ཏེ།  ལྟ་སྐུལ་ཞིབ་ཚགས་ཅན་དང་། གནད་འཁེལ་རང་བཞིན་ཇེ་མཐོར་གཏོང་དགོས།

  གསུམ་པ། བསྒྱུར་བཅོས་འགན་འཁྲི་ལག་ཏུ་བསྟར་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ཚད་ལྡན་དུ་སྒྱུར་དགོས། ཏང་ཨུའི་འགོ་ཁྲིད་དང་བཀོད་སྒྲིག་འོག  ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུངས་སྣེ་ཐག་གཅོད། གྱོད་གཞི་བརྒྱུད་སྤྲོད་བྱེད་པ་སོགསཀྱི་ཐད་མཐུན་སྦྱོར་འབྲེལ་མཐུད་ལམ་སྲོལ་འཛུགས་སྐྱོང་དམ་འཛིན་བྱ་དགོས་པ་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་གྱོད་དོན་དེ་ཞིབ་དཔྱོད་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་རྗེས། བཙན་ཤེད་ཀྱི་ཐབས་དང་། འདྲི་དཔྱོད་ཁྲིམས་སྦྱོར་དང་གཞུང་གཏུག་ཞིབ་བཤེར་སོགས་ཁྲིམས་ལྟར་ལག་ལེན་བྱ། ཞིབ་དཔྱོད་ལམ་སྲོལ་བསྒྱུར་བཅོས་སྐུལ་སྤེལ་གཏོང་བའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་དང་། གདམ་གསེས་ཚད་གཞི་དང་གོ་རིམ་ནན་པོ་བྱས་ཏེ། གཏན་འཁེལ་མི་སྣ་རྒྱུན་ལྡན་ཕྱིར་འཐེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལག་ལེན་ནན་མོ་དང་། ཞིབ་དཔྱོད་འགན་དབང་བཀོད་སྒྲིག་ཚད་ལྡན། ཞིབ་དཔྱོད་དབང་ཆའི་འཁོར་སྐྱོད་ལམ་སྲོལ་དང་ཞིབ་དཔྱོད་ལས་རིགས་ཀྱི་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། ཞིབ་དཔྱོད་པ་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་གྱི་འཛུགས་སྐྲུན་་ཤུགས་བསྣན་ཏེ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་མཐོར་གཏོང་དགོས། ཁྲིམས་འཛིན་ལས་ཆོད་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནང་ཁོངས་ཀྱི་སྒྲིག་གཞི་བསྒྱུར་བཅོས་དང་།  མི་རྒྱུ་དངོས་གསུམ་གྱི་གཅིག་གྱུར་གྱིས་དོ་དམ། ཁྲིམས་རའི་འདྲི་གཅོད་དོན་དངོས་ཅན་དུ་འགྱུར་བ་སོགས་ལས་ཀ་བརྟན་པོས་གོང་དུ་སྤེལ་དགོས། ཞིབ་དཔྱོད་ཀྱི་ཞོར་འདེགས་མི་སྣ་དང་ཁྲིམས་འཛིན་སྲིད་འཛིན་མི་སྣ་ལ་སྔར་བས་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ། ལས་ཀའི་བརྩོན་སེམས་ལ་སྐུལ་སློང་དང་སྲུང་སྐྱོང་བྱས་ནས། ཞིབ་དཔྱོད་ལམ་སྲོལ་བསྒྱུར་བཅོས་དེ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་དང་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། 

  བཞི་བ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་མཐའ་འཁྱོངས་བྱས་ཏེ། ཞིབ་དཔྱོད་ཀྱི་རུ་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས། ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་བཟོ་བཅོས་བྱས་པའིཏང་གི་སྒྲིག་ཡིགགསར་བ།  “ཚད་གཞི་གཉིས་དང་སྲོལ་ཡིག་གཉིས”ཀྱི་གཏན་འབེབས་ལག་ལེན་མཐའ་འཁྱོལ་བྱས་ཏེ།  “ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཞེས་པའི་བརྗོད་བྱ་གཙོ་བོ་སློབ་གསོའི་བྱེད་སྒོ་ལེགས་པོར་སྤེལ་དགོས་པ་དང་། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཕྱོགས་ཡོངས་ནས་ཏང་དང་ཞིབ་དཔྱོད་ནན་པོར་སྐྱོང་བའི་འགན་འཁྲི་གཙོ་བོ་དེ་ལག་ཏུ་བསྟར་དགོས་པ་དང་།  འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་ཏང་ནང་གི་ཆབ་སྲིད་འཚོ་བ་དེ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་ཞིང་། ཏང་ནང་གི་ལྟ་སྐུལ་ནན་པོར་བྱ་དགོས། སྒྲིག་ཁྲིམས་དང་སྒྲིག་སྲོལ་ཨང་དང་པོར་འཇོག་པ་མཐའ་འཁྱོངས་དང་། “འགན་འཁྲི་གཉིས” དོན་འཁྱོལ་ནན་པོ། “བཟོད་སྒོམ་གཏན་ནས་མི་བྱེད་པའི” རྣམ་འགྱུར་གྱིས་གཡག་ཁྱུ་རྫོད་མཁན་གྱི་གཡག་ཆད་ལ་མཐའ་གཅིག་ཏུ་ཞིབ་གཅོད་བྱ་དགོས། ཞིབ་དཔྱོད་རུ་ཁག་ཆེད་ལས་ཅན་གྱི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ལས་རིགས་སྙིང་སྟོབས་སྐྱེད་སྲིང་དང་། ལས་འགན་འཁྲི་སྒྲུབ་བྱེད་ནུས་ཇེ་ཆེར་གཏོང་དགོས། “མཐོང་ཆེན་གསུམ”དང“སྒྲུབ་པ་གསུམ”གྱི་སྒོ་ནས་མི་སྣ་འདེམས་སྤྱོད་ཀྱི་ཡང་དག་ཁྲིད་ཕྱོགས་མཐའ་མཁྱོངས་དང་། “ གཞི་རིམ་དུ་ལས་དོན་སྒྲུབ་སྟངས”ལག་ལེན་ཏན་ཏིག་བྱ་དགོས།

  ལྔ་བ། གཞི་རིམ་གྱི་རྨང་གཞི་བརྟན་པོར་འདིང་རྒྱུ་རྒྱུན་འཁྱོངས་བྱས་ཏེ  ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རིམ་ཞིབ་དཔྱོད་ཁང་གི“ཅན་བརྒྱད”འཛུགས་སྐྲུན་གྱི་བླང་བྱ་ལྟར།  ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གཞི་རིམ་ཞིབ་དཔྱོད་ཁང་གི་ཤེས་ལྡན་མི་སྣའི་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། གཞི་རིམ་ཞིབ་དཔྱོད་ཁང་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བོད་ཁུལ་ལ་རོགས་སྐྱོར་དང་རོགས་སྐྱོར་དང་དུ་ལེན་པའི་ལས་ཀ་ཟབ་སྤེལ་བྱ་དགོས་པ་དང་། རོགས་སྐྱོར་གནང་བའི་ཞིབ་དཔྱོད་ཁང་གི་ཚན་རིག་དང་མཐུན་པའི་དོ་དམ་བྱེད་སྟངས་དང་། སྔོན་ཐོན་གྱི་ཁྲིམས་འཛིན་འདུ་ཤེས་དང་གྱོད་སྒྲུབ་ཉམས་མྱོང་སོགས་ཧུར་ཐག་གིས་བསྡུ་ལེན་བྱེད་པ། རང་ཉིད་ཀྱི་ཟུངས་ཁྲག་སྐྲུན་པ་ལྟ་བའི་རང་བརྟེན་ནུས་པ་ཇེ་ཆེར་གཏོང་དགོས། ཞིབ་དཔྱོད་སྤྱི་པའི་འབྲེལ་བའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཤིང་། ཁྱོན་ཡོངས་ནས་ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་ཟབ་སྤེལ་དང་། ཕྱི་ལོགས་ཀྱི་ལྟ་སྐུལ་དང་ལེན་དང་ཚོད་འཛིན་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིབ་དཔྱོད་ལས་སྒོའི་འགན་ལེན་དང་ཞིབ་དཔྱོད་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཚན་རྩལ་དང་ཞིབ་དཔྱོད་ལས་དོན་མཉམ་འདྲེས་ཟབ་འཇུག་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། “ ཤེས་རིག་ལྡན་པའི་ཞིབ་དཔྱོད་ལས་དོན” འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

       འཐུས་མི་རྣམ་པ།  དུས་རབས་གསར་བ་དང་ལས་འགན་གསར་བ་ལ་འཕྲད་པའི་ལོ་གསར་བའི་ནང་དུ། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས། ལྷག་བསམ་རྣམ་དག་གིས་འགན་ཁུར་ཕོད་པ་དང་།   དོན་དངོས་གཉེར་བ་བཅས་ཀྱི་སྒོས། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་རང་འགུལ་ངང་བེད་སྤྱད་དེ།   ཞིབ་དཔྱོད་ལས་དོན་སོ་སོ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ།   ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་ཞུའི་ཁྲོད་དུ་ཞིབ་དཔྱོད་ལས་དོན་གོང་དུ་སྤེལ། ཞིབ་དཔྱོད་འགན་ནུས་ལག་ལེན་གྱི་ཁྲོད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པར་བརྟེན།  རང་ཁུལ་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་མཛེས་སྡུག་ལྡན་པའི་རྔ་བ་སྐྲུན་ཐུབ་པ་ལ་ནུས་ཤུགས་སྔར་བས་ལྡན་པའི་ཁྲིམས་འཛིན་ཁག་ཐེག་མཁོ་སྤྲོད་བྱ་རྒྱུ་ཡིན་ནོ།།

                           འབྲེལ་ཡོད་ཐ་སྙད་ཀྱི་མཆན་འགྲེལ

      ཕྱོགས་བཞི་གཞི་གཅིག་ནི།    ཞིབ་དཔྱོད་ལྟ་སྐུལ་དང་།   ཁྲིམས་གཉིས་འབྲེལ་མཐུད།  ཕྱོགས་བསྡུས་ལེགས་སྒྲིག  སྐྱེ་ཁམས་སྐྱིན་གསབ་བཅས་བཞི་ལ་ཟེར། 

  སྔོན་འགོག་ཐེ་ཞུགས་ནི།  ལས་ཐོག་ཉེས་གསོག་སྔོན་འགོག་གི་ལས་ཀར་ཐེ་ཞུགས་བྱས་པ་ལ་ཟེར། དེ་ལ་གཙོ་བོ་དོན་དག་མ་བྱུང་གོང་གི་ཐེ་ཞུགས་དང་། དོན་དག་ཁྲོད་དུ་ཐེ་ཞུགས། དོན་དག་བྱུང་རྗེས་སུ་ཐེ་ཞུགས་བྱས་པ་བཅས་བྱེད་སྟངས་གསུམ་ཡོད།

  སྔོན་འགོག་བརྟག་དཔྱད།  ལས་ཐོག་ཉེས་གསོག་གི་འབྱུང་རྐྱེན་དང་། ཁྱད་ཆོས། ཆོས་ཉིད་བཅས་ཁོང་དུ་ཆུད་པ་བྱེད་ཆེད།  ནུས་ལྡན་གྱི་བཅོས་སྒྲིག་བྱ་ཐབས་འཚོལ་བ་དང་། ངེས་ཅན་གྱི་ཁྱབ་ཁོངས་དང་། མ་ལག སྡེ་ཚན་དང་དེའི་དབང་ཆ་འཁོར་སྐྱོད་ལྷུ་ཚིགས་ནང་ལས་ཐོག་ཉེས་གསོག་བྱུང་སླ་བའི་ཉེན་ཆེའི་ལྷུ་ཚིགས་སུ་ལག་བསྟར་བྱས་པའི་དོན་དངོས་ཁུངས་སྐྱེལ་ཞིབ་འཇུག་དང་། ཕྱོགས་བསྡུས་དབྱེ་ཞིབ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཟེར།

  མི་སྣ་རིགས་བཞི་ནི། བར་དཔང་དང་། གསལ་འབྱེད་མཁན། མྱུལ་ཞིབ་མི་སྣ། ཆེད་ལས་ཤེས་བྱ་ཡོད་མཁན་བཅས་ལ་ཟེར།

  སྤྱི་ཕན་གཏུག་བཤེར།  2017ལོའི་ཟླ6པའི་ཚེས27ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་བརྒྱད་པ(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས)དང(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས)བཟོ་བཅོས་སྐོར་གྱི་གཏན་འབེབས།གནང་སྟེ། དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་ང་བཞི་བ་དང་།  སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་ཉི་ཤུ་རྩ་ལྔ་བ་ལ་བཟོ་བཅོས་བྱས་ཏེ།  ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་དངོས་སུ་གཏན་འཁེལ་བྱས་པ་དང་། ཟླ7པའི་ཚེས་1ཉིན་ནས་བཟུང་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ་རེད། མི་དམངས་ཞིབ་དཔྱོད་ཁང་གིས་བཟོ་བཅོས་བྱས་རྗེས་ཀྱི་བཅའ་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་དང་། ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས། ཟས་རིགས་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས། རྒྱལ་དབང་རྒྱུ་ནོར་སྲུང་སྐྱོང་། རྒྱལ་དབང་ཞིང་སའི་སྤྱོད་དབང་བཤུག་སྤྲོད་གྱོད་གཞི་ལ་ཁྲིམས་ལྟར་ཞིབ་གཅོད་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་བསྟར་ནན་པོ་བྱེད་པར་སྐུལ་འདེད་བཏང་།

  ཁྲིམས་གཉིས་སྦྲེལ་མཐུད(མིང་ཆ་ཚང་ལ་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོནཁྲིམས་འཛིན་གཉིས་ཀྱི་སྦྲེལ་མཐུད་ལས་ཀ)ཟེར་ནི། བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་གཏན་འབེབས་ལྟར།  སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། མི་དམངས་ཁྲིམས་ཁང་གིས་ཆ་འཕྲིན་མཉམ་སྤྱོད་དང་། གྱོད་གཞི་རྩིས་སྤྲོད། ཕན་ཚུན་བར་མཐུན་སྦྱོར་དང་གཞོགས་འདེགས། ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ཐད་དུ་ལས་ཀའི་ལམ་ལུགས་བཙུགས་ཏེ། སྲིད་འཛིན་ཁྲིམས་བསྟར་བརྒྱུད་རིམ་ཁྲོད་ཕལ་ཆེར་ཉེས་གསོག་དོགས་གཞི་ཡོད་པའི་གྱོད་དོན་ངེས་པར་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པའི་ཁྲིམས་འཛིན་གོ་རིམ་དུ་འགྲོ་དགོས། ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱས་ཏེ། མཉམ་དུ་ཉེས་གསོག་ལ་རྡུང་རྡེག་བཏང་ནས། ནག་ཉེས་ཡོད་ཀྱང་བདའ་འདེད་མི་བྱེད་པ་དང་དངུལ་ཆད་ཀྱིས་ཉེས་ཆད་ཀྱི་ཚབ་བྱེད་པའི་རྣམ་པ་སྔོན་འགོག་བྱེད།

  ཟུར་སྣོན་ཆ་རྐྱེན་གྱིས་ཁྲིམས་སྦྱོར་མི་བྱེད་པ་ནི། བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་དམངས་ཀྱི་ལུས་ཁམས་ཁེ་དབང་དང་དམངས་གཙོའི་ཁེ་དབང་ལ་གནོད་སྐྱེལ་བ། རྒྱུ་ནོར་ལ་གནོད་འཚེ་བཏང་བ། སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་གནོད་སྐྱེལ་བར་དོགས་ཡོད་པའི་ནག་ཉེས་ལ། ཕལ་ཆེར་ལོ་གཅིག་གི་དུས་བཀག་བཙོན་འཇུག་མན་གྱི་ཁྲིམས་ཐག་གཅོད་པ་དང་། ཁྲིམས་སྦྱོར་ཆ་རྐྱེན་དང་མཐུན་མོད། འོན་ཀྱང་རང་ཉེས་འགྱོད་བཤགས་བྱེད་པའི་སྐྱེ་བོ་ནར་མ་སོན་པ་ལ། དུས་ངེས་ཅན་ཞིག་གི་ནང་དུ་ཆ་རྐྱེན་གཏན་ཁེལ་བྱས་ཏེ་ལྟ་སྐུལ་བརྟག་དཔྱད་བྱེད་པ་དང་། བརྟག་དཔྱད་བྱས་པའི་རིང་གི་མངོན་ཚུལ་གཞིར་བཟུང་ནས། དེ་ལ་ཁྲིམས་སྦྱོར་བྱེད་པའམ་ཡང་ན་ཁྲིམས་སྦྱོར་མི་བྱེད་པ་གཏན་ཁེལ་བྱེད་པའི་ལམ་ལུགས་ཤིག་གོ།

  རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོར་ནི། ཉེས་གསོག་བྱ་སྤྱོད་ཀྱི་གནོད་འཚེ་ཕོག་པ་དང་། གོ་ཆོད་པའི་སྐྱིན་ཚབ་ལེན་མ་ཐུབ་པར་འཚོ་བ་དཀའ་ངལ་གྱི་གནས་ལ་ཐུག་པའི་གྱོད་བདག་ལ། རྒྱལ་ཁབ་ཀྱིས་ཆེད་སྤྱོད་མ་དངུལ་ལས་འོས་འཚམས་ཀྱི་དཔལ་འབྱོར་རོགས་སྐྱོར་བྱས་ཏེ། གྱོད་བདག་གི་འཚོ་བའི་དཀའ་ཁག་སེལ་རོགས་བྱས་པར་གོ།

  ཉེས་དོན་བར་འདུམ་ནི།བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། དམངས་ཁྲོད་རྩོད་གླེང་གི་རྐྱེན་གྱིས་སྤྱི་དམངས་ཀྱི་ལུས་ཁམས་ཁེ་དབང་དང་དམངས་གཙོའི་ཁེ་དབང་ལ་གནོད་ཐེབས་པ།  རྒྱུ་ནོར་ལ་གནོད་འཚེ་བཏང་བར་དོགས་གཞི་ཡོད་པ་ལ། ཕལ་ཆེར་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་མན་གྱི་ཁྲིམས་ཆད་བཅད་པའི་ནག་ཉེས་གྱོད་དོན་དང་། འགན་འཛོལ་ནག་ཉེས་ལས་མ་གཏོགས་པའི་ནག་ཉེས་ལ་ཕལ་ཆེར་ལོ་བདུན་གྱི་དུས་བཀག་བཙོན་འཇུག་མན་གྱི་ཁྲིམས་ཆད་བཅད་པའི་ལས་འཛོལ་གྱི་བྱས་ཉེས་གྱོད་དོན་ལས། ནག་ཉེས་དོགས་གནད་ཡོད་པའི་མིའམ་ཡང་ན་གྱོད་ཡ་ཡིས་ལོ་ལྔའི་ནང་དུ་བསམ་བཞིན་བྱས་ཉེས་མ་བསགས་པར། ནག་ཉེས་དོགས་གནད་ཡོད་པའི་མིའམ་ཡང་ན་གྱོད་ཡས་བསམ་པ་རྣམ་དག་གིས་རང་ཉེས་འགྱོད་བཤགས་བྱས་པ་དང་། གནོད་འཚེ་ཕོག་མཁན་ལ་གྱོང་གུན་སྐྱིན་ཚབ་དང་དགོངས་དག་ཞུ་བ་ལ་སོགས་པའི་ཐབས་ལམ་བརྒྱུད་དེ། གནོད་འཚེ་ཕོག་མཁན་གྱིས་བཟོད་སྒོམ་བྱས་ཤིང་རང་མོས་ཀྱིས་བར་འདུམ་བྱས་ན། དོ་བདག་ཕྱོགས་གཉིས་ཀྱིས་དམངས་དོན་སྐྱིན་ཚབ་སྐོར་ལ་བར་འདུམ་བྱས་ཆོག བར་འདུམ་བྱས་རྗེས། མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་མི་བྱེད་པའི་གཏན་ཁེལ་བྱེད་པའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་གུ་ཡངས་གཏོང་བར་བསམ་འཆར་བཏོན་ཆོག

  “ལྟ་སྡུར་བཞི་དང་མཐོར་འདེགས་བཞིའི་སྒོ་ནས། བློ་དཀར་ཟོལ་མེད་ཀྱི་སྲུང་དམག་བྱ ” ཞེས་པའི་ཆེད་དོན་སློབ་གསོ་ནི།  སི་ཁྲོན་ཞིང་ཆེན་སྲིད་ཁྲིམས་མ་ལག་གིས་ཞིང་ཨུའི་བཀོད་བསྒྲིག་ལྟར། “ ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས་པའི” བླང་བྱ་ལྟར། ཆབ་སྲིད་ཀྱི་ངེས་ཤུགས་ཇེ་མཐོར་གཏོང་བ་དང་། “མི་དམངས་ལ་ཞབས་འདེགས་ཞུ་བའི”བླང་བྱ་ལྟར། ཞབས་ཞུའི་ཕྱོད་ནུས་ཇེ་ཆེར་གཏོང་། “ ཁྲིམས་བསྟར་དྲང་གཞག” གི་བླང་བྱ་ལྟར།  ཁྲིམས་བསྟར་ཁྲིམས་འཛིན་ལ་སྤྱིའི་ཡིད་རྟོག་བྱེད་ཚད་ཇེ་མཐོར་གཏོང་། “སྒྲི་ཁྲིམས་དམ་ནན” གྱི་བླང་བྱ་ལྟར་དུརུལ་སུངས་ངོ་རྒོལགྱི་ངེས་ཤུགས་ཆེ་རུ་གཏོང་བ་བཅས་ནང་དོན་གཙོ་བོའི་ཆེད་དོན་སློབ་གསོ་ལ་ཟེར།

  གསལ་ཐོ་གསུམ།  “ལྟ་སྡུར་བཞི་དང་མཐོར་འདེགས་བཞིའི་སྒོ་ནས། བློ་དཀར་ཟོལ་མེད་ཀྱི་སྲུང་དམག་བྱ ” ཞེས་པའི་ཆེད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ།  རྔ་བ་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་ནན་པོར་སྐྱོང་བ་དང་། ཞིབ་དཔྱོད་ནན་པོར་སྐྱོང་བ།  ཞིབ་དཔྱོད་དཔོན་ཆེན་ནན་པོར་སྐྱོང་བ་བཅས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་རང་བཤེར་དཔྱད་དཔོག་བྱ་འགུལ་སྤེལ་ཏེ། གཏན་འབེབས་བྱས་པའི་གནད་དོན་གསལ་ཐོདང་། ལེགས་སྒྲིག་གསལ་ཐོ》《འགན་འཁྲིའི་གསལ་ཐོབཅས་ལ་ཟེར།

  གཞི་རིམ་ཞིབ་དཔྱོད་ཁང་གི“ཅན་བརྒྱད”འཛུགས་སྐྲུན་ནི། ཁྲིམས་འཛིན་ཚད་མཐུན་ཅན་དང་ཚད་ལྡན་ཅན། དཔུང་སྡེ་ཆེད་ལས་ཅན་དང་ལས་རིགས་ཅན། དོ་དམ་ཚན་རིག་ཅན་དང་ཆ་འཕྲིན་ཅན། འགན་སྲུང་དེང་རབས་ཅན་དང་རྒྱུན་མཁོ་ཅན་བཅས་ལ་ཟེར་རོ།།


རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཡིག་སྒྱུར་ཚན་ཁག་གི་འབྲུག་མོས་བསྒྱུར། དཔོན་གོ་དང་སྒྲོལ་དཀར་སྐྱིད་ཀྱིས་ཞུ་དག་བྱས།

责任编辑:俄尖泽仁

扫一扫在手机打开当前页