当前位置: 首页 / 翻译园地 / 公文

阿坝州十二届人大四次会议文件﹙十八﹚

发布时间:2020-03-20
字体:
来源:州编译局
分享到:

阿坝州十二届人大
四次会议文件﹙十八﹚

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

2020ལོའི་ཟླ་བ་དང་བོའི་ཚེས11ཉིན།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་

བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཐོག

རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན།          དབྱང་ཁའེ་ཉིང་།

འཐུས་མི་རྣམ་པ།

ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་ཞིབ་བཤེར་གནང་རོགས། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་དགོངས་འཆར་སྩོལ་རོགས།

2019ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།

འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ལ། རང་ཁུལ་གྱིསཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམགྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་འགོ་ཚུགས་པའི་ལོ་ཞིག་རེད། ལོ་གཅིག་གི་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེའདུ་ཤེས་བཞིཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞིབརྟན་དུ་གཏོང་བ། སྲུང་སྐྱོང་གཉིསབྱེད་ཐུབ་པ་བཅས་བྱས། ཁུལ་ཨུའི་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཁུལ་དམངས་འཐུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཅུང་ལེགས་པོར་འགྲུབ་ཡོད། གཙོ་བོ་གཤམ་གསལ་གྱི་གྲུབ་འབྲས་དག་ཐོབ།

དབུལ་སེལ་འགག་སྒྲོལ་གྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ། རྫོང་དབུལ་བོ6གིས་དབུལ་ཞྭ་ཕུད་པ་དང་རྫོང་དབུལ་བོ་གསུམ་ཞིང་ཆེན་གྱི་ཞིབ་བཤེར་གྱི་ཚད་ལོན། གྲོང་ཚོ་དབུལ་བོ་ཚང་མ་དབུལ་སེལ་བྱུང་། དབུལ་ཕོངས་གྱུར་ཚད0.03%མར་ལྷུང་སྟེ། ས་ཁུལ་གསུམ་དང་ཁུལ་གསུམགྱི་མདུན་གྲལ་དུ་སླེབས། ཝུན་ཁྲོན་གྱི་སྤྱི་ཚོགས་དབུལ་སྐྱོར་གྱི་དཔེ་མཚོནཨེ་ཤ་ཡའི་དབུལ་པོ་ཉུང་གཏོང་གི་སྙན་ཞུཡི་ནང་ཚུད་པའི་རྫོང་རིམ་པའི་དཔེ་མཚོན་གཅིག་པུར་གྱུར། ཁུལ་གོང་འོག་ཡོངས་ནསཁྱོན་ཡོངས་ནས་རྒྱལ་ཁ་མ་ལོན་པར་དམག་གཏན་ནས་མི་འཐེན་པའིཆོད་སེམས་གྱིས་དཀའ་གནད་ཡོངས་སུ་སེལ་ཞིང་། ལྟོས་མེད་དབུལ་ཕོངས་ཀྱི་དཀའ་གནད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཆེན་པོ་བྱུང་།
  —
གནོད་འགོག་གེགས་སེལ་ལ་རྒྱལ་ཁ་ཐོབ་པ། རང་བྱུང་གནོད་འཚེ་ཚབས་ཆེན་“5·17”དང་། “6·27”“8·20”སོགས་ལ་ཁ་གཏད་ཐུབ་ཡོད་དེ། མང་ཚོགས་ཁྲི12.6གནས་སྤོ་བཀོད་སྒྲིག་བྱས་པ་དང་། ཆུ་ཆེན་རྩེ་མདའ་དང་ལིས་རྫོང་ཐུང་ཧྭ་སོགས་ཀྱི་ཉེན་ཡོལ་དཔེ་མཚོན5ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་། གཟི་རྩ་སྡེ་དགུའི་“8·8”ས་ཡོམ་གེགས་རྗེས་བསྐྱར་སྐྲུན་ཕལ་ཆེར་འགྲུབ། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་མྱུར་སྐྱོབ་ཉམས་གསོ་དང་། སླར་གསོ་སྲུང་སྐྱོབ། གོང་སྤེལ་མཐོར་འདེགས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས། ལོ་གསུམ་གྱི་བསྐྱར་སྐྲུན་ལས་འགན་ལོ་གཉིས་ཀྱི་ནང་ཕལ་ཆེར་ལེགས་འགྲུབ་བྱུང་། གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་མཛེས་བའི་ཉམས་འགྱུར་མངོན་བཞིན་སྒོ་ཕྱེ་ནས་མགྲོན་པོ་བསུས།
  
མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་བ་བྲིས། ཞིང་ཆེན་རིམ་པ་ཡན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(སྡེ་ཚན)50བཏོད་ཡོད་ལ། རིམ་བཞི་མཉམ་གཏོདདངམཉམ་འགུལ་བཞིསོགས་འདྲ་བཟོ་དང་ཁྱབ་གདལ་བྱས་འཐུས་ཀྱི་རྔ་བའི་ཉམས་མྱོང་དང་རྔ་བའི་མ་དཔེ་དག་ལག་ལེན་བརྒྱུད་ནས་གྲུབ་ཡོད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལགསར་གཏོད་བྱས་ཤིང་། ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམའཛུགས་སྐྲུན་ལ་འཐབ་ཇུས་རང་བཞིན་གྱི་ཚད་བརྒལ་ཐོབ་ཡོད། མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་འབྲུ་བཞིན་འབྲེལ་བ་དམ་པོར་ཆགས་ཤིང་མར་རྩམ་བཞིན་མཉེད་ཀྱིན་མཉེད་ཀྱིན་མཉམ་འདྲེས་སུ་གྱུར་ཡོད།
  —
དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་དང་ཕན་འབྲས་ཇེ་ཆེར་ཕྱིན། ལས་གཞི་གསོག་འཇོག་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད། དམངས་གཉེར་ཁེ་ལས་ཀྱི་བསྡོམས་འབོར་ཁྲིལས་བརྒལ། སྔོན་དཔག་བྱས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར6.5%འཕར་ཡོད།  སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་འཇོག11%ཡས་མས་འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཀྱི་ཡོང་སྒོ7.1%ཡས་མས་འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར5.7%ཡས་མས་འཕར་བ་དང་། ཨར་སྐྲུན་ལས་རིགས་ཀྱི་འཕར་ཐང12%ཡས་མས་འཕར་ཡོད། ཞབས་ཞུ་ལས་རིགས་ཀྱི་བསྡུར་ཚད་མཐོ་རུ་བརྟན་པོར་ཕྱིན་ཡོད།དཔལ་འབྱོར་གོང་འཕེལ་ལ་བྱས་རྗེས་བཞག་ཚད37%ཟིན་ཡོད།

སྐྱེ་ཁམས་ཀྱི་གཞི་མདོག་སྔར་བས་མཛེས་སྡུག་ལྡན་པར་ཕྱིན་ཡོད། སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་བྱེད་ཚད་མུ་མཐུད་ཉུང་དུ་ཕྱིན་པ་དང་། རྩིས་གཞིའིGDPཡི་ནུས་ཁུངས་ཟད་གྲོན1%མར་ལྷུང་ཡོད། ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད་གཉིས་ཀ་འཕར་ཡོད། ནགས་རྩྭའི་ཕྱོགས་བསྡུས་ཁེབས་ཚད80%ཟིན་ཡོད། ཆུ་བོ་གཙོ་བོ་ཁུལ་མཚམས་ནས་བརྒལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཚང་མ་རིགས་IIIཡི་ཚད་གཞི་ལས་ལེགས་པ་དང་། ས་ངོས་ཀྱི་ཆུའི་ཁོར་ཡུག་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཚད་དང་། གྲོང་གསེབ་ཀྱི་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ཀྱི་ཚད་ལོན་ཚད། མཁའ་དབུགས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བཅས་ཚང་མ100%ཟིན་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་གནས། སྐྱེ་ཁམས་ཀྱིརིན་ཐང་ལྡན་ཚདརྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།
  —
སྒོ་འབྱེད་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གཟི་རྩ་སྡེ་དགུ་དང་གསེར་མཚོའི་འགག་སྒོའི་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་བ་དང་། ཧུང་ཡོན་གནམ་གྲུ་ཐང་གིས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད39.5%འཕར་ཡོད། ཚོང་འགུགས་བྱེད་སྒོ་ཆེ་གྲས་ཐེངས5སྤེལ་བ་དང་། ལས་གཞི48ལ་གན་རྒྱ་ཆིངས་ཡིག་བཞག་ཅིང་། མ་དངུལ་སྒོར་དུང་ཕྱུར64.7དངོས་སུ་དོན་འཁྱོལ་བྱས་ཡོད། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་ཀྱི་བོད་རིགས་ས་ཁུལ་གྱི་ཁུལ(གྲོང་ཁྱེར)བཅས་ཀྱི་འགོ་འཛིན་པའི་མཉམ་འབྲེལ་གྲོས་ཚོགས་ཐེངས་ལྔ་བ་བདེ་བླག་ངང་འཚོགས། གྲོང་ཁྱེར(ཁུལ)དང་། ཐིང་ཅུས། སློབ་གླིང་། ཁེ་ལས25དང་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས། གྲོགས་ཚོམསདངརོགས་ཟླ་དྲ་འབྲེལཇེ་མང་དུ་སོང་ལ་འབྲེལ་བ་ཇེ་དམ་ཏུ་གྱུར །
  —
མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། དམངས་འཚོའི་དོན་དངོས25ཚང་མ་ལེགས་འགྲུབ་བྱུང་ཡོད་ལ། དམངས་འཚོ་ལ་ཁས་ལེན་བྱས་ཚད་མངོན་གྱུར་བྱས་བྱུང་། སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། སྨན་བཅོས་འགན་སྲུང་མ་ལག་འཐུས་སྒོ་ཇེ་ཚང་དུ་སོང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས8235གསར་སྣོན་བྱུང་བ་དང་། ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་བརྒྱ་ཆ4%ཡི་ནང་ཚོད་འཛིན་བྱས་ཡོད། སྔོན་དཔག་བྱས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་འཐུས་ཀྱི་ཡོང་འབབ་སོ་སོར་སྒོར35301དང་སྒོར14182ཡོད་པ་དང་། སོ་སོར8%དང10%ཡས་མས་འཕར་ཡོད་ལ་དུས་མཉམ་གྱི་དཔལ་འབྱོར་འཕར་ཚད་ལས་ཀྱང་ཤིན་ཏུ་མཐོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་སླར་ཡང་མཐོར་འདེགས་གསར་བ་བྱུང་ཡོད།
   ལོ་གཅིག་གི་རིང་། དཔལ་འབྱོར་རྒྱུན་མཐུད་ངང་མར་ཆག་པའི་གནོན་ཤུགས་ཆེན་པོ་དང་། གནོད་འཚེ་མང་བོ་གཅིག་ཐོག་ཉིས་བརྩེགས་བྱུང་བ། ཉེན་ཁ་སྣ་ཚོགས་མཉམ་གནས་ཀྱི་ཚོད་བགམ་དྲག་པོའི་མདུན་དུ། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་སོ་སོ་ནས་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་ཧུར་ཐག་བྱས་ཤིང་། བྱེད་ཕོད་སྒྲུབ་ཕོད་དང་། ལས་མཁས་སྒྲུབ་མཁས་ངང་འགན་འཁྲི་ཕྲག་ཏུ་བླངས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། གཙོ་གནད་དུ་བཟུང་ནས་བསྒྲུབས་པའི་ལས་དོན་གཤམ་གསལ།
   གཅིག་ནི་སྐྱེ་ཁམས་སྲུང་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། ས་ཁོངས་ཧྲིལ་བོའི་སྐྱེ་ཁམས་ཀྱི་རྣམ་པ་གསར་བ་རགས་ཙམ་ཆགས་ཡོད། རྒྱལ་ཁབ་ཀྱི་གཙོ་གནས་བྱེད་ནུས་ཁུལ་གནས་ཐིག་གཏན་ཁེལ་དངཡོལ་བ་གཅིག་དང་རྒྱུད་བཞི། ས་ཁོངས་ཧྲིལ་བོའི་སྐྱེ་ཁམསཀྱི་གོང་སྤེལ་སྒྲིག་གཞི་གསར་བར་གཞིགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་འགན་ལྗིད་པོ་རང་རྟོགས་ངང་ཁུར་ཡོད། ཁུལ་ཡོངས་ལྗང་འགྱུར་མཛེས་བཟོ་དང་དམངས་འཚོའི་ལས་གཞིའི་ཤིང་ཆའི་ཚབ་བྱེད་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྐུལ་འདེད་བརྟན་པོ་བཏང་། ཆུ་(མཚེའུ)དཔོན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐིག་གསུམ་དང་རྩིས་ཁྲ་གཅིགདང་། སྐྱེ་ཁམས་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང་སྐྱེ་ཁམས་ཁོར་ཡུག་ཞུགས་འཐུས་ལམ་ལུགས་ལག་བསྟར་ནན་མོ་བྱས་ཤིང་།  ཆུ་(མཚེའུ)དཔོན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། རྨིན་ཅང་གཙང་བོ་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཉམས་གསོ་སོགས་གཙོ་གནད་ལས་གྲྭ་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་། ཆུ་བོ་ཆུང་འབྲིང་སྤྱི་ལེ18དང་། ས་ཆུ་ཤོར་བ་སྤྱི་ལེ་གྲུ་བཞི་མ102། ས་གཤིས་ཀྱི་གནོད་འཚེ་ཚབས་ཆེན16བཅོས་སྐྱོང་བྱས། བློ་ཐག་རྦད་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱིགཡུལ་འགྱེད་ཆེན་པོ་བརྒྱདལས་རྒྱལ་བར་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་དག་ཐེར་བཅོས་སྐྱོང་ཤུགས་ཆེན་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན221དག་ཐེར་ཡོ་བསྲང་བྱས་པ་དང་། ཡིག་སྐུར་ངོ་བཅར་གྱི་གྱོད་གཞི43ཐག་གཅོད་ཚར་བ་བྱས། ཐོར་ཟིང་བཙོགགསུམ་གྱི་ཁེ་ལས29གཙང་བཤེར་དག་ཐེར་བྱས་པ་དང་། ཁྲིམས་འགལ་ལུགས་འགལ་གྱི་བྱེ་རྡོ་ཁེ་ལས80སྒོ་བརྒྱབ། རང་བྱུང་སྲུང་སྐྱོང་ཁུལ255ཡི་ཆེད་དོན་ལྟ་ཞིབ་གནད་དོན་དག་ཐེར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་།

གཉིས་ནི་དཔུང་ཤུགས་ཆེན་པོས་དབུལ་སྒྲོལ་ལས་རྒྱལ་བར་སྐུལ་འདེད་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་བ་རིམ་བཞིན་མངོན། དབུལ་སེལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཆེ་ཤོས་གསུམགྱི་བླང་བྱ་དོན་འཁྱོལ་བྱས་ཏེ་དབུལ་སེལ་འགག་སྒྲོལ་གྱི་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་བསྣན་ཡོད། སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམགྲལ་བཤེར་ཆེན་པོ་དང་སྐོར་གཟིགས། དཔྱད་ཞིབ་ལས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བྱས། གྲོང་གསེབ་ཀྱི་ཁང་བ་ཉེན་ཅན་རྙིང་བ1853སྒྱུར་བཀོད་བྱས་པ་དང་ཡུལ་གཞན་དུ་གནས་སྤོ་བའི་དབུལ་སྐྱོར་ལས་དོན་ཚང་མ་ལེགས་འགྲུབ་བྱུང་། གྲོང་གསེབ་ཀྱི་གློག་དྲ་སྤྱི་ལེ1789རིམ་སྤར་བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ500ལྷག་གསར་སྐྲུན་རྒྱས་སྐྲུན་བྱས། གཙོ་གནས་ཆུ་བེད་ལས་གྲྭ་ཆེ་གྲས་ལྔདང་ཡུར་བུའི་མ་ལག་ཆ་སྒྲིག་འཛུགས་སྐྲུན་ཡོངས་སུ་འགྲུབ་ཡོད། གྲོང་གསེབ་ཀྱི་ཉེན་མེད་འཐུང་ཆུ་མི་ཁྲི7.6སྲ་བརྟན་མཐོར་འདེགས་བྱུང་། ཡུལ་གྲོང་འཛུགས་སྐྲུན་གྱི་ས་ཞིང་འཕྲི་སྣོན་ཟུང་སྦྲེལ་གྱི་ཞིང་ཆེན་ལས་བརྒལ་བའི་ཉོ་ཚོང་མུའུ2200བྱས་ལ། མ་དངུལ་སྒོར་དུང་ཕྱུར4དམིགས་སར་འབྱོར་ཡོད། ཀྲེ་ཅང་དང་རྔ་བའི་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། ས་ཁུལ་དབུལ་བོའི་རང་སྟོབས་ཉམས་གསོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་ལོ་ལྔའི་འཆར་གཞི་དང་བོ་བཟོ་འགོད་ལེགས་འགྲུབ་བྱུང་ཞིང་། ཝུན་ཁྲོན་རྫོང་དང་ལིས་རྫོང་གི་ཞུའེ་ཁྲེང་གྲོང་རྡལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཚོད་ལྟ་བྱེད་གནས་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ། གྲོང་གསེབ་ཀྱི་སྤྱོད་ཁང་དང་། བཙོག་ཆུ། གད་སྙིགས་བཅས་ཀྱི་གསར་བརྗེ་ཆེན་པོ་གསུམརྒྱུན་མཐུད་ངང་སྤེལ་བ་དང་། མཛེས་སྡུག་ལྡན་པའི་སི་ཁྲོན་དང་བཅའ་སྡོད་ལ་འཚམ་པའི་གྲོང་གསེབཀྱི་ཚད་ལོན་པའི་གྲོང་ཚོ228ཡིག་ཐོག་སྙན་ཞུ་དང་གསར་གཏོད་བྱས་ཤིང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཡོད། ཧྲུའེ་མའོ་དང་། ཏ་ཡུང་། ཐུགས་ཆེན་སོགས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཁག་ཅིག་བསྐྲུན་ཐུབ་ཡོད། རྔ་བ་དང་འབར་ཁམས་སོགས་ཀྱི་གྲོང་ཁུལ་གསར་བའི་འཛུགས་སྐྲུན་དང་། གཟི་རྩ་སྡེ་དགུ་དང་ཟུང་ཆུ་སོགས་ཀྱི་གྲོང་ཁུལ་རྙིང་བ་བསྒྱུར་བཀོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“1+5”ལས་ཀའི་ཇུས་གཞི་བཀོད། རྫོང་ཁོངས་དཔལ་འབྱོར་སྟོབས་ལྡན་གྱི་རྫོང3བསྐྲུན་པ་དང་རྫོང(གྲོང་ཁྱེར)8ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར20ལས་བརྒལ།

གསུམ་ནི་སྟོབས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་ཡོང་བ་བྱས་ཏེ། ལྗང་མདོག་ཐོན་ལས་ཀྱི་བཀོད་པ་གསར་བ་མགྱོགས་མྱུར་འཛུགས་སྐྱོང་བྱས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་ཤུགས་ལ་བློ་རྩེ་གཅིག་ཏུ་སྒྲིམ་ནསབརྟན་པོའི་ངང་འཕར་རྒྱུདངཐོན་ལས་སྟོབས་ཆེར་གཏོང་རྒྱུསྡེབ་སྒྲིག་ཡག་པོ་བྱེད་དགོས། འདུ་ཤེས་གསར་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གནས་གསུམ་མཉམ་སྐྲུན་དང་ལས་ལྔ་མཉམ་གཉེརགྱི་ཐོན་ལས་ཀྱི་མ་ལག་གསར་བ་མགྱོགས་མྱུར་སྒོས་གྲུབ་པར་བྱས། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལགཏོད་རྒྱུ་དམ་འཛིན་བྱས་ཏེ་ཡུལ་སྐོར་ཁོར་ཡུག་དང་ལམ་ཁོངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ལས་སྔོན་ལ་ཁྱད་ལྡན་ཡུལ་སྐོར་ཕྱོགས་སྟོན་མཚོན་རྟགས་བསྐྲུན། གཟི་རྩ་སྡེ་དགུ་ཆེན་པོའི་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་ཐེབས་རྩ་བཙུགས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། Aརིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་རིམ་སྤར་ལས་གྲྭ་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱིA4 མཛེས་ལྗོངས་ཁུལ7དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ2དང་། སི་ཁྲོན་གྱི་ཡུལ་སྐོར་གྲགས་ཅན་རྫོང་ཁག་དང་བོ1གསར་གཏོད་བྱས། སྔོན་དཔག་ལྟར་ན། ལོ་ཧྲིལ་བོར་ཡུལ་སྐོར་བ་མི་ཐེངས་ཁྲི2950སྣེ་ལེན་བྱས་ཤིང24.5%ཡས་མས་འཕར་བ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར213.3མངོན་གྱུར་བྱུང་ལ28%ཡས་མས་འཕར་ཡོད། རང་བྱུང་དང་རིག་གནས་ཀྱི་ཐོན་ཁུངས་ལེགས་ཆ་གཅིག་སྡུད་བྱས་ནས་རིག་གནས་ཐོན་ལས་ལས་གཞི་གལ་ཆེན་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་ཏུ་བསྟར། རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་རང་ཁུལ་དུ་བཙུགས། བཀྲ་ཤིས་པའི་བྱིས་པདང་། བོད་ཆའང་དཔེ་དབྱིབསསོགས་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ། གཟི་རྩ་སྡེ་དགུ་ཡུལ་སྐོར་ལམ་རྒྱུདཀྱི་འཁྲབ་སྟོན་ཚོགས་པ་མགྱོགས་མྱུར་ངང་སླར་གསོ་བྱུང་ཡོད། རྟེན་གཞི་རྒྱ་ཆེར་གཏོང་བ་དང་། ཁེ་ལས་སྟོབས་ཆེར་གཏོང་བ། སྤུས་རྟགས་གྲགས་ཅན་གཏོད་པབཅས་མཐའ་འཁྱོངས་བྱས་ཏེཤིང་ཏོག་སྔོ་ཚལ་ཤ་མོ་སྨན་རྒྱུགཙོར་བྱས་པའི་ཁྱད་ལྡན་ཕན་འབྲས་ཡོད་པའི་ཞིང་ལས་དང་།  ནོར་ལུག་གི་འོ་ཤགཙོར་བྱས་པའི་དེང་རབས་ས་མཐོའི་འབྲོག་ལས་གོང་སྤེལ་ཤུགས་ཆེན་བཏང་སྟེ་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ3ཡིག་ཐོག་སྙན་ཞུ་བྱས་པ་དང་། གྲོང་གསེབ་ཀྱི་གཉེར་སྐྱོང་བྱེད་པོ་དཔེ་གསར198གསོ་སྐྱོང་བྱས། རྒྱལ་ཡོངས་ཀྱི་ལྗང་མདོག་ཟས་རིགས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི8.6བསྐྲུན་ཡོད། ཧུང་ཡོན་གྱི་ནོར་གནག་འོ་ཕྱེ་ས་ཁོངས་རྟགས་མ་རྩེ་གྲ་བརྒྱ་ཡི་ནང་དུ་ཚུད་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཁྲོད་ཀྱི་འོ་ཟས་ཉག་ཅིག་ཏུ་གྱུར།  དག་ཞིང་རྔ་བའིསྤུས་རྟགས་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་། ཆུ་ནུས་དང་འོད་ཤུགས་གསར་སྤེལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ཁྲོ་སྐྱབས་ཆུ་གློག་ས་ཚིགས་ལ་དངོས་སུ་ཞིབ་བཤེར་ཆོག་མཆན་སྤྲད། ཧུང་ཝེ་ཟམ་པའི་ཆུ་གློག་ས་ཚིགས་ཀྱི་དུས་རིམ་གཉིས་པའི་བཞུར་རྒྱུན་བདེ་བླག་ངང་བཀག རྐང་འཛིན་ཆུ་གློག་ས་ཚིགས་དང་རྨེ་ཆུ་འོད་ཤུགས་དབུལ་སྐྱོར་གློག་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། གཙོ་གནས་གློག་དྲ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། འབར་ཁམས་ཀྱི་སྟོང་ཧྥུ500ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཇེ་མགྱོགས་སུ་བཏང་། བཙན་ལྷའི་འོག་གཞི་སྐུ་བླའི་སྟོང་ཧྥུ110སོགས་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཁག་ཅིག་ལ་དངོས་སུ་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། ཆུ་གློག་བསྡུ་ཉར་གཙང་སེལ་གྱི་དཔེ་སྟོན་ཁུལ་ལ་ཆོག་མཆན་ཐོབ། ཕྱི་རོལ་གྱི་ཁོར་ཡུག་དང་རང་བྱུང་གནོད་འཚེ་སོགས་ཤུགས་རྐྱེན་ངན་པ་ལ་ཁ་གཏད་ཧུར་ཐག་བྱས་ཤིང་། ཁེ་ལས་གཅིག་ལ་སྲིད་ཇུས་གཅིགཞེས་པའི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས།  ཁུལ་དུ་ཉར་བའི་གློག་ཚད་སོགས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་ཞིང་།  ལི་ཧུའེ་གཏེར་ཁ་སྔོག་འདོན་དང་ཆུ་ཆེན་གངས་ལི་གནས་སྤོ་རྒྱས་སྐྲུན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། བཟོ་ལས་མི་ཉམས་བསྐྱར་འཕར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གླིང་ཁུལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་གླིང་ཁུལ་འཕེལ་རྒྱས་ཀྱི་འགག་སྒོ་གཏོར་ཏེ། གནས་བརྒལདཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས12གསར་སྣོན་བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་འཕར་ཚདམོ་གྲངས་ནས་ཕོ་གྲངསསུ་བསྒྱུར་ཡོད།
   
བཞི་ནི་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོ་ལ་ཕན་པར་བྱས་ཏེ། བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པ་བྱས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་སེམས་ནུས་ཡོད་རྒུ་བཏོན་ནས་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་བོ་སྒྲུབ་པ། དཀའ་ངལ་སེལ་བ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། འགྲིམ་འགྲུལ་འཛུགས་སྐྲུན་དེ་དམངས་འཚོའི་ལས་གྲྭ་གཙོ་གནད་ཅིག་ཏུ་རྩིས་ནསའགྲིམ་འགྲུལ་གྱི་མཉམ་རུབ་དམག་འཐབ་ཆེན་པོལ་ཚད་གཞི་མཐོན་པོས་སྐུལ་འདེད་བཏང་བ་དང་། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དུས་ལྟར་ལས་འགོ་ཚུགས། ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་དང་གཟི་རྩ་སྡེ་དགུ་ནས་མེན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་ལ་མགྱོགས་མྱུར་སྐུལ་འདེད་བཏང་། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་ལེ148ཤར་གཏོང་ཐུབ་ཡོད། ཐང་སྐོར་ནས་མཚོ་ཁྱ་ཁྲེབ་བར་གྱི་ལམ་དང་འཛམ་ཐང་ནས་རྔ་བའི་བར་གྱི་ལམ་སོགས་ཀྱི་ལས་གཞི་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་བཟོ་བཅོས་ཆེ་འབྲིང་སྤྱི་ལེ358བྱས། ཡུལ་ཚོ་དང་གྲོང་རྡལ། སྒྲིག་ཁོངས་ཀྱི་གྲོང་ཚོ་ཚང་མར་མཁྲེགས་ལམ་ཤར་གཏོང་ཐུབ་པ་དང་། གྲོང་ཚོ་ཚང་མར་ཐད་ཀར་སྦྲག་སྲིད་ཤར་གཏོང་ཐུབ་པ་བཅས་ཀྱི་དམིགས་ཚད་དུས་བཀག་གི་སྔོན་དུ་གྲུབ། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་ཞིང་། ལོ་བཅོ་ལྔའི་འོས་འགན་སློབ་གསོའི་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་ཕྱིན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་གྱི་ལེ་ལག་ཚང་བའི་བྱིས་སྐྱོང་ཁང་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང། མཐོ་རྒྱུགས་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རྔ་བའི་ལས་རིགས་སློབ་གླིང་གི་སློབ་གཉེར་ཆ་རྐྱེན་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། བདེ་ཐང་རྔ་བའཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྲུན་དང་གླ་ཕོགས་ལམ་ལུགས་བསྒྱུར་བཅོས་སོགས་ཚོད་ལྟའི་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་། ཝུན་ཁྲོན་དང་གཟི་རྩ་སྡེ་དགུ་རྒྱལ་ཡོངས་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་གནས་ཀྱི་ནང་དུ་ཚུད། ཁུལ་ནང་ཁུལ་གྱི་སྨན་བཅོས་བྱེད་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་། སྦྲུམ་མ་དང་ཁྱེའུ་ཤི་ཚད་ཆེས་ཆེར་མར་ལྷུང་ཡོད། རིག་རྩལ་གསར་རྩོམ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།རྔ་བའི་ཁྱིམ་ཚང་གཅིགཞེས་པའི་བརྙན་འཕྲིན་ཟློས་གར་ཕབ་ལེགས་འགྲུབ་བྱུང་བ་དང་། ཡུལ་དཔོན་གསར་བརྗེ་བཞེས་པ་རྒྱལ་ཁའི་ངང་བཤམས་སྟོན་བྱས། རལ་བའི་བླ་སྲོགཅེས་པའི་ཐོག་མའི་འཁྲབ་སྟོན་དང་སྐོར་སྐྱོད་འཁྲབ་སྟོན་ལེགས་འགྲུབ་བྱུང་།  ང་ཡི་ཆང་གསོལ་རོགསལ་སི་ཁྲོན་གྱིརྩེ་གྲ་ལྔའི་ལས་གྲྭའིབྱ་དགའ་ཐོབ། ཝུན་ཁྲོན་དང་ཆུ་ཆེན་རྒྱལ་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟའི་རྫོང་དུ་བདམས། ཁུལ་ལུས་རྩལ་འགྲན་ཚོགས་དང་ཁུལ་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ལེགས་པར་འཚོགས། མུ་ཏིག་སྤོ་ལོའི་ཕོ་མོའི་འཐུས་མི་རུ་ཁག་སོ་སོར་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་བོ་དང་གཉིས་པ་ཐོབ། རྩལ་འགྲན་ལུས་རྩལ་ལ་ལོ་རྒྱུས་ཐོག་གྲུབ་འབྲས་ཆེས་ཡག་ཤོས་ཐོབ་ཡོད། རྔ་བའི་ལུས་རྩལ་བ་བདེ་བླག་ངང་ཇོ་མོ་གླང་མར་འཛེགས་ནས2019ལོར་རི་རྩེར་འཛེགས་པའི་འཛམ་གླིང་གི་ཚོགས་པ་ཨང་དང་བོར་གྱུར། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་གནས་སྤོ་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དངོས་སུ་བཏོན་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་པ་ཁྲི14.6སྤོ་འདྲེན་བྱས་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི5268བཀོད་སྒྲིག་བྱས་ཡོད། སྤྱི་ཚོགས་ཀྱི་རོགས་སྐྱོབ་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་ཟུང་སྦྲེལ་བྱེད་པའི་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་གོང་གི་སྐབས་ཐོག་ཁ་གསབ་སྒོར་ཁྲི1870སྟེར་ཡོད། དཀའ་ངལ་ཡོད་པའི་བྱིས་པ་ཡུལ་གཞན་དུ་གསོ་སྐྱོང་བྱེད་སྟངས་གསར་བ་གསར་གཏོད་བྱས་ཤིང་། དཀའ་ངལ་ཡོད་པའི་བྱིས་པ་ལ་བྱམས་བརྩེའི་ལམ་སྣ་བསྟན།
     
ལྔ་ནི་ཕྱར་བ་གྲུ་འདེགས་ཀྱིས་དཀའ་ངལ་ཁྱད་དུ་བསད་དེ། སླར་གསོ་བསྐྱར་སྐྲུན་གྱི་རྣམ་པ་གསར་བ་ཕྱོགས་ཡོངས་ནས་མངོན་ཡོད། ཆུ་ལོག་དང་ཞོད་སྐྱོན། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་འབྱུང་སླ་ཞིང་གནོད་འཚེ་མང་བའི་མདུན་དུ་ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་གནོད་འཚེ་ཉུང་གཏོང་དང་རྒྱུན་རྣམ་མིན་པའི་གེགས་སེལ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནསདོན་འཁྱོལ་དྲུགབློ་ཐག་རྦད་ཆོད་ཀྱིས་བྱེད་ཐུབ་ཡོད། གནོད་འཚེ་བྱུང་སྐབས་ང་ཚོས་སྐབས་འཕྲལ་བཀོད་སྒྲིག་དང་ལེན་བྱས་པ་དང་། འཕྲལ་མར་ཉེན་སེལ་རྒུད་སྐྱོབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་གང་ཐུབ་བྱས་ཡོད། གེགས་ཁུལ་མང་ཚོགས་དཀའ་ངལ་དང་ཉེན་ཁ་ལ་མི་སྐྲག་པར་ཐོན་སྐྱེད་རང་སྐྱོབ་བྱས་པ་དང་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་མཐུན་སྒྲིལ་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག ཕན་ཚུན་ལ་རོགས་རེས་བཅས་བྱས་ནས་ཉེན་སེལ་གེགས་སེལ་གྱི་གཡུལ་སར་ཏང་སྲིད་དམག་དམངས་ཀྱིས་གནོད་འཚེ་ལ་བློ་བརྟན་འགྱུར་མེད་ངང་འགོག་རྒོལ་དང་ལག་གདང་སྦྲེལ་ནས་དཀའ་ངལ་མཉམ་སེལ་གྱི་མི་སེམས་འགུལ་བའི་སྣང་བརྙན་བསྐྲུན་ཡོད།  ང་ཚོསདཔེ་མཚོན་གསུམགྱི་དམིགས་འབེན་ལ་དམིགས་ནས་གེགས་རྗེས་བསྐྱར་སྐྲུན་བྱ་རྒྱུ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་རྩིས་ནས། ནུས་ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དཀའ་གནད་སེལ་བ། “8·8”གཟི་རྩ་སྡེ་དགུའི་ས་ཡོམ་གེགས་རྗེས་བསྐྱར་སྐྲུན་ལས་གཞི244ལས242རིམ་བསགས་ཀྱིས་ལས་འགོ་བཙུགས་ཤིང་། 205ལས་མཇུག་སྒྲིལ་བ་དང་། མ་དངུལ་སྒོར་དུང་ཕྱུར71.7བཏང་ཡོད། གཟི་རྩ་སྡེ་དགུ་རྒྱལ་སྤྱིའི་སྨན་བཅོས་ལྟེ་གནས་དང་རོ་གླིང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཁག་གཅིག་བསྐྲུན་ཡོད། “6·24”མའོ་རྫོང་ཏིའེ་ཞི་རི་ཉིལ་གནོད་འཚེ་ཆེན་པོ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་། ཝུན་ཁྲོན“8·20”དྲག་ཆར་ཆུ་ལོག་ཞོད་སྐྱོན་དང་འདམ་རྡོའི་ཆུ་རུད་ཀྱི་གེགས་རྗེས་བསྐྱར་སྐྲུན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་བསྐྱར་སྐྲུན་ལས་གཞི115དང་མ་དངུལ་སྒོར་དུང་ཕྱུར15.5གཏོང་བ་བརྩོན་ལེན་བྱས་ཡོད། གྲུབ་འབྲས་འདི་དག་ནས་ང་ཚོས་ལས་བྱེད་པའི་སྤྱོད་ཚུལ་དང་། མང་ཚོགས་ཀྱི་སྟོབས་ཤུགས། འཕེལ་རྒྱས་ཀྱི་རེ་བ་བཅས་མཐོང་ཐུབ་ལ། བསྐྱར་སྐྲུན་བྱས་རྗེས་ཀྱི་གེགས་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་ཆེན་པོ་དང་། སྤྱི་ཚོགས་དཔལ་འབྱོར་གྱི་ཐོད་བརྒལ་ཆེན་པོ། མང་ཚོགས་འཚོ་བའི་འགྱུར་ལྡོག་ཆེན་པོ་བཅས་ཡོང་བའི་རྣམ་པ་གསར་བ་ཞིག་བསུ་ཐུབ་ངེས།

དྲུག་ནི་གོམ་སྟབས་མྱུར་ཞིང་བརྟན་པོའི་ངང་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། བསྙེགས་བརྒལ་མཆོང་སྐྱོད་ཀྱི་འགུལ་ནུས་གསར་བ་ཞིག་ཆགས་བཞིན་ཡོད། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་བྱེད་ཐབས་ཤིག་ལ་རྩིས་ནས། འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གི་དཀའ་ཁག་དང་འགལ་བ་སྣ་ཚོགས་མྱུར་དུ་སེལ།  ཡུལ་ཚོའི(གྲོང་རྡལ)སྲིད་འཛིན་ས་ཁོངས་ལེགས་སྒྲིག་དང་བསྒྱུར་བཅོས་ཁྱོན་ཡོངས་ནས་བྱེད་འགོ་བརྩམས་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་ཚོད་ལྟ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད། གློག་འདྲེན་སྦྱོར་གྱི་རིན་གོང་དང་། ཆུ་འདོན་འབུད། སྨན་དང་སྨན་བཅོས་སོགས་ཀྱི་རིན་གོང་བསྒྱུར་བཅོས་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་། སུས་འཇོན་དེ་འགུག་གི་དཔྱད་བསྡུར་ལོགས་དབྱེར་གྱི་བསྒྱུར་བཅོས་ཚོད་ལྟ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། སུས་འཇོན་དེ་འགུག་དང་། ཧམ་འཚོང་། སྒོ་བྱང་བཀལ་ནས་ཉོ་ཚོང་བཅས་ཤོག་མེད་ཅན་དུ་ཕལ་ཆེར་མངོན་འགྱུར་བྱུང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་བདག་དབང་སྔར་བས་ཁ་གསལ་བྱུང་བ་དང་བཀོད་པ་སྔར་བས་ལེགས་སྒྱུར་བྱུང་ཡོད། རྔ་བའི་འགྲིམ་འགྲུལ་མ་དངུལ་གཏོང་འཇོག་ཀུང་སི་བཙུགས། ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར7.3བྱས་སྟེ། དངོས་གཞིའི་དཔལ་འབྱོར་གོང་དུ་འཕེལ་བར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ལྗང་མདོག་དངུལ་རྩའི་ཚོད་ལྟར་སྐུལ་འདེད་བརྟན་པོ་བཏང་བ་དང་། ཁེ་ལས་དངུལ་ཁང་གི་རྩིས་ཚན་ཆོག་འཐུས་ཁྱོན་ཡོངས་ནས་མེད་པར་བཟོས། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུ་སྔར་ལས་ལེགས་པར་བྱས། ཁུལ་ཡོངས་ཀྱི་བཅོལ་དངུལ་དང་དངུལ་བུན་གཏོང་བའི་བསྡོམས་འབོར་ཐོག་དང་བོ་སྒོར་དུང་ཕྱུར་སྟོང་ལས་བརྒལ་ཡོད། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གནོད་འཚེ་ཚབས་ཆེན་གྱི་སྟོན་གྲངས་འགན་བཅོལ་གྱི་སྐྱེན་ཚབ་དང་བོ་མའོ་རྫོང་དུ་འཇལ། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཡོན་ཧྲིའི(ཆེད་མཁས)ལས་དོན་ས་ཚིགས2གསར་འཛུགས་བྱས་པ་དང་། ཆེད་ཁེ330ཐོབ་རེ་ཞུས་ཤིང་། གསར་གཏོད་ལས་སྟེགས8བཏོད། ཚན་རྩལ་གསོ་སྐྱོང་ཁེ་ལས50རུ་སླེབས། 5Gདྲ་རྒྱ་འཛུགས་སྐྲུན་ཚོད་ལྟ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དྲ་རྒྱའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར73ཟིན་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
       བདུན་ནི་ཁྲིམས་ལྟར་གསར་གཏོད་བཅོས་སྐྱོང་ཤུགས་ཆེ་རུ་བཏང་ནས། མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་ལས་ཀའི་རང་དབང་སྟངས་འཛིན་ནན་པོ་བྱས་ཏེ། སིམ་འཛུལ་གཏོར་བརླག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་། དོན་དག་ཆེན་པོ་མི་འབུདཔ། དོན་དག་འབྲིང་ཙམ་ཡང་མི་འབུད་པ། དོན་དག་ཆུང་ངུ་ཚོད་འཛིན་ཐུབ་པབཅས་ཀྱི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་དགོས། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། ནག་སེལ་གཤེད་བཅོམསོགས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཁྲིམས་ལྟར་མེད་པར་བཟོས་ཤིང་། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་། མི་ཁྲིའི་ཉེས་དོན་གྱོད་དོན་ཐོ་འགོད་ཁ་གྲངས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཧ་ཅང་དམའ་ལ། ཞིང་ཆེན་ཡོངས་ཀྱི་ཆེས་བདེ་འཇགས་ཡིན་པའི་ས་ཁུལ་གྱི་གྲས་རེད། ཁྲིམས་ལྟར་དགོན་པའི་བདག་སྐྱོང་དང་གྲྭ་བའི་དོ་དམ་ལ་ཤུགས་བསྣན་པ་དང་། ཀིརྟི་དགོན་དང་ལྷ་མོ་དགོན་སོགསལས་བྱེད་པ་དང་གྲྭ་བ་ཟུང་འབྲེལགྱི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཅོས་སྒྲིག་བྱས་ནས་སྒོ་བྱང་བཀལ། ཁྲིམས་ལྟར་འགལ་བ་དང་རྩོད་གཞི་འདུམ་ཐབས་བྱས་ཏེ། ཡིག་སྐུར་ངོ་གཏུག་གི་གནད་དོན་གལ་ཆེན་ཁག་ཅིག་ཐག་གཅོད་ཐུབ་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་ཧྲིལ་བོ་སྤྱི་ཡོངས་ནས་བརྟན་བརླིང་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིབདུན་སྐྱོད+བྱེད་སྒོ་གསར་གཏོད་སྒོས་སྤེལ་བ་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་ཞིབ་བཤེར་ཆེན་པོ་དང་། ལེབ་བཤེར་ཆེན་པོ། དག་ཐེར་ཆེན་པོ་བཅས་ཀྱི་ཆེད་དོན་བྱ་སྤྱོད་དང་། དམིགས་བསལ་གསུམགྱི་བགྲོད་ལམ་འགྲིམ་འགྲུལ་ཆེད་དོན་བཅོས་སྐྱོང་ཟབ་སྤེལ་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་བསྟུད་མར་ཇེ་ཉུང་དུ་སོང་ཡོད། ཧྥེ་གླིང་གི་ཕག་རིམས་གནས་ཚུལ་ཐག་གཅོད་ནུས་ལྡན་བྱས་པ་དང་ཕག་ཤའི་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་བྱུང་། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།
    
ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ནན་གྱིས་སྤེལ། དཔལ་འབྱོར་ཡོངས་བཤེར་བཞི་བའིབྱ་བ་ཕལ་ཆེར་ལེགས་འགྲུབ་བྱུང་། ཞིང་ཆེན་རིམ་པའིགཉིས་བཀུརདཔེ་སྟོན་ཁུལ་ལེགས་པར་བཏོད། ཞིང་ཆེན་ཡོངས་ལས་མི་རིགས་རང་སྐྱོང་ཁུལ་གྱི་མིང་བཏགས་པའི་མཚོ་དམག་དམག་གྲུ་ཐོག་མ་སྟེརྔ་བའི་དམག་གྲུསྒྲིག་ནས་མཚོ་ནང་དུ་བཏང་། རྒྱལ་སྲུང་གི་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། དགེ་ལས་དང་། རྒྱ་གྲམ་དམར་བོ། གཞོན་ནུ་ལོ་ཆུང་། རྒན་རྒོན། དབང་བོ་སྐྱོན་ཅན། བུད་མེད་དང་བྱིས་པ་སོགས་ཀྱི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད་ལ། མཁོ་ཚོང་དང་། གསང་སྲུང་། ཡིག་ཚགས། གནམ་གཤིས། ནང་བསྟན་མཐུན་ཚོགས། ས་གནས་ལོ་རྒྱུས། འབྲུ་རིགས་བདེ་འཇགས། ཆུ་གློག་གནས་སྤོ་ཡུལ་མི། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། ལས་བཟོའི་ཁེ་དབང་སྲུང་སྐྱོང་། སྡོད་ཁང་སྤྱི་གསོག་མ་དངུལ། སྤྱི་ཚོགས་ཚན་རིག་ཞིབ་འཇུག་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་བ་ཐོབ་ཡོད།
    
ལོ་གཅིག་གི་རིང་ང་ཚོས་ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།
    
གཅིག་ནིགློད་སྡོམ་ཞབས་གསུམགྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྲིད་གཞུང་གི་ཞབས་ཞུའི་ཕན་འབྲས་མངོན་གསལ་དོད་པོ་ཆེ་རུ་ཕྱིན་ཡོད། སྲིད་འཛིན་ཞིབ་བཤེར་མཆན་འགོད་ལམ་ལུགས་བསྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཞིང་། སྲིད་འཛིན་ཞིབ་བཤེར་མཆན་འགོད་དོན་ཚན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་ལྟར་སྲིད་འཛིན་ཆོག་འཐུས་དོན་ཚན་ཁག3མེད་པར་བཟོས་བ་དང་ཁག15གཤམ་ལ་སྤྲད། ཁེ་ལས་ཀྱི་མ་དངུལ་གཏོང་འཇོག་ལས་གཞིའི་ཞིབ་མཆན་འགོད་སྒྲུབ་ཀྱི་དུས་བཀག་ཁྲིམས་བཀོད་དུས་བཀག་ལས50%ཉུང་དུ་བཏང་ཡོད། འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའིབསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། ལག་ཁྱེར་མང་པོ་གཅིག་ཏུ་སྒྲིལ་བ་དང་། ཨང་རྟགས་ལོགས་འགོད། འཛིན་གཅིག་ཨང་གཅིགལ་སྐུལ་འདེད་ཤུགས་ཆེན་བཏང་། ལག་ཁྱེར་ཉུང་གཏོང་གི་དམངས་ཕནཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ་དང་། ཁྲིམས་དང་མི་མཐུན་པ་དང་ལུགས་དང་མི་མཐུན་པའི་འགྲོ་ལུགས་མེད་པར་བཟོས། འཕྲལ་མར་སྒྲུབ་པ། དྲ་ཐོག་ནས་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པབཅས་ཀྱི་སྲིད་དོན་ཞབས་ཞུའི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བྱས། འཕྲིན་སྦྲེལ་དྲ་བ+སྲིད་དོན་ཞབས་ཞུཁྱབ་སྤེལ་བཏང་སྟེ། སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིགཁྱོན་ཡོངས་ལ་ཁེབས་པར་བྱས། ཁུལ་གྱི་སྲིད་དོན་སྤྲིན་རྩིས་སྟེགས་བུའི་ཞབས་འདེགས་དང་སྲིད་དོན་གཞི་གྲངས་ཆེན་པོ། སྲིད་གཞུང་གི་དྲ་ཚིགས་ལེགས་བསྡུས་ཅན་གྱི་སྟེགས་བུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ། གཞི་གྲངས་ཐོན་ཁུངས་ལེགས་བསྡུས་དོ་དམ་དང་སྒོ་འབྱེད་མཉམ་སྤྱོད་ལ་སྐུལ་འདེད་བཏང་། ཕན་ནུས་ལྟ་སྐུལ་ཞིབ་བཤེར་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་པས་སྲིད་བཀའ་སྔར་བས་ཐོགས་མེད་བདེ་བགྲོད་བྱུང་ཡོད།
     
གཉིས་ནི་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ། གལ་ཆེན་གསུམ་དང་འབོར་ཆེན་གཅིགདང་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་། སྲིད་གཞུང་གི་སྒྲིག་སྲོལ་དང་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆབཅའ་བ་དང་། བཟོ་བཅོས་རྒྱག་པ། བེད་མེད་དུ་གཏོང་བ། འགྲེལ་བཤད་རྒྱག་པབཅས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་ནས་སྤེལ་ཡོད། ཁྱབ་ཁོངས་ཆེན་པོ་ལྔཡི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བསྒྱུར་བཅོས་བསྟུད་མར་ཟབ་སྤེལ་བྱས་ཏེ། སྲིད་འཛིན་ཁྲིམས་བསྟར་སྔར་བས་ཚད་ལྡན་དུ་བཏང་ཡོད། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གྲོས་དབར་གྱི་འབྲེལ་གཏུག་ལ་རང་འགུལ་ངང་ཤུགས་སྣོན་བརྒྱབ་ནས་ལས་དོན་སྙན་ཞུ་ཧུར་ཐག་བྱས་ཤིང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཡོད། སྲིད་གཞུང་གི་ཁྲིམས་བཅའ་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རང་སྐྱོང་ཁྲིམས་སྲོལ་འཆར་ཟིན3གྲོས་ཞིབ་ཏུ་ཕུལ་ཡོད། གྲོས་གཞི225གསར་གཏོད་ངང་ཐག་གཅོད་བྱས་པ་དང་། གྲོས་གཞི་ཞིབ་གཅོད་བྱས་ཚད་དང་བློར་བབས་ཚད100%ཟིན་ཡོད།
    
   གསུམ་ནི་སྲིད་ཚུལ་དང་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བཏང་བས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྔར་བས་གཏིང་ཟབ་ཏུ་སྤེལ་ཡོད། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བཡི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་གནད་དོནམི་འཚམ་པ་བདུན བཅོས་སྒྲིག་དམ་འཛིན་ནན་པོ་བྱས། སྦྲེལ་གཉིས་བསྒྲགས་གཅིགགི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁེབས་པ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་ཕྱིན་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དངལས་གནས་གཅིག་ལ་འགན་འཁྲི་གཉིསལག་ལེན་ནན་ཏན་བསྟར་བ་དང་། རྩིས་བཤེར་གྱིརིམས་འགོག་ལྟ་སྐུལནུས་པ་འདོན་སྤེལ་གང་ལེགས་བྱས། སྲིད་གཙང་ཉམས་ཉེན་སྔོན་འགོག་དང་བཀག་སྡོམ་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད། བཀག་རྒྱ་མེད་པ་དང་། ཁྱོན་ཡོངས་ལ་ཁེབས་པ། བཟོད་སྒོམ་གཏན་ནས་མི་བྱེད་པ ཡི་སྒོ་ནས་རུལ་སུངས་ལ་ཆད་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཁུལ་ཨུའི་ལས་དོན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བའི་བསམ་འཆར་དོན་ཚན་བདུན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱས་ཤིང། སྲིད་སྐྱོང་ཐ་མལ། སྲིད་སྐྱོང་སྒྱིད་ལུག སྲིད་སྐྱིད་ཁུར་མེད་བཅས་ཀྱི་གནད་དོན་བཀག་འགོག་ནུས་ལྡན་ཐུབ་པ་དང་། སྲིད་སྐྱོང་ཚུལ་སྤྱོད་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།
     
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་གི་ཐོབ་པའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་ཞིང་ཆེན་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཐོབ་པ་དང་། ཁུལ་ཨུའི་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཁུལ་དམངས་འཐུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ་ཡིན་ལ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི94ཡིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་ཡིན། འདིར་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། ཁུལ་དུ་བཅའ་སྡོད་བྱས་པའི་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ། རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་མི་དམངས་དང་ལས་རིགས་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་བླ་ན་མེད་པའི་གུས་འདུད་ཞུ།
    
གྲུབ་འབྲས་ལ་ཁས་ལེན་དང་ཆབས་ཅིག་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ད་དུང་གནད་དོན་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་པ་ང་ཚོས་གསལ་བོར་མཐོང་ཡོད། གཙོ་བོ་ཕྱོགས་འདི་དག་ནས་མངོན་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་མི་འདང་བ་དང་། ས་ཁོངས་བར་དང་། རྫོང་ཁོངས་བར། གྲོང་ཁྱེར་དང་གྲོང་གསེབ་བར་བཅས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ། སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་དལ་བ་དང་འཐབ་ཇུས་རིང་བཞིན་གྱི་གསར་དར་ཐོན་ལས་དར་སྤེལ་མི་འདང་བ། ཐོན་ལས་ལས་གཞི་གལ་ཆེན་གྱི་འདེགས་སྐྱོར་ཞན་པ་དང་། སྐྱེ་ཁམས་སྲུང་སྐྱོང་རིགས་ཀྱི་ལས་གཞི་དོན་འཁྱོལ་གཞན་སྒྱུར་བྱེད་ཚད་དམའ་བ། ཚོང་གཉེར་ཁོར་ཡུག་ད་དུང་ལེགས་སུ་གཏོང་དགོས་པ་དང་། ཁྲོམ་རའི་གྲུབ་ཆ་གཙོ་བོ་འཚར་ལོངས་བྱུང་མེད་པ། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་གི་འཕར་ཚད་ཞན་པ། གནོད་འཚེ་དང་ནད་ཀྱི་རྐྱེན་གྱིས་སླར་ཡང་དབུལ་བོར་བསྒྱུར་བའི་ཉེན་ཁ་ཡོད་པ་དང་དབུལ་སེལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དཀའ་ངལ་ཆེ་བ། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། འགོག་རྒོལ། གེགས་སེལ་བཅས་ཀྱི་ཕྱོགས་བསྡུས་ནུས་པ་གང་མགྱོགས་ཀྱིས་ཆེ་རུ་གཏོང་དགོས། གེགས་རྗེས་བསྐྱར་སྐྲུན་གྱི་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བ། དུས་མཚུངས་སུ་སྲིད་གཞུང་གི་ལས་དོན་ཐད་ད་དུང་མི་འདང་ས་ཁ་ཤས་ཡོད་པས་ཁ་ཚ་དགོས་གཏུགས་ཀྱིས་མཐོར་འདེགས་གཏོང་དགོས་ཏེ། གཞི་རིམ་བཅོས་སྐྱོང་ཐད་ད་དུང་ལྷུ་ཚིགས་ཞན་ས་ཡོད་པ་དང་། བསྒྱུར་བཅོས་གོང་སྤེལ་གྱི་བྱེད་ཐབས་ཁག་ཅིག་དོན་ཐོག་ཏུ་འཁྱོལ་ཐུབ་མེད་པ། ལས་བྱེད་པ་ཉུང་ཤས་ཀྱི་ལག་བསྟར་བྱེད་ཤུགས་མི་འདང་བ་དང་ལས་ཆོད་ཞན་པའི་གནད་དོན་སྔར་བཞིན་གནས། ང་ཚོས་ངེས་པར་དུ་དཀའ་ངལ་དང་གནད་དོན་འདི་དག་ལ་གདོང་གཏད་དེ་ནུས་ཤུགས་ཡོད་རྒུས་ལས་དོན་རེ་རེ་བཞིན་ཡག་པོར་བསྒྲུབས་ཏེ་ཏང་གི་མངགས་བཅོལ་གལ་ཆེན་དང་མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།

2020ལོའི་སྤྱི་ཡོངས་ཀྱི་བླང་བྱ།


     
ད་ལོ་ནིལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ། རང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོརའབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཐེངས་གསུམ་པ། ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་བ། ཐེངས་ལྔ་བ། ཐེངས་དྲུག་པ་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཐེངས་དྲུག་པ། ཐེངས་བདུན་པ། ཐེངས་བརྒྱད་པ། ཁུལ་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་རང་རྟོགས་ངང་ལག་ལེན་བསྟར་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ཤིང་། འགག་རྩ་ལྔདམིགས་སུ་འཛིན་པ། འཕར་སྣོན་བརྟན་པོ་ཡོང་བ་དང་། བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ་བསྐྲུན་པ། ཉེན་ཁ་འགོག་པ། བརྟན་བརླིང་འགན་ལེན་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱེད་ཅིང་། ལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་རྒྱུ་འགན་ལེན་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱས་ཏེཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམའཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར7.5%ཡས་མས་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་འཇོག10%ཡན་འཕར་བ། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ5%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར10%ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཆ་སྙོམས་བཀོལ་འཐུས་ཡོང་འབབ་སོ་སོ8%དང10%ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད4%ཡི་ནང་དུ་ཚོད་འཛིན་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་དང་དོ་མཉམ་དགོས།  ཁོར་ཡུག་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱ་དགོས།
    
གོང་གསལ་གྱི་དམིགས་ཚད་ཀྱིས་རང་ཁུལ་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་གཞི་རྩའི་གནས་ངེས་ལ་བསམ་གཞིགས་གང་ལེགས་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་གང་ལེགས་མཚོན་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ཚད་གང་ལེགས་བཟུང་ཡོད། ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་ལྟར་ན། ད་ལོ་རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ནི་དུས་བབ་དེ་བས་རྙོག་འཛིང་ཆེ་བ་དང་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་ཞིག་དང་འཕྲད་ཡོད། ང་ཚོས་ངེས་པར་དུ་གནས་ཚུལ་དང་གནས་བབ། ཉེན་ཁ་དང་གོ་སྐབས། མྱུར་བ་དང་དལ་བ། རིང་བ་དང་ཉེ་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ལ། ལམ་ལུགས་འཛུགས་སྐྱོང་གི་བླང་བྱ་གསར་བར་བརྟེན་ནས་སྲིད་གཞུང་གི་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
   
 —ཏང་གི་འགོ་ཁྲིད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་འཁོར་སྐྱོད་བརྟན་པོའི་ངང་རྒྱང་དུ་སྐྱོད་པ། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནསའདུ་ཤེས་བཞིཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞིཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིསསྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་དེ་སྲིད་གཞུང་ལས་དོན་གྱི་ཕྱོགས་ཀུན་དང་ཁྱབ་ཁོངས་ཀུན། གནད་འགག་ཀུན་ལ་ཁྱབ་པ་བྱས་ནས་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས།
     
སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མཐའ་འཁྱོངས་བྱས་ནས་འབྲི་ཆུ་དང་རྨ་ཆུའི་གསོན་ཤུགས་ནམ་ཡང་མི་ཉམས་པ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད། ང་ཚོས་རང་རྟོགས་ངང་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་བ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ཐོན་ཁུངས་བེད་སྤྱོད་ཕན་ནུས་ལྡན་པ་བྱེད་པ་སོགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་ལ། སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་ཡག་པོ་བྱེད་པ་དང་། བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
   
  གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བྱ་དགོས། འཕེལ་རྒྱས་ནི་གནད་དོན་ཡོད་ཚད་ཐག་གཅོད་པའི་སྤྱིའི་ལྡེ་མིག་ཡིན། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཙོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནསཡོལ་བ་གཅིག་དང་རྒྱུད་བཞི། ས་ཁོངས་ཧྲིལ་བོའི་སྐྱེ་ཁམསདང་། གནས་གསུམ་མཉམ་སྐྲུན་དང་ལས་ལྔ་མཉམ་གཉེརཕྱོགས་བཞིའི་བགྲོད་ལམ་དང་ཁོངས་ཡོངས་རྒྱ་སྐྱེདབཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་བཏོད་པ། དཔལ་འབྱོར་གྱིགྲངས་ཚདལུགས་མཐུན་ངང་འཕར་བ་དངསྤུས་ཚདབརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།
   
དམངས་འཚོའི་འགན་སྲུང་ལམ་ལུགས་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་མྱོང་ཚད་མཐོ་རུ་གཏོང་དགོས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུ་ནི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནསདམངས་འཚོའི་ཡོད་པ་བདུནགྱི་ལམ་ལུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྤྱི་བའི་ཞབས་ཞུའི་འགན་སྲུང་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་བ་དང་སྔར་བས་དྲང་གཞག་གི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས།
   
སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ནས་བཅོས་སྐྱོང་མ་ལག་གི་གཞི་རིམ་གྱི་རྨང་གཞི་བརྟན་པོར་གཏོང་དགོས། གཞི་རིམ་བཅོས་སྐྱོང་ནི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོསམཉམ་སྐྲུན་མཉམ་བཅོས་མཉམ་སྤྱོདཀྱི་བླང་བྱར་ནན་ཏན་གྱིས་གཞིར་བཟུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་ཕྱོགས་གཅིག་བཅོས་སྐྱོང་བྱེད་རྒྱུ་དེ་རྒྱུ་མང་མཉམ་དུ་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནསཀྲུང་གོའི་བཅོས་སྐྱོངདངསི་ཁྲོན་གྱི་བཅོས་སྐྱོངམངོན་འགྱུར་བྱེད་ཆེད་རྔ་བའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

2020ལོའི་ལས་དོན་བཀོད་སྒྲིག


     
ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྕི་ཞིང་བླང་བྱ་མཐོ་ལ། འགྲན་སློང་མང་། ང་ཚོས་ངེས་པར་དུ་གཙོ་གནད་འབུར་ཐོན་དང་། གནད་འགག་དམ་འཛིན། ནུས་ཤུགས་གནད་འདོན་བཅས་བྱས་ཏེ། གཤམ་གསལ་གྱི་ལས་དོན་ཁག་ལེགས་སྒྲུབ་ཏན་ཏིག་བྱ་དགོས།
    
གཅིག བློ་བརྟན་འགྱུར་མེད་ངང་མ་དངུལ་གཏོང་འཇོག་དམ་འཛིན་དང་ཞན་ཆ་གསབ་སྟེ། ཐོད་བརྒལ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
    
ལས་གཞི་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཡིན་པའིའདུ་ཤེས་བརྟན་པོར་འཆང་ནས་གང་མགྱོགས་ངང་མ་དངུལ་གཏོང་འཇོག་བརྟན་པོ་ཡོང་བའི་ལམ་སྲོལ་བཙུགས་ཏེ།ལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནསལོ་ལྔ་ཚན་བཅུ་བཞི་བའིའཆར་འགོད་བཟོས་ནས་ཞན་ཆ་གསབ་གང་ཐུབ་དང་རྨང་གཞི་དེ་བས་བརྟན་པོ་འདིང་དགོས།

བགྲོད་ལམ་འགྲིམ་འགྲུལ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། ཕྱོགས་བཞིའི་བགྲོད་ལམ་དང་ཁོངས་ཡོངས་རྒྱ་སྐྱེདཀྱི་དམིགས་འབེན་ལ་དམིགས་ཏེ། འགྲིམ་འགྲུལ་གྱི་མཉམ་རུབ་དམག་འཐབ་ཆེན་པོརྒྱུན་མཐུད་དུ་ཟབ་སྤེལ་བྱས་ཏེ། རྩ་ལག་ཟུང་འབྲེལ་དང་། ཡུལ་ཚོ་དང་གྲོང་ཚོར་ཤར་གཏོངགི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་དགོས། ཧུང་ཡོན་གནམ་གྲུ་ཐང་རིམ་སྤར་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་། གཟི་རྩ་སྡེ་དགུ་དང་གསེར་མཚོའི་འགག་སྒོའི་གནམ་གྲུ་ཐང་འཛུགས་སྐྲུན་ལེགས་འགྲུབ་བྱ་དགོས། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་། ཏུའུ་ཅང་ཡན་ནས་འོག་གཞི་སྐུ་བླའི་བར་གྱི་ལྕགས་ལམ་འགྲིམ་འགྲུལ།  ཆུ་ཆེན་གློག་ཚིགས་གཞུང་ལམ་ལེགས་སྒྱུར་སོགས་ལས་གཞི་སྐྲུན་འགོ་འཛུགས་རྒྱུ་དང་།  ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་དང་། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ། མའོ་རྫོང་ནས་ཧུང་ཡོན་བར་གྱི་ལམ་སོགས་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཐེ་བོ་ནས་རྨ་ཆུའི་བར་གྱི་ལམ་དང་གཙོ་ཚང་དགོན་པ་ནས་གཟི་རྩ་སྡེ་དགུའི་བར་གྱི་ལམ་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་ལས་གཞི13སྐྲུན་ཐུབ་དགོས། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་ཏན་ཏིག་དང་། གཙོ་ཚང་དགོན་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ། ཝུན་ཁྲོན་ནས་ཕེང་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ། གཟི་རྩ་སྡེ་དགུའི་སྤྱི་སྤྱོད་གནམ་གྲུ་ཐང་སོགས་ལས་གཞིའི་དུས་འགོའི་འཕེལ་རིམ་ལ་ངོ་བོའི་རང་བཞིན་ལྡན་པའི་གོང་འཕེལ་ཡོང་དགོས།  གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ལམ་ལུགས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའིའཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་སྟེ། ཆ་རྐྱེན་འཛོམས་པའི་ཡུལ་ཚོ་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་ཆ་སྙོམས100%ཟིན་པ་བྱེད་དགོས། ང་ཚོསའཆར་གཞིདེབགྲོད་ལམདུ་བསྒྱུར་ཞིང་།འགྲིམ་འགྲུལ་མྱུར་བགྲོད་གཞུང་ལམཤར་གཏོང་ཐུབ་པ་བྱས་ཏེ། མང་ཚོགས་ཀྱིལམ་བགྲོད་དཀའ་བའིགནད་དོན་ཐག་གཅོད་ནུས་ལྡན་བྱ་དགོས།
    ནུས་ཁུངས་གཙང་མ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞིའཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ཏེ། ནུས་ཁུངས་ཁྱབ་ཁོངས་ཀྱི་ནུས་ལྡན་གྱི་མ་དངུལ་གཏོང་འཇོག་བརྟན་པོའི་ངང་རྒྱ་ཆེར་གཏོང་དགོས། ཧྲོང་ཅང་ཁོའུ་དང་། ཆུ་ཆེན། པ་ལ་སོགས་ཆུ་གློག་ས་ཚིགས་ཆེ་འབྲིང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྲོ་སྐྱབས་ཆུ་གློག་ས་ཚིགས་ཕྱོགས་ཡོངས་ནས་ལས་འགོ་འཛུགས་པ་བརྩོན་ལེན་བྱེད་དགོས། ཞིང་ཆེན་གྱི་འོད་ཤུགས་རྟེན་གཞིའི་དམིགས་ཚད་ཀྱི་རིན་གོང་འགྲན་རྩོད་ནང་ཧུར་ཐག་གིས་ཞུགས་པ་དང་འོད་ཤུགས་རྟེན་གཞིའི་ལས་གཞི་ཁག་ཅིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རླུང་ནུས་ཐོན་ཁུངས་རྩད་ཞིབ་ཐིག་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་བཞིན་རླུང་ནུས་གློག་འདོན་ཚོད་ལྟ་བྱ་དགོས། གློག་ཤུགས་མྱུར་བགྲོད་གཞུང་ལམའཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྟོང་ཧྥུ1000གི་ཆེས་ཆེ་བའི་མཐོ་གནོན་ལས་གཞིའི་དུས་འགོའི་ལས་དོན་སྤེལ་འགོ་འཛུགས་པ་དང་། ཆུ་ཆེན་གྱི་སྟོང་ཧྥུ220དང་བཙན་ལྷའི་འོག་གཞི་སྐུ་བླའི་སྟོང་ཧྥུ110སོགས་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ལས་འགོ་འཛུགས་པ། འབར་ཁམས་ཀྱི་སྟོང་ཧྥུ500དང་ཧུང་ཡོན་གྱི་སྟོང་ཧྥུ220ཡི་གློག་སྐྱེལ་གློག་བསྒྱུར་ལས་གྲྭ་མགྱོགས་མྱུར་འཛུགས་སྐྲུན་བྱ་དགོས། ཆུ་གློག་བསྡུ་ཉར་གཙང་སེལ་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་འཛད་གློག་བརླགགི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། གནས་བརྒལགླིང་ཁུལ་དུ་སྣ་གཅིག་ལམ་ལུགས་ཀྱི་གློག་སྐྱེལ་གློག་སྦྱོར་གྱི་རིན་གོང་ལག་བསྟར་བརྩོན་ལེན་བྱེད་པ་དང་། གཙོ་གནད་ཐོན་ལས་ཀྱི་གློག་སྤྱོད་མ་གནས་ཆེས་ཆེར་འགྲིབ་པར་སྐུལ་འདེད་གཏོང་དགོས།
    
ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་སྲ་བརྟན་དུ་གཏོང་དགོས། ཆུ་བཅོས་ཆུ་སྤེལགྱི་བླང་བྱ་གསར་བ་ལག་ལེན་བསྟར་ནས་ལིས་རྫོང་གི་མྱག་ལོ་ཐའོ་ཕིང་གི་ཆུ་བེད་འཛུགས་སྐྲུན་དང་འཛམ་ཐང་གི་མུ་མདའ་ལུང་བའི་ཆུ་མཛོད་སོགས་ཀྱི་ལས་གཞིའི་དུས་འགོའི་ལས་ཀ་ཇེ་མགྱོགས་སུ་གཏོང་བ། འབར་ཁམས་ཀྱི་ཀྱོམ་ཀྱོ་དང་སོ་མང་གཙང་བོ་གཉིས་ཀྱི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ ཧྲོའུ་ཞི་ཆུ་བོ་དང་ཆུ་དཀར་གཙང་བོ་སོགས་ཞོད་འགོག་བཅོས་སྐྱོང་ལས་གཞི17ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་འཐུང་ཆུ་ཉེན་མེད་སྲ་བརྟན་རིམ་སྤར་ལས་གྲྭ་ལག་བསྟར་གཏིང་ཟབ་བྱ་དགོས། གྲོང་གསེབ་ཀྱི་ཆུའི་མཁོ་འདོན་ལས་གྲྭ་འཁོར་སྐྱོད་དོ་དམ་བྱེད་ཐབས་དང་ཆུ་རིན་བསྡུ་ལེན་ལམ་ལུགས་གཏན་འབེབས་བྱས་ཏེ། ཆུ་མཁོ་འདོན་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ནས་མང་ཚོགས་ཀུན་གྱིས་ཉེན་མེད་བློ་བདེའི་ངང་ཆུ་སྤྱོད་དུ་འཇུག་དགོས།
    
   ཆ་འཕྲིན་འཕྲིན་གཏོང་གི་ཆུ་ཚད་མཐོ་རུ་གཏོང་བ། གྲངས་འཛིན་གྲོང་གསེབའཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་གྲོང་ཁྱེརབསྐྲུན་པར་ཤུགས་རྒྱག་དགོས། དྲ་འབྲེལ་ཤོང་རྒྱ་སྐྱེད་པའི་ལས་གྲྭ་ལག་བསྟར་དང་། དྲ་རྒྱ་ཁྱབ་གདལ་དང་ཉེར་སྤྱོད་ཁྱབ་ཁོངས་ཆེ་རུ་བཏང་ནས་སྲིད་འཛིན་གྲོང་ཚོ་ཚང་མར་འོད་སྐུད་ཤར་གཏོང་ཐུབ་པ་བྱེད་དགོས། 5Gདྲ་རྒྱའི་གཞི་ཁྱོན་སྒྲིག་འཛུགས་དྲ་བ་ཧུར་ཐག་གིས་སྤེལ་ནས་རྫོང་མཁར་དང་གཙོ་གནད་མཛེས་ལྗོངས་ཁུལ་ཕལ་ཆེར་ཁེབས་ཐུབ་པ་བྱེད་དགོས། 4Gཉེར་སྤྱོད་གྲོང་གསེབ་ཏུ་བསྲིང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གྱི་སྒུལ་བདེ་དྲ་རྒྱ་ཁྱོན་ཡོངས་ལ་ཁེབས་པ་བྱ་དགོས། ཆ་འཕྲིན་མྱུར་བགྲོད་གཞུང་ལམའཛུགས་སྐྲུན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱིས་སྔར་བས་ཐོགས་པ་མེད་པར་འཕྲིན་གཏོང་དྲ་རྒྱ་ལོངས་སྤྱོད་ཐུབ་པར་བྱེད་དགོས།
    
གེགས་རྗེས་སླར་གསོ་བསྐྱར་སྐྲུན་མགྱོགས་སུ་གཏོང་དགོས། དཔེ་མཚོན་བསྐྲུན་པ་དང་རིམ་སྤར་མཐོར་འདེགས་ཀྱི་བླང་བྱར་དམ་པོར་དམིགས་ཏེ“8·8”གཟི་རྩ་སྡེ་དགུའི་ས་ཡོམ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་སྒྲུབ་བྱས་ཏེ་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་རིམ་སྤར་ཐོད་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་ཕྱོགས་ཡོངས་ནས་སྒོ་འབྱེད་དང་རིམ་སྤར་བྱ་དགོས་ལ། “6·24”མའོ་རྫོང་ཏིའེ་ཞི་རི་ཉིལ་གནོད་འཚེ་ཚབས་ཆེན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་གཞི་ཆེན་པོ་ཕྱོགས་ཡོངས་ནས་ལེགས་འགྲུབ་དང་གནོད་འཚེ་བྱུང་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའིལེགས་འགྱུར་ཆེན་པོམངོན་འགྱུར་བྱ་དགོས། ཝུན་ཁྲོན་གྱི“8·20”དང་། ཆུ་ཆེན་རྩེ་མདའི“6·27”སོགས་རང་བྱུང་གནོད་འཚེའི་གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གནོད་འཚེ་ཡང་ཡང་འབྱུང་སླ་བའི་ས་ཁུལ་གྱི་ཕྱོགས་བསྡུས་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བའི་ཐབས་ལམ་གསར་བ་འཚོལ་ཞིབ་ཧུར་ཐག་བྱ་དགོས།

གཉིས། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་ལ་མཐོང་ཆེན་དང་སྦགས་བཙོག་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།

སི་ཁྲོན་ནུབ་བྱང་ཕྱོགས་ཀྱི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལགྱི་གནས་ངེས་ལ་གཞི་ཚུགས་ནསསྟོད་རྒྱུདཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། གཅིག་འཕར་གཅིག་ཆགགི་བླང་བྱ་དོན་འཁྱོལ་བྱས་ཏེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ།

སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་བཅོས་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་གུན་གསབ་དང་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་སྐྱིན་ཚབ་ལམ་ལུགས་དོན་འཁྱོལ་བྱ་དགོས།
    
རི་ཆུ་དང་། ནགས་ཞིང་། མཚེའུ། རྩྭཡི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གཞི་ཡིག་ཐོག་སྙན་ཞུའི་ལས་དོན་ལེགས་འགྲུབ་བྱས་ནས་ལས་གཞི་གཞན་སྒྱུར་དོན་འཁྱོལ་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་ཉམས་ཞན་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ས་ཆུ་སྲུང་འཛིན་དང་། རླན་ས་ཉམས་གསོ། རྩྭ་ཐང་གི་བྱེ་འགྱུར་འགོག་བཅོས། ཐན་སྐྱོན་བྱུང་བའི་ལུང་གཞུང་བཅོས་སྐྱོང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་ལྗང་འགྱུར་དང་མཛེས་བཟོ། ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་བཅས་བྱེད་པར་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ལ། དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བྱ་དགོས། མཛོད་དགེའི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རླན་ས་ཞེས་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། བློ་ཐག་རྦད་ཆོད་ཀྱིས་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱ་དགོས།
   
      སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། སྦགས་བཙོག་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་དང་། བཙོག་ཆུ་འབུད་གཏོང་། ཨར་སྐྲུན་ཐལ་རྡུལ། བཟའ་བཏུང་སྣུམ་དུད་སོགས་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། སྲ་གཟུགས་སྙིགས་རོ་དང་གྲོང་ཁྱེར་གད་སྙིགས་རིགས་དབྱེ་ཐག་གཅོད་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་སྦགས་བཙོག་དང་གྲོང་གསེབ་ཀྱི་ཁ་གཏིང་སྦགས་བཙོག་ཚོད་འཛིན་ནན་པོ་བྱེད་དགོས། ཐོར་ཟིང་བཙོག་གསུམགྱི་ཁེ་ལས་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་ངང་སྤེལ་ནས་གྲོང་ཁུལ་གྱི་རླངས་ཏུན10མན་གྱི་རྡོ་སོལ་ཁྲོ་ཐབ་དོར་ནས་བསྒྱུར་བཀོད་མགྱོགས་སུ་གཏོང་དགོས། བཟོ་ལས་ཐབ་ཁུང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བཟོ་ལས་སྦགས་བཙོག་འབྱུང་ཁུངས་འབུད་གཏོང་ཚད་གཞི་ལོན་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཏེ། མང་ཚོགས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ཁྲོད་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས།

ཐོན་ཁུངས་ཕན་ནུས་ཆེན་པོས་བེད་སྤྱོད་བྱེད་པ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཐོན་ཁུངས་དོ་དམ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་གསར་སྣོན་བྱ་རྒྱུའི་དམིགས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་ཅིང་། རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་གྱི་དགོས་མཁོ་གཙོ་གནད་འགན་སྲུང་བཅས་བྱ་དགོས། གཏེར་རྫས་ཐོན་ཁུངས་འཆར་འགོད་བཟོ་བའི་ལས་དོན་སྐོར་བཞི་བ་སྤེལ་འགོ་འཛུགས་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལིས་གཏེར་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱ་དགོས། ནུས་སྲི་སྙིགས་འཕྲི་དང་། ནུས་ཁུངས་གསར་བ་བེད་སྤྱོད་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ། གློག་གིས་བུད་ཤིང་དང་རྡོ་སོལ་གྱི་ཚབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་གྲོན་ཆུང་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
   གསུམ། བློ་བརྟན་འགྱུར་མེད་ཀྱིས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕུགས་ཕན་དོན་གཉེར་གྱིས་དབུལ་སྒྲོལ་འབྱོར་འབྲིང་དུ་བསྐྱོད་པར་རྒྱལ་ཁ་ལེན་དགོས།    

གནད་འགག་ལས་མི་འབྲལ་བ་དང་། དམིགས་འབེན་མི་འགྱུར་བ། ཤུགས་མི་ལྷོད་པ་བཅས་མཐའ་འཁྱོངས་བྱེད་ཅིང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཤིན་ཏུ་དབུལ་བའིམཁར་རྫོངམཐའ་མ་འགག་སྒྲོལ་བྱ་དགོས་ལ། བློ་ཐག་རྦད་ཆོད་ཀྱིས་ཆེས་མཐའ་མཇུག་གི་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་འགན་ལེན་ཏན་ཏིག་བྱ་དགོས།

ཕྱོགས་ཡོངས་ནས་དབུལ་སེལ་ལ་སྐུལ་འདེད་གཏོང་དང་དབུལ་བོ་བསྐྱར་ལོག་སྔོན་འགོག་ནན་པོ་བྱེད་དགོས། དབུལ་བོའི་ཁྲོད་ཀྱི་དབུལ་བོ་དང་། དཀའ་ཚེགས་ཁྲོད་ཀྱི་དཀའ་ཚེགས། དཀའ་ངལ་ཁྲོད་ཀྱི་དཀའ་ངལབཅས་ལ་དམིགས་ནས་ལོ་འཁོར་གྱི་དབུལ་སྐྱོར་ཆེད་དོན་ཇུས་གཞི་ལག་བསྟར་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར60གཏོང་འཆར་ཡོད། ལས་གཞི1300ལག་བསྟར་བྱ་དགོས། དབུལ་ཞྭ་ཕུད་པའི་རྫོང་གི་དབུལ་སེལ་འགག་སྒྲོལ་གྱི་ཡོངས་བཤེར་ལས་དོན་སྤེལ་ནསསེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམགྱི་མངོན་གསལ་དོད་པའི་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་དང་། གཏོང་སྒོ་རང་བཞིན་གྱི་དབུལ་ཕོངས་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་ཤུལ་དུ་ལྷག་པའི་དུད་ཚང་དབུལ་བོ41གི་མང་ཚོགས་དབུལ་བོ221དུས་བཀག་ལྟར་དབུལ་སེལ་ཐུབ་པ་འགན་ལེན་ཏན་ཏིག་བྱ་དགོས། མི་འབུད་པ་བཞིའིབླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱིར་འཁོར་ནས་ལྟ་བདངཕྱིར་འཁོར་ནས་རོགས་རམ་བྱེད་པཟབ་སྤེལ་བྱས་ནས། རྫོང(གྲོང་ཁྱེར)13དང་། གྲོང་ཚོ606མི་ཁྲི10.36བཅས་ཀྱི་དབུལ་སེལ་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་དབུལ་སེལ་འབྱོར་འབྲིང་དུ་སྐྱོད་པར་དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པ་འགན་ལེན་ཏན་ཏིག་བྱ་དགོས།
   
དབུལ་ཕོངས་ས་ཁུལ་གྱི་ཁྲག་བཟོ་ནུས་པ་ཇེ་ཆེར་གཏོང་དགོས། ལས་རིགས་གཉིསཀྱི་སྐུལ་ཁྲིད་ལ་ཤུགས་སྣོན་དང་། ཁྱད་ལྡན་འདེབས་གསོ་དང་གྲོང་གསེབ་ཡུལ་སྐོར་སོགས་ཁྱད་ལྡན་ཁྱད་ཡོན་ཐོན་ལས་གོང་སྤེལ་ཤུགས་ཆེན་བཏང་སྟེ་དབུལ་སྐྱོར་མཚོན་རྟགས་ཀྱི་ཐོན་རྫས་དེ་བས་མང་བ་གསོ་སྐྱོང་བྱ་དགོས། ཐབས་མང་མཉམ་སྤྱོད་ཀྱིས་སྐྱེ་ཁམས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དབུལ་སྐྱོར་ལས་གནས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི1མཐོ་རུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་དབུལ་སེལ་འགག་སྒྲོལ་གྱིཁེ་གཉིསམངོན་འགྱུར་བྱ་དགོས། སློབ་མ་དབུལ་བོ་ས་ཆ་གཞན་དུ་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སློབ་མ་དབུལ་བོ267ཀྲེ་ཅང་དུ་སློབ་སྦྱོང་བྱེད་པའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་མི་རབས་ནས་མི་རབས་དབུལ་བོ་ཆགས་པར་བཀག་འགོག་བྱ་དགོས། དངུལ་རྩའི་དབུལ་སྐྱོར་རྟེན་གཞི་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དངུལ་རྩའི་ཐོན་ལས་ཀྱིས་དབུལ་སེལ་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། དུད་ཚང་དབུལ་བོ་ཚང་མར་ཕྱུག་འགྱུར་འབབ་འཕར་གྱི་ཐབས་ལམ་ཡོད་པར་བྱ་དགོས།  

དབུལ་སེལ་འགག་སྒྲོལ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སེལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལེགས་སྒྲུབ་བྱེད་དགོས། ལྟོས་བཅས་དབུལ་ཕོངས་ཐག་གཅོད་བྱེད་པའི་ལམ་ལུགས་མ་ལག་འཛུགས་པ་དང་། དབུལ་ཕོངས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མཐའ་མཚམས་དུད་ཚང303དང་དབུལ་སེལ་ལྟ་ཞིབ་ཚད་ལེན་དུད་ཚང211ལ་རྒྱུན་རྣམ་ལྟ་ཞིབ་ཚད་ལེན་ལག་བསྟར་བྱ་དགོས། འགོ་ཁྲིད་ཀྱིས་འབྲེལ་གཏུག་དང་སྡེ་ཁག་གིས་གནས་གཏན་འཁེལ་སྒོས་རོགས་སྐྱོར་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དུས་བཀག་ལྟར་དབུལ་སེལ་མང་ཚོགས་ལ་རྗེས་འདེད་བཅར་འདྲི་བྱ་དགོས། ཆུ་ཐིགསསྤྱི་ཚོགས་དབུལ་སྐྱོར་བྱ་སྤྱོད་སྤེལ་འགོ་བཙུགས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང600ཡི་མང་ཚོགས་ལ་བྱམས་བརྩེའི་རོགས་སྐྱོར་བྱ་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ཡག་པོ་གཏོང་བ་དང་། རྒྱལ་ཁབ་པུའུ་ཨུའི་དམིགས་འཛུགས་དབུལ་སྐྱོར་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བཅས་ཧུར་ཐག་གིས་དང་ལེན་བྱས་ནས་དམངས་ཡོངས་ཞུགས་པའི་སྤྱི་ཚོགས་ཀྱི་དབུལ་སྐྱོར་རྣམ་པ་ཆེན་པོ་སྲ་བརྟན་དུ་གཏོང་དགོས།
    
བཞི། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞིང་ལས་སྟོབས་དང་ལྡན་ལ་གྲོང་གསེབ་མཛེས་སྡུག་ལྡན་པར་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
    
   གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ལགྲོང་མཛེས་དམངས་ཕྱུག་འཆམ་མཐུན་བདེ་སྐྱིདཀྱི་གསོན་ཉམས་ལྡན་པའི་རྣམ་པ་དངོས་སུ་མངོན་དུ་འཇུག་དགོས།
    
གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཇེ་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་ཞིང་འབྲོག་ལས་ཀྱི་བྱེད་ནུས་ཁུལ་དབྱེ་འབྱེད་དང་ཐོན་ལས་ཁྱབ་ཚུལ་ཇེ་ལེགས་སུ་བཏང་ནས། ནོར་ལུག་ཕག་བྱ་དང་། ཁྱད་ལྡན་ཤིང་ཏོག་སྔོ་ཚལ། ས་གནས་ཀྲུང་ལུགས་སྨན་རྒྱུ་སོགས་ཐོན་ལས་ཕྲེང་བ་ཆ་ཚང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།  གཟི་རྩ་སྡེ་དགུའི་ལུའོ་དབྱི་དང་རྔ་བའི་ནས་ནག་སོགས་གླིང་ཁུལ5ཡིས་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་གཏོད་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་ཀྱིཅན་བཞིའིའཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དག་ཞིང་རྔ་བའིསྤུས་རྟགས་རྟེན་གཞིའི་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གཅིག་གྱུར་གྱི་སྤུས་རྟགས་དབྱེ་འབྱེད་གཟུགས་བརྙན་དང་། སྤུས་རྟགས་ཐོན་ལས་མནའ་འབྲེལ། སྤུས་ཚད་ཚད་གཞིའི་མ་ལག་བཅས་བཏོད་ནས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་འཁྱགས་འབྲེལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་མཛོད་ཉར་སྡེབ་སྐྱེལ་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་སྐུར་སྐྱེལ་སྔར་བས་ཇེ་མགྱོགས་སུ་གཏོང་དགོས།
     
གཉེར་སྐྱོང་ལམ་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། གླིང་ཁུལ་ཆེན་པོ་དང་། ལས་བདག་ཆུང་ཆུངགི་གཉེར་སྐྱོང་བྱེད་སྟངས་སྣ་མང་འཚོལ་ཞིབ་དང་། ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་འཕེལ་རྒྱས་གཏོང་བར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ། ཞིང་དུད་ཆུང་གྲས་ཀྱིས་ཡོང་འབབ་མང་དུ་གཏོང་བར་སྐུལ་ཁྲིད་བྱ་དགོས། ཐུན་མོང་དཔལ་འབྱོར་གཉེར་སྐྱོང་དོ་དམ་གྱི་གྲུབ་ཚུལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འགན་དབང་འབྲེལ་བ་ཁ་གསལ་བཟོས་ནས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲོམ་རའི་གཙོ་གནས་ཐོབ་ཐང་ཁྲིམས་ལྟར་སྤྲོད་དགོས། གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་དང་། ཐུན་མོང་གི་ཐོན་ཁུངས་རྒྱུ་ནོར། ཁང་ས་བཅསདབང་ཆ་གསུམ་དབྱེ་བའཚོལ་ཞིབ་དང་སྐུལ་འདེད་གཏོང་བ། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་གྱི་བདག་དབང་ཚད་འབེབས་རིམ་བཞིན་མངོན་འགྱུར་བྱ་དགོས། འཕྲི་སྣོན་ཟུང་འབྲེལགྱི་ལམ་སྲོལ་གསར་བ་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ས་ཞིང་འགན་གཙང་ལེན་གྱི་དབང་ཆ་ཁྲིམས་མཐུན་ངང་རང་མོས་ཀྱིས་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞིང་བའི་ས་ཞིང་འགན་གཙང་ལེན་གྱི་ཁེ་དབང་འགན་སྲུང་གང་ལེགས་བྱ་དགོས།
    
གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཆོག་འཐུས་དོ་དམ་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། སྤུས་ཚད་མཐོ་བའི་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་འཆར་འགོད་བཟོ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བར་སྟོང་རིགས་གསུམ་གཏན་འཁེལ་བྱ་དགོས། ཧྲུའེ་མའོ་དང་། གཙང་རྩ། གཙོ་ཚང་དགོན་སོགས་གཙོ་གནད་གྲོང་རྡལ འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཝུན་ཁྲོན་སང་ཕིང་དང་ཆུ་ཆེན་མདུན་ལམ་སོགས་སྡེ་ཁུལ་རྙིང་བ13གྱི་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱ་བ། འཛམ་ཐང་དང་འབར་ཁམས་ཀྱི་གྲོང་ཁྱེར་དྲོད་གཏོང་ལས་གྲྭ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ནས་སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་བྱ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱིསྤྱོད་ཁང་སྦགས་བཙོག་མཉམ་བཅོསཀྱི་ཕུགས་ཕན་བེད་སྤྱོད་དང་དོ་དམ་སྲུང་སྐྱོང་ལམ་སྲོལ་བཙུགས་ནས་བཙོག་ཆུ་དང་གད་སྙིགས་གཙང་བཟོའི་སྒྲིག་བཀོད5བསྐྲུན་དགོས། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་སྣ་མང་ཅན་གྱི་གཏོང་འཇོག་འགན་སྲུང་ལམ་སྲོལ་འཛུགས་པ་དང་། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའིའགྱུར་བ་དྲུགགི་ལས་གྲྭ་ལག་བསྟར་བྱ་བ། ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་དང་སྲོལ་རྒྱུན་གྲོང་ཚོ41བརྟན་སྲུང་བྱེད་དགོས། མའོ་རྫོང་སོགས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་ལེགས་འགྲུབ་ཡོང་བར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱད་ཡོན་ཐོན་ཁུངས་གྲོང་གསེབ་ཏུ་མཆེད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།
   
རྫོང་ཁོངས་དཔལ་འབྱོར་མུ་མཐུད་དུ་སྟོབས་ཆེ་རུ་གཏོང་དགོས། རྫོང(གྲོང་ཁྱེར)གི་འཕེལ་རྒྱས་གྲོང་གསེབ་དར་རྒྱས་གཏོང་བའི་འདེགས་སྐྱོར་ནུས་ལྡན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡོལ་བ་གཅིག་དང་རྒྱུད་བཞི། ས་ཁོངས་ཧྲིལ་བོའི་སྐྱེ་ཁམསཀྱི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བ་གོང་འཕེལ་གཏོང་བའི“1+5”སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་། ཐོན་ལས་འཕེལ་རྒྱས་རོགས་ལས་མཉམ་དར། སྤྱི་བའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་བཅས་གཅིག་གྱུར་འཆར་འགོད་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མཐུན་སྦྱོར་མཉམ་འགུལ་གྱི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ས་རྒྱུད་དང་ཐོན་ལས་ཁྱུ་ཚོགས་གང་མགྱོགས་ཀྱིས་ཆགས་པར་བྱ་དགོས། རྫོང་རེར་ལས་རིགས་གཙོ་བོ་རེབཏོད་པའི་བླང་བྱ་གཞིར་བཟུང་ནས། རྫོང་རེ་རེས་ལེགས་ཆ་འདོན་སྤེལ་དང་ཐོད་བརྒལ་འགྲན་རྩོད་བྱ་རྒྱུར་སྐུལ་ལྕག་དང་ལྗང་མདོག་གླིང་ཁུལ་གསར་གཏོད་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་གྱི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས།

ལྔ། བློ་བརྟན་འགྱུར་མེད་ངང་སྤུས་རྟགས་གཏོད་པ་དང་ཁོར་ཡུག་ལེགས་པོར་བཏང་སྟེ་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།
    
རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། ཁྱད་པར་ཡོད་པའི་འཕེལ་རྒྱསམཐའ་འཁྱོངས་བྱས་ནསཁུལ་གཅིག་དང་རྒྱུད་བཞིའིཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་གཏོད་དགོས། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ཁུལའཛུགས་སྐྲུན་ཐད་ཚད་བརྒལ་ཡོང་བའི་འགན་ལེན་བྱེད་དགོས།  ལོ་ཧྲིལ་བོར་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད22%དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར33% འཕར་དགོས།          

ཡུལ་སྐོར་གྱི་སྤུས་ཀ་དང་སྤུས་ཚད་མཐོ་རུ་གཏོང་དགོས། སྣེ་འདྲེན་གྱིས་སྐུལ་ཁྲིད་དང་། གནས་མང་གིས་འདེགས་སྐྱོར། ས་ཁོངས་ཧྲིལ་བོར་དར་བ་བཅས་རྒྱུན་འཁྱོངས་བྱ་དགོས། གཟི་རྩ་སྡེ་དགུ་དང་གསེར་མཚོའི་ཡུལ་སྐོར་གྱི་ཐོན་རྫས་རྩེ་གྲ་གཏོད་དགོས། དར་ཁོག་འཁྱག་རོམ་དང་གཉན་པོ་གཡུ་རྩེའི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང་། འོག་གཞི་སྐུ་བླའིA5རིམ་པའི་མཛེས་ལྗོངས་ཁུལ། གཟི་རྩ་སྡེ་དགུའི་ལྷ་མཚོ་སོགསA4རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཡུལ་སྐོར་གཞུང་ལམ་དང་། ཡུལ་སྐོར་གསང་སྤྱོད། མཐོ་གནོན་དབྱང་ཚང་སོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་བྱེད་ནུས་ཆ་འགྲིག་འཐུས་ཚང་དུ་གཏོང་དགོས། ཡུལ་སྐོར་བསྡུ་འགྲེམ་བློ་འདྲིའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་མགྲོན་ཁང་དང་ཕྱི་རོལ་སྒར་ས་སོགས་ཀྱི་འཛུགས་སྐྲུན་དང་དོ་དམ་ལམ་ལུགས་གང་མགྱོགས་ཀྱིས་བཟོ་བ། ཡུལ་སྐོར་ལས་དོན་ཁང་དང་ཞག་སྡོད་བཟའ་བཏུང་སོགས་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སི་ཁྲོན་གྱི་ཡུལ་སྐོར་གྲགས་ཅན་རྫོང1དང་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་རྫོང3བསྐྲུན་རྒྱུ་བརྩོན་ལེན་བྱ་བ། གསེར་གྱི་རྟགས་མདགུཞེས་པའི་མིང་བྱང་གཙང་མར་ཕྱིས་ནསདོམ་ཁྲའི་ཁྱིམ་གཞིསདག་ཞིང་རྔ་བཡི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རྒྱས་སུ་འཇུག་དགོས།
     
མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། མཉམ་འདྲེས་བདུནགྱི་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་འཕེལ་རྒྱས་དེ་བས་ཁྱད་ཆོས་ལྡན་པ་དང་། དེ་བས་གསོན་ཤུགས་ལྡན་པ། དེ་བས་ཡིད་དབང་འཕྲོག་པ་ཞིག་ཏུ་གཏོང་དགོས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་སྔོག་འདོན་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། 2021ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་གོང་སྤེལ་ཚོགས་ཆེན་འཚོག་པའི་རེ་ཞུ་ཧུར་ཐག་བྱེད་པ།ནོར་གནག་རོལ་དབྱངས་དུས་ཚིགསདང་། དོམ་ཁྲའི་རིག་གནས་དུས་ཆེན” “ཝ་ཨེར་ཨོ་ཙུའུ་དུས་ཆེནསོགསརྫོང་རེ་ལ་དུས་ཆེན་རེ་དང་སྤུས་རྟགས་རེའིཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སི་ཁྲོན་ནུབ་རྒྱུད་ཀྱི་ལུང་དམར་སོགས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ནུས་ཤུགས་ཡོད་རྒུས་གཏོད་དགོས། གསར་བརྗེའི་རྒྱང་སྐྱོད་རླངས་འཁོར་རྒྱུག་འགྲན་དང་འོག་གཞི་སྐུ་བླའི་མཐའ་འཁོར་གྱི་རིམ་འདས་བྱེས་རྒྱུག་སོགས་འགྲན་བསྡུར་མུ་མཐུད་དུ་སྤེལ་ནས་ནུབ་རྒྱུད་རི་ཁུལ་གྱི་ལུས་རྩལ་དང་གངས་འཁྱགས་ལུས་རྩལ་གྱི་རྟེན་གཞི་སྐྲུན་པ། ཚ་གཡོལ་སྤྲོ་གསེང་དང་ཚན་རིག་ཁྱབ་གདལ་ཞིབ་འཇུག་སོགས་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱ་བ་དང་། འཕུར་གདུགས་དང་ཐད་འཕུར་གནམ་གྲུ་ལྟ་སྐོར་སོགས་ཉམས་མྱོང་ཡུལ་སྐོར་གྱི་ལས་རྣམ་གསར་བ་སྤེལ་བ་ལ་རྒྱབ་སྐྱོར་བྱ་དགོས། ཡུལ་སྐོར་གསར་རྙིང་གིརྒྱུ་རྐྱེན་དྲུགལ་དམིགས་ནས་ཞབས་ཞུའི་ལས་རིགས་འདུས་ཁུལ་དང་། ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་། རིག་གནས་ཡུལ་སྐོར་ཚོང་ཟོག་གསར་སྤེལ་རྟེན་གཞི་ཁག་ཅིག་སྐྱེད་སྲིང་དང་གསར་གཏོད་བྱས་ཏེཡུལ་སྐོར+དང་། +ཡུལ་སྐོརབཅས་ཀྱི་ཐོན་ལས་ཕྲེང་བ་གྲུབ་པ་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་དགོས།
    
རིག་ལྡན་ཡུལ་སྐོར་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། རིག་ལྡན་ཡུལ་སྐོརགྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁུལ་གྱི་དྲ་ཞུགས་ཁོར་ཡུག་ལེགས་སུ་གཏོང་བ། ལག་ཁྱེར་ཁ་པར་སྤྱད་ནས་རྔ་བར་ཡུལ་སྐོར་འགྲོ་བའི”APPམཉེན་ཆས་གསར་སྤེལ་དང་། ཡུལ་སྐོར་ཆ་འཕྲིན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཡུལ་སྐོར་བ་ད་འགྲོ་ད་འདུག་དང་། སོས་དལ་བག་ཕེབས། བརྒྱུད་རིམ་ཧྲིལ་བོར་སེམས་ཁྲལ་མེད་པ་བཅས་བྱ་དགོས། རྟོག་བཟོ་དང་མཉམ་འགུལ་གྲངས་འཛིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་རིག་ལྡན་འགྲེམས་སྟོན་ཁང་འཛུགས་སྐྲུན་བྱ་དགོས། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་རིག་ལྡན་ཚོང་གཉེར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཁྱུག་དབྱངས་དངཕྲན་གཉིས་སྣེ་གཅིགསོགས་སྨྱན་སྦྱོར་གསར་བར་བརྟེན་ནས་ཡུལ་སྐོར་བ་རང་འགུལ་ངང་དྲིལ་བསྒྲགས་ཚོང་གཉེར་ནང་ཞུགས་པར་ཡིད་དབང་འགུག་དགོས།
     
ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་གཙང་མ་བྱ་དགོས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ལས་ཞུགས་མི་སྣའི་མིང་ཐོ་དམར་བོ་དང་ནག་པོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཅིག་གྱུར་གྱིས་བདག་སྤྲོད་དང་རིམ་བགོས་ཐག་གཅོད་ཀྱི་ཡུལ་སྐོར་ཞུ་གཏུག་སྟེགས་བུ་འཐུས་ཚང་དུ་གཏོང་དགོས། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ་དང་འགྲུལ་བར་མགོ་སྐོར་གཏོང་བ་སོགས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་། ཡུལ་སྐོར་སྤྱོད་ཁང་གིཐོར་ཟིང་བཙོག་གསུམསོགས་ཡུལ་སྐོར་གཟུགས་བརྙན་ལ་གནོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གཙོ་གནད་བཅོས་སྒྲིག་བྱ་དགོས། ཡུལ་སྐོར་ནི་རྔ་བའི་གཟུགས་བརྙན་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཞབས་ཞུ་ལེགས་སུ་གཏོང་བ་དང་དོ་དམ་ཚད་ལྡན་ཡོང་བ་བྱས་ནས་ནུས་ཤུགས་ཡོད་རྒུས་བློ་བདེ་སེམས་བདེ་ཡོང་བའི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དགོས།

དྲུག བློ་བརྟན་འགྱུར་མེད་ངང་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་རིགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་བཟོ་ལས་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས།
    
སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་གཙོ་ཁྲིད། ཁེ་ལས་ཀྱིས་གཙོ་བོ་བྱེད་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་དོར་བ་དང་རང་འགུལ་གྱིས་ལེགས་སྒྲིག མགྱོགས་མྱུར་ངང་རིགས་བསྒྱུར་བ་བཅས་བྱས་ཏེ་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང6% ཡས་མས་འཕར་དགོས།
    
གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། ལི་ཧུའེ་རྡོ་གཏེར་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། དམ་པ་དང་། ལི་ཅ་ཀོའུ་དང་། ཡེ་ལུང་ཀོའུ་ཡི་ལི་ཧུའེ་གཏེར་ཁ་འཚོལ་འདེམས་ཀྱི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཧེང་ཧྲེང་ཡོན་གྱི་རྨང་གཞིའི་ལིས་ཚྭ་དང་། ནུས་ཁུངས་གཏོང་འཇོག་ཏིང་ཧྲེང་ལིས་ལས་རིགས་སོགས་ལས་གཞི་གལ་ཆེན་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱ་དགོས། གཞི་གྲངས་ཆེན་པོ་དང་། ཆུའི་ཆིང་བཟོ། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས། ཤེལ་གཟུགས་ཀྱི་རྒྱུ་ཆ་གསར་བ། རང་བྱུང་གཏེར་ཆུ་སོགས་ཁྱད་ཡོན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ལི་གློག་གཙོ་ཁྲིད་ཐོན་ལས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་དང་། གློག་སྙིང་དང་ལྡོག་སྣེའི་རྒྱུ་ཆ། ནུས་ཁུངས་གསར་བའི་རླངས་འཁོར་སོགས་ལས་གཞི་ནང་འདྲེན་བྱས་ནས། ལི་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་བོ་དང་འདུས་འཛོམས་རྣམ་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།
     
གྲུབ་ཚུལ་ལེགས་འགྱུར་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་དགོས། ཁའེ་ཨན་སྐྱེ་དངོས་ཕྱུར་ཞོ་སྤྲི་དཀར་དང་ཧྲི་མའོ་ནུས་ཁུངས་གྲོན་ཆུང་གི་རྒྱུ་ཆ་གསར་བ་སོགས་ཀྱི་ཐོན་སྐྱེད་སྒྲུབ་རིམ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། དུས་རབས་གསར་བའི་གློག་སྦྱང་འཕྲུལ་མི་བཟོ་བ་སོགས་ཀྱི་ལས་གཞི་གསར་སྐྲུན་བྱ་དགོས། ཆའོ་ཡོན་རླངས་གཟུགས་སོགས་ལག་རྩལ་བསྒྱུར་བཀོད་རིམ་སྤར་རྣམ་གྲངས31ལག་བསྟར་བྱ་བ་དང་། ཞེ་ཞིན་ཀུའེ་ལས་དང་ཧུང་ཧྲེང་ཀུའེ་ལས་སོགས་གཏེར་ཐབ་རིམ་སྤར་བསྒྱུར་བཀོད། ལི་ཧོ་ཀུའེ་ལས་ཀྱི་སྙིགས་རོ་ཚུར་བསྡུ་བེད་སྤྱོད་སོགས་ཀྱི་ལས་གཞི་ཐོན་སྐྱེད་བྱེད་འགོ་རྩོམ་པར་སྐུལ་འདེད་གཏོང་དགོས། གློག་འབྱེད་ཧ་ཡང་དང་ལྕགས་རིགས་བསྲེས་མ་སོགས་ལས་རིགས་ཀྱི་ནུས་ཁུངས་ཟད་གྲོན་ཚད་ལོན་བྱ་སྤྱོད་སྤེལ་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ནས་རྗེས་ལུས་ཐོན་ནུས་འདོར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་ནུས་ཁུངས་ཟད་གྲོན3%ཡན་འགྲིབ་ནས། རགས་གཉེར་འཕེལ་རྒྱས་ཀྱིམཇུག་མབློ་ཐག་རྦད་ཆོད་ཀྱིས་མེད་པར་བཟོ་དགོས།
     
ཚན་རིག་དང་མཐུན་པའི་སྒོ་ནས་གླིང་ཁུལ་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། དངུལ་བུན་སྐྱེད་གསབ་དང་། ཉར་འཇོག་གློག་ཚད་སོགས་ཕྱོགས་བསྡུས་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། བཟོ་ལས་གླིང་ཁུལ་གྱི་ནང་དུ་སྡུད་པར་སྐུལ་འདེད་གཏོང་དགོས། ཁྲེང་རྔ་གླིང་ཁུལ་གྱི་མདུན་གྲལ་སྐྱེ་དངོས་དང་པ་མོ་ཚན་རྩལ(དུས་ཐེངས་གཉིས་པ)སོགས་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས། བེམ་རོཁེ་ལས་དང་སྤུས་ཚད་དང་ཕན་འབྲས་དམའ་བའི་ཁེ་ལས་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ་སྔོན་ཐོན་ཐོན་ནུས་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་བར་སྟོང་བསྐྲུན་དགོས། ཏེ་རྔ་གླིང་ཁུལ་གྱི་ཚོང་འགུག་ཁོར་ཡུག་ལེགས་སུ་བཏང་ནས་སྤུས་ལེགས་ཁེ་ལས་སྔར་ལས་མང་བོ་གཞིས་ཆགས་པར་ཡིད་དབང་འགུག་དགོས། མེན་རྔ་གླིང་ཁུལ་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཟུང་ཆུའི་མཚོ་བོད་མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁུལ་དང་ཝུན་ཁྲོན་གྱི་ལྗང་མདོག་ཚན་རྩལ་བཟོ་ལས་གླིང་ཁུལ་འབྲིང་ཆུང་ཕྲན་གསུམ་སོགསརྫོང་གཅིག་ལ་གླིང་གཅིགའཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། རྒུན་ཆང་བསྙལ་བ་དང་མི་རིགས་བཟོ་རྩལ་ཐོན་རྫས་སོགས་སྐྱེ་ཁམས་ཐོན་རྫས་ལས་སྣོན་ཁེ་ལས་གསོ་སྐྱོང་ཧུར་ཐག་བྱ་དགོས། གནས་མང་དང་སྣེ་མང་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བོ་གང་མགྱོགས་ཀྱིས་ཆགས་པར་བྱ་དགོས།

བདུན། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྐུལ་འདེད་དང་སྒོ་འབྱེད་རྒྱ་སྐྱེད་བྱས་ཏེ། ཁྲོམ་རའི་གསོན་ཤུགས་ལ་སྐུལ་སློང་གང་ལེགས་བྱ་དགོས།    
    
སྒྱུར་བཅོས་སྒོ་འབྱེད་གསར་གཏོདསྔར་བས་འབུར་ཐོན་གྱི་གནས་སུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་བསྒྱུར་བཅོས་གཏིང་ཟབ་སྒོས་སྒུལ་ནུས་ཆེ་རུ་གཏོང་བ་དང་། སྒོ་དེ་བས་ཆེ་བ་འབྱེད་པ་དང་ལེགས་ཆ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ། གསར་གཏོད་ལ་ཤུགས་བཏོན་ཞིང་རིགས་སྒྱུར་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

བསྒྱུར་བཅོས་གསར་གཏོད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། གྲོང་ཚོ་རིམ་པའི་སྒྲིག་ཁོངས་ལེགས་སྒྲིག་དང་བསྒྱུར་བཅོས་བྱེད་འགོ་རྩོམ་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བསྒྱུར་བཅོས་ཀྱིལེའུ་ཕྱི་མལེགས་སྒྲུབ་བྱ་དགོས། གཞུང་བཙུགས་སྨན་ཁང་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་གླ་ཕོགས་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱ་དགོས། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་དོ་དམ་སྒྲིག་སྲོལ་དང་གཉེར་སྐྱོང་ལམ་སྲོལ་སྔར་ལས་མཐུན་སྦྱོར་ཡོང་བར་བྱ་དགོས། ཆེད་དམིགས་བུན་འཛིན་དོ་དམ་བསྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། མངོན་མེད་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་དགོས། མ་རྩ་དོ་དམགཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དེང་རབས་ཀྱི་ཁེ་ལས་ལམ་ལུགས་དང་རྒྱལ་ཁབ་ལ་དབང་བའི་མ་རྩ་བདག་གཉེར་སྔོན་རྩིས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འཐབ་ཇུས་འཕེལ་རྒྱས་འཆར་འགོད་བཟོ་བ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩའི་བཀོད་པ་ལེགས་སུ་གཏོང་བ། དབང་བའི་ལམ་ལུགས་འདྲེས་མའི་བསྒྱུར་བཅོས་དང་རྐང་དབང་སྣ་མང་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩ་ཐོན་ཁུངས་གསར་སྤེལ་དང་། ཟླ་སྒྲིལ། བསྐྱར་སྒྲིག་གཏོང་བར་རྒྱབ་སྐྱོར་བྱ་དགོས་ལ། རྒྱལ་ཁབ་ཀྱི་གསར་སྤེལ་མ་དངུལ་གཏོང་འཇོག་ཚད་ཡོད་ཀུང་སི་དང་། གཟི་རྩ་སྡེ་དགུ་ཆེན་པོ་ཡུལ་སྐོར་ཁེ་ལས་ཚོགས་པ། ཧུང་ཡོན་གནམ་གྲུ་ཐང་སོགས་ཁེ་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྲོམ་རའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་དགོས། གཟི་རྩ་སྡེ་དགུའི་སྤྱི་སྤྱོད་མཁའ་འགྲུལ་ཀུང་སི་འཛུགས་པ་དང་། དག་ཞིང་རྔ་བའིཞིང་ལས་མ་དངུལ་གཏོང་འཇོག་ཀུང་སི་ཏན་ཏན་ཏིག་ཏིག་ཏུ་གཉེར་བ། ཁེ་ལས་ཚད་ལྡནསྣེ་ཁྲིད་མཁནགྱི་ལམ་ལུགས་དོན་འཁྱོལ་བྱེད་པ། ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མཐོ་ཞིང་གསར་བའི་ལག་རྩལ་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རང་བརྟེན་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱེད་ནུས་ཆེ་རུ་གཏོང་དགོས།
     
ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་རྒྱ་ཆེ་རུ་གཏོང་དགོས། རང་འགུལ་ངངརྒྱུད་གཅིག་ལམ་གཅིགདང་ཁྲེང་ཏུའུ་ཁྲུང་ཆིང་གྲོང་ཁྱེར་ཟུང་གི་དཔལ་འབྱོར་མུ་ཁྱུད་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའིརྐང་གཅིག་སྣ་མང་དང་ཁུལ་ལྔ་མཐུན་སྡེབཀྱི་འཕེལ་རྒྱས་བཀོད་པ་དང་མཉམ་འདྲེས་བྱས་ཏེ་ཁྲེང་ཏུའུ་དང་། ཏེ་དབྱང་། མེན་དབྱང་། ཀྲེ་ཅང་སོགས་དང་མཉམ་ལས་བྱས་ནས་ཀྲེ་ཅང་དང་མཉམ་དུ་སྐྲུན་བཞིན་པའིགནས་བརྒལགླིང་ཁུལ6ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་གྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐིང་དང་ཁུལ། སློབ་གྲྭ་དང་ས་གནས། དངུལ་ཁང་། སྲིད་གཞུང་དང་དངུལ་ཁང་ཁེ་ལས་བཅས་ཀྱི་འཐབ་ཇུས་མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མཉམ་ལས་གྲོས་མཐུན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་འགན་ལེན་ཏན་ཏིག་བྱ་དགོས། ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་བཟོ་བཅོས་རྒྱག་པ་དང་། ཧྲེན་ཀྲེན་དང་ཧང་ཀྲོའུ་ཡི་བཅའ་སྡོད་འབྲེལ་གཏུག་ཁྲུའུ་ཡི་སྒྲོག་ཐག་ནུས་པ་འདོན་སྤེལ་བྱ་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་སྒོར་དུང་ཕྱུར78དོན་ཐོག་ཏུ་འཁྱོལ་བ་བཅས་བྱ་དགོས། ཚོང་དོན་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏོང་དགོས།
     
དམངས་གཉེར་དཔལ་འབྱོར་གོང་སྤེལ་ཤུགས་ཆེན་གཏོང་དགོས། དཔྱ་ཁྲལ་ཆག་ཡང་དང་རིན་པ་གཅོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས18ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁེ་ལས་ཀྱིས་སྤྱོད་པའི་ས་དང་ནུས་ཁུངས་སྤྱོད་པའི་མ་གནས་དམའ་རུ་གཏོང་དགོས། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ལག་བསྟར་དང་། དྲང་གཞག་འགྲན་རྩོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁེ་ལས་ཀྱིས་སྨན་བཅོས་དང་། སློབ་གསོ། རིག་གནས་ལུས་རྩལ་ཡུལ་སྐོར་སོགས་ཁྱབ་ཁོངས་སུ་མ་དངུལ་བཏང་ནས་ལས་རིགས་དར་རྒྱས་གཏོང་བར་སྐུལ་སློང་བྱ་དགོས། གཞུང་ཞབས་པའི་སྲིད་ཚོང་འགྲོ་འོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བའིདྲང་ལྡོག་གཉིས་ཀྱི་གསལ་ཐོདོན་འཁྱོལ་བྱས་ཏེ། དྭངས་གསལ་གྱི་སྲིད་ཚོང་འབྲེལ་བའི་བརྩེ་ལྡན་དྭངས་གཙང་གི་རྣམ་པ་གསར་བ་ཧུར་ཐག་གིས་འཛུགས་དགོས། ཁེ་ལས་འཕེལ་རྒྱས་གཏོང་བར་དངོས་གནས་དྲང་གནས་ཀྱི་སྒོ་ནས་ཐབས་ཤེས་འཚོལ་བ་དང་། སྲིད་ཇུས་འདོན་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། སྲིད་གཞུང་དང་སྲིད་ཇུས་ཁག་ཐེག དངུལ་ཁང་། ཞིང་ལས་བདག་གཉེར་གཙོ་བོ། ཁྱིམ་ཚང་དབུལ་བོསྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་དངུལ་རྩའི་ཐོན་རྫས་མཁོ་སྤྲོད་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། ཁེ་ལས་ཀྱི་མ་དངུལ་འདུ་གསོག་གི་དཀའ་ངལ་སོགས་གནད་དོན་ཐག་གཅོད་གང་ཐུབ་བྱ་དགོས།
     
བརྒྱད། བློ་བརྟན་འགྱུར་མེད་ཀྱིས་གཞི་རྩ་འགན་ལེན་དང་མཐའ་ཚད་བསྲུང་ནས་དམངས་ཕན་དོན་དངོས་ཡག་པོར་བསྒྲུབ་དགོས།
    
ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་པ་དང་། དམངས་འཚོ་ལ་མ་དངུལ་མུ་མཐུད་དུ་མང་དུ་གཏོང་བ། དམངས་འཚོའི་དོན་དངོས་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ནས་གཞི་རྩའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་ཧུར་ཐག་བྱེད་ཅིང་།ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤུས་ཚད་སྔར་ལས་མཐོ་བ་དང་སྤུས་ཀ་སྔར་ལས་ལེགས་པ་ཡོང་བར་བྱ་དགོས།
    
སྤུས་ཀ་སྔར་ལས་ལེགས་པའི་སློབ་གསོ་འཕེལ་རྒྱས་གཏོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སློབ་ན་མ་སོན་གོང་གི་སློབ་གསོ་ཚད་ལྡན་ཅན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་ཏུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐོ་འབྲིང་སློབ་གསོའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྔ་བ་ཁུལ་གྱི་ལས་རིགས་སློབ་གསོའི་མནའ་འབྲེལ་འཛུགས་པ། ལས་རིགས་སློབ་གླིང་གིསློབ་གྲྭ་དང་ཁེ་ལས་མཉམ་ལས། ཐོན་ལས་དང་སློབ་ཁྲིད་མཉམ་འདྲེསཀྱི་སློབ་གཉེར་བྱེད་སྟངས་གསར་བ་འཚོལ་ཞིབ་ཧུར་ཐག་བྱ་དགོས། སྔར་ལས་སྒོ་འབྱེད་དང་བབ་བསྟུན་གྱི་དར་མའི་སློབ་གསོ་མ་ལག་འཕེལ་རྒྱས་མགྱོགས་པོ་གཏོང་བ། སློབ་གསོ་ཆ་འཕྲིན་ཅན2.0བྱ་སྤྱོདལག་བསྟར་བྱས་ནས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དགེ་རྒན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཕྲུ་གུ་ཚང་མར་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱོང་དུ་འཇུག་དགོས།
    
ཆུ་ཚད་སྔར་ལས་མཐོ་བའི་སྨན་བཅོས་འདོན་སྤྲོད་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་དང་། གཏོང་སྤྲོད་བསྡོམས་རྩིས། སྨན་རྫས་མཁོ་སྤྲོད་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རིམ་དབྱེའི་ནད་བརྟག་སྨན་བཅོས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྣམ་པ་མང་བའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་གང་མགྱོགས་སྒོས་འཛུགས་དགོས། ཞིང་ཆེན་སྨན་ཁང་གིས་ཁུལ་སྨན་ཁང་གི་འབྲེལ་ཡོད་ལས་དོན་ཚབ་གཉེར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ལས་སྟེགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་རྩིས་རྒྱག་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ཨེ་འཛིན་འདུས་འགོག་ཐུམ་སེལཞེས་པའི་བྱ་སྤྱོད་ཆེན་པོ་གསུམ་སྤེལ་ནས་ནད་གཞི་ཚབས་ཆེན་དང་ཆེས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱ་དགོས། བུད་མེད་དང་བྱིས་པ་འཆར་ལྡན་བུ་བཙའི་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་བུ་བཙའི་སྒྲིག་ལམ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཀྲུང་ལུགས་དང་། བོད་ལུགས། ཆའང་ལུགས་བཅས་ཀྱི་སྨན་དང་སྨན་བཅོས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། སྔོན་འགོག་དང་། སྨན་བཅོས། འཕྲོད་སྦྱོར། ནད་གསོ་བཅས་གཞི་གཅིག་ཏུ་འདུས་པའི་བདེ་ཐང་ཞབས་ཞུའི་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱིས་འདྲ་མཉམ་བསྟེན་བདེ་དང་མ་ལག་ཆ་ཚང་ཞིང་རྒྱུན་མཐུད་ཡིན་པའི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱ་དགོས།
     
སྔར་ལས་གྲ་རྒྱས་ཕུན་སུམ་ཚོགས་པའི་རིག་གནས་འཛུགས་སྤེལ་བྱ་དགོས། རྨ་རྟ་དང་རྨ་ཆུ་རྩྭ་ཐང་རིག་གནས་དང་རྒྱལ་རོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད་བཟོ་རྒྱུ། བོད་རིགས་དང་ཆའང་རིགས་ཀྱི་རིག་གནས་དང་དངོས་མིན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། བཙན་ལྷ་དང་། མཛོད་དགེ། ཟུང་ཆུ་བཅས་ཀྱི་དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་ཁྱུ་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གངས་རི་དང་རྩྭ་ཐངཞེས་པའི་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་པ། ཡིང་ཞིའུ་ཡི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྟོབས་ཇེ་ཆེར་གཏོང་དགོས། རིག་གནས་ཐོན་རྫས་གསར་རྩོམ་དང་། ཐོན་སྐྱེད། ཁྱབ་སྤེལ། ཁྲིད་སྟོན་བཅས་ཀྱི་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནོར་གནག་གསར་བརྗེའིརོལ་དབྱངས་ཟློས་གར་གསར་དུ་གཏོད་པ། གསར་བརྗེའི་གློག་བརྙན་དང་བོད་ཆའང་མི་རིགས་ཀྱི་ཟློས་གར་གྲོང་ཚོ་དང་དགོན་སྡེར་ཁྱབ་གདལ་གཏོང་བ་བཅས་བྱ་དགོས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱེད་སྒོ་སྤེལ་ཞིང་ཡུལ་ཚོའི་ལོ་རྒྱུས་དང་། གྲོང་ཚོའི་ལོ་རྒྱུས། སྡེ་ཁུལ་གྱི་འགྲེམས་སྟོན་ཁང་བཅས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་བ་དང་། ཁུལ་རིག་གནས་སློབ་གསོ་ལུས་རྩལ་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་གང་ལེགས་བྱ་དགོས།
      
སྔར་ལས་བརྟན་འཇགས་ཀྱི་ལས་ཞུགས་མངོན་འགྱུར་བྱ་དགོས། སྔར་ལས་ལེགས་ཤིང་དང་སྤུས་ཚད་མཐོ་བའི་ལས་ཞུགས་སྐུལ་སྤེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་བརྟན་ཕྱིར་སློག་གི་ལས་ཤོར་འགན་བཅོལ་སྲིད་ཇུས་དོན་འཁྱོལ་དང་ལས་ཞུགས་སྐུལ་སྤེལ་ལས་གྲྭ་ལག་བསྟར་བྱ་བ། ངལ་ལས་སྤུས་རྟགས་དང་། ལས་རིགས་རྩལ་ནུས། ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་གསོ་སྦྱོང་བཅས་གཏིང་ཟབ་སྤེལ་ནས་འབྲོག་ཁུལ་གྱི་ལས་ཀ་མེད་པའི་གཞོན་ནུ་དང་། ཆེད་གཉེར་སློབ་གྲྭ་ཆེ་འབྲིང་ལས་ཐོན་པའི་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་ཚོགས་པའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཡོད་མཁན་ལ་ལས་ཞུགས་རོགས་སྐྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི7000གསར་དུ་ལས་ཞུགས་ཐུབ་པར་བྱ་དགོས། བབ་བསྟུན་ལས་ཞུགས་དང་ས་ཁོངས་ལས་བརྒལ་བའི་ལས་ཞུགས་ལ་སྐུལ་སློང་བྱས་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྲི14.7སྤོ་འདྲེན་བྱ་དགོས། གླ་རྒྱག་ཞིང་བ་རང་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་དང་། གླ་རྒྱག་ཞིང་བའི་ཞབས་ཞུ་འགན་སྲུང་ལས་ཀ་ལེགས་པར་བསྒྲུབ་དགོས། ང་ཚོས་བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་སྔར་ལས་མང་བོསལྟོ་ཕོརཡག་པོ་འཁྱེར་ཐུབ་པ་བྱ་དགོས།

སྔར་ལས་ཡིད་རྟོན་རུང་བའི་སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་གཏོང་དགོས། དམངས་ཡོངས་འགན་བཅོལ་ནང་དུ་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་དང་ཆེད་དོན་རོགས་སྐྱོབ་ཀྱི་ཚད་གཞི་འོས་འཚམ་ཞིག་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ལས་བཟོ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཁག་ཅིག་གི་འགན་བཅོལ་རྒྱུན་མཐུད་ལས་ཀ་ལེགས་པར་བསྒྲུབ་དགོས། རྩ་གནད་གཉིསཀྱི་མཐའ་མའི་དཔྱད་དཔོག་སྤུས་ཚད་མཐོ་བའི་ངང་ལེགས་སྒྲུབ་བྱ་དགོས། དབང་བོ་སྐྱོན་ཅན་དང་། རྒན་རྒོན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དཀའ་ངལ་ཅན་ལ་བྱམས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་འགན་སྲུངཁེབས་རྒྱ་ཆེ་བམངོན་འགྱུར་བྱ་དགོས།
     
དགུ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྐྱོང་ལ་ཤུགས་སྣོན་ཞིང་འཆམ་མཐུན་ལ་སྐུལ་འདེད་བཏང་སྟེ་ལྷིང་འཇགས་མཐུན་སྒྲིལ་གྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས།
    
གཞི་རིམ་གྱི་གཙོ་གནད་དམ་འཛིན་དང་མང་ཚོགས་ལ་རྒྱབ་རྟེན་དམ་པོར་བཅོལ་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པའི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་ཆགས་པར་བྱེད་དགོས།
     
སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ངོ་རྒོལ་གསུམ་དང་སྔོན་འགོག་གཉིསཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཙང་བཟོ་བྱ་དགོས། སྤྱི་ཚོགས་བདེ་འཇགས་ཀྱི་ལངས་གཟུགས་ཅན་གྱི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་སྣ་ཚོགས་སྔོན་དཔག་དང་སྔོན་བརྡ་གཏོང་བ། སྔོན་འགོག་བྱེད་པའི་ནུས་པ་ཆེ་རུ་བཏང་ནསབདེ་འཇགས་རྔ་བམགྱོགས་མྱུར་གྱིས་བསྐྲུན་དགོས། ནག་སེལ་གཤེད་བཅོམསོགས་ཀྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ནག་ཚོགས་དང་ངན་རུལ་ལ་འབྲེལ་བ་ཡོད་པ་དང་། རྒྱན་སྐུག་དང་དུག་ལ་འབྲེལ་བ་ཡོད་པ། མེ་མདའ་དང་འབར་གས་ལ་འབྲེལ་བ་ཡོད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། མཉམ་འགུལ་ཆེན་པོ་དང་བཅོས་སྐྱོང་ཕྲ་མོ་རྒྱུན་འཁྱོངས་དང་། གྲོང་ཚོ(སྡེ་ཁུལ)བཅོས་སྐྱོང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད། དོ་དམ་ཞབས་ཞུ་དྲ་མིག་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས།
      
སྤྱི་བའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་དོན་འཁྱོལ་དང་། ཟས་རིགས་དང་སྨན་རྫས་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་མེད་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་དུ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཉེན་མེད་ཐོན་སྐྱེད་ཀྱི་རྩིས་ཁྲའི་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་པ་དང་། གཙོ་གནད་ས་ཁོངས་དང་། གཙོ་གནད་ས་གནས། གཙོ་གནད་གནས་ཡུལ་བཅས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། སྐོར་ཞིབ་རྩད་ཞིབ། གནད་དོན་དག་ཐེར་ཡོ་བསྲང་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་བའིཧྥེང་ཆའོ་ཉམས་མྱོངརྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་བདེ་སྡུག་ཞུ་བ་དང་ཁེ་དབང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཡིག་སྐུར་ངོ་བཅར་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཡིག་སྐུར་ངོ་བཅར་གྱི་གནད་དོན་འབུར་ཐོན་ཁྲིམས་ལྟར་ཐག་གཅོད་བཅས་བྱ་དགོས། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དང་། དྲ་རྒྱའི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས། དྭངས་གཙང་གི་དྲ་རྒྱའི་བར་སྟོང་གཏོད་དགོས།

འཕྲལ་རྐྱེན་མྱུར་སེལ་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་དགོས།  རང་བྱུང་གནོད་འཚེའི་འགན་དབང་དབྱེ་འབྱེད་དང་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་བཀག་ཐོག་གྲལ་བཤེར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། འཕྲལ་རྐྱེན་མྱུར་སེལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གནོད་འགོག་དང་གནོད་སེལ། གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། མིས་དོགས་ཟོན་བྱེད་པ་དང་ལག་རྩལ་གྱིས་དོགས་ཟོན་བྱེད་པ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་མེད་གནམ་གྲུ་སོགས་སྔོན་ཐོན་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་འབྲུབ་པའི་དུས་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཕྲལ་རྐྱེན་མྱུར་སེལ་གྱི་ནུས་པ་མཐོར་འདེགས་ཀྱི་བྱ་འགུལ་སྤེལ་ཞིང་། ཆེད་ལས་དཔུང་ཁག་གི་མཉམ་སྡེབ་དམག་འཐབ་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་འཕྲལ་རྐྱེན་མྱུར་སེལ་ནང་སྦྱོང་སྤེལ་བ། ཕྱོགས་བསྡུས་ཐག་གཅོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱ་དགོས།
     
ཞབས་ཞུ་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་འདྲ་མཉམ་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་དོན་འཁྱོལ་བྱ་དགོས། གཞི་རིམ་གྱི་ཁྲིམས་སྐྱོང་དཔེ་སྟོན་གསར་འཛུགས་ཟབ་སྤེལ་བྱས་ཏེ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཇེ་མཐོར་གཏོང་དགོས། སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་གཞི་རིམ་གྱིཁང་གཉིསཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། བཅའ་ཁྲིམས་རོགས་སྐྱོར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་ས་རེ་ཡོད་པའིལས་ཀར་སྐུལ་འདེད་ཧུར་ཐག་གཏོང་དགོས། དུས་ཚོད་དངུལ་ཁངསོགས་དང་བླངས་ཞབས་ཞུའི་ལས་གཞི་འཚོལ་ཞིབ་བྱས་ནས་དང་བླངས་ཞབས་ཞུ་གྲོང་གསེབ་ཏུ་སྲིང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ལས་དོན་ཡག་པོར་བསྒྲུབ་པ་དང་། གྲོང་མི་གསར་བའི་དོ་དམ་ཞབས་ཞུའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། ལས་ཁུངས་དང་སྡེ་ཚན་གྱི་སྤྱི་བའི་ཞབས་ཞུའི་ཐོན་ཁུངས་སྤྱི་དམངས་ལ་སྒོ་ཕྱེ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
    
མི་རིགས་ཆོས་ལུགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་དཔྱད་ཞིབ་གཏན་འབེབས། ལས་ཀའི་བྱ་དགའ་ཆད་གཅོད། འགུལ་རྣམ་དོ་དམ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལགྱི་གསར་གཏོད་གྲུབ་འབྲས་བརྟན་སྲུང་དང་མཐོར་འདེགས་གཏོང་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ། གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོར་བསྒྲུབས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཆོས་ལུགས་ཀྲུང་གོ་ཅན་ཏུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་དཔལ་ཡོན་འཆམ་མཐུན་བདེ་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སའིརིམ་གསུམ་མཉམ་གཏོདཀྱི་རྒྱུན་རྣམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་དད་ལྡན་མང་ཚོགས་ཀྱི་སེམས་ཤུགས་ཐོན་སྐྱེད་གོང་འཕེལ་དང་། ལས་བརྩོན་ཕྱུག་འགྱུར། བདེ་སྐྱིད་འཚོ་བ་སྐྱེལ་བ་བཅས་ཀྱི་ཐོག་ཁྲིད་སྟོན་ཏན་ཏིག་བྱ་དགོས།
     
རྒྱལ་སྲུང་གི་རྗེས་གྲབས་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་སྲུང་སྐུལ་སློང་དང་། རྒྱལ་སྲུང་སློབ་གསོ། རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་མཁའ་ཟོན་དང་། ཡུལ་དམག་གྲ་སྒྲིག་དམག་ཞབས། དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མི་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས་དམག་དཔུང་དང་འབྲེལ་བའི་ཚོགས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། དམག་དམངས་མཉམ་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བརྟན་སྲུང་བྱས་ནས་རྒྱལ་ཡོངས་ཀྱིགཉིས་བཀུརདཔེ་སྟོན་ཁུལ་བརྩོན་ལེན་བཅས་བྱ་དགོས།
      
བཅུ། བློ་བརྟན་འགྱུར་མེད་ཀྱིས་འགན་ནུས་བསྒྱུར་ཞིང་ཕན་ནུས་ཆེ་རུ་བཏང་སྟེ་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
   དུས་བབ་གསར་བ་དང་། ལས་འགན་གསར་བ། བླང་བྱ་གསར་བ་བཅས་ཀྱི་མདུན་དུ་ང་ཚོས་ངེས་པར་དུ་གྲི་ཁ་ནང་དུ་གཏད་པའི་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། ཕན་ནུས་མཐོར་གཏོང་དང་སྲིད་གཞུང་སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལག་བསྟར་ནུས་པ་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་བློར་འབབ་ཚད་མཐོར་འདེགས་གཏོང་དགོས།
      ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྲིད་འཛིན་གྱི་ཐབས་ཇུས་གལ་ཆེནངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཆེན་པོ་ལྔདང་འགན་འཁྲི་བདའ་འདེད་བྱེད་ཐབས་ལག་བསྟར་ནན་པོ་བྱས་ནས། ཇུས་ཐག་གཅོད་པའི་ཚན་རིག་ཅན་དང་། དམངས་གཙོ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། སྲིད་འཛིན་ཁྲིམས་བསྟར་གྱིལམ་ལུགས་གསུམཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་སྟེ། ཁྲིམས་བསྟར་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་བསྟར་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱ་དགོས། སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་འདེབས་པའི་ལས་ཀ་ནན་ཏན་གྱིས་བསྒྲུབ་དགོས། ཁུལ་དམངས་འཐུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་། ལས་ཀ་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བཅས་རང་འགུལ་གྱིས་དང་ལེན་བྱས་ཏེ། སེམས་ཤུགས་ཡོད་རྒུས་གྲོས་འགོ་དང་གྲོས་གཞི་ལེགས་པོར་བསྒྲུབ་དགོས། གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་དང་། ལྟ་ཞིབ་དང་ཁྲིམས་འཛིན་གྱི་ལྟ་སྐུལ་ལ་རྒྱབ་སྐྱོར་བྱ་སྟེ། རྩིས་བཤེར་དང་བསྡོམས་རྩིས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
      
སྲིད་འཛིན་གྱི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། བྱ་གཞག་སྡེ་ཚན་རིགས་དབྱེ་བསྒྱུར་བཅོས་ལེགས་སྒྲུབ་དང་། སྲིད་གཞུང་སྡེ་ཁག་གི་འགན་ནུས་དང་འགན་འཁྲི་སྔར་ལས་མཐུན་སྦྱོར་ཡོང་བ་བྱ་དགོས། འཕྲིན་སྦྲེལ་དྲ་བ+སྲིད་དོན་ཞབས་ཞུམགྱོགས་མྱུར་སྒོས་སྐུལ་སྤེལ་བྱས་ནས། སྲིད་དོན་ཞབས་ཞུའིདཔྱད་འཇོག་བཟང་ངནལམ་ལུགས་ཁྱབ་སྤེལ་གཏོང་དགོས། མང་ན་ཐེངས་གཅིག་རྒྱུག་པདང་། ལག་ཁྱེར་མང་པོ་གཅིག་ཏུ་སྒྲིལ་བ་དང་། ལག་ཁྱེར་སྔོན་དང་དཔང་ཡིག་རྗེསཀྱི་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཞིབ་མཆན་འགོད་པའི་ཞབས་ཞུསྐར་ཁུང་གཅིག་ནས་བདག་སྤྲོད་དང་གཅིག་བསྡུས་ཀྱིས་སྒྲུབ་གཉེརབྱེད་པ་མངོན་འགྱུར་བྱ་དགོས། གྲངས་གཞིའི་སྲིད་གཞུང་འཛུགས་སྐྱོང་ལ་བརྟེན་ནས་བརྒྱུད་རིམ་བསྐྱར་དུ་གཏོད་པར་སྐུལ་འདེད་བཏང་སྟེ་གྲངས་གཞི་མཉམ་སྤྱོད་དང་ལས་སྒོ་མཐུན་སྦྱོར་ཡོང་བ་བྱ་དགོས། སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་བཀའ་ཐོན་ས་མང་བ་དང་སྲིད་ཇུས་ཀྱི་ཕན་འབྲས་ཕན་ཚུན་ཁ་འཐབ་གཏོང་བར་སྔོན་འགོག་བྱ་དགོས། སྲིད་འཛིན་ཞིབ་མཆན་བར་སྨྱན་ཞབས་ཞུ་ཚད་ལྡན་དུ་གཏོང་བ་དང་། “12345”སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལེགས་པར་བཀོལ་ཏེ། མང་ཚོགས་ལ་སྔར་ལས་སྟབས་བདེ་བའི་སྲིད་ཇུས་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་དགོས།
      
སྤྱོད་ཚུལ་ལེགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའིབརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནསསྦྲེལ་གཉིས་བསྒྲགས་གཅིགགི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་འཁེབ་རྒྱུ་གཏིང་ཟབ་ངང་སྤེལ་དགོས། ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནསལས་གནས་གཅིག་ལ་འགན་འཁྲི་གཉིསལག་བསྟར་ནན་ཏན་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཤུལ་རྗེས་ལ་སྣང་ཆེན་བྱེད་པ་ལས་གྲུབ་འབྲས་ལ་སྣང་ཆེན་མི་བྱ་བ་དང་། རྗེས་འཇོག་པ་ལས་སེམས་མི་འཇོག་པ། ལས་ཀར་ཞུགས་ཀྱང་ནུས་ཤུགས་མི་འདོན་པ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། ཐོན་ཁུངས་གསར་སྤེལ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས། ལས་གྲྭ་འཛུགས་སྐྲུན། གེགས་རྗེས་བསྐྱར་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཆད་གཅོད་དྲག་པོ་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་སྲིད་དོན་ཁོར་ཡུག་ཧུར་ཐག་གིས་གཏོད་དགོས།
     
འཐུས་མི་རྣམ་པ། ལས་འགན་གྱིས་འགན་ཁུར་བླང་བྱར་འདོན། དངོས་སྒྲུབ་ཀྱིས་ཕུགས་འདུན་འགྲུབ་པར་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་སྟོབས་ལྡན་གྱི་འགོ་ཁྲིད་འོག་གསར་གཏོད་བྱེད་ཕོད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམའཛུགས་སྐྲུན་གྱི་རྣམ་པ་གསར་བ་ཕྱོགས་ཡོངས་ནས་བཏོད་དེལས་གཏོད་ཐེངས་གསུམ་པའིརྣམ་པ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཐ་སྙད་འགྲེལ་བཤད།

འདུ་ཤེས་བཞི་ནི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་ལ་ཟེར།   

གདེང་ཚོད་བཞི་ནི་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་ལ་ཟེར།    

སྲུང་སྐྱོང་གཉིས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་ལ་ཟེར།

ས་ཁུལ་གསུམ་དང་ཁུལ་གསུམ་ནི་བོད་ལྗོངས་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ། ལིན་ཞ་ཁུལ་དང་། ལིའང་ཧྲན་ཁུལ། ནུའུ་ཅང་ཁུལ་བཅས་ལ་ཟེར།
    
   རིམ་བཞི་མཉམ་གཏོད་ནི་ཁུལ་དང་། རྫོང(གྲོང་ཁྱེར)། ཡུལ་ཚོ(གྲོང་རྡལ)། གྲོང་ཚོ(སྡེ་ཁུལ)བཅས་སུ་རིམ་པ་བཞིན་བགོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྤེལ་བ་ལ་ཟེར།   

མཉམ་འགུལ་བཞི་ནི་གསར་གཏོད་ལས་དོན་དེ་དཔལ་འབྱོར་འཕེལ་རྒྱས་དང་གཅིག་མཚུངས་ཡོང་བ་དང་། དབུལ་སེལ་འགག་སྒྲོལ་དང་མཉམ་དུ་སྐུལ་འདེད་གཏོང་བ། བརྟན་བརླིང་སྲུང་སྐྱོང་དང་མཉམ་དུ་དམ་འཛིན་བྱེད་པ། མི་སེམས་གཅིག་སྒྲིལ་དང་མཉམ་དུ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་ལ་ཟེར།
      
ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམཞེས་པ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་གི་དཔེ་སྟོན་ས་ཁུལ། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ས་ཁུལ། འཆམ་མཐུན་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས། སྐྱེ་ཁམས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས། ཕྱུག་པོ་འབྱོར་འབྲིང་གི་ཁྱིམ་གཞིས་བཅས་ལ་ཟེར།

ཡོལ་བ་གཅིག་དང་རྒྱུད་བཞི་ནིཡོལ་བ་གཅིགསྟེ་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་སྲུང་ཡོལ་དང་། རྒྱུད་བཞིནི་ནུབ་བྱང་རྩྭ་ཐང་ཁྱད་ལྡན་ཐོན་ལས་དཔེ་སྟོན་ས་རྒྱུད་དང་། ལྷོ་ནུབ་ནུས་རྒྱུ་གཙང་མའི་ཐོན་ལས་དཔེ་སྟོན་ས་རྒྱུད། བྱང་ཤར་གྱི་སྤུས་ལེགས་རིག་གནས་ཡུལ་སྐོར་དཔེ་སྟོན་ས་རྒྱུད། ཤར་ལྷོའི་ལྗང་མདོག་དཔལ་འབྱོར་སྔོན་སྐྱོད་དཔེ་སྟོན་ས་རྒྱུད་བཅས་ལ་ཟེར་བ།

ཐིག་གསུམ་དང་རྩིས་ཁྲ་གཅིག་ནི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་དྲ་ཐོག་ཏུ་འགོད་པ། ཁོར་ཡུག་འཇུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་བཅས་ལ་ཟེར།    

སྦགས་བཙོག་འགོག་བཅོས་ཀྱིགཡུལ་འགྱེད་ཆེན་པོ་བརྒྱདནི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་གི་དམག་འཐབ། ཐོར་ཟིང་བཙོག་གསུམཁེ་ལས་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ། འཐུང་ཆུའི་ཆུ་འགོའི་གནད་དོན་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ། འབྲི་ཆུ་སྲུང་སྐྱོང་སླར་གསོའི་འགག་སྒྲོལ་དམག་འཐབ་བཅས་ལ་ཟེར།   

ཆེ་ཤོས་གསུམ་ནི་དབུལ་སེལ་འགག་སྒྲོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་། དམངས་འཚོའི་འདུ་འགོད་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་ལ་རྩི་དགོས་པ་ལ་ཟེར།    

སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ་ནི་ལྟོ་གོས་གཉིས་ལ་སེམས་ཁྲལ་མི་དགོས་པ། འོས་འགན་སློབ་གསོ། གཞི་རྩའི་སྨན་བཅོས། སྡོད་ཁང་གི་བདེ་འཇགས་འགན་སྲུང་ཐུབ་པ་ལ་ཟེར།

གཙོ་གནས་ཆུ་བེད་ལས་གྲྭ་ཆེ་གྲས་ལྔ་ནི་རྔ་བའི་མཛོ་ཁོག་ལུང་དང་། མའོ་རྫོང་གི་ཧྥུང་དབྱི་ནན་ཞིན་ཐུའུ་མོན། ཆུ་ཆེན་གྱི་ཁྲུང་ཧྭ། བཙན་ལྷའི་ཧྥུ་མེ་སྟག་རི། ཁྲོ་ཆུའི་གཤིའུ་རྡོ་ཁ་གསེར་རྒུ་བཅས་ཆུ་བེད་ལས་གྲྭ་འབྲིང་གྲས5ལ་ཟེར།    

གནས་གསུམ་མཉམ་སྐྲུན་དང་ལས་ལྔ་མཉམ་གཉེར་ནི་ཁོངས་ཡོངས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ། མི་རིགས་རིག་གནས། གནས་བརྒལ་དཔལ་འབྱོརའཕེལ་རྒྱས་ཤུགས་ཆེར་གཏོང་ཞིང་། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། དེང་རབས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་འབྲོག་ལས་རྟེན་གཞི། རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་ལ་ཟེར།

རྩེ་གྲ་ལྔའི་ལས་གྲྭ་ནི་ཟློས་གར་རྩེ་གྲ་ཞིག་དང་། བརྙན་འཕྲིན་ཟློས་གར་རྩེ་གྲ་ཞིག  དཔེ་དེབ་རྩེ་གྲ་ཞིག རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་རྩེ་གྲ་ཞིག གླུ་གཞས་རྩེ་གྲ་ཞིག རླུང་འཕྲིན་ཟློས་གར་རྩེ་གྲ་ཞིག་བཅས་ལ་ཟེར།

དོན་འཁྱོལ་དྲུག་ནི་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་གནད་ལ་འཁེལ་བ། མངོན་མེད་རྐྱེན་ངན་གྲལ་བཤེར་གནད་ལ་འཁེལ་བ། དྲིལ་བསྒྲགས་སློབ་གསོ་གནད་ལ་འཁེལ་བ། ཕྱོགས་བསྡུས་འགན་ལེན་གནད་ལ་འཁེལ་བ། ཆ་འཕྲིན་མཉམ་སྤྱོད་གནད་ལ་འཁེལ་བ་བཅས་ལ་ཟེར།

དཔེ་མཚོན་གསུམ་ནི2018ལོའི་ཟླ10བའི་ཚེས30ཉིན་ནས་ཟླ་བ11པའི་ཚེས1ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་སྐབས་གཟི་རྩ་སྡེ་དགུའི་ས་ཡོམ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་། ས་ཁོངས་ཧྲིལ་བོའི་ཡུལ་སྐོར། དབུལ་སྒྲོལ་འབྱོར་འབྲིང་དུ་སྐྱོད་པ་བཅས་དཔེ་མཚོན་གསུམགཏོད་དགོས་ཞེས་བཏོན་གནང་བ་ལ་ཟེར།

སུས་འཇོན་དེ་འགུག་གི་དཔྱད་བསྡུར་ལོགས་དབྱེར་ནི་ཚད་གཞི་དཔྱད་བསྡུར་དང་གཏན་འཁེལ་བྱ་རྒྱུ་དེ་ལྟོས་བཅས་ཀྱི་རང་ཚུགས་ཀྱི་ལྷུ་ཚིགས་གཉིས་ལ་རྩིས་ནས་ལོགས་སུ་དབྱེ་ནསའགན་དབང་གཅིག་གྱུར་དང་། སྒྲིག་སྲོལ་ཡོངས་བསྒྲགས། འགྲན་རྩོད་ལེགས་འདེམསབཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། སྒྲུབ་འགན་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་དཔྱད་བསྡུར་བྱེད་འགན་ཁུར་ནས་ཚད་བཏོན་སྒྲུབ་འགན་སྤྲོད་མཁན་ལ་ཕྱོགས་ཡོངས་དང་དྲང་གཞག་གི་ཆེད་ལས་བསམ་འཆར་འདོན་རྒྱུ་དང་། ཚད་བཏོན་སྒྲུབ་འགན་སྤྲོད་མཁན་ལ་སྒྲུབ་འགན་ཐོབ་པའི་འོས་མི3ནས5བར་འོས་སྦྱོར་བྱ་རྒྱུ། ཚད་བཏོན་སྒྲུབ་འགན་སྤྲོད་མཁན་གྱིས་སྒྲུབ་འགན་གཏན་འཁེལ་བྱེད་འགན་འཁུར་རྒྱུ་དང་། སྒྲུབ་འགན་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་དང་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག་ཚད་བཏོན་སྒྲུབ་འགན་སྤྲོད་རྒྱུའི་ཡིག་ཆའི་ནང་གཏན་ལ་ཕབ་པའི་གོ་རིམ་དང་བྱེད་ཐབས་ལ་གཞིགས་ནས་སྒྲུབ་འགན་གཏན་འཁེལ་བྱས་ཏེ་སྒྲུབ་འགན་ཐོབ་མཁན་གཏན་འཁེལ་བྱ་རྒྱུ།     

ལྗང་མདོག་དངུལ་རྩ་ནི་ཁོར་ཡུག་ལེགས་བཅོས་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཐོན་ཁུངས་གྲོན་ཆུང་དང་ལས་ཆོད་ཆེ་བའི་སྒོ་ནས་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་ཆེད། ཁོར་ཡུག་སྲུང་སྐྱོང་དང་། ནུས་ཁུངས་གྲོན་ཆུང་། ནུས་ཁུངས་གཙང་མ། ལྗང་མདོག་འགྲིམ་འགྲུལ། ལྗང་མདོག་ཨར་ལས་སོགས་ཀྱི་ཁྱབ་ཁོངས་ཀྱི་ལས་གཞིའི་མ་དངུལ་གཏོང་འཇོག་དང་། ལས་གཞི་གཉེར་སྐྱོང་། ཉེན་ཁ་དོ་དམ་སོགས་ལ་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

བདུན་སྐྱོད+བྱེད་སྒོ་ནི་ལས་ཁུངས་དང་། ཡུལ་གྲོང་། གྲོང་ཚོ(སྡེ་ཁུལ)། སློབ་གྲྭ ཁེ་ལས། དགོན་སྡེ་ལྷ་ཁང་། དམག་སྒར་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་འཐབ་ས་གཙོ་བོ་དང་ཐབས་ལམ་གཙོ་བོར་རྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། བདུན་སྐྱོདཀྱི་རྨང་གཞིའི་ཐོགམཛེས་ལྗོངས་ཁུལ་དང་། སྨན་ཁང་། ཁྱིམ་ཚང་། སྤྱི་བའི་ཞབས་ཞུ་ཁུལ། མཐའ་ཁུལ་འབྲོག་ར་སོགས་སུ་རྒྱ་སྐྱེད་པ་ལ་ཟེར།    

དམིགས་བསལ་གསུམ་ནི་དམིགས་བསལ་གྱི་ས་ཁུལ། དམིགས་བསལ་གྱི་ཁོར་ཡུག དམིགས་བསལ་གྱི་ས་ཆ་བཅས་ལ་ཟེར།  

  དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་བཞི་བ་ནི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་བ་ལ་ཟེར།    

  སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་ནི་ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་ཟུར་འཐེན་བྱེད་པ་དང་། ཁྲིམས་བསྟར་ཞིབ་བཤེར་མི་སྣ་སྐབས་བསྟུན་འདེམས་གཏོང་བྱེད་པ། ཟུར་བཤེར་བྱས་ཚུལ་དང་དེ་བཞིན་ཞིབ་བཤེར་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་ལ་ཟེར།

གལ་ཆེན་གསུམ་དང་འབོར་ཆེན་གཅིག་ནི་དོན་དག་གལ་ཆེན་ཇུས་ཐག་གཅོད་པ་དང་། ལས་བྱེད་པ་གལ་ཆེན་བསྐོ་འཐེན། རྣམ་གྲངས་གལ་ཆེན་བཀོད་སྒྲིག མ་དངུལ་འབོར་ཆེན་བེད་སྤྱོད་བཅས་བྱ་རྒྱུ་ལ་ཟེར།

ཁྱབ་ཁོངས་ཆེན་པོ་ལྔ་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཁྲོམ་ར། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་སོགས་ཁྱབ་ཁོངས5ལ་ཟེར།   

མི་འཚམ་པ་བདུན་ནི་ཆབ་སྲིད་ཀྱི་སྤྱོད་ཚུལ་ཐད་མི་འཚམ་པ་ངོ་གཉིས་མ་བྱེད་པ་དང་། འགོ་ཁྲིད་ཀྱི་སྤྱོད་ཚུལ་ལེགས་བཅོས་ཐད་མི་འཕྲོད་པ་ལས་གཡོལ་ཚོང་དཔོན་བྱེད་པ། ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་ཐད་མི་འཚམ་པ་ཅོང་རྡུང་གྲྭ་བ་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ལས་ཀའི་ཐད་འཕྲོད་པོ་མེད་པ་ཕྱག་བདེ་ལས་གཡོག་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཐད་མི་འཚམ་པ་སྐྱ་ཀ་ཁྲ་མོ་ བྱེད་པ། ལས་ཀའི་རྣམ་པའི་ཐོག་མི་འཚམ་པ་ཞི་བདེ་མི་དྲག་བྱེད་པ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་ཐད་ལ་མི་འཕྲོད་པ་ཙི་གུ་སྣུམ་རྐུན་བྱེད་པ་བཅས་ལ་ཟེར།  

འགག་རྩ་ལྔ་ནི་སྐྱེ་ཁམས་དང་། འཕེལ་རྒྱས། དམངས་འཚོ། བརྟན་བརླིང་། སྤྱོད་ཚུལ་བཅས་ལ་ཟེར།    

ཕྱོགས་བཞིའི་བགྲོད་ལམ་དང་ཁོངས་ཡོངས་རྒྱ་སྐྱེད་ནི་ཤར་དུ་ཁྲེང་ཏུའུ་ཁྲུང་ཆིང་ཀྲེ་ཅང་དང་། ལྷོ་རུ་ཁྲེང་ཏུའུ་ཏེ་དབྱང་མེན་དབྱང་དང་། ནུབ་ཏུ་སི་ཁྲོན་ཡུན་ནན་བོད་ལྗོངས། བྱང་དུ་ཀན་སུའུ་མཚོ་སྔོན་ཉིང་ཞ་བཅས་དང་འབྲེལ་བའིཕྱོགས་ཡོངས་དང་། ཁྱབ་ཁོངས་ཡངས་བ། རིམ་པ་མང་བ་བཅས་ཀྱི་སྒོ་དབྱེའི་རྣམ་པ་གསར་བ་ཞིག་ཆགས་པ་ལ་ཟེར།

དམངས་འཚོའིཡོད་པ་བདུན་ནི་བྱིས་པ་སྐྱོང་མཁན་ཡོད་པ་དང་། རིག་གནས་སློབ་པར་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་བ་ཡོད་པ། ཉམས་ཞན་སྐྱོང་མཁན་ཡོད་པ་བཅས་ལ་ཟེར།

གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི་ནི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ནས་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགྲིམ་འགྲུལ་གྱི་འཇུར་མིག་རིམ་བཞིན་མེད་པ་བཟོ་དགོས་པ་ལ་ཟེར།

གྲངས་འཛིན་གྲོང་གསེབ་ནི་ཆ་འཕྲིན་གྲངས་གཞིའི་ཐོན་ཁུངས་རིགས་ཁག་མཉམ་འདྲེས་བྱས་པ་བརྒྱུད་གྲོང་གསེབ་ཀྱི་ཆ་འཕྲིན་ཞབས་ཞུའི་དྲ་རྒྱའི་ལས་སྟེགས་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་གཞིའི་འགལ་རྐྱེན་ཆུང་དུ་གཏོང་བ་ལ་ཟེར།

རིག་ནུས་གྲོང་ཁྱེར་ནི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་དོ་དམ་དང་ཞབས་ཞུ་ལེགས་སུ་གཏོང་བ། གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ་ལ་ཟེར།

གཅིག་འཕར་གཅིག་ཆག་ནི་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་བྱེད་ཚད་མང་དུ་གཏོང་བ་དང་བྱེ་འདམ་དབོར་འདྲེན་བྱེད་ཚད་ཉུང་དུ་གཏོང་བ་ལ་ཟེར།

ཐོར་ཟིང་བཙོག་གསུམ་གྱི་ཁེ་ལས་ནི་ཐོན་ལས་ཁྱབ་ཚུལ་གྱི་འཆར་འགོད་དང་མི་མཐུན་པ་དང་། བཟོ་ལས་འདུས་ཁུལ་དུ་མེད་པའི་ཁེ་ལས། འབུད་གཏོང་ཚད་ལས་བརྒལ་བའི་ཁེ་ལས་བཅས་ལ་ཟེར།

གཏོང་སྒོ་རང་བཞིན་གྱི་དབུལ་ཕོངས་ནི་ཁྱིམ་ཚང་གི་ཁྱིམ་མིར་ནད་གཞི་ཚབས་ཆེན་ཕོག་པ་དང་། བུ་ཕྲུག་སློབ་གྲྭར་ཞུགས་པ། གློ་བུར་དུ་འཕྲད་པའི་དོན་རྐྱེན་སོགས་ཀྱི་རྐྱེན་ཀྱིས་ཁྱིམ་ཚང་གི་ནོར་ཤུགས་གཏོང་སྒོ་དེ་ཐེག་ནུས་ལས་ཆེས་ཆེར་བརྒལ་ནས་དབུལ་བོ་དབུལ་རྐྱང་ཆགས་པ་ལ་ཟེར།

མི་འབུད་པ་བཞི་ནི་དབུལ་ཞྭ་ཕུད་ཀྱང་འགན་འཁྲི་ལས་མི་འབུད་པ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་འདོར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་ལས་མི་འབུད་པ། དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་ལས་མི་འབུད་བཅས་བྱེད་དགོས་པ་ལ་ཟེར།   

ལས་རིགས་གཉིས་ནི་ཐོན་ལས་དང་ལས་ཞུགས་གཉིས་ལ་ཟེར།    

ཞིང་འབྲོག་ལས་ཀྱི་ཅན་བཞི་ནི་ཐོན་ལས་ཅན་དང་། ཁྱད་ལྡན་ཅན། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་ལ་ཟེར།   

དབང་ཆ་གསུམ་དབྱེ་བ་ནི་བདག་དབང་དང་། འགན་གཙང་ལེན་དབང་། གཉེར་སྐྱོང་དབང་ཆ་བཅས་དབང་ཆ་གསུམ་དབྱེ་བ་ལ་ཟེར།
   
      བར་སྟོང་རིགས་གསུམ་ནི་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་རིགས་གསུམ་གྱི་བར་སྟོང་གི་སྤྱི་མིང་ལ་ཟེར།     

གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའིའགྱུར་བ་དྲུག་གི་ལས་གྲྭ་ནི་ཁྱིམ་གཞིས་མཛེས་བཟོ་དང་། འགྲོ་ལམ་སྲ་འགྱུར། གྲོང་ཚོ་ལྗང་འགྱུར། འོད་གསལ་བ། ཁོར་ཡུག་གཙང་བཟོ། ཡུལ་སའི་རིག་གནས་མཐོར་གཏོང་བཅས་ཀྱི་འདུ་འགོད་བཅས་ལ་ཟེར།

ཁུལ་གཅིག་དང་རྒྱུད་བཞི་ནི་ཁུལ་གཅིག་སྟེ་དོམ་ཁྲ་སྐྱེ་ཁམས་རིག་གནས་ཡུལ་སྐོར་དཔལ་འབྱོར་གླིང་ཁུལ་ལ་ཟེར་བ་དང་། རྒྱུད་བཞི་ནི་རྩྭ་ཐང་རིག་གནས་དང་། ཨ་མདོའི་རིག་གནས། རྒྱང་སྐྱོད་རིག་གནས་སོགས་ཟུང་འབྲེལ་དམ་ཟབ་བྱས་པའི་ནུབ་བྱང་རིག་གནས་ཡུལ་སྐོར་དཔལ་འབྱོར་རྒྱུད་དང་། རི་ཁུལ་རིག་གནས་དང་། རྒྱལ་རོང་རིག་གནས། ཤར་ཕྱོགས་བུད་མེད་རིག་གནས་སོགས་ཕན་ཚུན་འོད་མདངས་འཕྲོ་བའི་ལྷོ་ནུབ་རིག་གནས་ཡུལ་སྐོར་དཔལ་འབྱོར་རྒྱུད། རང་བྱུང་ཤུལ་བཞག་གི་སྐྱེ་ཁམས་རིག་གནས་དང་། ལོ་རྒྱུས་རིག་གནས། དམངས་སྲོལ་རིག་གནས་སོགས་མཉམ་འགུལ་འཕེལ་རྒྱས་ཀྱི་བྱང་ཤར་རིག་གནས་ཡུལ་སྐོར་དཔལ་འབྱོར་རྒྱུད། གནའ་ཆའང་རིག་གནས་དང་། ཏ་ཡུས་རིག་གནས། ཇ་རྟའི་རིག་གནས་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཤར་ལྷོའི་རིག་གནས་ཡུལ་སྐོར་དཔལ་འབྱོར་རྒྱུད་བཅས་ལ་ཟེར།    

གསེར་གྱི་རྟགས་མ་དགུ་ནི་གཟི་རྩ་སྡེ་དགུ་ཆེན་པོ་དང་། དོམ་ཁྲ་ཆེན་པོ། རྩྭ་ཐང་ཆེན་པོ། གངས་རི་ཆེན་པོ། འཁྱགས་རོམ་ཆེན་པོ། ཚོན་ཁྲའི་ནགས་ཚལ་ཆེན་པོ། རྒྱང་སྐྱོད་ཆེན་པོ། ས་ཡོམ་ཆེན་པོའི་རྗེས་ཤུལ། ཏ་ཡུས་ཀྱི་ཕ་ཡུལ་བཅས་ལ་ཟེར།   

མཉམ་འདྲེས་བདུན་ནི་རིག་གནས་ཡུལ་སྐོར་དང་། ལྗང་མདོག་ཡུལ་སྐོར། གྲོང་ཁྱེར་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། འབྲོག་ལས་ཡུལ་སྐོར། ལུས་རྩལ་ཡུལ་སྐོར། འགྲིམ་འགྲུལ་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལ་ཟེར།
   
     ཕྲན་གཉིས་སྣེ་གཅིག་ནི་དཔོད་ཕྲན་དང་། འཕྲིན་ཕྲན། གསར་འགྱུར་མཁོ་མཁན་གྱི་མཐའ་སྣེ་བཅས་ལ་ཟེར།      

རྒྱུད་གཅིག་ལམ་གཅིག་ནི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས21པའི་མཚོ་ཐོག་དར་གོས་ལམ་བུའི་བསྡུས་མིང་ལ་ཟེར།   

རྐང་གཅིག་སྣ་མང་དང་ཁུལ་ལྔ་མཐུན་སྡེབ་ནི་རྐང་གཅིག་སྟེ་རྐང་འཛིན་གཅིག་གིས་ཁྲེང་ཏུའུ་ཡི་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྣ་མང་ནི་དཔལ་འབྱོར་འཕར་སྣེ་སྔར་ལས་མང་བ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ། ས་ཁུལ་ལྔནི་ཁྲེང་ཏུའུ་ཡི་བདེ་ཐང་དཔལ་འབྱོར་ཁུལ(ཁྲེང་ཏུའུ་དང་ཁྲེང་ཏུའུ་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ཚུད)དང་། སི་ཁྲོན་ལྷོ་རྒྱུད་ཀྱི་དཔལ་འབྱོར་ཁུལ། སི་ཁྲོན་བྱང་ཤར་གྱི་དཔལ་འབྱོར་ཁུལ། ཕན་ཞི་དཔལ་འབྱོར་ཁུལ། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་བཅས་ལ་ཟེར།    

ཨེ་འཛིན་འདུས་འགོག་ཐུམ་སེལ་ནི་ཨེ་ཙི་ནད་ཚོད་འཛིན་བྱེད་པ་དང་། འདུས་འདྲིལ་གཅོང་ནད་འགོག་བཅོས་བྱེད་པ། ཐུམ་འབུའི་ནད་མེད་པར་བཟོ་བ་ལ་ཟེར།

རྩ་གནད་གཉིས་ནིརྔ་བ་ཁུལ་བུད་མེད་གོང་སྤེལ་གཏོང་རྒྱུའི་སྐོར་གྱི་རྩ་གནད(2011ལོ་ནས2020ལོ་བར)དངརྔ་བ་ཁུལ་བྱིས་པ་གོང་སྤེལ་གཏོང་རྒྱུའི་སྐོར་གྱི་རྩ་གནད(2011ལོ་ནས2020ལོ་བར)གཉིས་ལ་ཟེར།  

  ངོ་རྒོལ་གསུམ་དང་སྔོན་འགོག་གཉིས་ནི་ཁ་ཕྲལ་ལ་ངོ་རྒོལ་དང་། སིམ་འཛུལ་ལ་ངོ་རྒོལ། རང་བསྲེགས་ལ་ངོ་རྒོལ། དར་ཆ་བརྙན་པར་སྒྲེང་བར་སྔོན་འགོག་དང་། ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་སྔོན་འགོག་བྱེད་དགོས་པ་བཅས་ལ་ཟེར།    

ཧྥེང་ཆའོ་ཉམས་མྱོང་ནི་དུས་རབས20པའི་ལོ་རབས60པའི་དུས་འགོར། ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཧྥེང་ཆའོ་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་ལ་བརྟེན་པ། འགལ་བ་རང་སར་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཛིན་བཟུང་བྱེད་དགོས་པ་ཉུང་བ་དང་བདེ་འཇགས་ལེགས་པའི་འགལ་བ་སེལ་བའི་ལས་ཀའི་ཉམས་མྱོང་བཏོད་ཡོད་པ་ལ་ཟེར།   

  གཞི་རིམ་གྱི་ཁང་གཉིས་ནི་ཡུལ་ཚོ་དང་གྲོང་རྡལ་གྱི་མངག་གཏོང་ཁང་དང་ཁྲིམས་འཛིན་ཁང་ལ་ཟེར།

དུས་ཚོད་དངུལ་ཁང་ནི་དང་བླངས་པས་སྤྱི་ཕན་ཞབས་ཞུའི་ནང་ཞུགས་པའི་དུས་ཚོད་དུས་ཚོད་དངུལ་ཁང་ནང་བཅུག་ནས་རང་ཉིད་ལ་དཀའ་ངལ་འཕྲད་སྐབས་ཞབས་ཞུའི་དུས་ཚོདལེན་ཆོག་པ་ལ་ཟེར།

ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཆེན་པོ་ལྔ་ནི་སྤྱི་དམངས་ཞུགས་པ་དང་། རིགས་གཅིག་མཁས་ཅན་གྱི་རིགས་པའི་ཁུངས་སྐྱེལ། ཉེན་ཁ་དཔྱད་དཔོག ཁྲིམས་མཐུན་རང་བཞིན་ཞིབ་བཤེར། ཐུན་མོང་ཐོག་གྲོས་བསྡུར་ཐག་གཅོད་བཅས་བྱེད་དགོས་པ་ལ་ཟེར།    

སྲིད་འཛིན་ཁྲིམས་བསྟར་གྱི་ལམ་ལུགས་གསུམ་ནི་སྲིད་འཛིན་ཁྲིམས་བསྟར་ཡོངས་བསྒྲགས་ལམ་ལུགས་དང་། ཁྲིམས་བསྟར་བརྒྱུད་རིམ་ཧྲིལ་བོའི་ཐོ་འགོད་ལམ་ལུགས། ཁྲིམས་བསྟར་གཏན་འབེབས་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ལ་ཟེར།

    རྔ་བ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཡིག་སྒྱུར་ཚན་ཁག་གི་བཀྲ་ཤིས་ནོར་བུ་དང་གངས་དཀར་མཚོ་གཉིས་ཀྱིས་བསྒྱུར་ནས་ཞུས།

责任编辑:俄尖泽仁

扫一扫在手机打开当前页