当前位置: 首页 / 翻译园地 / 公文

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོ...

发布时间:2020-09-01
字体:
访问量:
来源:州编译局
分享到:

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས

             དེབ་ཨང3པ།སྤྱི་ཨང234

             དཀར་ཆག

རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།........

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་འི་གྲོས་རིམ།..................................

སི་ཁྲོན་ཞིང་ཆེན་གྱི་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་གནས་ཚུལ་སྙན་ཞུཡིག་ཐོག……………………………………………………………………..

ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་སྐོར་གྱི་རྔ་བ་ཁུལ་དམངས་འཐུས་འཐུས་མིའི་བརྟག་ཞིབ་ཚོགས་ཆུང་གི་གཟིགས་ཞིབ་སྙན་ཞུ།...................

ཁུལ་ཡོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་རྔ་བཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུརྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཞིབ་བྱས་སྐོར་གྱི་བསམ་འཆར།......................................................................................

ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རྔ་བཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུལ་རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཞིབ་བྱས་པའི་བསམ་འཆར་སྐོར།.......................................................................

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིསརྔ་བ་ཁུལ་མི་དམངས་སྲིད་གཞུང་གི2016ལོའི་ཁུལ་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཡུལ་གྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུལ་གྲོས་ཞིབ་བྱས་པའི་བསམ་འཆར།……………………………………………………………………

རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསརྔ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ལས་ཀ་བྱས་ཚུལ་སྐོར་གྱི་སྙན་ཞུ

གྲོས་ཞིབ་བྱས་པའི་བསམ་འཆར།……………………………………………….

རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལགྱི་ཁྲིམས་འཛུགས་སྲོལཡིགའཆར་ཟིནགྲོས་ཞིབ་གཉིས་པའི་ཞུ་ཡིགསྐོར་གྲོས་ཞིབ་བྱས་པའི་བསམ་འཆར།...............................................

རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁངརྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་སྲོལ་ཡིག་(འཆར་ཟིན)(གྲོས་ཞིབ་ཐེངས་གཉིས་པ)གྲོས་ཞིབ་བྱས་པའི་བསམ་འཆར།……………………………………...

རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་སྣའི་བསྐོ་འཐེན་མིང་ཐོ།………………………….

རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཁང་གི་ཁོངས་མི་གྲོས་ཚོགས་ཐེངས་བཞི་པ་ཞུགས་བའི་གནས་ཚུལ……

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་་འཚོགས་པ།……….

རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་ཚོགས་འདུ་ཐེངས་ལྔ་འི་གྲོས་རིམ………………………………..

སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་གནས་ཚུལ་སྙན་ཞུཡིག་ཐོག…………………………….

རྔ་བ་ཁུལ་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིསརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཡི་ཁྲིམས་འཛུགས་སྐོར་གྱི་སྲོལ་ཡིག་(མ་ཟིན)ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ།…………………………………………............................................རྔ་ཁུལ་དེའི་རྒྱུན་ལས་ཨུ་ལྷན་གྱི་མི་དམངས་སྲིད་གཞུང་གིས་2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུརགྲོས་ཞིབ་བྱས་པའི་བསམ་འཆར།………………………………....................................................

རྔ་ཁུལ་མི་དམངས་སྲིད་གཞུང་གིས2016ལོའི་ནོར་སྲིད་ཀྱི་ངེས་རྩིས་སྐོར་གྱི་དམངས་འཐུས་རྒྱུན་ཨུ་ཁང་དང་ལོ་སྟོད་དུ2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར…………………………………

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་རྔ་པ་ཁུལ་ཡི་2016ལོར་ཁུལ་རིམ་པའི་ནོར་སྲིད་ངེས་རྩིས་ཀྱི་གྲོས་ཆོད།………………………………………

རྔ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཡི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲོལ་ཡིགཁྲིམས་འཛིན་ཞིབ་བཤེར་བྱས་པའི་སྙན་ཞུ………...............

སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་ལྔ་པའི་མཇུག་སྒྲིལ་སྐབས་གནང་བའི་གསུང་བཤད།...............................

རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཁོངས་མི་རྣམས་ཚོགས་འདུར་ཞུགས་པའི་གནས་ཚུལ།……………………………………………………………………..

རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།……

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ།………………………………….

སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གྱི་ཚོགས་འདུ་ཐེངས་སོ་དྲུག་པའི་གནས་ཚུལ་སྙན་ཞུཡིགཐོག………………………………………..

རྔ་ཁུལ་ཡི་དམངས་འཐུས་རྒྱུན་ཨུ་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་སྐོར་གྱི་བཅའ་ཁྲིམསལག་བསྟར་བྱས་ཚུལ་སྐོར་ཞིབ་བཤེར་བྱས་པའི་སྙན་ཞུ།............................................

རྔ་བ་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོབ་ལྷན་ཁང་།རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཞིབ་གཅོད་དང་ལས་དོན་ཉེས་གསོག་སྔོན་འགོག་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཡི་གྲོས་ཞིབ་བསམ་འཆར།……………………………………………………………………

རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་རྔ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་རྨོ་ཞིང་སྲུང་སྐྱོབ་དང་དོ་དམ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུགྲོས་ཞིབ་བསམ་འཆར།…………………………………………..

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་ལས་དོན་ཚན་ཁག་གིས་མི་སྣ་བསྐོ་གཞག་དཔྱད་མོལ་བྱེད་ཐབས།…………………………………………………………….

རྔ་བ་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ཀྱི་སྲོལ་ཡིག(འཆར་ཟིན)མཐའ་འབྲས་ཞིབ་བཤེར་སྐོར་གྱི་སྙན་ཞུ།.....................................................................

རྔ་བ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིསརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་(བཟོ་བཅོས)(འཆར་ཟིན)ཞིབ་བཤེར་མཐའ་འབྲས་སྐོར་གྱི་སྙན་ཞུ།.................................

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་ནི་འབར་ཁམས་ནས་འཚོགས་ཤིང་།གྲོས་ཚོགས་ཐོག་ཡིག་ཐོག་ནས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཚོགས་འདུ་ཐེངས་སོ་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་ཁུལ་མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཟིགས་ཞིབ་བྱེད་སྐོར་གྱི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་གཟིགས་ཞིབ་ཚོགས་ཆུང་གི་གཟིགས་ཞིབ་སྙན་ཞུ་དང་།ཁུལ་ཡོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུ།ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུའི་གནས་ཚུལ་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་།2016ལོར་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཡུལ་ལེགས་འགྲུབ་བྱུང་བའི་གནས་ཚུལ་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གིསྙན་ཞུཉེས་དོན་འདྲི་གཅོད་ལས་དོན་བསྒྲུབས་ཚུལ་སྐོར་གྱི་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུ་བཅས་ལ་ཉན་ཞིང་གྲོས་ཞིབ་བྱས།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་འཛུགས་སྲོལ་ཡིག་(འཆར་ཟིན)དངརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་སྲོལ་ཡིག་(འཆར་ཟིན)ལ་གྲོས་ཞིབ་བྱས།མི་དོན་བསྐོ་འཐེན་གྱི་དོན་དག་ལ་གྲོས་འཆམ་བྱུང་།

རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་།ཀྲུའུ་རེན་གཞོན་པ་ཝང་ཆོན་དང་ལི་ཧུང་ཡུང་།དབྱང་ཧྲའོ་ལེན།ཀྲང་རའེ།པདྨ་བདེ་ཆེན།དྲུང་ཡིག་ཆེན་མོ་ཀྲང་ཅན་དང་ཨུ་ཡོན་ཁྱོན་བསྡོམས་མི་གྲངས29ཚོགས་འདུར་ཞུགས་པ་རེད།རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཀྲའོ་ཅེན་ཏུང་།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་་ལི་པང་གོ།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཨུ་ལྷན་གྱིས་ཆེད་དོན་ཨུ་ལྷན་གྱི་ཝང་ཅིན་ཆོནཁུལ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཨུ་ཡོན་དང་།རྒྱུན་ལས་ཨུ་ལྷན་གྱི་ལས་སྒྲུབ་ལས་ཁུངས་སོ་སོའི་འགན་ཁུར་བ་དང་།རྫོང་ཁགགྲོང་ཁྱེརདམངས་འཐུས་རྒྱུན་ཨུ་ཁང་གི་འགན་ཁུར་བ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོ་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

ཁུལ་དམངས་འཐུས་འཐུས་མི་4གདན་ཞུས་ལྟར་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།

སྤྱི་དམངས་5ཡིས་ཚོགས་འདུ་་ཟུར་ཉན་བྱས་སོ།།

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་འི་གྲོས་རིམ།

2017ལོའི་ཟླ་6པའི་ཚེས་22ཉིན་རྔ་བ་ཁུལདམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་།

གཅིགསི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་རྒྱུན་ཨུནཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་དགོངས་དོན(ཡིག་ཐོག)བརྒྱུད་བསྒྲགས་བྱ་རྒྱུ་དང་།

གཉིསཁུལ་མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་སྐོར་ྱི་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་འཐུས་མིའི་གཟིགས་ཞིབ་ཚོགས་ཆུང་གི་གཟིགས་ཞིབ་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱ་རྒྱུ།

གསུམཁུལ་ཡོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུལ་ཉན་ཞིང་གྲོས་ཞིབ་བྱ་རྒྱུ

  བཞིཁུལ་ཡོངས་ཀྱི་ཚོང་འགུགསདངུལ་འདྲེན་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུའི་གནས་ཚུལ་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱ་རྒྱུ

  ལྔ།2016ལོར་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཡུལ་ལེགས་འགྲུབ་བྱུང་བའི་གནས་ཚུལ་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གིསྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱ་རྒྱུ།

དྲུགཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱ་རྒྱུ།

བདུནརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལགྱི་ཁྲིམས་འཛུགས་གྲོས་ཞིབ་འདྲི་གཅོད་གཉིས་པའི་སྲོལ་ཡིག(འཆར་ཟིན)(གྲོས་ཞིབ་ཐེངས་གཉིས་པ)ལ་གྲོས་ཞིབ་བྱ་རྒྱུ།

བརྒྱདརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལགྱི་བོད་སྐད་ཡིག་སྲོལ་ཡིག་(འཆར་ཟིན)(གྲོས་ཞིབ་ཐེངས་གཉིས་པ)ལ་གྲོས་ཞིབ་བྱ་རྒྱུ།

དགུམི་དོན་བསྐོ་འཐེན་བྱ་རྒྱུ།

བཅུདོནདག་གཞན་པ་བཅས་སོ།།

༄༅།།སི་ཁྲོན་ཞིང་ཆེན་གྱི་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་གནས་ཚུལ་སྙན་ཞུཡིག་ཐོག

རྔ་བཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཐོག

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཧུང་ཡུང་གིས

ཟླ་5བའི་ཚེས་31ཉིན་ནས་ཟླ་6པའི་ཚེས་3ཉིན་བར།ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པ་ནི་ཁྲེང་ཏུའུ་ནས་འཚོགས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་།ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་མངག་བཅོལ་ལྟར།ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེང་ཀོང་ཀྲི་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

གྲོས་ཚོགས་ཐོག་ཐེངས་འདིའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཀྱི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་།ཡིག་ཐོག་ནས་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་དགོངས་དོན་བརྒྱུདབསྒྲགས་བྱས།

གྲོས་ཚོགས་ཐོགསི་ཁྲོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲོལ་ཡིག(འཆར་ཟིན)དང་།སི་ཁྲོན་ཞིང་ཆེན་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིགབཟོ་བཅོས་འཆར་ཟིནལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་ཞིང་།སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་གཞུང་ལམ་སྲོལ་ཡི(འཆར་ཟིན)བཟོ་བཅོས་བྱས་ཚུལ་དང་གནད་དོན་གཙོ་བོའི་སྐོར་གྱི་སྙན་ཞུ་ལ་ཉན།ཡིག་ཐོག་ནསཁྲེང་ཏུའུ་གྲོང་ཁྱེར་གྱི་འབུད་རླངས་དོ་དམ་སྲོལ་ཡིག》《ཁྲེང་ཏུའུ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སྲོལ་ཡིགཁྲེང་ཏུའུ་གྲོང་ཁྱེར་ལོ་རྒྱུས་ཀྱི་སྐྲུན་དངོས་དང་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་ཁུལ་སྲུང་སྐྱོང་སྲོལ་ཡིགཏྰ་ཀྲོའུ་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་དོ་དམ་སྲོལ་ཡིག》《ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་བཟོའི་སྲོལ་ཡིགབཅས་ལ་ཞིབ་བཤེར་བྱས་པའི་བསམ་འཆར་སྐོར་གྱི་སྙན་ཞུ་ལ་ཉན།

གྲོས་ཚོགས་ཐོག་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཡན་རུང་གིས་གནང་བའིསི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་སྲོལ་ཡིགལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་སྐོར་གྱི་སི་ཁྲོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་ལ་ཉན།སྲིད་འཛིན་ལྟ་ཞིབ་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གནས་ཚུལ་སྐོར་དང་།སི་ཁྲོན་ཞིང་ཆེན2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ལས་དོན་གནས་ཚུལ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་ཐག་གཅོད་བྱས་ཚུལ་དང་།ཞིང་ཆེན་ཡོངས་ཀྱི2016ལོའི་ནུས་བསྲི་སྙིགས་འཕྲིའི་ལས་ཀ་བྱས་ཚུལ་སྐོར་བཅས་ཀྱི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུ་ལ་ཉན་པ་དང་།སི་ཁྲོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་ཉན།

གྲོས་ཚོགས་ཐོག་ད་དུང་ཡིག་ཐོག་ནསསི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་སྙན་ཞུ་(འཆར་ཟིན)དང་།བསྐོ་འཐེན་གྲོས་གཞིའི་གསལ་བཤད་ལ་ཉན།

གྲོས་རིམ་ཁག་ལེགས་པར་གྲུབ་རྗེས།ཁྲེང་ཀོང་ཀྲི་ཡིས་བསྟན་དོན་ཏེ།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་དར་ཆ་མཐོན་བསྒྲེང་དང་།སྲོག་ཤིང་སྲུང་སྐྱོང་དང་།དམངས་གཙོ་མཐུན་སྒྲིལ་དང་།སྤྱོད་བཟང་གཞུང་དྲང་།སེམས་ནུས་གཅིག་སྒྲིལངར་ཤུགས་ལ་སྐུལ་ལྕག་གཏོང་བའི་ཚོགས་ཆེན་ཞིག་ཡིན།དེས་ངེད་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འགི་ཛུགས་སྐྱོང་ལ་ཤུགས་རྐྱེན་གལ་ཆེ་ཞིང་རྒྱུན་རིང་བ་ཞིག་ཐེབས་ངེས།ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་དམངས་འཐུས་ཀྱིས་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར།རང་རྟོགས་ངང་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུརདོན་དངོས་དང་ཟུང་འབྲེལ་དམ་ཟབསློབ་སྦྱོང་དང་།དྲིལ་བསྒྲགསཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་མིག་སྔའི་ལས་དོན་ལེགས་འཛིན་ཉིས་ག་ཟུང་འབྲེལ་དམ་ཟབ་བྱེད་ཅིང་།དམངས་འཐུས་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ནང་བཞག་ནས་བསམ་གཞིགས་གཏོང་བ་དང་ཇུས་འགོད་དང་སྐུལ་འདེད་གཏོང་དགོསཏང་གི་འཐུས་མི་ཚོགས་ཆེན་གྱིས་ཕྱིན་ཆད་ལོ་ལྔའི་རིང་གི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་གོམ་གང་མདུན་སྤོས་སྒོས་བསམ་ཕྱོགས་སྔར་བས་ལེགས་སུ་གཏོང་བ་དང་།བྱེད་ཐབས་ཇུས་འགོད་གསར་གཏོད་དང་།ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་།རང་འགུལ་ངང་བྱ་སྤྱོད་སྤེལ་བ།དམངས་འཐུས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་རྣམ་པ་གསར་གཏོད་ལ་སྐུལ་སྤེལ་གཏོང་དགོས།

 ཁྲེང་ཀོང་ཀྲི་ཡིས་ནན་བཤད་བྱས་པ་སྟེ།རིམ་པ་ཁག་གི་དམངས་འཐུས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་འཛིན་ཞིང་།འགན་འཁྲིའི་འདུ་ཤེས་སྔར་བས་ཤུགས་སྣོན་རྒྱག་པ་དང་།ངོས་འཛིན་གཅིག་མཐུན་ཡོང་ཐབས་བྱ་རྒྱུ་དང་།ཞིང་ཆེན་ཏང་ཨུའི་འགོ་ཁྲིད་དང་རྒྱབ་སྐྱོར་འོག“མཛེས་སྡུག་དང་དར་རྒྱས་འཆམ་མཐུན་ཡོང་བའི་སི་ཁྲོནའཛུགས་སྐྲུན”དང་མཐུན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གཞི་སྒྲོམ་གསར་འཛུག་དང་འཐུས་ཚང་གཏོང་བར་མགྱོགས་སྣོན་བྱེད་དགོས་པ་དང་།ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དམིགས་འབེན་ལས་འགན་གྱི་ལག་བསྟར་དོན་འཁྱོལ་ལ་དམིགས་ཏེལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།ལྷག་པར་དུ་རྒྱུན་མཐུད་ནས་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་སྲོལ་ཡིག་ཁྲིམས་བསྟར་ཞིབ་བཤེར་སོགས་ཀྱི་ལས་ཀ་ལེགས་སྒྲུབ་བྱེད་དགོས་པ་དང་།དེས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་དང་།དམངས་འཐུས་འཐུས་མིའི་ཡང་བསྐྱར་བྱ་སྤྱོད”ལས་དོན་གཏིང་ཟབ་ཏུ་གཏོང་དགོསརྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་དམངས་འཐུས་འཐུས་མིས་འགན་འཁྲི་བསྒྲུབས་ཚུལ་ལྟ་སྐུལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་།ཞིང་ཆེན་ཡོངས་ཀྱི་རིམ་ཁག་གི་དམངས་འཐུས་འཐུས་མིའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས།དམངས་འཐུས་དང་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས་ཤིང་།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཟམ་མི་ཆད་པར་དུས་བསྟུན་མདུན་སྐྱོད་དང་འཐུས་སྒོ་ཚང་བའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་ཏན་ཏིག་བྱེད་དགོས

ཞིང་ཆེན་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཧང་ཞེན་ཁྲུའུ་དང་།ཕུན་ཡའུ།ཉིའུ་ཏའོ་ཕིན་།ལི་ང་ཀྲི་དང་ཨུ་ཡོན་ཁྱོན་བསྡོམས་མི66གྲོས་ཚོགས་སུ་ཞུགས།

ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཏེང་ཡུང་།དབྱང་ཧུང་པོ།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཉིའུ་ཏ་ཀུའེ།ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་ཀྲུའུ་ཝན་ལིན།ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་དྲུང་ཡིག་གཞོན་པ་དང་།ཞིང་ཆེན་དམངས་འཐུས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མི་དངརྒྱུན་ལས་ཁང་གི་དོན་གཅོད་བྱ་བའི་སྒྲིག་གཞིའི་འགན་ཁུར་བ་དང་།ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ།ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཁོངས་མི་མིན་པའི་གྲོང་ཁྱེརཁུལདམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་དང་།གྲོང་ཁྱེརཁུལཁག་གི་དམངས་འཐུས་རྒྱུན་ཨུ་ཁང་གི་འགན་ཁུར་བ་།རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་མི9དང་།གྲོང་རྡལ་དམངས་འཐུས་ཀྱི་ཀྲུའུ་ཞི་མི་3དང་།རྒྱལ་ཡོངས་དམངས་འཐུས་འཐུས་མི་མི3དང་།ཞིང་ཆེན་དམངས་འཐུས་འཐུས་མི་མི13བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏེང་ཁྲོན་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས་པ་དང་།སྤྱི་དམངས་10ཡིས་གྲོས་ཚོགས་ཟུར་ཉན་བྱས་སོ།།

༄༅།།ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་སྐོར་གྱི་རྔ་བ་ཁུལ་དམངས་འཐུས་འཐུས་མིའི་བརྟག་ཞིབ་ཚོགས་ཆུང་གི་གཟིགས་ཞིབ་སྙན་ཞུ

2017ལོའི་ཟླ6པའི་ཚེས22ཉིན་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཐོག

    ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་པདྨ་བདེ་སྐྱིད་ཀྱིས

ཀྲུའུ་རེན་དང་།ཀྲུའུ་རེན་གཞོན་པདྲུང་ཡིག་ཆེན་མོཨུ་ཡོན་རྣམ་པ་ཚོ།

ཀྲུང་དབྱང་དང་།ཞིང་ཨུཁུལ་ཨུའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་གན་ལེན་དང་།དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཞིང་།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཆེད་དུ།ན་ནིང་གི་ཁྲིམས་བསྟར་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོགཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡོན་ལུང་ཙུའུ་ཀྲང་དང་།ཀྲུའུ་རེན་གཞོན་པ་ཝང་ཆོན།དང་།ཝང་ཏེ་ཧེ།སྨི་ཅན་ཁང་བཅས་ཙུའུ་ཀྲང་གཞོན་པ་དང་།ཞིང་ཆེན་དང་ཁུལ་དམངས་འཐུས་ཀྱི་འཐུས་མི་ཁག་གྲུབ་མི་ཡིན་པ་དང་།ཁུལ་དབུལ་སྐྱོར་གནས་སྤོས་ཡུལ་མི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས་པའི་གཟིགས་ཞིབ་ཚན་ཆུང་བཙུགས།ཟླ3པའི་ཚེས27ཉིན་ནས་ཟླ4བའི་ཚེས23ཉིན་བར་སྔ་རྗེས་སུ་བཙན་ལྷ་དང་།འབར་ཁམསལི་རྫོང་།ཝུན་ཁྲོན།ཟུང་ཆུ།ཧུང་ཡོན།ཁྲོ་ཆུམའོ་རྫོང་རྫོང་གྲོང་ཁྱེར8ཀྱི་གྲོང་ཚོ་དབུལ་པོ་62སྟེ་ཁྱིམ་ཚང་དབུལ་པོ143ལ་ཟབ་ཞུགས་བྱས།སེམས་ཁྲལ་མི་དགོས་པ་གཉིས་དང་།འགན་སྲུང་གསུམལེགས་པོ་བཞིའིདམིགས་ཚད་ལ་གཞིགས་ཤིང་།རྫོང་དབུལ་པོའི་ཞྭ་མོ་ཕུད་དམིགས་ཏེགཅིག་དམའ་བ་དང་ཡོད་པ་གསུམདང་།གྲོང་ཚོ་དབུལ་པོའིགཅིག་དམའ་བ་དང་ཡོད་པ་ལྔདང་།དུད་ཚང་དབུལ་པོ་དབུལ་སྒྲོལ་གཅིག་བརྒལ་དང་དྲུག་ཡོད་པའིཚད་གཞི་ལ་དམིགས་ནས།དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དང་ཐོག་རྟོག་ཞིབ་བྱས་པ་མ་ཟད།སོ་སོར་ཁུལདང་།རྫོང་གྲོང་ཁྱེརདང་།ཞང་གྲོང་རྡལདང་།གྲོང་ཚོ་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་ཆེད་དོན་སྙན་ཞུ་ལ་ཉན།ཆུ་ཆེན་རྫོང་དང་།བཙན་ལྷ་རྫོང་།ཧུང་ཡོན་རྫོང་བཅས་ཀྱི་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གྱིས་ཁུལདམངས་འཐུས་གྱི་ཐོབ་ཐང་བཞེས་ནས་ས་ཁོངས་ལས་བརྒལ་བའི་འཐུས་མིའི་གཟིགས་ཞིབ་ནང་ཞུགས་ཤིང་།ཐོན་སའི་རྫོང་གི་དེ་གའི་རྒྱལ་ཡོངས་དང་ཞིང་ཆེནཁུལབཅས་ཀྱི་འཐུས་མི་ཁ་ཤེས་དག་རང་རྫོང་གི་འཐུས་མིས་ལྟ་ཞིབ་བྱེད་སྒོའི་ནང་ཞུགས།ད་ལྟ་ལྟ་ཞིབ་གནས་ཚུལ་སྙན་ཞུ་གཤམ་གསལ་བ་སྟེ།

གཅིགའགག་སྒྲོལ་དཀའ་སེལགནད་འཕིགས་ཤུགས་འདོནདབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་

ན་ནིང་ཁྲིམས་བསྟར་ཞིབ་བཤེར་བྱས་ཚུན་དུ་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གིས་དཀའ་ཚེགས་དང་ཞིབ་ཚགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད།

(གཅིག)འཆར་འགོད་ཀྱི་སྣེ་ཁྲིད་བྱེད་པར་དོ་སྣང་བྱས་ཏེ།དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་མ་ལག་སྔར་བས་འཐུས་ཚང་དུབཏང་བ།

གཅིག་ནས་ཚན་རིག་དང་མཐུན་པའི་འཆར་འགོད་བཀོད་པ།ཁུལ་དང་རྫོང་གྲོང་ཁྱེརསྲིད་གཞུང་གིས་ཚན་རིག་ལྟརལོ་ལྔ་ཚན་བཅུ་གསུམ་པའིདབུལ་སྐྱོར་འཆར་འགོད་བཀོད་པའི་རྨང་གཞིའི་ཐོགཚན་རིག་དང་མཐུན་པར་ཐོན་ལས་འཕེལ་རྒྱས་དང་།རྨང་གཞིའི་སྒྲིག་བཀོདསྣོད་བཅུད་བྱ་དགའི་ཁ་གསབ་དང་།སྤྱི་ཚོགས་འགན་སྲུང་སོགས་ཀྱི་དབུལ་སྐྱོར་རྣམ་གྲངས་ཆེན་པོ་བཅུབགོ་སྒྲིག་བྱས་པ་མ་ཟད།ལོ་འཁོར་གྱི་དབུལ་སྒྲོལ་དམིགས་ཚད་ལས་འགན་དང་ཟུང་འབྲེལ་བྱས་ནས།ལོ་འཁོར་ཆེད་དོན་འཆར་གཞི་སྒྲིག་བཟོ་བྱས་ཤིང་།1+10+Nའཆར་འགོད་མ་ལག་ཆགས་ཤིང་།གནད་སྨིན་དབུལ་སྐྱོར་ཚན་རིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱས་པ་དེ་ཡིན།གཉིས་ནི་དམིགས་ཚད་ལས་འགན་ཁ་གསལ་ཡིན།2017ལོརངཁུལགྱིས་འབར་ཁམས་གྲོང་ཁྱེར་དང་།ཝུན་ཁྲོན་རྫོང་།ལི་རྫོང་།མའོ་རྫོང་།གཟི་རྩ་སྡེ་དགུ་རྫོངགྲོང་ཁྱེརབཅས་རྫོང5ཡིདབུལ་པོའི་ཞྭ་མོ་ཕུད་པ་དང་།གྲོང་ཚོ239དབུལ་པོའི་ནས་འབུད།དབུལ་ཕོངས་མི་འབོར30811དབུལ་བྲལ་བྱུང་།དེའི་ནང་རྫོང་གྲོང་ཁྱེར5ཡི་དབུལ་པོའི་ཞྭ་མོ་ཕུད་རྩིས་ཡོད་པ་དང་།གྲོང་ཚོ་དབུལ་པོ་124དང་དབུལ་པོ་མི་འབོར9168དང་འབྲེལ་བ་ཡོད།གསུམ་ནི་སྲིད་ཇུས་གསར་གཏོད་གཏན་འབེབས་བྱས་པ་ཡིན།ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གིས་དབུལ་ཕོངས་མང་ཚོགས་སྨན་པ་བསྟེན་དཀའ་བ་དང་། མ་དངུལ་སྒྲིལ་སྤྱོད་གོག་ཤུགས་མང་བ་དང་།ཐོན་ལས་དབུལ་སྐྱོར་འདེགས་སྐྱོར་མི་འདང་བ་སོགས་ཀྱི་དཀའ་གནད་གནད་དོན་ལ་དམིགས་ནས།ཡིག་ཚགས་དང་བྱང་བུ་འགོད་པའི་དབུལ་པོ་མི་འབོར་གྱི་སྨན་རྫས་ཐད་ཀྱི་གཅེས་སེམས་དབུལ་སྐྱོར་ཐེབས་རྩ་ལག་བསྟར་ཇུས་གཞིདང་།ཡིག་ཚགས་དང་བྱང་བུ་འགོད་པའི་དབུལ་པོ་མི་འབོར་གྱི་སྨན་བཅོས་གནད་སྨིན་དབུལ་སྐྱོར་ཐེབས་རྩ་ལག་བསྟར་ཇུས་གཞིདབུལ་ཕོངས་རྫོང་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བེད་སྤྱོད་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་སྐོརཐོན་ལས་དབུལ་སྐྱོར་སྲིད་ཇུསདང་།སློབ་གསོའི་དབུལ་སྐྱོར་རོགས་སྐྱོབ་ཐེབས་རྩའི་དོ་དམ་བྱ་ཐབསདང་། དབུལ་སྒྲོལ་འགག་སྒྲོལ2017ལོའི་གཙོ་གནད་ལས་དོན་གྱི་དུས་ཚད་དང་ལས་འགན་ཁག་བགོས་རེའུ་མིགདང་།གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཛུགས་སྐྲུན་མ་དངུལ་རྐང་ཞུགསབཅས་བྱ་རྒྱུའི་ཇུས་གཞིསོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔ་རྗེས་སུ་གསར་འཛུགས་བྱས་པས།དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་ཆེད་སྲིད་ཇུས་ཀྱི་འགན་ལེན་བཏོན་ཡོད།

གཉིསའགོ་ཁྲིད་བྱེད་པར་དོ་སྣང་བྱས་ཏེ།དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ།

གཅིག་ནི་བྱེད་པོའི་འགན་འཁྲི་གསལ་པོ་བྱས་པ་ཡིན།ཁུལ་དང་རྫོང་གྲོང་ཁྱེརདང་།ཡུལ་ཚོགྲོང་རྡལདང་།གྲོང་ཚོ་རིམ་པ་རེ་རེ་བཞིན་འགན་འཁྲིའི་ཡི་གེ་བཞག་ཡོད་ཅིང་།ལས་འགན་དང་རྣམ་གྲངསའགན་འཁྲི་བཅས་ཀྱིརྩིས་ཐོ་རྣམ་གསུམཆགས་ཡོད།རིམ་པ་བཞིན་འགན་ཁུར་མངོན་གསལ་དོན་འཁྱོལ་བྱས་ཤིང་།རྫོང་གྲོང་ཁྱེརདང་།ཁུལ་ཐད་གཏོགས་སྡེ་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་རྗེས་དོ་དམ་མ་ལག་གསར་འཛུགས་བྱས་པ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་ལས་གནས་གཅིག་ལ་འགན་འཁྲི་གཉིས་དང་ཕའོ་གཅིག་གིས་ཁྲུ་སློག་བྱེད་ལག་བསྟར་བྱས།ཁུལ་དང་།རྫོང་གྲོང་ཁྱེརདང་།ཡུལ་ཚོགྲོང་རྡལདང་།གྲོང་ཚོ་བཅས་རིམ་བཞིའི་ཧྲུའུ་ཅི་ཡིས་དབུལ་སྒྲོལ་འགག་སྒྲོལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་གསལ་བོ་བྱས།གཉིས་ནི་རོགས་སྐྱོར་སྟོབས་ཤུགས་ལ་ཤུགས་སྣོན་བྱས་པ་ཡིན།གྲོང་ཚོ་དབུལ་པོའི་གཙོ་ཁྲིད་ཐོན་ལས་དང་དབུལ་པོར་གྱུར་རྐྱེན་སོགས་རྒྱུ་རྐྱེན་ལ་གཞིགས་ཤིང་།གནད་སྨིན་མི་མངགས་པའིབླང་བྱ་གསར་པ་ལྟརདམིགས་ས་ཡོད་པའི་སྒོ་ནས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ཚན་པ་ལེགས་སྒྲིག་དང་འཐུས་ཚང་བྱས།ཁུལ་ཡོངས་ཀྱིས་ཕུལ་བྱུང་ལས་བྱེད་པ606བདམས་མངག་བྱས་ནས་གྲོང་ཚོ་དབུལ་པོར་ཧྲུའུ་ཅི་དང་པོ་བྱས་པ་དང་།ཁུལ་རིམ་པའི་འགོ་ཁྲིད་43དང་།རྒྱལ་ཁབ་པུའུ་ཨུའི་གཅིགཞིང་ཆེན་རིམ་པའི་སྡེ་ཚན32དང་།ཚན་རིག་ཞིབ་འཇུག་ཁང་དང་སློབ་གྲྭ11དང་།ཁུལ་རིམ་པའི་སྡེ་ཚན་གྱིས་གནས་གཏན་འཁེལ་གྱི་རོགས་སྐྱོར་སྡེ་ཁག105དང་།རྫོང་གྲོང་ཁྱེརརིམ་པའི་འགོ་ཁྲིད་པ364དང་།རྫོང་གྲོང་ཁྱེརརིམ་པའི་སྡེ་ཁག520དང་།གྲོང་ཚོ་དབུལ་པོ་དང་མི་འབོར་དབུལ་པོར་རོགས་སྐྱོར་འབྲེལ་གཏུག་བྱེད་པའི་གྲོང་ཚོ་རིམ་པའི་ལས་བྱེད་པ750ཡོད།གསུམ་ནི་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བྱས།ཁུལ་ཨུའི་ཚད་མཐོའི་མཐོང་ཆེན་འོགརང་ཁུལགྱིས་ཁུལཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་དང་དེ་བཞིན་རྔ་བ་ཁུལ་དམག་དཔུང་ཡན་ལག་ཁུལ་གྱི་འགོ་ཁྲིད་ཚན་པ5”ཡིསའཆེ་འགོད་ནང་གི་ལྔདབུལ་པོའི་ཞྭ་མོ་ཕུད་པའི་རྫོངབཅས་ལ་འབྲེལ་གཏུག་ཁྲིད་སྟོན་བྱེད་པའི་ལས་ཀའི་ལམ་སྲོལ་གསར་འཛུགས་བྱས།ཁུལ་རིམ་པའི་འགོ་ཁྲིད་པས་ཚོ་ཆུང་གི་འགོ་འཛིན་དང་།ཁུལ་ཐད་གཏོགས་སྡེ་ཚན་ཁོངས་མི་བྱས་པའི་དངོས་སྡོད་ཞིབ་འཇུག་ལྟ་སྐུལ་སློབ་སྟོན་ཚོ་ཆུང13བཙུགས་ཤིང་།རྫོང་གྲོང་ཁྱེརཁག་དང་གྲོང་ཚོ་ཁག་གི་དབུལ་སྐྱོར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་དང་དེར་ཁྲིད་སྟོན་བྱས་ཤིང་།དབུལ་སྒྲོལ་འགག་སྒྲོལ་བྱུང་རིམ་མང་མཉམ་འགུལ་དང་།མཉམ་འཛིན་དོ་དམ་མངོན་འགྱུར་བྱུང་བ་དང་།ཞིབ་བཤེར་གསུམ་དང་ངོ་གཏུག་གཉིསཀྱི་ལྟ་སྐུལ་མ་ལག་གསར་འཛུགས་བྱས་ནས་ངོ་གཏུག་སྣེ་ལེན་དང་སྐོར་ཞིབགཙོ་གནད་ལ་ལྟ་སྐུལ་ཞིབ་བཤེརབརྒྱུད་རིམ་ཞིབ་བཤེརདམིགས་ས་ཡོད་པའི་སྒོ་ནས་ལྐོག་ཞིབ་དང་།ཡོ་བསྲང་འཚམས་ལན་དག་ཐེར་བཅས་ལག་བསྟར་བྱས།ད་ལྟའི་བར་དུརིགས་ཁག་གི་ལས་དོན་ཚོགས་ཆུང་98མངག་ཅིང་།གཅིག་དྲུགལ་རོགས་སྐྱོར་དང་།ཁག་གཅིག་ལྔའིལག་བསྟར་བྱས་ཚུལ་ལ་དམིགས་ཏེ་ལྟ་སྐུལ་འཁོར་ཐེངས7པ་སྤེལ་བས།གྲོང་ཚོར་བརྒྱ་ཆ་བརྒྱ་ཕྱིན་པ་དང་།དུད་ཚང་དུ་བརྒྱ་ཆ་བརྒྱ་ཁྱབ་པབྱས་ཐུབ་ཡོད།

གསུམཐོན་ལས་དབུལ་སྐྱོར་ལ་མཐོང་ཆེན་བྱས་ནས།མང་ཚོགས་དབུལ་པོའི་ཡོང་འབབ་ཐབས་ལམ་སྔར་བས་རྒྱ་བསྐྱེད་བཏང་

གཅིག་ནི་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་བཏང་།རྫོང་ཁག་གྲོང་ཁྱེརགིས་ས་ཁོངས་ཀྱི་ཐོན་ཁུངས་རང་སྤུས་ལ་བརྟེན་ནས་སེའུ་མངར་དང་ཤིང་ཏོག་ལི།རྒུན་འབྲུམ་ཨ་རག་སྙོལ་བ།ཀུ་ཤུ་སོགས་ཁྱད་ལྡན་ཤིང་འབྲས་དར་སྤེལ་གང་ཐུབ་བྱས་པ་དང་།འོས་འཚམ་ངང་གཞི་ཁྱོན་ལྡན་པའི་གསོ་ཕག་དང་།བཤས་ཕྱུགས་སྤུས་ལེགས་དང་སྐྱེ་ཁམས་བྱ་ཤ་དང་།ཤ་སྤྱོད་བྱ་གག་སོགས་གསོ་སྤེལ་ལས་བྱས།སྙི་བ་དང་།སྤྲུ་ནགལྕུམལྕེ་ལ་སོགས་ཀྱི་ཐོན་ཁུངས་འཁྲུལ་མེད་སྨན་རྒྱུ་འཕེལ་རྒྱས་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་བཏང་བ་དང་།ལུས་ཁམས་གསོ་བའི་ལུས་སྦྱོང་གི་ཡུལ་སྐོར་དང་།རོལ་རྩེད་གུང་གསེང་ཡུལ་སྐོར་།གྲོང་གསེབ་མྱོང་རོལ་ཡུལ་སྐོར་།ཁྱད་ལྡན་རིག་གནས་ཡུལ་སྐོར་སོགས་པའི་ལས་རྣམ་གསར་བ་གསོ་སྐྱོང་ཤུགས་ཆེན་བཏང་སྟེ།གྲོང་གསེབ་ཀྱི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་།གཉིས་ནི་གཉེར་སྐྱོང་གཙོ་གཟུགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས།གྲོང་གསེབ་ཀྱི་གཉེར་སྐྱོང་གི་བྱེད་པོ་དཔེ་གསར་ལ་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཅིང་།ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཐོན་ལས་འཁོར་རྒྱུག་མ་དངུལ་སྒོར་ཁྲི་6960མར་བཏང་བའི་རྨང་གཞིའི་ཐོགཁུལ་རིམ་པའི་ནོར་སྲིད་ཀྱིས་སྒོར་ཁྲི་2000བཀོད་སྒྲིག་བྱས་ནས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས།དེང་སྐབསཁུལ་ཡོངས་ཀྱིས་སྣེ་འདྲེན་ཁེ་ལས་དང་།འདེབས་གསོའི་དུད་ཆེན་དང་།ཁྱིམ་ཚང་ཞིང་ར་སོགས་གཉེར་སྐྱོང་གི་བྱེད་པོ་དཔེ་གསར་རིགས2775སྐྱེད་སྲིང་བྱས་ཡོདགསུམ་ནི་གློག་རྡུལ་ཚོང་དོན་དབུལ་སྐྱོར་ལག་བསྟར་བྱ་རྒྱུ་མགྱོགས་སུ་བཏང་བལི་རྫོང་དང་ཝུན་ཁྲོན།མའོ་རྫོང་།བཙན་ལྷ་སོགས་རྫོང་གྲོང་ཁྱེརགིས་གློག་རྡུལ་ཚོང་དོན་དབུལ་སྐྱོར་སྐུལ་འདེད་བཏང་བའི་དུས་མཚུངས་སུགློག་རྡུལ་ཚོང་དོན་གྱི་བྱེད་པོ་སྐྱེད་སྲིང་བྱེད་པར་དོ་སྣང་བྱས་ཏེ་གློག་རྡུལ་ཚོང་དོན་ལ་སྐུལ་ཁྲིད་བྱས་པ་དང་།དབུལ་པོ་མང་ཚོགས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་ཚོང་དང་ཆ་འཕྲིན་གསང་པོ་མེད་པཐབས་ལམ་རྐྱང་པ་ཡིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།བཞི་ནི་ཐུན་མོང་གི་དཔལ་འབྱོར་གོང་དུ་སྤེལ་རྒྱུ་འཚོལ་ཞིབ་བྱསགྲོང་ཚོ་དབུལ་པོ་ཐོན་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་དང་ཉེན་སེལ་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་མ་དངུལ་ལ་བརྟེན་ནས་ཐུན་མོང་གི་ལག་བསྟར་ཤིང་འབྲས་ར་བ་དང་སྐྱེ་ཁམས་དཔལ་འབྱོར་ར་བ།ལུས་གསོ་ང་།ཐུན་མོང་གི་ཞིང་རཐུན་མོང་གི་འབྲོག་ར་སོགས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལག་བསྟར་བྱས

བཞིརྨང་གཞིའི་དབུལ་སྐྱོར་བྱེད་པར་དོ་སྣང་བྱས་ཏེ།དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་ཆ་རྐྱེན་སྔར་ལས་ལྷག་པར་ལེགས་འགྱུར་བྱུང་།

ཁུལ་དང་རྫོང་གྲོང་ཁྱེརགི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཡོངས་དང་ཆ་ཤས་གཅིག་གྱུར་གྱིས་འཆར་འགོད་ལ་དོ་སྣང་བྱས་ཤིང་།རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་མཐུད་དུ་ཁ་གསབ་བྱས།2016ལོར་གྲོང་ཚོའི་བགྲོད་ལམ་དང་།ཕྱུགས་ལམ་སྤྱི་ལེ1180གསར་དུ་བསྐྲུན་པ་དང་།གློག་དྲའི་གློག་ཤུགས་ཁྱབ་ཚད་རྒྱ་སྐྱེད་དུ་བཏང་ཞིང་།ཁྲོ་ཆུ་དང་།ཆུ་ཆེནབཙན་ལྷ་སོགས་རྫོང9ཡི་རྒྱལ་ཁབ་གློག་ཤུགས་མཁོ་འདོན་ཁུལ་གྱི་གློག་ཤུགས་དབུལ་སྐྱོར་རྣམ་གྲངས་མིག་སྔའི་བར།གཏོང་དངུལ་སྒོར་ཁྲི4465འགྲུབ་ཅིང་།གཏོང་དངུལ་སྤྱིའི་བརྒྱ་ཆ་96འགྲུབ་ཟིནམའོ་རྫོང་དང་གཟི་རྩ་སྡེ་དགུ་རྫོང་གིས་རྒྱལ་ཁབ་གློག་དྲ་མིན་པའི་མཁོ་འདོན་ཁུལ་གྱི་གློག་ཤུགས་དབུལ་སྐྱོར་རྣམ་གྲངས་མིག་སྔའི་བརམ་དངུལ་གཏོང་དངུལ་སྒོར་ཁྲི1100འགྲུབ་ཅིང་།དབུལ་པོ་དབུལ་སྒྲོལ་འཆར་གཞི་ཡོད་པའི་མི་འབོར་ཉེན་མེད་ངང་གློག་སྤྱོད་རྒྱུ་ཡོད་པ་མངོན་འགྱུར་བྱུང་བ་དང་།འཐུང་ཆུ་དབུལ་སྐྱོར་རྣམ་གྲངས27ལག་བསྟར་བྱས་པ་དང་།ཆུ་འདྲེན་དབུལ་སྐྱོར་རྣམ་གྲངས17ཡོད་ཅིང་།དབུལ་པོའི་གྲོང་ཚོ་46ལ་ཕན་ཐོགདབུལ་པོའི་མི་འབོར5195ལ་ཡིག་ཚགས་གསར་འཛུགས་བྱས་པ་དང་།དུད་ཚང711ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོདང་།བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་དུད་ཚང2218འཛུགས་སྐྲུན།ས་གཤིས་གནོད་འཚེ་བྱུང་བའི་དུད་ཚང70ས་ཆ་གཞན་དུ་གནས་སྤོ་ལེགས་འགྲུབ་བྱུང་བ་དང་།ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ1004ལ་དྲ་བགྲོད་ཐུབ་པ་དང་།རང་བྱུང་གྲོང་ཚོ་ལ་ཁ་པར་གཏོང་ཐུབ་ཚད་བརྒྱ་ཆ་100ཟིན་པདང་གྲོང་ཚོ་དབུལ་པོ126ལ་དྲ་སྦྲེལ་ཡོད་པ་མངོན་འགྱུར་བྱུང་

ལྔམ་དངུལ་རྒྱབ་སྐྱོར་བྱེད་པར་དོ་སྣང་བྱས་ཏེ།དབུལ་ཕོངས་ས་ཁུལ་གྱི་གཏོང་སྒོའི་ཤུགས་སྔར་བས་ཆེ་རུ་བཏང་

གཅིག་ནས་སྤྱི་འདོམས་བསྡུ་སྒྲིལ་ལ་ཤུགས་སྣོན་བྱསརྣམ་གྲངས་སྡེབ་སྒྲིག་དང་མ་དངུལ་གཅིག་སྡུདགཅིག་བསྡུས་ཀྱིས་མཁོ་སྤྲོད་དང་།གནད་སྨིན་དབུལ་སྐྱོརབཅས་ཀྱི་བསམ་ཕྱོགས་ལྟར།ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་གྱི་མཁོ་སྤྲོད་ལམ་སྲོལ་ལེགས་སུ་བཏང་བ།2016ལོར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར28.3བཏང་ཞིང་།དེའི་ནང་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར9.1ལེགས་སྒྲིག་བྱས་པ་དང་།2017ལོར་མ་དངུལ་སྒོར་དུང་ཕྱུར55གཏོང་རྒྱུ་འཆར་གཞི་བྱས་ལ།དེའི་ནང་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར13.31ལེགས་སྒྲིག་བྱསགཉིས་ནས་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱསཁ་གཏད་རོགས་སྐྱོར་དང་བོད་རིགས་ས་ཁུལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་དང་ཀྲེ་ཅང་ཞིང་ཆེན་གྱིལོ་ལྔ་ཚན་བཅུ་གསུམ་པའིཁ་གཏད་རོགས་སྐྱོར་སོགས་ཀྱི་འཆར་འགོད་བཅས་ཕན་ཚུན་མཐུན་སྦྱོར་འབྲེལ་མཐུད་རྒྱུན་འཁྱོངས་བྱས་པ་དང་།དབུལ་སྒྲོལབྱ་ཡུལ་དང་དབུལ་བྲལ་གྱི་ལས་འགན་ལ་དམིགས་ནས་བརྒྱ་ཆ80ཡན་ཟིན་པའི་རྣམ་གྲངས་མ་དངུལ་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱོད་རྒྱུ་འགན་ལེན་བྱས།2017ལོར་ཁ་གཏད་རོགས་སྐྱོར་རྣམ་གྲངས170ལྷག་ལག་བསྟར་ཁུར་ལེན་བྱས་ཤིང་།མ་དངུལ་སྒོར་དུང་ཕྱུར་5.3གཏོང་བའི་འཆར་གཞི་ཡོད་ལ།རྣམ་གྲངས་དང་རྨང་གཞིའི་སྒྲིག་བཀོད་དང་།སྤྱི་པའི་ཞབས་ཞུཤེས་ལྡན་པ་གསོ་སྐྱོང་སྐྱེ་ཁམས་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས15དང་འབྲེལ་བ་ཡོད

དྲུགགནད་དོན་དག་ཐེར་ལ་དོ་སྣང་བྱས་ཏེ།གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་སྔར་བས་ཐག་གཅོད་བྱས།

དེང་སྐབས།ཁུལ་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་དོན་ཚན་པ124ཕྱོགས་བསྡུས་གསེད་བཀྲོལ་བྱས་ཏེ་ཞིབ་ཕྲའི་བྱེད་ཐབས་དོན་ཚན258གཏན་འབེབས་བྱས་ལ་རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱེད་བཞིན་ཡོད།དཔེར་ན་ཕ་མ་ཡ་གཅིག་ལས་མེད་པའི་ཁྱིམ་ཚང་དབུལ་པོའི་གནད་དོན་ལ་དམིགས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྱོན་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་བྱས་ཤིང་།ཁྱོན་བསྡོམས་ཕ་མ་ཡ་གཅིག་ལས་མེད་པའི་ཁྱིམ་ཚང7472དང་མི25820ཡོད།མིག་སྔའི་བར།དུད་ཚང་ཁག་གཅིག་ལྔའིའཆར་གཞིའི་ནང་ཁྱིམ་ཚང2623དང་མི29242ཚུད་ཡོད།དུད་ཚང་དབུལ་པོའི་ཡིག་ཚགས་གསར་འཛུགས་བྱེད་པའི་དུད་ཚང་དབུལ་སྐྱོར་ཚད་གཞི་དང་མཐུན་པ་ཁྱིམ་ཚང85དང་མི284དེ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལེགས་སྒྲིག་བྱ་རྒྱུའི་མ་ལག་ནང་འཛུག་རྒྱུ་བརྩོན་ལེན་བྱེད་བཞིན་ཡོད་པ་དང་།མང་ཚོགས་དབུལ་པོའི་སྨན་བཅོས་དང་།སློབ་ཞུགས་སོགས་ཀྱི་གནད་དོན་ལ་དམིགས་ནས་མ་དངུལ་སྒོར་དུང་ཕྱུར2.25བསྡུ་སྒྲིལ་ཧུར་ཐག་བྱས་ཏེ་སློབ་གསོ་་དང་སྨན་བཅོས་རོགས་སྐྱོབ་སོགས་ཀྱི་རོགས་སྐྱོར་ཐེབས་རྩ་གསར་འཛུགས་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་མ་དངུལ་དང་།ནད་ཆེན་འགན་བཅོལ་སྐྱིན་དངུལ་དང་།ནད་ཆེན་གྱི་ཁ་གསབ་ཚོང་ལས་སྨན་བཅོས་འགན་བཅོལ་ཁ་གསབ་སོགས་སྒོར་ཁྲི2200ལྷག་དོན་འཁྱོལ་བྱས།མ་མཐའི་འཚོ་བའི་འགན་ལེན་གྱི་མ་དངུལ་སྒོར་ཁྲི8461དང་།གཅིག་དོར་གཅིག་གསབཀྱི་སློབ་ཞུགས་གོང་གི་སློབ་གསོའི་མ་དངུལ་སྒོར་ཁྲི8223སྤྲད།

གཉིསརྨང་གཞི་ཞན་པ་དང་ཞན་ཆ་མངོན་གསལ།དབུལ་སྒྲོལ་འགག་སྒྲོལ་སྔར་བཞིན་དཀའ་ངལ་སྣ་ཚོགས་ཡོད།

གཟིགས་ཞིབ་བྱས་པའི་གནས་ཚུལ་ལ་བལྟས་ན།ཁུལ་ཡོངས་ཀྱི་རྫོང་གྲོང་ཁྱེརགི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་ཐུང་བ་དང་།ལས་འགན་ལྕི་བདཀའ་གནད་ཆེ་བམཁྲེགས་སར་གཏུག་ཕོད་གནད་འགག་སྒྲོལ་བའི་ཛ་དྲག་ཆེ་བའི་དུས་སྐབས་སུ་ཐོན།གྲུབ་འབྲས་མངོན་གསལ་ཐོབ་ཡོད་མོད།འོན་ཀྱང་སྔར་བཞིན་གནད་དོན་འགའ་གནས་པ་དེ་བརྩི་མཐོང་ཧ་ཅང་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་སྟེ།

གཅིགད་ལོར་འཐུས་མིས་ལྟ་ཞིབ་ཁྲོད་དུ་རྙེད་པའི་གནད་དོན་གསར་བ།

གཅིག་ནི་གནས་བབ་བཟང་པོའི་ཐོན་ལས་མངོན་གསལ་དོད་པོ་མིན་པ།ངོ་བོ་གཅིག་མཚུངས་སུ་འགྱུར་བའི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་ཤིང་།ས་གནས་རེ་ཟུང་དུ་ཡུལ་བབ་དང་མ་བསྟུན་པར་རྨོངས་ཚོད་ཀྱིས་སྤེལ་བ།ཕྱིན་ཆད་ལོ3ནས་ལོ5ཡི་རྗེས་སུ་ཐོན་རྫས་བཙོང་མི་ཐུབ་པ་པུ་ངན་ལམ་ཞུགས་བྱུང་བས་མང་ཚོགས་དབུལ་པོའི་ཡོང་འབབ་ལ་གནོད་རྐྱེན་ཚབས་ཆེན་ཐེབས་པ་དང་།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་།བྱེད་ཐབས་མང་པོ་མེད་པས་ད་དུང་ཐོག་མའི་གོམ་རིམ་དུ་གནས་པ་ཡིན།གཉིས་ནིརིའི་ཡར་སྐེད་ཁ་ཤེས་སུ་ཆུ་དཀོན་པའི་གནད་དོན་མངོན་གསལ་དོད་པོ་གནས་པ་དང་།གྲོང་གསེབ་ཀྱི་ཞིང་དྲ་སྒྱུར་བཀོད་ལས་དོན་གནད་ལ་མི་འཁེལ་བ་དང་།གློག་སྤྱོད་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་མེད།ཧྲང་ཅང་ཁུའུ་ཆུ་མཛོད་ཁུལ་སོགས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་རྐྱེན་ཐེབས་ཤིང་།འབྲེལ་བ་ཡོད་པའི་གྲོང་ཚོ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཞན་པ་དང་།ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་།གྲོང་ཚོཆ་ཤས་ཀྱི་བྱེད་སྒོ་ཁང་།རིག་གནས་ཁང་།འཕྲོད་བསྟེན་ཁང་བེད་སྤྱོད་བྱེད་ཚད་དམའ་བ་དང་།ནུས་པ་འདོན་སྤེལ་བྱེད་ཚད་དམའ་བ་རེད།གསུམ་ནི་ནད་གཞིས་རྐྱེན་པས་དབུལ་པོ་ནི་མི་རེ་གཉིས་དལ་བའི་རང་བཞིན་གྱི་ནད་སྣ་མང་བྱུང་བས་ཡུན་རིང་ལ་འགྲོ་གྲོན་མཐོ་པོ་ཡོད་པ་མ་ཟད་སྨན་རྫས་ཁག་ཅིག་ཡང་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་མི་རུང་བས་ཡིན་སྟབས་ཁྱིམ་ཚང་གི་ཁུར་པོ་ཇེ་ལྗིད་པ་སོང་བས་དབུལ་སྒྲོལ་དཀའ་ཚེགས་དེ་བས་ཆེ་བ་ཡོད་དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་དཀའ་ངལ་ཁྲོད་ཀྱི་དཀའ་ངལ་ཅན་གྱི་དམིགས་བསལ་ཚོགས་སྤྱིར་དམིགས་པའི་རོགས་སྐྱོར་བྱེད་པའི་བྱེད་ཐབས་སྔར་བཞིན་མི་འདང་བ་རེད།དུས་ཚོད་ངེས་ཅན་ཞིག་གི་ནང་ཞྭ་མོ་འཕུད་མིན་གྱི་སྲིད་ཇུས་ལག་བསྟར་བྱེད་པའིསྐོར་གྱི་གཏན་འབེབས་དེ་དོན་དངོས་ཀྱི་ལག་ལེན་བརྒྱུད་རིམ་ཁྲོད་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་དོན་འཁྱོལ་ཅུང་དཀའ་བ་དང་།དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་བྱེད་ཁག་པོ་དང་།མཐའ་མཐའ་དབུལ་སྒྲོལ་བྱུང་བ་དབུལ་པོར་བསྐྱར་ལོག་བྱེད་ཚུལ་ཡོང་ངེས་རེད།བཞི་ནི་རྫོང་གྲོང་ཁྱེརཁག་གི་ཡིག་ཚགས་དཔྱད་གཞི་ཡིག་ཆ་དོ་དམ་ཚད་གཞི་མི་འདྲ་བའི་སྒོ་ནས་ཡིག་ཆ་མི་ཚང་བ་དང་།རིགས་དབྱེ་ཚད་ལྡན་མིན་པ།དུས་ཐོག་ཏུ་གསར་སྒྱུར་མི་ཐུབ་པ་སོགས་ཀྱི་གནད་དོན་ཡོད

གཉིསན་ནིང་ཁྲིམས་བསྟར་ཞིབ་བཤེར་རྗེས་དག་ཐེར་ཡོ་བསྲང་དོན་འཁྱོལ་སྔར་བཞིན་གནས་སུ་འབྱོར་མིན་གྱི་གནད་དོན་ཡོད།གཅིག་ནི་དུད་ཚང་དབུལ་པོ་ཁག་གཅིག་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་སྔར་བཞིན་གནས་ཡོད་པ་དང་།ནང་གནས་སྒུལ་ཤུགས་ད་དུང་སྐུལ་སྤེལ་གང་ལེགས་ཐུབ་མེད།ལེགས་པོ་བཞིའིདམིགས་ཚད་ལྟར་གོམས་གཤིས་བཟང་པོ་འཇགས་པ་དང་དར་སྲོལ་བཟང་པོ་ཆགས་རྒྱུ་དང་ད་དུང་བར་ཐག་ངེས་ཅན་ཡོདགཉིས་ནི་དབུལ་པོའི་གྲོང་ཚོ་དང་ཚོགས་ཆུང་ཁ་ཤས་ཀྱི་གཞུང་ལམ་ཤར་གཏོང་ནུས་པ་ད་དུང་མི་འདང་བ་དང་།གཞུང་ལམ་རིམ་པ་དམའ་བ།བདེ་འཇགས་ངང་འགོག་སྲུང་བྱེད་ཐབས་མེད་པགསུམ་ནི་ཞིང་ལས་ཐོན་ལས་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་མི་འདང་བ་དང་།དུད་ཚང་དབུལ་པོ་དུད་ཚང་དུ་ཐོན་ལས་རྣམ་གྲངས་ཀྱི་ཕན་འབྲས་ཅུང་དམའ་བ་དང་།ཕན་འབྲས་མངོན་གསལ་དོད་པོ་མེད་པབཞི་ནི་འབྲོག་ཁུལ་གྱི་ཕ་མ་ཡ་གཅིག་ལས་མེད་པའི་ཁྱིམ་ཚང་དབུལ་པོའི་གནད་དོན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།བྱེད་ཐབས་ནུས་ལྡན་མ་སྤྱད་ན་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་སྐྱེ་བ་སོགས་ཀྱི་གནད་དོན་ད་དུང་རྒྱུན་མི་འཆད་པར་བྱུང་ངེས།མི་ཚོགས་འདི་རིགས་རྒྱུན་མ་ཆད་པར་རྒྱ་བསྐྱེད་པ་ལས་སྤྱི་ཚོགས་ཀྱི་གནད་དོན་གསར་པ་གཞན་ཞིག་དུ་འགྱུར་སྲིད།

གསུམགནད་དོན་གཅིག་སུ་བསྡུས་ཤིང་།རྩ་བའི་སྟེང་ནས་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་འདི་མཐའ་གཅིག་ཏུ་རྒྱལ་ཁ་ལོན་དགོས།

དབུལ་ཕོངས་མི་འབོར་དབུལ་སྒྲོལ་བརྟན་པོ་དང་།གྲོང་ཚོ་དབུལ་པོ་ལས་ཐར་བ།དབུལ་ཕོངས་རྫོང་གྲོང་ཁྱེརགིདབུལ་ཞྭ་ཕུད་པའི་ཚད་གཞི་ལྟར།ར་ཁུལགྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་སྔར་བཞིན་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད།སྲིད་གཞུང་རིམ་པ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་།ལྟ་བ་འགྱུར་ལྡོག་བཏང་སྟེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་།ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ།རྣམ་གྲངས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོ་འདི་ལ་རྒྱལ་ཁ་ལོན་རྒྱུ་འགན་ལེན་བྱེད་དགོས

(གཅིག)ངོས་འཛིན་ལ་དམིགས་ཤིང་བསམ་བློའི་ངོས་འཛིན་ཐད་སླར་ཡང་མཐོ་རུ་གཏོང་དགོས།

གཅིག་ནི་གཙོ་གནད་མངོན་གསལ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བྱེད་དགོསབཅའ་ཁྲིམས་བདུན་སྤེལ་བསོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ནས།ས་མཐའི་ཞིང་འབྲོག་ཁུལ་གྱི་གཉེན་སྒྲིག་བཅའ་ཁྲིམས་་དང་མི་འབོར་འཆར་ལྡན་བུ་བཙའི་བཅའ་ཁྲིམ།བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་དང་སློབ་གསོ་རྒྱག་ཤུགས་གོམ་གང་མདུན་སྤོས་སྒོས་ཆེ་རུ་གཏོང་དགོས་ཤིང་།རྒྱ་ཆེའི་བུད་མེད་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།གཉེན་མ་བསྒྲིགས་པར་བུ་བཙའ་བ་སོགས་ཀྱི་གོམས་སྲོལ་ངན་པ་རང་རྟོགས་ཀྱིས་བཀག་འགོག་དང་།ཕ་མ་ཡ་གཅིག་ལས་མེད་པའི་བུད་མེད་ཁྱིམ་ཚང་ནས་ཐོན་རྒྱུ་རྩ་བ་ནས་མེད་པར་བྱེད་དགོས་པ་དང་།རིམ་པ་ཁག་གི་ལས་བྱེད་པས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེནཁུལགྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་བྱེད་དགོས་པ་དང་།ཞིང་ཆེན་དང་ཁུལགྱི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་སྲོལ་ཡིག་སློབ་སྦྱོང་གཏིང་ཟབ་བྱེད་ཅིང་།ཁྱོན་ཡོངས་ནས་སྲིད་ཇུས་ཁྲིམས་སྲོལ་རྒྱུས་ལོན་དང་།དོགས་གནད་གསལ་འགྲེལསྔར་ལས་ལྷག་པའི་སྒོ་ནས་དབུལ་ཕོངས་མང་ཚོགས་སྲིད་ཇུས་ཐད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་དགོས

གཉིས་ནི་དཔེ་སྟོན་སྣེ་ཁྲིད་ཀྱི་མིག་དཔེ་སྟོན་དགོས།ཞིང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཤེས་དཔལ་སྲོལ་བཟངགི་སྔོན་ཐོན་དཔེ་མཚོན་སྔོག་འདོན་གང་ལེགས་བྱེད་ཅིང་ཞིང་པའི་མཚན་མོའི་སློབ་གྲྭཞེས་པ་ལས་སྟེགས་བྱས་ནས་སྔོན་ཐོན་དཔེ་མཚོན་གདན་འདྲེན་ཞུས་ནས་ངའི་ཁྱིམ་སྲོལ་སོགས་སློབ་ཁྲིད་བྱེད་དུ་བཅུག་པ་དང་།མིག་དཔེའི་སྟོབས་ཤུགས་ཀྱིས་མང་ཚོགས་ལ་ཁྱིམ་སྲོལ་ཡག་པ་དང་ཁྱིམ་སྲོལ་རྒྱུན་འཛིན་ཡག་པོ་བྱེད་རྒྱུ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དང་།ཁྱིམ་སྲོལ་བཟང་པོ་སླར་གསོ་ལས་སྤྱི་སྲོལ་དང་དམངས་སྲོལ་ལ་སྐུལ་ཁྲིད་བྱེད་དགོས་པ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཧུར་ཐག་སྤེལ་ནས་ཁུལ་ཡོངས་ཀྱི་རྫོང་གྲོང་ཁྱེརགི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་གྱོད་གཞི་དང་ཉམས་མྱོང་དང་ལས་སྟངས་ཕྱོགས་སྡོམ་དྲིལ་བསྒྲིགས་བྱས་ཏེ་ཕན་ཚུན་བློ་སྒོ་འབྱེད་པ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོབ་དགོས།

གསུམ་ནི་བྱེད་སྟངས་འགྱུར་ལྡོག་བཏང་ནས་་སྒུལ་ཤུགས་ལ་སྐུལ་འདེད་གཏོང་དགོས།དབུལ་སྒྲོལ་ཕྱུག་འགྱུརངེས་པར་དུ་མིཞེས་པའི་གནད་འགག་རྒྱུ་རྐྱེན་ལ་དམིགས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་དགོས།རིམ་ཁག་ལས་བྱེད་པས་དབུལ་པོའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས་ཤིང་།ཁྱོད་ཡོང་ནས་དབུལ་སྐྱོར་བྱེད་པདེ་ང་དབུལ་སྒྲོལ་བྱེད་པསྒྱུརདགོས་པ་དང་།རང་འཕེལ་རྒྱས་གཏོང་དགོས་པདེ་འཕེལ་རྒྱས་འགྲོ་དགོསཔར་སྒྱུར་དགོས།དབུལ་པོའི་མང་ཚོགས་ཀྱི་ཧུར་སེམས་དང་ཆོད་སེམས་འཕེལ་བསྒྱུར་དང་།རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ལས་དབང་ལ་འགྱུར་ལྡོག་གཏོང་དགོས།

གཉིསརྨང་གཞི་ལྟེ་བ་བྱེད་ཅིང་རྨང་གཞིའི་འཛུགས་སྐྲུན་ཐད་ཡང་བསྐྱར་ཤུགས་སྣོན་བྱེད་དགོས

གཅིག་ནི་དཀའ་གནད་དམ་འཛིན་བྱས་ཏེ་རྨང་གཞི་བརྟན་པོ་གཏོང་དགོསརིའི་ཡར་སྐེད་དང་ས་མཐའི་ཞིང་འབྲོག་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་དང་།བདེ་འཇགས་འཐུང་ཆུ་དང་།ཞིང་ཆུ་འདྲེན་པབརྡ་འཕྲིན་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས་པ་དང་།གྲོང་ཚོདང་ཚོ་ཆུང་དུད་ཚང་དུ་གཞུང་ལམ་ཤར་གཏོང་རྒྱུ་སྲ་འགྱུར་འཛུགས་སྐྲུན་ལ་མགྱོགས་སྣོན་དང་།གྲོང་གསེབ་ཀྱི་འགྲོ་ལམ་རྒྱ་ཇེ་ཆེ་གཏོང་བ་དང་།བདེ་འཇགས་འགོག་སྲུང་ཆུ་འབུད་ཆུ་རྐརྗེས་མཐུད་སྲུང་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་གི་ལས་དོན་ལ་དོ་སྣང་བྱེད་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་དོ་དམ་གྱི་གསོས་སྐྱེལ་འདྲེན་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་།གྲོང་ཚོ་དབུལ་པོ་གཅིག་དམའ་བ་དང་ཡོད་པ་ལྔདང་རྫོང་དབུལ་པོའི་ཞྭ་མོ་ཕུད་པའིགཅིག་དམའ་བ་དང་ཡོད་པ་གསུམགྱི་ཚད་གཞི་ལྟར།གྲོང་རྡལ་གྱི་ལྟེ་གནས་སློབ་གྲྭདང་།འཕྲོད་བསྟེན་ཁང་།དམངས་བདེ་ཞབས་ཞུའི་ལྟེ་གནས་དང་གྲོང་སྡེའི་རིག་གནས་ཁང་།འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས།དུས་ཐོག་ཏུ་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ནས་མཉེན་ཆས་དང་མཁྲེགས་ཆས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་ཚད་ལོན་པར་འགན་ལེན་བྱེད་དགོས།

གཉིས་ནི་གནད་འགག་དམ་འཛིན་བྱས་ཏེ་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་དགོསཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་སྙན་ཞུ་ཡར་ཞུ་བྱེད་རྒྱུ་དང་ཧྲང་ཅང་ཁུའུ་ཆུ་མཛོད་ཁུལ་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན་གྱིས་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ།འབྲེལ་ཡོད་གྲོང་ཚོ་དབུལ་པོ་དབུལ་སྒྲོལ་གྱི་སྟོན་གྲངས་ཚད་ལོན་པར་འགན་ལེན་བྱེད་དགོསདུས་མཚུངས་སུདམིགས་བསལ་ཡོད་པའི་རྐྱེན་གྱིས་དམིགས་བྱའི་དམིགས་ཚད་ཀྱི་དབུལ་ཞྭ་ཕུད་མི་ཐུབ་པ་དག་གོང་རིམ་ལ་ཡར་ཞུ་ཧུར་ཐག་བྱས་ནས་རྫོང་གི་དབུལ་ཞྭ་འབུད་རྒྱུའི་བྱ་ཚད་བཅད་དམིགས་ཚད་ལ་ལེགས་སྒྲིག་འོས་འཚམ་བརྩོན་ལེན་བྱེད་དགོས་པ་དང་།ཁུལདང་རྫོང་གློག་ཤུགས་སྡེ་ཁག་གི་འབྲེལ་བ་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་ཅིང་།གྲོང་གསེབ་ཀྱི་ཞིང་དྲ་སྒྱུར་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གྲོང་ཚོ་དང་དུད་ཚང་དུ་ཞིང་དྲ་སྒྱུར་བཀོད་ལག་བསྟར་བྱས་ནས་གློག་སྤྱོད་དཀའ་བའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་དགོས།

གསུམཐོན་ལས་ལྟེ་བར་དམིགས་ནས་ཐོན་ལས་གོང་འཕེལ་གཏོང་བའི་ཐད་ཡང་བསྐྱར་ཤུགས་སྣོན་བྱེད་དགོས།

གཅིག་སྒྲིག་གཞི་འཐུས་ཚང་དུ་གཏོང་ཞིང་ཚོགས་སྤྱི་རྒྱ་སྐྱེད་གཏོང་དགོས།སྲིད་གཞུང་གིས་སྣེ་ཁྲིད་དང་།སྲིད་ཇུས་ཀྱི་ཁྲིད་སྟོན།སྤྱི་ཚོགས་ཞུགས་པ།མང་ཚོགས་རང་བརྟེན་ཟུང་འབྲེལ་གྱི་བྱ་ཐབས་སྤྱོད་ཅིང་།ཡུལ་བབས་དང་བསྟུན་པརིགས་ཁག་གི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་པ་དང་།ཐོན་རྫས་ཉོ་ཚོང་བྱེད་ཚད་ལྟར་སྐྱེད་ཀ་ཕྱིར་སློགམ་རྐང་ལྟར་ཁེ་སྤོགས་བགོ་བ་སོགས་ཀྱི་བགོ་བཤའི་རྣམ་པ་དང་།སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་དང་གྲོང་ཚོ་ཨུ་ལྷན་གཉིས་དང་དབུལ་ཕོངས་ཁྱིམ་ཚང་གི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བདང་།ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ་དང་རྒྱ་སྐྱེད་གཏོང་བའི་ཆབས་ཅིག་དུད་ཚང་དབུལ་པོའི་འབབ་འཕར་འགན་ལེན་བྱེད་དགོས

གཉིས་ནི་ཁྱད་ཆོས་ལྡན་པའི་ཐོན་ལས་དར་སྤེལ་འཕེལ་རྒྱས་།རྫོང་གྲོང་ཁྱེརགིས་ས་ཁོངས་ཀྱི་ལེགས་ཆ་དང་།རང་ངོས་ཀྱི་ཆ་རྐྱེན་དང་།ཐོན་ཁུངས་རང་སྤུས།མང་ཚོགས་ཀྱི་བསམ་འདུན་དང་།ཁྲོམ་རའི་དགོས་མཁོཁག་ལ་གཞིགས་ནས།དུད་ཚང་དབུལ་པོར་ཁྱད་ལྡན་འདེབས་འཛུགས་གསོ་འཕེལ་ལས་རིགས་དང་།ཡུལ་སྐོར་ཞབས་ཞུའི་ལས་རིགས་དང་།ལག་ཤེས་བཟོ་ལས་དང་བདག་གཉེར་ལས་རིགས་ཆུང་གྲས་སོགས་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ལམ་བུརྒྱ་བསྐྱེད་དུ་གཏོང་དགོས་པ་དང་།ཐོན་ལས་རྣམ་གྲངས་འཛུགས་སྐྲུན་གྱི་གཙོ་གནད་དེ་རྒྱུན་མཐུད་ཐོག་འཇོག་པ་དང་།མིག་མདུན་དང་སླད་ཕྱིན་རྒྱུན་རིང་།ཡུན་རིང་དང་ཡུན་ཐུང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ།དབུལ་སྒྲོལ་ཕན་འབྲས་ཐོན་མགྱོགས་པའི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས་ལ།ཕུགས་རིང་དང་རྒྱུན་མཐུད་འབབ་འཕར་གྱི་ཐབས་ལམ་ཡང་འཚོལ་ཞིབ་གཏིང་ཟབ་བྱས་ནས་ཚད་གཞི་མཐོ་བའི་དབུལ་སྒྲོལ་འགན་ལེན་བྱེད་དགོས།སྐྱེ་ཁམས་ཞིང་ལས་དང་།ལྗང་མདོག་ཐོན་སྐྱེད་དང་།སྐྱེ་ལྡན་ཞིང་ལས་ཐོན་རྫས་བཅས་འཕེལ་རྒྱས་གཏོང་རྒྱུ་དེ་རིའི་ཡར་སྐེད་ཀྱིཁྱིམ་ཚང་དབུལ་པོའི་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཤུགས་རྒྱག་ས་བྱེད་དགོས་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་དུས་ཚིགས་ལས་ལྡོག་པའི་སྔོ་ཚལ་དང་ཤིང་ཏོག་ཐོན་སྐྱེད་ཚད་མཐོ་བྱས་ནས་ཐོན་རྫས་ངོ་བོ་གཅིག་མཚུངས་ཅན་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས།

གསུམ་ནི་ཐབས་ལམ་སྣ་མང་བརྟེན་ནས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོསསྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་གཏོང་བའི་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་ཞིང་།ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་དབུལ་པོའི་མང་ཚོགས་སྣོད་བཅུད་ཡུལ་སྐོར་དང་ནགས་ཚལ་ལུས་གསོནགས་ཁྲོད་འདེབས་འཛུགས་དང་གསོ་སྤེལ་བཅས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་།མང་ཚོགས་རྒྱུན་མཐུད་འབབ་འཕར་གྱི་སྒུལ་ཤུགས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་།སྔོ་ལྗང་རི་ཀླུང་གསེར་རི་དངུལ་རི་འགྱུར་བར་སྐུལ་འདེད་བྱས་ནས་ས་ཁུལ་དབུལ་པོ་དེསྐྱེ་ཁམས་ལ་སྲུང་སྐྱོང་དང་།དཔལ་འབྱོར་འཕེལ་རྒྱས་ཡོང་བབཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དགོས་པ་དང་།འོད་ཤུགས་དབུལ་སྐྱོར་གྱིས་བྱེ་བཅོས་སོགས་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་ལ་སྐུལ་འདེད་ཧུར་ཐག་གཏོང་ཞིང་།འབྲོག་ཁུལ་དང་རིའི་ཡར་སྐེད་དང་འཚམ་པའི་འོད་ཤུགས་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱེད་པ་དང་།གློག་ཤུགས་ཐག་གཅོད་བྱེད་པའི་དུས་མཚུངས་སུ།རླུང་འགོག་བྱེ་འཇགས་དང་སྔོ་སྒྱུར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།དབུལ་པོའི་མི་འབོར་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དབུལ་སྐྱོརཐོན་ལས་ཆགས་དགོས་པ་དང་།ཁེ་ལས་དབུལ་སྐྱོར་ཐོན་ལས་ལ་ཞུགས་པར་རྒྱབ་སྐྱོར་དང་སྐུལ་སློང་གཏོང་ཞིང་། སྲིད་ཇུས་དང་།ཁྲལ་བསྡུདངུལ་བསྡུ་སྒྲིལ་སོགས་ཀྱི་ཐད་ནས་ཐོན་ལསདབུལ་སྐྱོར་ཁེ་ལས་ནང་ཞུགས་པར་དོན་དངོས་ཐོག་རྒྱབ་སྐྱོར་བྱེད་དགོས།ཆ་རྐྱེན་ཡོད་པའི་ས་གནས་སུཏང་ཀྲི་པུའུ་+སྣེ་འདྲེན་ཁེ་ལས+ཁྱིམ་ཚང་དབུལ་པོདང་གྲོང་ཚོ་དང་ཁེ་ལས་མཉམ་སྐྲུནཁེ་ལས་ཆེན་པོས་གྲོང་ཚོར་རོགས་པ་དང་།ཁེ་ལས་ཆུང་གྲས་ཀྱིས་དུད་ཚང་ལ་རོགས་སོགས་ཀྱི་དབུལ་སྐྱོར་བྱེད་ཐབས་སྤེལ་བར་སྐུལ་འདེབས་གཏོང་དགོས།སྣེ་འདྲེན་ཁེ་ལས་དང་ཞིང་ལས་གཉེར་སྐྱོང་གི་གཙོ་གཞི་འདྲེན་འགུག་བྱེད་་ཡང་དག་གཏན་ཁེལ་དགོས་ཤིང་།མང་ཚོགས་དབུལ་པོར་ས་ཞིང་འཁོར་རྒྱུག་བོགས་དངུལ་བསྡུ་རྒྱུ་དང་།དངུལ་ཁང་གི་དངུལ་བུན་སྐྱེད་གསབ་དུད་ཚང་དབུལ་པོར་མ་རྐང་ནང་ཞུགས་ནས་རྐང་དངུལ་བགོ་ཐུབ་རྒྱུ་དང་།ཁེ་ལས་སུ་ཞོར་ལས་བྱས་ནས་ངལ་ལས་གླ་ཆ་ལེན་འཇུག་ཅིང་།དབུལ་པོའི་དུད་ཚང་དང་སྣེ་འདྲེན་ཁེ་ལས་ཀྱི་ཁེ་ཕན་འབྲེལ་ཐག་ལམ་སྲོལ་འཛུགས་སྐྱོང་བྱས་ཏེ་མ་དངུལ་རྣམས་མ་རྐང་དུ་བསྒྱུར་བ་དང་།ཞིང་་མ་རྐང་བདག་པོར་བསྒྱུར་བམངོན་འགྱུར་བྱེད་དགོས་པ་དང་།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བྱེད་ཅིང་།དུད་ཚང་དབུལ་པོ་དབུལ་སྒྲོལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱེད་དགོས

བཞི་ནི་ཚན་རྩལ་གྱི་སྔོན་ལ་མིག་དཔེ་སྟོན་དགོས།ཚན་རིག་ཁྱབ་གདལ་ཞིང་ཕན་མཐུན་ཚོགས་དང་ཚན་རྩལ་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ལ་རྒྱབ་སྐྱོར་བྱེད་ཅིང་།ཚན་རྩལ་དབུལ་སྐྱོར་གྱི་དཔེ་སྟོན་གྲོང་ཚོ་དང་དཔེ་སྟོན་དུད་ཚང་གསར་གཏོད་བྱས་ནས་དུད་ཚང་དབུལ་པོ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཐུབ་པར་ཁྱབ་འགྱེད་སྣེ་ཁྲིད་དང་། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

བཞིདོ་དམ་ལྟེ་བར་བྱས་ནས་ཚད་ལྡན་གྱི་དོ་དམ་ཐད་སླར་ཡང་དོན་འཁྱོལ་བྱེད་དགོས།

གཅིག་ནས་སྲིད་ཇུས་ཀྱི་འགན་ལེན་གོམ་གང་མདུན་སྤོས་སྒོས་ཤུགས་ཆེར་གཏོང་དགོས།ཁུལདང་རྫོང་གྲོང་ཁྱེརའབྲེལ་ཡོད་ཀྱི་སྡེ་ཁག་གིས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལ་ཞིབ་འཇུག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཤིང་།དམིགས་བསལ་ཚོགས་སྤྱིར་དམིགས་ནས་དེ་བས་གཟིགས་སྐྱོང་གི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱེད་དགོས། ནད་གཞི་ཚབས་ཆེན་ཕོག་ཡོད་པ་དང་།རང་བྱུང་གནོད་འཚེ་ཚབས་ཆེན་ཕོག་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་།སྨན་བཅོས་འགན་སྲུང་ཆུ་ཚདཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་རོགས་སྐྱོར་བྱ་རྒྱུ་དང་།དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་དཀའ་ངལ་ཁྲོད་ཀྱི་དཀའ་ངལ་གནད་དོན་དག་ཐག་གཅོད་བྱེད་དགོས།

གཉིས་ནི་ཡིག་ཚགས་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་དགོས།ཁུལདང་རྫོང་གྲོང་ཁྱེརའབྲེལ་ཡོད་སྡེ་ཚན་གྱིས་2017ལོ་ཞིང་ཆེན་ཡིག་ཚགས་དཔྱད་ཡིག་དོ་དམ་བྱེད་ཐབས་བཏོན་པ་ལྟར།ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་རྫོང་གྲོང་ཁྱེརདང་།ཡུལ་ཚོ།གྲོང་ཚོ་བཅས་ཀྱི་འབྲེལ་ཡོད་མི་སྣར་ཡིག་ཚགས་དཔྱད་ཡིག་དོ་དམ་བྱེད་པའི་གཅིག་སྡུད་གསོ་སྦྱོང་དང་མཛུབ་ཁྲིད་བྱས་ནས་དོ་དམ་གཅིག་གྱུར་ཚད་ལྡན་བྱེད་དགོས་པ་དང་།དུས་ཐོག་ཏུ་ཚང་བཤེར་ཆད་གསབ་དང་།ཏན་ཏན་ཏིག་ཏིག་གིས་རྨང་གཞིའི་ལས་ཀ་ལེགས་པར་བསྒྲུབ་དགོས།

གསུམ་ནི་དབུལ་སྒྲོལ་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས།དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གཉིས་གལ་ཆེ་ཆུང་གཅིག་ཏུ་བཞག་སྟེདབུལ་སྒྲོལ་བྱ་ཡུལཕྱིར་མིག་ལྟ་བའིལམ་སྲོལ་གསར་འཛུགས་བྱེད་དགོས་པ་དང་།དབུལ་སྒྲོལབྱ་ཡུལདབུལ་སྒྲོལ་ཞིང་རོགས་སྐྱོར་མི་ཕུད་པ་དང་།དབུལ་སྒྲོལ་ཞིང་སྲིད་ཇུས་མ་ཕུད་པདབུལ་སྒྲོལ་ཞིང་རྣམ་གྲངས་མི་ཕུད་པབཅས་ལག་བསྟར་བྱེད་དགོས།དབུལ་སྒྲོལ་བྱ་ཡུལ་བརྟན་པོའི་ངང་དབུལ་སྒྲོལ་མངོན་འགྱུར་ཐུབ་པ་དང་།གྲོང་སྡེའི་རིག་གནས་ཁང་དང་འཕྲོད་བསྟེན་ཁང་སོགས་ཀྱི་བྱེད་ལས་འདོན་སྤེལ་ལ་དོ་སྣང་བྱེད་དགོས་ཤིང་།དངོས་གནས་དྲང་གནས་ཀྱིས་དཔེ་ཆ་ལྟ་མི་དང་ནད་བཅོསབྱེད་པའི་དགོས་མཁོ་ཐག་གཅོད་བྱེད་དགོས།

བཞི་ནི་གོམ་གང་མདུན་སྤོས་སྒོས་ལྟ་སྐུལ་རྟོག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོསལྟ་སྐུལ་སློབ་སྟོན་དང་དངོས་སྡོད་ཞིབ་འཇུག་ལྟ་སྐུལ་སློབ་སྟོན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིགརྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་རྗེས་འདེད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་།གཙོ་གནད་དབུལ་སྐྱོར་རྣམ་གྲངས་དང་།ཆེད་དམིགས་ལས་གྲྭ་གལ་ཆེན་གྱི་འཕེལ་རིམ་གནས་ཚུལ་ལ་གཟའ་འཁོར་རེར་དང་ཟླ་རེར་རྗེས་འདེད་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།རྟོག་ཞིབ་དང་།རྩིས་བཤེརནོར་སྲིདདབུལ་སྐྱོར་སོགས་སྡེ་ཁག་གིས་མ་དངུལ་བེད་སྤྱོད་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་།མ་དངུལ་བཀོལ་སྤྱོད་ཚད་ལྡན་བདེ་འཇགས་ལ་འགན་སྲུང་དང་།མ་དངུལ་གྱི་གཏིང་སྙིགས་གནས་ཚུལ་ཉུང་དུ་གཏོང་ཞིང་མ་དངུལ་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས་སོ།།

༄༅།།ཁུལ་ཡོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་རྔ་བཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུརྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཞིབ་བྱས་སྐོར་གྱི་བསམ་འཆར

2017ལོའི་ཟླ་6པའི་ཚེས་22ཉིན་རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཁུལ་ཡོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་རྔ་བཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུ(གཤམ་དུ་བསྡུས་མིང་ལསྙན་ཞུཟེརཉན་ཞིང་གྲོས་ཞིབ་བྱས།

ཚོགས་འདུའི་ཐོགསྙན་ཞུབློ་ལ་འབབ་མིན་དཔྱད་ཞིབ་བྱསརྒྱུན་ཨུ་ཁང་གི་ཁོངས་མི་35ཞུགས་དགོས་ལ།དངོས་སུ་མི་28ཡོད།བརྡས་ཐག་བཅད་པའི་མཇུག་འབྲས་ནིབློ་ལ་འབབ་པའི་འཛིན་ཤོག་25དང་ཧ་ལམ་བློ་ལ་འབབ་པའི་འཛིན་ཤོག་3ཡོད།

གྲོས་ཚོགས་ཐོག་གྲོས་ཞིབ་བསམ་འཆར་འདོན་པ་གཤམ་གསལ་སྟེ།

གཅིགདྲིལ་བསྒྲགས་ཞིབ་ཚགས་བྱས་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་དགོས།

   ལས་རིགས་སློབ་གསོ་དང་།རྩལ་ནུས་ཤེས་ལྡན་མི་སྣའི་ཐུན་མོང་ངོས་འཛིན་བྱེད་ཚད་དམའ་བའི་རྒྱུ་རྐྱེན་དེ་ནི་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བར་ཚོད་འཛིན་བཟོ་བའི་ལྟ་རྐྱེན་ཡིན་པས།འཇོན་ཐང་ཅན་དུ་ལས་ཞུགས་དངོས་དཔེ་དྲིལ་བསྒྲགས་དང་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེཔོ་སྤེལ་བ་དང་།ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་སྒྲིག་འཛུགས་སོགས་ཀྱི་ཐབས་ཤེས་སྤྱད་དེ་ལས་རིགས་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་།སྤྱི་ཚོགས་ཡོངས་སུ་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་།རྩལ་ནུས་ནི་རྩ་ཆེན་གྱི་དུས་རབས་དར་སྲོལ་ཡིན་པ་དར་སྤེལ་བཏང་སྟེ།རྩལ་ནུས་གཅིག་ལ་གོང་བཀུར་དང་ཡོན་ཚད་གཙིགས་སུ་མི་བཟུང་ནུས་པར་བརྟེན་དགོས་པའིརྣམ་པ་བཟང་པོ་ཆགས་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་དགོས།སྲིད་གཞུང་རིམ་པ་ཁག་དང་སློབ་གསོ་གཙོ་སྐྱོང་སྡེ་ཁག་གིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སློབ་མ་རང་ཉིད་ཀྱི་དོན་དངོས་གཞིར་བཟུང་ནས་སློབ་གྲྭ་དང་ཆེད་ལས་རྗེས་དཔག་གི་གདམ་ག་ལུགས་མཐུན་ཁྲིད་སྟོན་བྱས་ཏེགཅིག་གྱུར་གྱིས་མཐུན་སྦྱོར་བརྒྱུད་ནས་ཞིང་ཆེན་གྱིས་གཤམ་དུ་སྤྲད་པའི་93”རིན་མེད་སློབ་གསོའི་སློབ་བསྡུའི་འཆར་གཞི་ཡོངས་འགྲུབ་ཁག་ཐེག་བྱེད་དགོས་ལ།རར་ཁུལགྱི་ལས་རིགས་སློབ་གྲྭའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་།བདེ་བླག་ངང་གོང་དུ་འཕེལ་བར་ཕན་པ་ཡང་ཐོན་དགོས།ལས་རིགས་སློབ་གསོར་མ་དངུལ་འཇོག་དོན་འཁྱོལ་དེ་བཙན་ཞིང་ནན་པའི་བླང་བྱ་ཞིག་ཏུ་བརྩིས་ཏེས་གནས་ཀྱི་སློབ་གསོའི་ཟུར་སྣོན་གྲོན་དངུལ་དེ་ལས་རིགས་སློབ་གསོར་སྤྱོད་བསྡུར་ཚད་བརྒྱ་ཆ་30ལས་མི་ཉུང་བ་དོན་འཁྱོལ་བྱེད་དགོས་པ་ལྟརལས་རིགས་སློབ་གསོ་ལ་མ་དངུལ་འཇོག་གྲངས་འཕར་སྣོན་གཏོང་རྒྱུའི་ནང་རྐྱེན་བརྟན་པོ་འཛུགས་དགོས་ཤིང་།ལས་རིགས་སློབ་གྲྭའི་དངོས་སྦྱོང་རྟེན་གཞི་དང་དངོས་སྦྱོང་སྒྲིག་ཆས་འཛུགས་སྐྲུན་དང་མ་དངུལ་གཏོང་ཚད་ཆེ་རུ་གཏོང་དགོས།མ་དངུལ་དོ་དམ་དང་བེད་སྤྱོད་ལ་ཤུགས་སྣོན་བྱས་ཏེ།དངུལ་སྐར་མ་རེ་ཙམ་ཚང་མ་སྤྱོད་གོ་ཆོད་པར་འགན་ལེན་དང་སློབ་ཁྲིད་ཀྱི་དགོས་མཁོ་འདང་བ་ཁག་ཐེག་བྱེད་དགོས།

གཉིསབྱ་བ་དོན་དམ་བསྒྲུབ་ཅིང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

སྲིད་གཞུང་རིམ་པ་ཁག་གིས་ཀྲུང་དབྱང་གི་དགོངས་དོན་ནན་ཏན་གྱིས་གོ་བ་ལེན་ཞིང་།འགན་འཁྲི་ཏན་ཏིག་བསྒྲུབ་ནས་ལས་རིགས་སློབ་གསོ་དེ་དཔལ་འབྱོར་ཚུལ་སྒྱུར་རིམ་སྤར་དང་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་རེ་རེ་བཞིན་ས་བཅད་བཀོད་སྒྲིག་བྱེད་དགོས་པ་དང་།ལས་རིགས་སློབ་གསོ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་དང་ཐོན་ལས་གོང་སྤེལ་གྱི་འཆར་འགོད་ནང་བཞག་ཅིང་།ལས་རིགས་སློབ་གསོ་དང་རང་ཁུལགྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་འཚམ་པ་ཡོང་བར་སྐུལ་འདེད་གཏོང་དགོས།གཅིག་ནི་སྡེ་ཁག་དང་།ས་གནས་ཀྱིས་བཅད་བཟུང་བྱེད་པ་དང་།ཁ་བཀྲམ་ནས་དོ་དམ་བཅས་མེད་པར་བཟོ་ཞིང་།འབྲིང་རིམ་ལས་རིགས་སློབ་གསོའི་དོ་དམ་སྒྲིག་སྲོལ་མཐུན་སྒྲིག་བྱེད་དགོས་པ་དང་།སློབ་གསོ་གཙོ་སྐྱོང་སྡེ་ཁག་དང་སྡེ་ཁག་གཞན་དག་གིས་གཞོགས་འདེགས་དང་།ལས་རིགས་ཁེ་ལས་ནང་ཞུགས་བཅས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་དོ་དམ་སྒྲིག་སྲོལ་གསར་འཛུགས་བྱེད་དགོསགཉིས་ནི་མཐོ་རིམ་ལས་རིགས་སློབ་གླིང་གསར་འཛུགས་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་།ཞིང་ཆེན་ལ་ཡར་ཞུ་ཧུར་ཐག་བྱེད་ཅིང་།ནང་སའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་རྔ་བ་དགེ་འོས་སློབ་གླིང་དང་ཁུལ་ནང་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་ལོ་ལྔའི་མཐོ་རིམ་ལས་རིགས་མཉམ་གཉེར་གྱི་བྱེད་སྟངས་ལ་རྒྱབ་སྐྱོར་དང་མཐུན་སྦྱོར་དགོས་ཤིང་འབྲིང་རིམ་དང་མཐོ་རིམ་ལས་རིགས་ཐབས་ལམ་ཤར་བགྲོད་བྱས་ཏེ།རང་ཁུལགྱི་འབྲིང་རིམ་ལས་རིགས་སློབ་གྲྭ4དེ“9+3”སློབ་ཡོན་མི་ལེན་པའི་ལས་རིགས་སློབ་གསོ་ལག་བསྟར་འཆར་གཞི་ཡོད་པའི་སློབ་གྲྭའི་ནང་བཞག་ཅིང་།འབྲིང་རིམ་ལས་རིགས་སློབ་གསོའི་ཐོན་ཁུངས་སྡེབ་སྒྲིག་ལ་སྐུལ་འདེད་བཏང་སྟེ།རྔ་ཁུལ་ས་གནས་ཀྱི་ལས་རིགས་སློབ་གསོ་རྒྱ་སྟོབས་ཆེ་རུ་གཏོང་དགོས།གསུམ་ནི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་སློབ་གྲྭའི་སློབ་གཉེར་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས།གཏན་འབེབས་དང་ཁྲིམས་ལྟར་སློབ་གྲྭས་མི་སྤྱོད་མཁན་དང་།འགྲོ་གྲོནསློབ་གྲྭ་དང་ཁེ་ལས་མཉམ་ལསཆེད་ལས་སྒྲིག་བཀོད་སོགས་སློབ་གཉེར་བྱེད་པའི་རང་བདག་དབང་ཆ་རྒྱ་ཆེར་གཏོང་དགོས་ཤིང་།སློབ་གྲྭ་ཆེད་ལས་དགོས་མཁོ་ལྟར་ཆེད་ལས་སྣེ་ཁྲིད་དང་།རང་བརྟེན་ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་གཉིས་མཁས་ཅནགྱི་དགེ་རྒན་གདན་ཞུ་ནང་འདྲེན་བྱེད་པར་རྒྱབ་སྐྱོར་དང་།སློབ་གྲྭ་དང་དགེ་རྒན་གྱི་ཧུར་སེམས་སྐུལ་སློང་བྱེད་པར་ཕན་པ་ཡོད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།དགེ་རྒན་གྱི་དཔུང་སྡེ་གཏན་ཆགས་བྱེད་དགོས།བཞི་ནི་སློབ་གསོ་དང་ལས་ཞུགས་སྡེ་ཚན་གྱིས་འབྲེལ་གཏུག་མཐུན་སྦྱོར་བྱེད་དགོས་ཤིང་།མི་ཤུགས་ཐོན་ཁུངས་ཀྱི་ཚོང་རའི་མཁོ་སྤྲོད་ཆ་འཕྲིན་གྱིས་ལས་རིགས་སློབ་གསོའི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ།ལས་ཞུགས་ཁྲིད་སྟོན་ལ་ཤུགས་སྣོན་དང་ལས་ཞུགས་་སྐུལ་འདེད་གཏོང་དགོས།

གསུམསྤུས་ཚད་ཕུལ་བྱུང་དུ་སྒྱུར་ཅིང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།

ལས་རིགས་སློབ་གསོ་ནི་བྱང་ཚད་མཐོ་བའི་ནུས་རྩལ་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་གི་རྨང་གཞིའི་ལས་གྲྭ་ཡིན་ཞིང་།དེའི་མངོན་གསལ་དོད་པའི་ཁྱད་ཆོས་ནི་ཆེད་ལས་ཀྱི་ཤེས་བྱ་བརྒྱུད་ཁྲིད་དང་།ལས་རིགས་རྩལ་ནུས་གསོ་སྐྱོང་བྱས་ནས་ངལ་རྩོལ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དེ་ཡིནརང་ཁུལ་གྱི་ལས་རིགས་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཁྲོམ་རར་ཁ་ཕྱོགས་པ་དང་།ཞབས་ཞུ་འཕེལ་རྒྱས་གཏོང་བ།ལས་ཞུགས་ལ་སྐུལ་འདེད་གཏོང་བབཅས་ཀྱི་སློབ་འཛུགས་ཁ་ཕྱོགས་འཛིན་ནས་ལས་རིགས་ཀྱི་ནུས་པར་ཤུགས་སྣོན་བྱ་རྒྱུ་དེ་མི་སྣ་ཤེས་ལྡན་གསོ་སྐྱོང་བྱེད་པའི་རྩ་བའི་འགོ་ཚུགས་གཞི་དང་དམིགས་བྱར་འཛིན་པ་དང་།སློབ་འཛུགས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།གཅིག་ནས་ཆེད་ལས་འཛུགས་སྟངས་ལེགས་སུ་གཏོང་ཞིང་སློབ་གཉེར་ཁྱད་ཆོས་མངོན་གསལ་བྱེད་དགོས།ཚོང་ར་དང་།སྤྱི་ཚོགས་དང་དགོས་མཁོ་བཅས་ལ་འཚམ་པར་རྒྱུན་འཁྱོངས་དང་།དུས་ཐོག་ཏུ་ཆེད་ལས་ཀྱི་སྒྲིག་བཀོད་ལེགས་སྒྲིག་བྱེད་དགོས་པ་དང་།ང་ཁུལགྱི་ཡུལ་སྐོར་དང་།ཆུ་གློགགློག་འོདཨར་ལསཁྱད་ཆོས་ལྡན་པའི་ཞིང་ལསདེང་རབས་ཀྱི་ཕྱུགས་ལས་དང་།མི་རིགས་སྒྱུ་རྩལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱེད་དགོས་པ་དང་།ལས་རིགས་སློབ་གསོ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཞིང་།སྔོན་བརྒལ་དུ་རང་ཁུལགྱི་འཕེལ་རྒྱས་དང་འཚམ་པའི་ཆེད་ལས་ཁག་གཅིག་བཀོད་སྒྲིག་བྱས་ཏེ།རྒྱ་ཆེའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།སློབ་མའི་སྦྱངས་འབྲས་ཐད་གདེང་འཇོག་ལམ་ལུགས་བསྒྱུར་བཅོས་གཏོང་དགོས་ཤིང་།སློབ་སྦྱོང་ལ་གདེང་འཇོག་དེ་ལས་ཞུགས་གཞན་སྒྱུར་དང་སྤྱི་ཚོགས་ཀྱི་གདེང་འཇོག་ལ་སྒྱུར་བར་ཁྲིད་སྟོན་བྱེད་དགོསགཉིས་ནས་ལས་རིགས་སློབ་གསོའི་ཆོས་ཉིད་བརྩི་སྲུང་བྱེད་དགོས།ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་།ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་དང་ལག་ལེན་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་དགོས།སློབ་གྲྭ+ཁེ་ལས+དངོས་སྦྱོང་རྟེན་གཞིབཅས་ཀྱིའཚོལ་ཞིབ་དང་ལག་བསྟར་བྱས་ཏེ།ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཡོང་བདང་། སློབ་གྲྭ་དང་ཁེ་ལས་ཐུན་མོང་ཐོག་མི་སྣ་གསོ་སྐྱོང་བྱེད་པར་སྐུལ་འདེད་་གཏོང་དགོས།དེང་རབས་སློབ་ཕྲུག་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་།སློབ་ལ་འཁྲིད་མཁན་ཡོད་པ་དང་།ཁྲིད་ཐུབ་ཡོད་པ་དང་།ཐུབ་རྒྱུ་བེད་སྤྱོད་ཐུབ་པབྱེད་དགོས།སློབ་མའི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་བརྟན་སྲུང་གསོ་སྐྱོང་དང་།སློབ་མའི་བཟོ་བོའི་སྙིང་སྟོབས་དང་།ལས་ཞུགས་ལས་གཏོད་གསར་གཏོད་ཀྱི་འདུ་ཤེས་དང་ནུས་པ་སྐྱེད་སྲིང་བྱེད་དགོས།གསུམ་ནསམཁས་ཅན་གཉིསཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དང་།སློབ་གྲྭ་དང་ཁེ་ལས་མི་སྣ་ཕྱོགས་གཉིས་ཀར་འགྲོ་སྐྱོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ལས་རིགས་སློབ་གྲྭའི་དགེ་རྒན་གྱི་སྤུས་ཚད་མཐོར་འདེགས་ཀྱི་འཆར་གཞི་ལག་བསྟར་ཡག་པོ་བྱེད་དགོས་པ་དང་།དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་།དཔུང་ཁག་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས།བཞི་ནས་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བྱས་ཏེསློབ་གསོ་དང་ཐོན་ལས་སྦྲེལ་ཐག་གི་ཟུང་འབྲེལ་ཟབ་སྤེལ་དང་།ཁེ་ལས་ཀྱི་ལས་བཟོ་བ་དང་།གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུརཞིང་བ།ལས་ཤོར་མི་སྣལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་།དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་དང་།དབང་པོ་སྐྱོན་ཅན་སོགས་ལ་ཕྱོགས་པའི་སྦྱོང་བརྡར་སྤེལ་ནས།དབུལ་བྲལ་འགག་སྒྲོལམི་ཚང་མས་མཚར་སྡུག་ལྡན་པར་གོ་སྐབས་སྔར་ལས་མང་བ་འདོན་དགོས་སོ།།

༄༅།།ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རྔ་བཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུལ་རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཞིབ་བྱས་པའི་བསམ་འཆར་སྐོར།

 2017ལོའི་ཟླ6པའི་ཚེས22ཉིན་རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཐོགཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རྔ་བཁུལ་མི་དམངས་སྲིད་གཞུང་གི་སྙན་ཞུ(གཤམ་དུ་བསྡུས་མིང་ལསྙན་ཞུཟེར

ཚོགས་འདུའི་ཐོགསྙན་ཞུབློ་ལ་བབ་མིན་བརྡས་ཐག་བཅདརྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་35ཞུགས་དགོས་ལ་དངོས་སུ་མི་28ཞུགས་ཡོད།བརྡས་ཐག་བཅད་པའི་མཇུག་འབྲས་བློ་ལ་བབ་པའི་འདེམས་ཤོག11དང་ཧ་ལམ་བློ་ལ་བབ་པའི་འདེམས་ཤོག13དང་།བློ་ལ་མི་བབ་པའི་འདེམས་ཤོག3དང་།ཅི་ཡང་མ་འདེམས་པའི་འདེམས་ཤོག1བཅས་ཡོད།

གྲོས་ཚོགས་ཐོག་གཤམ་གསལ་གྱི་གྲོས་ཞིབ་བསམ་འཆར་བཏོན་པ་སྟེ།

གཅིགཚོང་འགུགས་ཀྱི་འདུ་ཤེས་སྒྱུར་ཅིང་རྣམ་གྲངས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས།

ཚོང་འགུགས་ནི་འཕེལ་རྒྱས་ཡིན་པའི་འདུ་ཤེསདམ་འཛིན་བྱེད་ཅིང་།ཚོང་འགུགས་དངུལ་འདྲེན་དེ་མ་དངུལ་གཏོང་བར་སྐུལ་ཁྲིདདང་།ལས་ཞུགས་ལ་སྐུལ་ཁྲིད་དང་།ཐོན་ལས་སྐྱེད་སྲིང་གྲུབ་ཚུལ་ལེགས་སྒྲིགཐོན་ལས་གཞན་བསྒྱུར་རིམ་སྤོར་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་འཛིན་དགོས་པ་དང་།དེ་དཔལ་འབྱོར་གོང་འཕེལ་ལ་འགྱུར་ལྡོག་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་ཚོང་འགུག་མ་འདྲེན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དགོས།དངུལ་འདྲེན་རྣམ་གྲངས་ཀྱི་ཆེ་ཆུང་ལྟར་མཉམ་སྤྱོད་དང་།རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་རྣམ་གྲངས་མཉམ་སྤྱོད་དང་།ཐོན་ལས་གསུམ་གལ་ཆེ་མཉམ་དུ་འཛིན་པའིརྩ་དོན་ལྟར།དངུལ་འདྲེན་གྱི་རྣམ་གྲངས་ཚད་འཇུག་གིའགག་སྒོདམ་སྲུང་བྱེད་དགོསརྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མི་མཐུན་པའི་རྣམ་གྲངས་དང་།ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་གྲོང་རྡལ་འཆར་འགོད་དང་མི་མཐུན་པའི་རྣམ་གྲངསམ་དངུལ་འཇོག་ཚད་ཚད་གཞི་མ་ལོན་པའི་རྣམ་གྲངསས་ཞིང་སྐོར་བཟུང་བྱེད་པར་དོགས་པ་ཡོད་པའི་རྣམ་གྲངསཁོར་ཡུག་སྲུང་སྐྱོང་གི་ཚད་མ་ལོན་པའི་རྣམ་གྲངས་བཅས་མི་འཇོག་པ།ཚོང་འགུགས་མ་འདྲེན་གྱིཞུགས་པརོགས་ལས”“ཞབས་ཞུབཅས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་དགོས་ཤིང་།རྣམ་གྲངས་དོན་འཁྱོལ་བྱེད་རྒྱུ་དེ་ཚོང་འགུགས་དངུལ་འདྲེན་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་བྱས་ཏེ་ཚོང་འགུགས་རྣམ་གྲངས་ཀྱི་གྲངས་འབོར་དང་།སྤུས་ཚད་དང་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་ཐོག་ཕན་འབྲས་ཐོབ་ཐུབ་པར་ཤུགས་སྣོན་བྱེད་དགོས།

 གཉིསརྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་ཞིང་རྣམ་གྲངས་ལག་བསྟར་བྱེད་ཐུརང་བཞིན་ལ་ཤུགས་སྣོན་བྱེད་དགོས།

གཅིག་ནས་ཚོང་འདྲེན་དཔུང་ཁག་ལེགས་པོར་བསྒྲིག་དགོས།ལས་སྒོའི་འཇོན་ཐང་ཆེ་བ་དང་།ཐོན་ལས་དཔལ་འབྱོར་ལ་རྒྱུས་མངའ་ཡོད་པམ་འཇོག་དང་ཚོང་དོན་སྲིད་ཇུས་ཧ་གོ་བ།ཁེ་ལས་ཀྱིས་འཁོར་རྒྱུག་བརྒྱུད་རིམ་ལ་རྒྱུས་མངའ་ཡོད་པ་དང་།རྣམ་གྲངས་ལ་གྲོས་མོལ་ལ་མཁས་པའི་མི་སྣ་ཚོང་འགུགས་དཔུང་ཁག་ནང་འདེམས་དྲངས་ཤིང་ད་ཡོད་ཚོང་འགུགས་མ་འདྲེན་གྱི་དཔུང་ཁག་གི་ལས་སྒོའི་གསོ་སྦྱོང་ལ་ཤུགས་བསྣན་ནས་ལས་ཀའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།ཚོང་འགུགས་མ་འདྲེན་འགོ་ཁྲིད་ཚོ་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་།ཁོངས་མིའི་ཚན་པའི་ནང་ནས་ལས་སྒོ་མཁས་མི་འཐེན་གཏོང་བྱས་ནས་སྲིད་གཞུང་གིས་ཚོང་འགུགས་ཡན་ལག་རུ་ཆུང་བཙུགས་ཏེ་ཚོགས་པ་སྒྲིག་འཛུགས་བྱས་ནས་ཚོང་འགུགས་མ་འདྲེན་བྱེད་སྒོའི་ནང་ཞུགས་དགོས།གཉིས་ནས་མཉམ་འགུལ་ལམ་སྲོལ་གསར་འཛུགས་བྱེད་དགོས།ཁུལ་ཚོང་དོན་ཅུས་དང་།ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་དང་།ཁུལ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་རྫོང་(གྲོང་ཁྱེར)ཁག་གི་ཐོན་ལས་ཀྱི་བཀོད་པ་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་ཞིང་།རྫོང་གྲོང་ཁྱེརལ་ས་ཁོངས་ཁག་གི་གོ་གནས་ཐད་ནས་རིམ་དབྱེ་རིགས་དབྱེའི་ཚོང་འགུགས་བྱེད་པར་སྐུལ་སློང་བྱེད་དགོས་ལ།ཚོང་འགུགས་མ་འདྲེན་གྱི་ངོ་བོ་གཅིག་མཚུངས་ཅན་གྱི་སྤྱི་ཁོག་གི་ཆ་ནས་འགྲན་རྩོད་ངན་པརགཡོལ་ཐབས་བྱེད་དགོས།ཚོང་འགུགས་མ་འདྲེན་ལག་བསྟར་ཞིབ་སྲོལ་གཏན་འབེབས་གཅིག་གྱུར་དང་།རྫོང་གྲོང་ཁྱེརབར་གྱི་གཟིགས་སྐྱོང་སྲིད་ཇུས་འགྲན་རྩོད་ཚད་ལྡན་དུ་གཏོང་ཞིང་།རྫོང་གྲོང་ཁྱེརགྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་འཛུགས་སྐྲུན་བསྐྱར་ཟློས་ཟུར་བྱོལ་བྱེད་དགོས།གསུམ་ནས་གཟིགས་སྐྱོང་སྲིད་ཇུས་བཟོ་བཅོས་བྱེད་དགོས།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་འབེབས་ལྟར།རང་ཁུལགྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ལ་བཟོ་བཅོས་འཐུས་ཚང་དུ་གཏོང་དགོས།ལྷག་པར་དུ་ས་ཞིང་གི་རིན་གོང་དང་ས་གནས་སུ་གཏན་འཁེལ་བྱས་པའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་དང་།ཐོན་ལས་མ་དངུལ་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པ་དག་ལ་གཏན་འབེབས་ཁ་གསལ་བྱེད་དགོས།གནས་བརྒལ་སྤེལ་ཁུལ་འཕེལ་རྒྱས་གཏོང་བའི་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱེད་པར་བསྔགས་སྐུལ་དང་།ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཞིབ་ཕྲ་བཟོ་བ་དང་ཚོང་འགུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བེད་སྤྱོད་པའི་ཆ་རྐྱེན་སྔར་བས་ཁ་གསལ་བྱེད་དགོས།ལྷག་པར་དུ་གཟིགས་སྐྱོང་སྲིད་ཇུས་ཀྱི་འཛིན་སྤྲོད་དངུལ་ལེན་ཆ་རྐྱེན་དང་འགྲོ་ལུགས་བརྒྱུད་རིམ་བཅས་ཁ་གསལ་བྱེད་དགོས།

གསུམདངུལ་འདྲེན་གྱི་གཙོ་གནད་འབུར་དུ་ཐོན་ཞིང་དངུལ་འདྲེན་གྱི་ཁ་ཕྱོགས་གསལ་པོ་བྱེད་དགོས།

གཅིག་ནས་གཙོ་ཁྲིད་ཐོན་ལས་ཚོང་འགུག་ལ་དམིགས་དགོས།རྒྱལ་ཁབ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་།གྲུབ་ཆ་ལེགས་སྒྲིག་དང་།འཕར་སྣོན་འགན་ལེན་བྱེད་པའི་སྲིད་ཇུས་དང་ཞིང་ཆེན་གྱི་གསར་དར་ཐོན་ལས་འགག་སྒྲོལ་འཆར་གཞིའི་སྲིད་ཇུས་ཀྱི་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་།ཐོན་ལས་སྤོ་སྒྱུར་དང་ལེན་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རིམ་སྤོར་ཟུང་འབྲེལ་དམ་ཚགས་བྱེད་ཅིང་།འདེབས་འཛུགས་ཐོན་ལས་སྣེ་འདྲེན་ལ་དམིགས་ཏེཐོན་ལས་འབྲེལ་ཐག་ནར་འགྱངས་དང་ཚོང་འདྲེན་གཏིང་ཟབ་ཚད་ལག་བསྟར་བྱེད་དགོས།གློག་བརྟེན་ཧ་ཡང་དབྱེ་འབྱེད་དང་།ལིས་ཚྭ།བཟོ་ལས་སེལ།བདར་གཟུགས་རྒྱུ་ཆ་གསར་བ།གློག་རྡོཚྭ་རིགས་རྫས་འགྱུར་བཟོ་ལས་སོགས་གཙོ་རྟེན་ཐོན་ལས་བཅས་ལ་ཚོང་འགུག་བྱེད་དགོས་པ་དང་།ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་ཁུངས་གསར་་སོགས་ཀྱི་ཐོན་ལས་ལ་དམིགས་ཏེ་ཚོང་འགུགས་བྱེད་དགོས་པ་དང་།ཡུལ་སྐོར་དང་གློག་རྡུལ་ཚོང་དོན་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ལ་དམིགས་ཏེ་ཚོང་འགུགས་བྱེད་དགོས།གཉིས་ནས་གཙོ་གནད་ས་ཁུལལ་དམིགས་ནས་ཚོང་འགུགས་བྱེད་དགོས།མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཁེ་ལས་ཆེ་གྲས་དང་།ཚོགས་ཁག་ཆེན་པོ་མ་གནས་དམའ་བའི་རྒྱ་སྐྱེད་གཏོང་བའི་གོ་སྐབས་དམ་འཛིན་དང་།དར་རྒྱས་ཆེ་བའི་ས་ཁུལ་དང་ལེགས་ལྡན་ཁེ་ལས་དང་འབྲི་ཆུའི་ཟུར་གསུམ་གླིང་།ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་སོགས་གཙོ་གནད་ས་ཁུལ་ལ་དམིགས་ནས་རང་འགུལ་སྒོས་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་དགོས།ཀོང་ཀྲུའུ་དང་།ཧུའུ་ནནཧྲན་ཞིཨན་ཧུའེ།ཅི་ལིང་།ཅང་ཤིས་སོགས་གེགས་རྗེས་བསྐྱར་སྐྲུན་ཁ་གཏད་རོགས་སྐྱོར་གྱི་ས་ཁུལ་དེ་རང་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་ས་ཁུལ་ནང་བཞག་དགོས།ཚེག་ནས་ཚེགགི་ཕན་ཚུན་གསབ་པའི་ཚོང་འགུགས་ལག་བསྟར་བྱེད་ཅིང་།ཚོང་འགུགས་མ་འདྲེན་གྱི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་དགོསགསུམ་ནས་མ་རྩ་འདྲེན་པའི་ཐབས་ལམ་རྒྱ་སྐྱེད་དགོསཚོང་ཚོགས་དང་ལས་རིགས་མཐུན་ཚོགས་སོགས་ཀྱི་གཞི་དང་སྟེགས་བུ་ལ་བརྟེན་ནས་ཁུལ་ནང་ཁུལ་གྱི་ཁེ་ལས་མཁས་ཅན་ཁུལནང་ཕྱིར་ལག་ནས་དངུལ་གཏོང་ལས་སྐྲུན་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་དགོས།ཁུལ་ནང་དང་ཁུལ་ཕྱིའི་སྤེལ་ཁུལ་ཆེན་པོ་གཉིས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་།སྤེལ་ཁུལ་གཙོ་ཁྲིད་ཐོན་ལས་དང་འཕེལ་རྒྱས་ཀྱི་གནས་ངེས་གཏན་ལ་དམིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ཐོན་ལས་སྤོ་སྒྱུར་དང་ལེན་དང་།སྤེལ་གནས་ཀྱི་སྤེལ་ཁུལ་དང་ཁུལ་ནང་ཁུལ་གྱི་སྤེལ་ཁུལ་ལ་གསོག་གྲངས་ཀྱིས་འཕར་ཚད་འདྲེན་པའི་བྱེད་ཐབས་སྤྱད་དེ་ཚོང་ལས་ལ་ཚོང་འགུགས་མ་འདྲེན་བྱེད་པར་ཤུགས་ཆེན་གྱིས་སྐུལ་འདེད་གཏོང་དགོས

བཞིམ་རྩ་ནང་འདྲེན་བྱེད་པའི་ཁོར་ཡུག་ལེགས་སུ་གཏོང་ཞིང་།རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།

གཅིག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།ཁྲེང་ལན་ལྕགས་ལམ་དང་།ཧྲང་ཅང་ཁུའུ་གློག་ཁང་དང་།དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་ཞིང་།གྲོང་ཁྱེར་གྱི་ཆུ་མཁོ་འདོན།འགྲོ་ལམགློག་དྲ་དང་བཙོག་ཆུ་ཐག་གཅོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་།སྤེལ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཆ་ཚང་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་།སྤེལ་ཁུལ་གྱི་འདུས་ཐེག་ནུས་ཇེ་མཐོར་གཏོང་བམ་འཇོག་གི་ཁོར་ཡུག་ལེགས་སུ་གཏོང་བ།མ་དངུལ་འཇོག་པའི་ཡིད་འགུག་ནུས་པ་ཇེ་ཆེར་གཏོང་དགོས།གཉིས་ནས་རྣམ་གྲངས་ཐུམ་སྒྲིལ་ལ་ཤུགས་སྣོན་དགོས།རྣམ་གྲངས་ནང་འདྲེན་གྱི་འདེམས་སྒྲུག་ལ་ཤུགས་སྣོན་དང་།རྣམ་གྲངས་ཐུམ་སྒྲིལ་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་པ།རང་ཁུལགྱི་ཐོན་ཁུངས་ལེགས་ཆ་དང་ཕན་ཚུན་ཆ་མཚུངས་བ།རང་ཁུལ་ཐོན་ལས་ཀྱི་ངེས་གནས་དང་ལོ་ལྔ་ཚན་བཅུ་གསུམ་པའིའཆར་གཞི་དང་བསྟུན་ཐུབ་པ་བྱེད་དགོས་པ་དང་།ཁྲོམ་རའི་གདིང་ཤུགས་ཆེན་པོ་ཡོད་པ་དང་གོང་འཕེལ་གཏོང་ལམ་བཟང་བ་དང་ཆ་རྐྱེན་འཛོམས་པ།མ་འཇོག་མཁན་གྱི་འདོད་བློ་སྐོང་ཐུབ་པའི་རྣམ་གྲངས་སྤུས་དག་ཐུམ་སྒྲིལ་བྱེད་དགོས།གསུམ་ནས་རྣམ་གྲངས་ཞབས་ཞུ་ལ་ཤུགས་སྣོན་བྱེད་དགོས།སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཞིང་།ཞིབ་བཤེར་ཆོག་མཆན་དགོས་རིགས་ཉུང་དུ་གཏོང་བ་དང་།སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་དགོས།སྲིད་འཛིན་གྱི་ལས་ཆོད་ཆེར་གཏོང་.རྣམ་གྲངས་ཀྱི་རྗེས་དེད་འབྲེལ་མཐུད་ལ་ཤུགས་སྣོན་དང་།ཚོང་འགུགས་མ་འདྲེན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་གསར་འཛུགས་བྱེད་ཅིང་།རྣམ་གྲངས་ཞིབ་བཤེར་མཆན་འགོད་དང་འཛུགས་སྐྲུནལས་འགོ་ཚུགས་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཆེད་དོན་ཞིབ་འཇུག་བྱས་ནས་མ་དངུལ་འཇོག་པའི་ཁོར་ཡུག་ཏན་ཏིག་གིས་ལེགས་སུ་གཏོང་དགོས།འདོད་མཐུན་རྣམ་གྲངས་མིང་རྟགས་གན་འཇོག་རྣམ་གྲངས་ལ་བསྒྱུར་བ་དང་།མིང་རྟགས་གན་འཇོག་རྣམ་གྲངས་དེ་ལག་བསྟར་བྱེད་པའི་རྣམ་གྲངས་ལ་བསྒྱུར་ལག་བསྟར་བྱེད་པའི་རྣམ་གྲངས་དེ་ལས་འགོ་ཚུགས་པའི་རྣམ་གྲངས་ལ་བསྒྱུར་ལས་འགོ་ཚུགས་པའི་རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ལ་བསྒྱུར་བའི་དམིགས་ཚད་ལྟར།རྣམ་གྲངས་ཀྱི་འདོད་མཐུན་དང་།གན་རྒྱ་བཞག་ནས་ལག་བསྟར་བྱེད་པ་དང་།དེ་ནས་ལས་འགོ་ཚུགས་པ།ཐོན་སྐཡེད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ཞབས་ཞུ་ལམ་སྲོལ་འཛུགས་དགོས་སོ།

༄༅།།རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིསརྔ་བ་ཁུལ་མི་དམངས་སྲིད་གཞུང་གི2016ལོའི་ཁུལ་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་

ཡུག་སྲུང་སྐྱོང་དམིགས་ཡུལ་གྲུབ་པའི་གནས་ཚུལ་

སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་

བྱས་པའི་བསམ་འཆར།

རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཏུརྔ་བ་ཁུལ་མི་དམངས་སྲིད་གཞུང་གི2016ལོའི་ཁུལ་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཡུལ་གྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ(གཤམ་ནས་བསྡུས་མིང་ལསྙན་ཞུ་ཟེར།)ལ་ཉན་འཇོག་དང་གྲོས་ཞིབ་བྱས།

གྲོས་ཚོགས་ཐོགསྙན་ཞུལ་ཡིད་འཐད་ཚད་ཚད་འཇལ་བྱས།རྒྱུན་ཨུ་ཁང་གི་ཁོངས་མི35ཡོང་དགོས་ཤིང་དངོས་སུ་མི26སླེབས་པ།བརྡས་ཐག་གཅོད་པའི་འབྲས་བུ་སྟེ་ཡིད་འཐད་པའི་འདེམ་ཤོག18དང་།ཕལ་ཆེར་ཡིད་འཐད་པའི་འདེམ་ཤོག8བཅས་ཡོད།

གྲོས་ཚོགས་སུ་གཤམ་གསལ་གྱི་གྲོས་ཞིབ་བསམ་འཆར་བཏོན་ཡོད།

གཅིགགནད་དོན་ཞིབ་ཕྲའི་རེའུ་མིག་ལ་དམིགས་ཏེ་རྙེད་ཟིན་པའི་གནད་དོན་སྒྲིག་བཅོས་གནད་དུ་ཁེལ་བར་འགན་ལེན་བྱེད་དགོས།

ཐེངས་འདིའི་ཕྱི་དངོས་ཞིབ་དཔྱད་ཁྲོད་དུ་རྙེད་པའི་སྤྱི་ཁྱབ་རང་བཞིན་ཅན་གྱི་གནད་དོན2དང་།ཕྱོགས4ཐད་དུ་ཞིབ་དཔྱད་གནད12སྐོར་གྱི་གནད་དོན་གྱིས་ཁུལ་ཡོངས་ཀྱི་སྤྱི་ཁོག་གནས་ཚུལ་མཚོན་མི་ཐུབ་མོད།འོན་ཀྱང་ཁུལ་ཡོངས་ཀྱི་ཁོར་སྲུང་གནད་དོན་གྱི་བསྡུས་གཟུགས་སུ་འདོད་ཆོག་པ་ཡིན།གོང་དུ་བརྗོད་པའི་གནད་དོན་ལ་རྩིས་ཁྲ་དོ་དམ་དང་།རྗེས་འདེད་ལས་སྐུལ།ལས་སྒྲིག་ཐོ་བསུབ་བཅས་ལག་བསྟར་བྱེད་དགོས།ཀྲུའུ་རེན་གྲོས་ཚོགས་ཀྱིས་གྲོས་ཞིབ་བསམ་འཆར་ལས་སྒྲིག་གི་གནས་ཚུལ་ལ་པའི་སྐབས་སུ་གཙོར་ཕྱོགས6ཐད་ཀྱི་གནད་དོན་གྱི་སྒྲིག་བཅོས་གནས་ཚུལ་དང་ཕན་འབྲས་ལ་མཉན་ཏེ།ཕྱིར་མཇུག་འབྲས་ཡིད་འཐད་ཚད་རིམ་འཇལ་བའི་གལ་ཆེན་རྟེན་གཞི་བྱེད་དགོས།

གཉིས།ཉེན་བསམ་འདུ་ཤེས་དངོས་བསྟུན་ཆེར་བསྐྱེད་དེ་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་གལ་ཆེན་རང་བཞིན་གྱི་ཤེས་རྟོགས་མཐོར་འདེགས་གཏོང་དགོས།

མིག་སྔར་རང་ཁུལ་གྱི་སྤྱི་ཁོག་ཁོར་ཡུག་སྤུས་ཚད་ཅུང་བཟང་མོད།འོན་ཀྱང་མདུན་དུ་སླེབས་པའི་ཁོར་ཡུག་གནད་དོན་ད་རུང་ཡང་འབུར་དུ་ཐོན་ཞིང་།ལྷག་པར་དུ་ལོ་རྒྱུས་ཁྲོད་དུ་ལུས་པའི་གནད་དོན་ཁ་ཤས་ནི་ཐག་གཅོད་མི་བྱ་ཐུབ་མེད་ཀྱི་ཚད་དུ་བསྐྱལ་ཡོད།“རི་ཆུ་སྔོན་མོ་ནི་གསེར་རི་དངུལ་རི་ཡིན་ལ”“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་དང་།སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ”ཡིན་པའི་བསམ་བློ་དང་།“ཁོར་སྲུང་འཛིན་པ་ནི་འཕེལ་རྒྱས་འཛིན་པ་དང་།དམངས་འཚོ་འཛིན་པ།བརྟན་འཇགས་འཛིན་པ”ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ཤིང་།ཁོར་ཡུག་སྲུང་སྐྱོབ་དེ་ལས་བྱེད་མང་ཚོགས་ཀྱི་སེམས་སུ་བརྟན་འཛུགས་དང་།ཁུལ་ཡོངས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལས་རིགས་ཁག་ཀུན་དུ་ཞུ་བར་བྱས་ཏེ།ཐེ་ཚོམ་མེད་པ་དང་སྙིང་སྟོབས་ཞུམ་པ་མེད་པས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་།སྤྱི་ཚོགས་ཀྱི་ཐོན་ཁུངས་ལེགས་པོ་དག་སྲུང་སྐྱོབ་བྱེད་དགོས།དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཡང་དག་ཐག་གཅོད་དང་།ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ལ་“བཟོད་བསྲན་མི་བྱེད།”རི་བོ་རྒྱུན་ཡོད་དང་།ཆུ་བོ་རྒྱུན་གཙང་།ནམ་མཁའ་རྒྱུན་སྔོན་གྱི་རྣམ་པས་ཁུལ་ཡོངས་ཀྱི་རྒྱུན་མཐུན་འཕེལ་རྒྱས་ཐུབ་པའི་མཛེས་ལྡན་འབྱུང་འགྱུར་གསར་འབྱེད་བྱེད་དགོས།

གསུམ།རང་འགུལ་ལས་གཉེར་ལས་མཁས་གྲུབ་མཁས།ཁོར་ཡུག་སྲུང་སྐྱོབ་ལས་ཀ་དོན་འཁྱོལ་ལས་སྒྲིག་བྱེད་དགོས།

མི་དམངས་ཀྱི་ཡིད་འཐད་ཚད་གཞི་དང་།“ཏང་སྲིད་འགན་གཅིགགནས་གཅིག་འགན་གཉིས།མི་ཚེ་ཧྲིལ་བོར་འགན་སྙེག”དང“འཕེལ་རྒྱས་ལ་གཉེར་ན་ངེས་པར་དུ་ཁོར་སྲུང་ལ་གཉེར་དགོས།ཐོན་སྐྱེད་ལ་གཉེར་ན་ངེས་པར་དུ་ཁོར་སྲུང་ལ་གཉེར་དགོས”པའི་རྩ་དོན་ལ་བསྟུན་ཏེ།ཁུལ་ཡོངས་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་།དམངས་འཐུས་སྲིད་གྲོས་ཀྱིས་ལྟ་སྐུལ་རྒྱབ་སྐྱོར།ཁོར་སྲུང་སྡེ་ཁག་གིས་སྣེ་ཁྲིད་སྤྱི་འཛིན།ལས་ཁུངས་སྡེ་ཚན་སོ་སོས་མཉམ་འཛིན་སྤྱི་གཉེར།ཐོན་སྐྱེད་ལས་གཉེར་བྱེད་མཁན་གྱིས་གཙོ་འགན་འཁུར་བ།སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཀུན་ནང་དུ་ཞུགས་བའི་ཁོར་སྲུང་ཆེན་མོའི་ལས་ཀའི་རྣམ་པ་བསྐྲུན་བཞེངས་བྱེད་དགོས།“ས་ཁུལ་གསུམ་དང་ལྟེ་བ་གཅིག”གི་འཛུགས་སྐྲུན་དམིགས་འབེན་ལ་དམ་པོར་འབྲེལ་ཏེ།རྨིན་ཅང་གཙང་བོ་དང་།རྒྱལ་མོ་རྔུལ་ཆུ།རྨ་ཆུའི་སྟོད་རྒྱུད་ས་ཁུལ་གནད་ཆེ་ཅན་གྱི་ས་ཆུ་ཤོར་བ་དང་།ཐང་རྒོད་ཅན་དུ་འགྱུར་བ།བྱེ་རྡོ་ཅན་དུ་འགྱུར་བ།ས་གཤིས་གནོད་འཚེ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།འཕེལ་རྒྱས་འཁོར་སྐྱོད་ཆེན་མོའི་བསམ་བློས་ཐོན་ལས་དང་བོ་དང་གཉིས་པ།གསུམ་པ་བར་དང་རིམ་སོ་སོའི་ཐོན་ལས་ནང་ཁུལ་གྱི་ནུས་ལྡན་འཁོར་སྐྱོད་དང་།ཕྱོགས་བསྡུས་བེད་སྤྱོད།ཟད་གྲོན་ཇེ་ཆུང་།ཕན་ནུས་མཐོར་འདེགས་བཅས་ལ་སྐུལ་སྤེལ་བྱེད་དགོས།སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་ཉུང་གཏོང་གི་ལས་དོན་ཤུགས་ཆེན་སྤེལ་བ་དང་།དུས་བཀག་ནང་སྦགས་བཙོག་འབྱུང་ཁུངས་བཅོས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་གཏོང་ཞིང་།འཐུང་ཆུའི་ཆུ་འགོ་ས་ཁུལ་སྲུང་སྐྱོང་དང་།གྲོང་གསེབ་ཀྱི་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་།འཕྲུལ་སྒུལ་འཁོར་ལོའི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན།སྐྱེ་ཁམས་དམར་ཐིག་དབྱེ་འབྱེད་ལས་དོན་དང་གྲོང་ཁྱེར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བཅ་གྲངས་དཔྱད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།ཁོར་ཡུག་ལ་ཞིབ་དཔྱད་མཆན་འགོད་དང་།ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།ལས་གཉེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དང་དམིགས་ཚད་ཚོད་འཛིན་མ་ལག་ནན་ཤོས་ལག་ལེན་བསྟར་བ་དང་།ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་དམིགས་ཚད་དཔྱད་ཞིབ་ཁྲོད་ཀྱི་དབང་ཚད་ཇེ་ཆེ་དང་ཁུལ་རིམ་པའི་ཁོར་ཡུག་མཁའ་རླུང་སྤུས་ཚད་སྐུལ་ལྕག་མ་དངུལ་འཛུགས་དགོས

བཞིརྒྱུན་ཆད་མེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལབྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས

གནད་དོན་ཕྱོགས་སྟོན་དང་གནད་དོན་ལ་དམིགས་ཏེ་ལས་གཉེར་བྱེད་པར་རྒྱུན་འཁྱོངས་དགོས།དངོས་ཞིབ་དང་ལྐོག་འདྲི་ཟུང་འབྲེལ་དང་།ཁྲིམས་བསྟར་དང་ལྟ་སྐུལ་མཉམ་སྤྱོད་བྱས་ཏེ།འགལ་བ་དང་གནད་དོན་གསར་རྙེད་དང་ཐག་གཅོད་ཁྲོད་དུ་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་དགོས།ཁོར་ཡུག་སྲུང་སྐྱོང་གི་གནད་དོན་དང་འགལ་བ་གཅིག་སྡུད་བྱ་ཡུལ་ཡིན་པས་ས་གནས་དང་།ཁེ་ལས།ལས་ཁུངས་སུ་ཟབ་འཇུག་རྒྱུན་འཁྱོངས་བྱས་ཤིང་།དཔྱད་གཞི་ཡིག་ཆ་དང་བོ་འཚོལ་བསྡུ་དང་རྒྱུས་ལོན་བྱས་ཏེ།འབྲེལ་ཡོད་ཆ་འཕྲིན་ཐོབ་ལེན་དང་།ལུགས་མཐུན་སྤྱི་དྲང་གི་སྒོས་འགལ་བ་དང་གནད་དོན་ཤེས་རྟོགས་བྱེད་དགོས།གནད་དོན་ཐག་གཅོད་མ་བྱས་ན་ལྷོད་གཡེང་དུ་མི་གཏོང་བ་དང་།ཕན་འབྲས་མ་ཐོབ་ན་ལས་མཚམས་མི་འཇོག་པའི་བསམ་བློ་བཙུགས་ཏེ།ཤ་རུས་གཏུབས་ཕོད་པ་དང་ཁྲིམས་འགལ་མཁན་གོ་གནས་ལས་མར་འཐེན་ཕོད་པའི་སྙིང་སྟོབས་ཀྱིས་གནད་དོན་གཞིགས་པ་དང་དོན་འཁྱོལ་དམ་འཛིན་བྱེད་པརང་ཞིབ་དང་ཕྱིར་ལྡོག་བྱས་པའི་གནད་དོན་རེའུ་མིག་ལ་གཤིབ་བསྡུར་བྱས་ཤིང་།དོན་ཚན་སོ་སོ་བཞིན་དུས་ཐོག་ཕྱོགས་ཡོངས་ནས་སྒྲིག་བཅོས་བྱེད་དགོས།སྒུག་མ་རུང་དང་།དལ་མི་རུང་བརྟེན་མི་རུང་།བཤོལ་མི་རུང་གི་སྤྱོད་ཚུལ་གྱིས་ཕྱོགས་བསྡུས་འཐབ་ཇུས་གཏོང་བ་དང་།ཁོར་ཡུག་འཚུབ་བསྟུན་སྔོན་ཇུས་འཐུས་ཚང་གཏོང་བ།ཁོར་ཡུག་དྲ་མིག་ཅན་གྱི་ལྟ་སྐུལ་སྒྲིག་སྲོལ་དོན་འཁྱོལ་གཏོང་བ།ཁྲིམས་འགལ་གྱི་བཙོག་འབུད་ལ་རྡུང་རྡེག་དང་མང་ཚོགས་བདེ་འཇགས་འགན་སྲུངགི་ཁོར་སྲུང་ཆེད་དོན་བྱ་འགུལ་གཏིང་ཟབ་སྤེལ་ཏེ། གཙོ་གནད་ལྟ་སྐུལ་ཚོད་འཛིན་ཁེ་ལས་དང་ལས་གྲྭའི་བཙོག་འབུད་ཉུང་གཏོང་ལས་གཞིར་ལྟ་སྐུལ་དོ་དམ་དང་།གཙོ་གནད་ས་ཁོངས་ལ་ཤུགས་སྣོན་དང་ས་ངོས་ཆུའི་བཅད་ངོས་ནུས་ཐོན་ཁུལ་གྱི་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན།ཚད་མཐུན་བརྟན་བརླིང་ངང་སྦགས་བཙོག་དངོས་རིགས་གཏོང་འབུད་བྱས་འཐུས་ཀྱི་ཚད་མཐོ་རུ་གཏོང་དགོས་།ད་ལོ་ནས་བཟུང་།རྫོང་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་ཡང་ན་དམངས་འཐུས་རྒྱུན་ཨུ་ཁང་གིས་ལོ་རེའི་ཆེད་དམིགས་རྣམ་གྲངས་ཀྱི་གྲོས་ཞིབ་ཀྱི་ལོ་འཁོར་གོང་མའི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དཀར་ཆག་དམིགས་བྱའི་ལེགས་གྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུ་འབུལ་དགོས།

ལྔཁྲིམས་སྲོལ་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ་ཁུལ་མི་དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་དགོས།

ཁོར་སྲུང་དྲིལ་བསྒྲགས་བྱེད་རྒྱུ་ནི་ཁོར་ཡུག་སྲུང་སྐྱོང་ལས་ཀར་སྐུལ་འདེད་གཏོང་བའི་ཐེག་གཟུགས་གལ་ཆེན་ཡིན་ལ།ཁོར་ཡུག་སྲུང་སྐྱོ་ལས་དོན་འགྲེམས་སྟོན་བྱེད་པའི་སྟེགས་བུ་ནུས་ལྡན་ཞིག་ཡང་ཡིན། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམསསོགས་འབྲལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བརྒྱུད་དེ།ཁོར་ཡུག་སྲུང་སྐྱོང་གི་ཁུལ་ཡོངས་མི་དམངས་ཁྲོད་དུ་ཤུགས་རྐྱེན་ཐེབས་ཤུགས་དང་།རྒྱ་ཆེ་ལས་བྱེད་མི་སྣ་ཡིསཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམསསོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་རྟོགས་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས།ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམསསོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་བདུན་ལྔའི་ཁྲིམས་བསྒྲགས་འཆར་གཞིའི་ནང་དུ་འཇུག་དགོསལོ་རེར་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཉིན་མོར་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོསཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམསསོགས་གཙོ་གནད་དུ་དྲིལ་བསྒྲགས་བྱེད་དགོས། ཚགས་པར་དང་།དུས་དེབདཔེ་དེབ་སོགས་ཀྱི་པར་སྐྲུན་སྨྱན་བྱེདབཀོལ་སྤྱོད་གང་ལེགས་བྱེད་དགོས།རླུང་འཕྲིན་།བརྙན་འཕྲིནདྲ་རྒྱ་སོགས་གློག་རྡུལ་སྨྱན་བྱེད་ཀྱང་བཀོལ་སྤྱོད་ཡག་པོ་བྱེད་དགོས།ད་དུང་འགལ་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་དང་།རིག་རྩལ་འཁྲབ་སྟོནགསར་འགྱུར་འགོད་སྤེལབརྡ་ཁྱབ་སྦྱར་ཡིག་སོགས་རྣམ་པ་སྣ་མང་བེད་སྤྱོད་བཏང་སྟེ།ཕྱོགས་སོ་སོ་དང་།ཕྱོགས་ཟུར་མང་པོཁྱབ་རྒྱ་ཆེ་བའི་དྲིལ་བསྒྲགས་དྲ་བ་བསྐྲུན་པ་དང་།ལས་ཁུངས་དང་།ཚོགས་པཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་རྩ་འཛུགས་དང་གསར་འགྱུར་སྨྱན་སྦྱོར་གྱི་དྲིལ་བསྒྲགས་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་ལས་ཁུངས་དང་།སློབ་གྲྭཁེ་ལས།གྲོང་གསེབ་དང་།སྡེ་ཁུལ་སོགས་འགྲོ་བའི་བྱེད་སྒོ་སྤེལ་དགོསཁོར་ཡུག་སྲུང་སྐྱོང་ནི་གཟི་བརྗིད་དང་།ཁོར་ཡུག་ལ་གཏོར་བརླག་ངོ་ཚ་ཁྲེལ་མེདཀྱི་གཟི་བརྗིད་དང་ཞེ་ཁྲེལ་གྱི་ལྟ་བ་དང་།དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཡོངས་ཁྱབ་ཏུ་ཇེ་མཐོར་གཏོང་དགོས།

༄༅།།རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས

རྔ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་

ལས་ཀ་བྱས་ཚུལ་སྐོར་གྱི་སྙན་ཞུ

གྲོས་ཞིབ་བྱས་པའི་བསམ་འཆར

   

རྔ་ཁུལདམངས་འཐུས་རྒྱུན་ཨུ་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་2017ལོའི་ཟླབ་6པའི་ཚེས་22ཉིན་དུ་ཉན་འཇོག་དང་གྲོས་ཞིབབྱས།རྔ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ(གཤམ་དུསྙན་ཞུཟེར་རྒྱུལ་ཉན་ཞིང་གྲོས་ཞིབ་བྱས།

   ཚོགས་འདུའི་ཐོགསྙན་སྒྲོནལ་བློའབབ་ཚད་ལ་དཔྱད་ཞིབ་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞུགས་དགོས་པའི་ཁོངས་མི35དང་།དངོས་སུ་ཞུགས་པའི་མི28ཡོད།བརྡས་ཐག་བཅད་པའི་མཇུག་འབྲས་ནི།བློར་འབབ་པའི་འདེམ་ཤོག26དང་ཕལ་ཆེར་བློའབབ་པའི་འདེམ་ཤོག1དང་མཐེབ་མམ་མནན་པའི་མི1ཡོད་།

གྲོས་ཚོགས་གྲོས་ཞིབ་བསམ་འཆར་འདོན་རྒྱུ་གཤམ་གསལ་སྟེ་།

གཅིགའདྲི་གཅོད་རྒྱུ་སྤུས་མཐོར་འདེགས་གཏོང་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་།འདྲི་གཅོད་ལྟེ་བ་ཡིན་པའི་ཁྲིམས་རའི་འདྲི་གཅོད་དོན་དངོས་ཅན་ཁྱབ་སྤེལ་གཏོང་བ།

དེང་རབས་ཀྱི་ཉེས་དོན་ཁྲིམས་འཛིན་འདུ་ཤེས་བརྟན་པོ་འཛུགས་པ་དང་།རང་འགུལ་ངང་ཤུགས་སྣོན་བརྒྱབ་སྟེ་ཞིབ་དཔྱོད་ཁང་དང་།སྤྱི་བདེ།རྒྱལ་ཁབ ་བདེ་འཇགས།ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་སོགས་སྡེ་ཚན་གྱི་ཆ་འཕྲིན་སྤེལ་རེས་དང་།མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་།དཔང་རྟགས་གཅིག་གྱུར་གྱི་ཚད་གཞི་ཁོང་དུ་ཆུད་པ་དང་།དཔང་རྟགས་ངོ་ཐུག་ར་སྤྲོད་།ཁྲིམས་སར་གཏུག་བཤེར།གྱོད་དོན་གྱི་དོན་དངོས་ཁྲིམས་རའི་ཐོག་རྩད་གཅོད་མཐའ་གསལ་བྱེད་པ་དང་།ཞུ་གཏུག་གི་བསམ་འཆར་ཁྲིམས་རའི་ཐོག་འདོན་པ།ཤན་འབྱེད་ཀྱི་རྒྱུ་མཚན་ཁྲིམས་རའི་ཐོག་གྲུབ་པ།ཁྲིམས་སའི་འདྲི་གཅོད་ནུས་བ་དང་དོན་འཁྱོལ་ལ་གཙིགས་ཆེན་བྱེད་པ།དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ།རྙོག་འཛིང་དང་སྟབས་བདེ་ཅན་ཁག་ཏུ་ཁྱབ་སྤེལ་ཤུགས་ཆེན་གཏོང་བདོན་དངོས་གསལ་བ་དང་།དཔང་རྟགས་ཁུངས་བཙནསྟབས་བདེའི་བྱ་རིམ་སྤྱད་འཐུས་ཀྱི་གྱོད་དོན་ལག་ལེན་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་།འདྲི་གཅོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཡོད།འདྲི་གཅོད་ལས་རིམ་དོ་དམ་ལ་ཤུགས་བསྣནཏེ།ཁྲིམས་གཅོད་ཡིག་ཆ་དང་དྲ་ཐོག་ནས་ཡོངས་བསྒྲགས་ལས་དོན་ལ་གདེང་འཇོག་ཞིབ་བཤེར་བྱས་པ།ཉེས་དོན་གྱོད་གཞིའི་སྤུས་ཚད་དཔྱད་ཞིབ་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་ཞིབ་བཤེར་ཐག་གཅོད་བྱེད་མཁན་གྱིས་ཁྲིམས་གཅོད་དང་།ཁྲིམས་གཅོད་པས་འགན་འཁུར་བར་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ།འདྲི་གཅོད་རྒྱུ་སྤུས་མཐོར་འདེགས་གང་ཐུབ་གཏོང་བ།གོ་རིམ་དང་དངོས་གཟུགས་ཁྲིམས་མཐུན་དང་།ཉེས་ཆད་གཅོད་ཚད་རན་པ།བཀའ་བཅད་ཡི་གེར་ཚད་ལྡན་དུ་བཏངསྟེ།མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རའིེ་ནང་ནས་དྲང་སྙོམས་དྲང་བདེན་གྱི་ཚོར་བ་མྱོང་ཐུབ་དུ་འཇུག་དགོས

  གཉིསཉེས་དོན་འདྲི་གཅོད་ཀྱི་སྤྱི་ཚོགས་ཐོག་གི་ཕན་འབྲས་མཐོར་འདེགས་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་འདེད་གཏོང་དགོས

འབྲེལ་མཐུདགཏུག་བཤེར་མིན་པའིསྐུལ་འདེད་ཏན་ཏིག་དང་།གཞི་རིམ་གྱི་འདུམ་གཅོད་རྩ་འཛུགས་ཀྱི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སེལ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།གཞི་རིམ་བཅོས་སྐྱོང་འགྲིལ་ཤུགས་ཆགས་སུ་འཇུག་དགོས།ཁྲིམས་དཔོན་གྱིས་གྱོད་གཞི་གཞིར་འཛིན་བཅའ་ཁྲིམས་འགྲེལ་བཤད་རྒྱག་པའི་ལམ་ལུགས་འཛུགས་པ་དང་།སིམ་པར་བྱེད་ལ་ཞིབ་བཤེར་བྱེད་པ།ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱེད་པ།གྱོད་གཞི་ཐག་གཅོད་བྱེད་པའི་ལྷུ་ཚིགས་ཁག་ལ་བརྟེན་ནས་བཅའ་ཁྲིམས་སྒྲོག་འགྲེལ་དང་།བཅད་ཁྲབཀའ་བཅད་ཡི་གེ་སོགས་ཀྱི་ཁྲིམས་ལུགས་ཡིག་ཆའི་རྩོད་གླེང་གི་གནད་གཙོ་བོར་དམིགས་ནས་གནས་ལུགས་ལྷུག་པོ་བཤད་དགོས།བཅའ་ཁྲིམས་ཀྱི་འགྲེལ་བཤད་གཏིང་ཟབ་རྒྱག་དགོས།ཡོངས་བསྒྲགས་ངང་ཁྲིམས་ར་འཚོག་པ་དང་།འཁོར་སྐྱོད་ཁྲིམས་རཁྲིམས་རའི་འདྲི་གཅོད་ཐད་གཏོང་དང་།ནུས་པ་ཐོན་པའི་ཁྲིམས་དོན་ཡིག་རིགས་གཅིག་གྱུར་ཐོག་དྲ་ཐོག་ཏུ་འགྲེམས་སྤེལ་དང་ཡོངས་བསྒྲགས་སུ་འདྲི་རྩད་སོགས་ཀྱི་རྣམ་པའི་ཐོག་ནས་གྱོད་གཞིགས་ཁྲིམས་འགྲེལ་དང་།དཔེ་མཚོན་གྱོད་དཔེ་འདོན་སྤེལ་གང་ལེགས་བྱེད་པར་ཁྲིད་སྟོན་བྱས་ཏེ།སྔོན་འགོག་དང་སློབ་གསོའི་ནུས་པདཔེ་མཚོན་རང་བཞིན་ལྡན་པའི་ཉེས་དོན་གྱོད་གཞིའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བས།གྱོད་དོན་དཔྱད་མཚམས་ལ་སློབ་གསོ་ཐེབས་པའི་ཕན་འབྲས་ཐོན་པ།གུ་ཡངས་དང་དྲག་ནན་ཟུང་འབྲེལ་བྱེད་པའི་ཉེས་དོན་ཁྲིམས་འཛིན་སྲིད་ཇུས་ཡང་དག་ཁོང་དུ་ཆུད་པ་དང་།རིམ་བཞིན་ཉེས་ཆད་གཅོད་ཚད་ཚད་ལྡན་ཅན་དུ་འགྱུར་བ་དང་།ལྟོས་བཅས་སུ་རང་ཚུགས་ཀྱི་ཉེས་ཚདགོ་རིམ་འཛུགས་པ།སྤྱད་འཐུས་རིགས23ལ་གུ་ཡངས་དང་ནན་པོ་ཟུང་དུ་འབྲེལ་བའི་ཉེས་དོན་སྲིད་ཇུས་ཁྲིམས་བཀོད་ལྟར་གཏན་ཁེལ་ཞུ་སྦྱོར་ཕྱི་མར་ཁྲིམས་ལྟར་ཐག་གཅོད་གུ་ཡངས་གཏོང་བའི་བྱས་ཉེས་དང་།ཚད་གང་ཆེའི་སྒོ་ནས་སྤྱི་ཚོགས་ཀྱི་འགལ་ཟླའ་ཕྱོགས་ཇེ་ཆུང་དུ་གཏང་དགོསསློབ་གསོདང་།བློ་འགུགཉེས་སྐྱོབ”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་།ལོ་ན་མ་སོན་པའི་སྐྱེ་བོའི་ལུས་ཁམས་དང་སེམས་ཁམས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཞིབ་གཅོད་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ཏེ།ལོ་ན་མ་སོན་པའི་ཞུ་སྦྱོར་ཕྱི་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།ཉེས་ཅན་བཙོན་ཁང་གི་ཕྱི་ལོགས་ཀྱི་ཁྲིམས་ཆད་ཕྱིར་འགྱངས་སོགས་ཀྱི་རྗེས་སྙེགས་བཅར་འདྲིའི་རོགས་རམ་སློབ་གསོའི་ལས་དོན་ལ་གོམ་གང་མདུན་སྤོས་ཀྱིས་ཤུགས་བསྣན་ཏེ།ཉེས་དོན་འདྲི་གཅོད་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

གསུམཁྲིམས་འཛིན་ནུས་པ་མཐོར་འདེགས་གཏོང་རྒྱུ་རྨང་གཞིར་བྱས་ཏེ།དཔུང་ཁག་ལེགས་སྐྱོང་ལ་དོན་བསྟུན་ཤུགས་སྣོན་བྱེད་དགོས།

སྤྱི་ཚོགས་གོང་དུ་འཕེལ་བ་དང་ཆབས་ཅིགཉེས་དོན་གྱོད་གཞི་རིགས་གསར་་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད།གྱོད་གཞིའི་གནས་ཚུལ་རྙོག་འཛིང་ལྡན་ལ་དཀའ་གནད་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ།ཁྲིམས་འཛིན་དཔུང་ཁག་ཧྲིལ་བོའི་བྱང་ཚད་ཀྱི་བླང་བྱ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་མི་གྲངས་གཏན་འཁེལ་ལམ་ལུགས་སྒྱུར་བཅོས་གོ་སྐབས་སུ་བྱས་ཏེ་ཁྲིམས་དཔོན་དཔུང་ཁག་གི་སློབ་གསོ་གསབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།ཆབ་སྲིད་ཀྱི་བསམ་བློ་དང་།ཁྲིམས་འཛིན་གྱི་ནུས་པ།ཁྲིམས་འཛིན་སྤྱོད་གཙང།ཁྲིམས་འཛིན་སྤྱོད་ཚུལ་འཛུགས་སྐྲུན་ཁག་བཞིར་ཤུགས་བསྣན་ནས།ཁྲིམས་དཔོན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་དགོས།དེ་བཞིན་ཁྲིམས་འཛིན་ལས་རིགས་མི་སྣའི་སྐད་རིགས་གཉིས་དང་ཁྲིམས་དཔོན་སྐད་གཉིས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གྲངས་ཉུང་མི་རིགས་ཀྱི་དོ་བདག་པས་མི་རིགས་རང་གི་སྐད་ཡིག་བཀོལ་ནས་གཏུག་བཤེར་བྱེད་པའི་དབང་ཆ་འགན་སྲུང་ཏན་ཏིག་བྱེད་དགོས།མི་དམངས་འདྲི་གཅོད་ལས་རོགས་པའི་ལམ་ལུགས་ལག་བསྟར་གོམ་གང་མདུན་སྤོས་དོན་འཁྱོལ་དང་།མི་དམངས་འདྲི་གཅོད་ལས་རོགས་པའིའདེམ་བསྐོ་ལས་དོན་ཤུགས་བསྣོན།མི་དམངས་ཞིབ་གཅོད་ལས་རོགས་པའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།དེའི་བཅའ་ཁྲིམས་ཀྱི་བྱང་ཚད་དང་།ལས་གཉེར་ནུས་རྩལ་ཇེ་མཐོར་གཏོང་དགོས།མི་དམངས་འདྲི་གཅོད་ལས་རོགས་པ་གྱོད་གཞི་འདྲི་གཅོད་ཁྲོད་དུ་ཞུགས་རྒྱུ་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་དང་།མི་དམངས་ཞིབ་གཅོད་ལས་རོགས་པའི་ཉེས་དོན་འདྲི་གཅོད་ཀྱི་ལས་ཀར་ཐེ་ཞུགས་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་དགོས།

༄༅།།རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལགྱི་ཁྲིམས་འཛུགས་སྲོལཡིགའཆར་ཟིནགྲོས་ཞིབ་གཉིས་པའི་ཞུ་ཡིག

སྐོར་གྲོས་ཞིབ་བྱས་པའི་བསམ་འཆར།

  རྔ་བ་ཁུལདམངས་འཐུས་རྒྱུན་ཨུ་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་འཛུགས་སྲོལ་ཡིགའཆར་ཟིནགྲོས་ཞིབ་གཉིས་པའི་ཞུ་ཡིགགཤམ་དུ་བསྡུས་མིང་སྲོལ་ཡིག་(འཆར་ཟིནཟེར་རྒྱུ)གྲོས་ཞིབ་ཐེངས་གཉིས་པ་བྱས།

  གྲོས་ཚོགས་ཀྱིས་ངོས་འཛིན་བྱས་དོན་ཏེསྲོལ་ཡིག་(འཆར་ཟིན)གྲོས་ཞིབ་གཉིས་པའི་ཞུ་ཡིགཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་ང་དགུ་པ་ཡོད་པ་དང་།སྒྲིག་གཞི་གྲུབ་ཚུལ་ལུགས་མཐུན་ཞིང་།ཁྲིམས་འཛུགས་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོགྲོས་ཞིབ་ཐེངས་གཅིག་བྱས་པའི་ཞུ་ཡིག་གི་རྨང་གཞིའི་ཐོག་ཏུ་ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་དང་ཆ་ཚང་བ།འབྲེལ་ཡོད་ཀྱི་གཏན་འབེབས་རང་ཁུལ་གྱི་ཁྲིམས་འཛུགས་ལས་དོན་གྱི་དོན་དངོས་དང་སྔར་ས་མཐུན་པ།བཀོལ་སྤྱོད་རང་བཞིན་ཅུང་ཆེན་པོ་ལྡན་ཡོད།སྲོལ་ཡིག་གཏན་འབེབས་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་པའི་ཆེད་།གྲོས་ཚོགས་ཀྱིས་གྲོས་ཞིབ་བསམ་འཆར་གཤམ་གསལ་ལྟར་བཏོནཡོད་དེ

གཅིགགཏན་ཚིགས་འབྲེལ་བ་ལ་གཙིགས་མཐོང་བྱས་ཏེ།སྲོལ་ཡིག་(འཆར་ཟིན)ལ་གོམ་གང་མདུན་སྤོས་ཀྱིས་ཤན་འབྱེད་ལེགས་སྒྲིག་བྱེད་དགོས།

གྲོས་ཞིབ་ཟིན་འགོད་ཚོ་ཆུང་གིས་ཁྲིམས་འཛུགས་ལག་རྩལ་གྱི་བླང་བྱ་ལྟར།སྲོལ་ཡིག་(འཆར་ཟིན)དོན་ཚན་རེ་རེ་ཤན་འབྱེད་ལེགས་སྒྲིག་ནན་ཏན་དང་།ལེའུ་དང་།དོན་ཚན།ཚན་ཆུང་།ཚན་པ་རེ་རེའི་བར་གྱི་གཏན་ཚིགས་འབྲེལ་བར་གཙིགས་ཆེན་བྱས་ཏེ།སྲོལ་ཡིག(འཆར་ཟིན)གཏན་ཚིགས་གསལ་བ་དང་།སྔ་ཕྱིའི་འབྲེལ་ཆགས་པ།སྒྲིག་གཞི་ཚགས་དམ་པོ་བཅས་སུ་གཏོང་དགོས།

གཉིས། དོན་དངོས་དང་ཟུང་འབྲེལ་ཏེསྲོལ་ཡིག་(འཆར་ཟིན)འབྲེལ་ཡོད་ནང་དོན་གོམ་གང་མདུན་སྤོས་སྒོས་འཐུས་ཚང་དུ་གཏོང་དགོས།

གཏན་འབེབས་བྱས་པའིསྲོལ་ཡིག་(འཆར་ཟིན)ནང་དོན་སྔར་བས་ཆ་ཚང་བ་དང་།དོན་ཚན་སྔར་བས་ཚད་ལྡན་ཡིན་པ།བཀོལ་སྤྱོད་རང་བཞིན་སྔར་ལས་ཆེ་ཞིང་།སྔོན་མཐོང་རང་བཞིན་ངེས་ཅན་ལྡན་པའི་ཆེད་དུ་འདོན་པའི་བསམ་འཆར་ཏེ།

1、དོན་ཚན་བཅུ་བཞི་པ་དོན་ཚན་བཅོ་ལྔ་པར་ནང་གསེས་དོན་ཚན་གཉིས་པ་དེ་ལོགས་སུ་བརྩི་རྒྱུ་།དེ་མིན་དོན་ཚན་གྱི་གོ་རིམ་ལའང་ལེགས་སྒྲིག་འོས་འཚམ་བྱ་དགོས་ཏེ།རྒྱུ་མཚན་ནི།དོན་ཚན་བཅུ་བཞི་འི་དུམ་ཚན་དང་པོའི་ཁྲིམས་སྲོལ་གྲོས་གཞི་ནི་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ནས་ཟིན་བྲིས་བཀོད་པའི་གཏན་འབེབས་ཡིན།ནང་གསེས་དོན་ཚན་གཉིས་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་ཀའི་སྒྲིག་གཞི་སྔ་མོ་ནས་དེའི་ནང་ཞུགས་ནས་བརྟག་དཔྱད་ཞིབ་འཇུག་ཕྱོགས་ཀྱི་ཁྲིམས་སྲོལ་གྲོས་གཞིའི་གཏན་འབེབས་ནི།དམངས་འཐུས་དང་དེའི་རྒྱུན་ཨུ་ཁང་གིས་ཁྲིམས་འཛུགས་ལས་དོན་ཁྲོད་དུ་གཙོ་ཁྲིད་ཀྱི་ནུས་འདོན་ནས་བཞག་པའི་གཏན་འབེབས་ཡིན།དེ་གཉིས་ཀྱི་ནང་དོན་མི་འདྲ་བས།སོ་སོར་དབྱེ་དགོས་པའི་བསམ་འཆར་བཏོན་པ་ཡིན།

2、 དོན་ཚན་སོ་གཅིག་ཏུ“རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲོལ་གྲོས་གཞི་ལ་གྲོས་ཞིབ་བྱེད་སྐབས་།དགོས་མཁོ་ལ་བསྟུན་ཏེ་ཚོ་ཆུང་གྲོས་ཚོགས་དང་།ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས།ཚང་འཛོམས་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་ཁྲིམས་སྲོལ་འཆར་ཟིན་ནང་གི་གནད་དོན་གཙོ་བོར་གྲོས་བསྡུར་བྱེད་ཆོག”ཅེས་པ་བསྣན་ནས་དུམ་ཚན་གཉིས་པ་བྱེད་དགོས།འདི་ཁ་སྣོན་པ་ནི་རྒྱུན་ལས་ཨུ་ལྷན་ཁང་གིས་ཁྲིམས་སྲོལ་གྲོས་གཞི་བྱེད་པའི་རྣམ་པའི་གཏན་འབེབས་ཡིན།མིག་སྔར་ཁྲིམས་སྲོལ་གྲོས་གཞི་གཙོ་བོ་ཚང་འཛོམས་གྲོས་ཚོགས་ཀྱི་རྣམ་པ་སྤྱད་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་བཞིན་ཡོད་ཅིང་།རྒྱང་རིང་དུ་བལྟས་ན་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་།དམངས་གཙོའི་ཁྲིམས་འཛུགས་མཐའ་འཁྱོངས་མངོན་འགྱུར་བྱེད་པ།ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བ།ཚང་འཛོམས་གྲོས་ཚོགས་ཀྱིས་ཁྲིམས་སྲོལ་གྲོས་གཞི་གྲོས་ཞིབ་ཁོ་ན་ཙམ་བརྟེན་གྲོས་ཞིབ་གང་ལེགས་བྱེད་པའི་དམིགས་ཡུལ་ལ་སླེབས་མི་ཐུབ། དེར་བརྟེན་སྒྲིག་འགོད་ཚོ་ཆུང་གྲོས་ཚོགས་དང་།ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་ཀྱི་རྣམ་པ་ནི་དགོས་ངེས་ཤིག་རེད།

3、དོན་ཚན་སོ་གསུམ་པགྱོད་གཞི་གྱོད་གཞི་རྩིས་མེད་གཏོང་རྒྱུ་དང་ཁྲིམས་སྲོལ་གྱི་འགྲེལ་བཤད།  སྔ་མ་སྤྱོད་འཚམས་པ་།ནང་གསེས་དོན་ཚན་གཉིས་པ་བྱེད་པ།སྲོལ་ཡིག་(འཆར་ཟིན)སྤྱདའཐུས་ཁྱབ་ཁོངས་སུཁྲིམས་སྲོལ་གྲོས་གཞི་དོར་བ་དང་འགྲེལ་བཤད་འདུས་ཡོད།གྱོད་གཞི་དོར་བ་དང་འགྲེལ་བཤད་ཀྱི་གྲོས་གཞིའི་གོ་རིམ་གྱི་གཏན་འབེབས་གཅིག་པ་བསྣན་ནི།ཁྲིམས་འཛུགས་བཅའ་ཁྲིམས་དང་སི་ཁྲོན་ཞིང་ཆེན་གྱི་ཁྲིམས་འཛུགས་སྲོལ་ཡིག་གི་འབྲེལ་ཡོད་བླང་བྱ་དང་མཐུན།

4、དོན་ཚན་ང་དྲུག་པའི་ནང་གསེས་དོན་ཚན་གཉིས་པ་བསུབ་དགོསཆོག་མཆན་བཀོད་པའི་ཁྲིམས་འཛུགས་ལས་གཞིའི་ལས་ཁུངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅོས་པའི་ཁྲིམས་ལུགས་གཞི་འཛིན་ས་འདང་མེད།

5、ཡི་གེས་ཞིབ་གླེང་བྱེད་སྟངས་རེ་ཟུང་ཐད་ཀྱི་བཟོ་བཅོས་བསམ་འཆར་ཏེ།ཁྲིམས་འཛུགས་ལག་རྩལ་གྱི་བླང་བྱ་ལྟར་མུ་མཐུད་དུ་ཡི་གེ་ཚད་ལྡན་དུ་གཏོང་དགོས།བརྗོད་པ་གནད་དུ་འཁེལ་ལ་ཚགས་དམ་པོ་ཡིན་དགོས།གཅིག་ནསྲོལ་ཡིག་(འཆར་ཟིན)ཁྲོད་ཀྱི་ཁྲིམས་སྲོལ་གྱི་གོ་རིམ་སྐོར་ཚང་མརས་གནས་རང་བཞིན་གྱི་ཁྲིམས་སྲོལརང་སྐྱོང་སྲོལ་ཡིགརྐྱང་བཀོལ་སྲོལ་ཡིག་གཅིག་གྱུར་བྱས་ཏེ་ཁྲིམས་འཛུགས་བརྗོད་སྟངས་དང་གཅིག་མཐུན་བྱེད་དགོས།གཉིས་ནི་དོན་ཚན་གསུམ་པའི་དུམ་ཚན་གཉིས་པ་དེ་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་གིས་བཅའ་ཁྲིམས་དང་།སྲིད་འཛིན་ཁྲིམས་སྲོལསི་ཁྲོན་ཞིང་ཆེན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་ཐད་ལ་བབ་བསྟུན་གཏན་འབེབས་བྱས་པ……རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས།སྲིད་འཛིན་ཁྲིམས་སྲོལ་གྱིས་ཆེད་དུ་མི་རིགས་རང་སྐྱོང་ས་གནས་ཀྱི་གཏན་འཁེལ་ལ་གྲོས་ཆོད་བྱུང་བ་ལ་བབ་བསྟུན་གཏན་འཁེལ་བྱེད་མི་རུང་།ཞེས་བཅས་དགོས།གསུམ་ནི་དོན་ཚན་བཅུ་འི་དུམ་ཚན་གཉིས་པ་དེལོ་རེའི་ཁྲིམས་འཛུགས་འཆར་གཞི་ནི་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དུས་ཐོག་ཏུ་སྙན་ཞུ་འབུལ་དགོས།ཞེས་བཅས་དགོས 

གསུམབསམ་འཆར་བསྡུ་ལེན་རྒྱ་ཆེན་པོ་བྱས་ཏེསྔར་བས་ཕན་ལྡན་གྲོས་འགོ་བསྡུ་ལེན་བྱེདདགོས

ཟིན་བྲིས་ཚོ་ཆུང་གིས་ད་ཐེངས་ཀྱི་ཚོགས་འདུའི་གྲོས་ཞིབ་བསམ་འཆར་ལ་བསྟུན་ཏེསྲོལ་ཡིག(འཆར་ཟིན)བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས།རྔ་གསར་འགྱུར་དང་།རྔ་བ་ཁུལདྲ་ཚིགས།ཁུལ་མི་དམངས་འཐུས་ཚོགས་ཀྱི་དྲ་ཚིགས་སོགས་ཐོག་ཏུ་སྨྱན་སྦྱོར་རྩོམ་ཡིག་ཆ་ཚང་བཀོད་ནས།སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་དགོས།དེ་དང་དུས་མཚུངས་སུསྲོལ་ཡིག(འཆར་ཟིན)ཞིང་ཆེན་མི་དམངས་འཐས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ལས་ཁུངས་ལ་ཡར་ཞུ་བྱས་ནསསྲོལ་ཡིག(འཆར་ཟིན)དག་བཅོས་བྱ་རྒྱུའི་བསམ་འཆར་བསྡུ་ལེན་བྱེད་དགོས

༄༅།།རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁངརྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་སྲོལ་ཡིག་(འཆར་ཟིན)

(གྲོས་ཞིབ་ཐེངས་གཉིས་པ)གྲོས་ཞིབ་བྱས་པའི་བསམ་འཆར

རྔ་བ་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་2017ལོ་ཟླ་6ཚེས་22ཉིན་དུ་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱིསྐད་ཡིག་སྲོལ་ཡིག་(འཆར་ཟིན)(གྲོས་ཞིབ་ཐེངས་གཉིས་པ)གྲོས་ཞིབ་བྱས་པ། (གཤམ་དུ་བསྡུས་མིང་ལ་རྔ་བ་ཁུལ་བོད་སྐད་ཡིག་སྲོལ་ཡིག་(འཆར་ཟིན་))   

གྲོས་ཞིབ་གཉིས་པས་བལྟས་ན་། རྔ་བ་ཁུལ་བོད་སྐད་ཡིག་སྲོལ་ཡིག་(འཆར་ཟིན་)ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་དང་།ཐ་སྙད་སྔར་བས་ཚད་ལྡན་ཡིན་པ།གཏན་ཚིགས་སྔར་བས་ཚགས་དམ་པོ་།རྩ་དོན་གྱི་རང་བཞིན་མངོན་གསལ་དོད་པདང་།

བབ་བསྟུན་རང་བཞིན་།བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་གཅིག་གྱུར་དམ་ཟབ་          བྱས་ཡོད།གྲོས་ཚོགས་གྲོས་ཞིབ་བསམ་འཆར་འདོན་རྒྱུ་གཤམ་གསལ་སྟེ་།

གཅིགསྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། ཕྱོགས་སོ་སོའི་མཐུན་སྦྱོརལ་ཤུགས་སྣོན་རྒྱག་པ།

 གྲོས་ཞིབ་ཐེངས་གཉིས་པའི་ཞུ་ཡིག་གིས་རྒྱུགས་ལེན་བསྡུ་སྤྱོད་སྐོར་ལ་གཏན་འབེབས་གསར་བ་བཞག་པས།ཆོག་མཆན་ཞུ་བའི་བརྒྱུད་རིམ་ནང་དུ་དཀའ་ངལ་ངེས་ཅན་ཞིག་ཡོད།དོན་ཚན་དེར་རང་རེའི་ཁུལ་དོན་དངོས་དང་མཐུན་ཞིང་།མང་ཚོགས་ཀྱི་རེ་སྒུག་ཟབ་མོ་ཞིག་དང་ཡང་མཐུན།གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མའི་ལས་ཞུགས་བྱེད་རྒྱུར་སྟབས་བདེ་སྐྲུན་ཡོད།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བསྒྱུར་བར་སྐུལ་སྤེལ་དང་།སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་དང་།རྒྱུན་འཛིན།མི་རིགས་སྐད་ཡིག་ཐོན་ཁུངས་སྲུང་སྐྱོང་གི་སྤྲོ་སེམས་སྔར་བས་འཕེལ་བསྤྱི་ཚོགས་ཀྱི་ཕན་འབྲས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།ཁུལ་མི་དམངས་སྲིད་གཞུང་གིས་རྒྱུགས་གཞིའི་མཛོད་ཡིག་ཐོན་པ་དང་བསྡུར་ཚད་།མདུན་དུ་ལྷགས་པའི་རྩ་འཛུགས་ལས་ཁུངས་གསར་འཛུགས་དང་མི་སྣ་བཀོད་སྒྲིག་བྱེད་ཚུལ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་རྩ་འཛུགས་བྱེད་དགོས།འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་།རང་ལས་རང་གཉེར་བྱེད་དགོས།དུས་ཐོག་ཏུ་ཆེད་དོན་སྙན་ཞུ་ཡར་ཞུ་དང་།ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པའི་བརྩོན་ལེན་བྱས་ཏེ་སྲོལ་ཡིག་བདེ་བླག་ངང་གྲོས་འཆམ་འབྱུང་བར་བྱ་དགོས་།

གཉིསབརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེསྲོལ་ཡིགགི་ནང་དོན་འཐུས་ཚང་དུ་གཏོང་བ་།

བརྟག་དཔྱད་ཞིབ་འཇུག་བྱ་རྒྱུའི་གཙོ་གནད་ནི་དཔུང་ཁག་འཛུགས་སྐྱོང་དང་འགན་འཁྲི་ཁ་གསལ་བཟོ་རྒྱུའི་ཐད་དུ་འཇོག་དགོས།བསམ་འཆར་བསྡུ་ལེན་བྱས་པའི་ཁྱབ་ཁོངས་དང་བྱ་ཡུལ་ལ་སྔར་བས་རྒྱ་བསྐྱེད་དང་།ཕྱོགས་སོ་སོ་དང་།རིམ་པ་ཁག་ཀུན་གྱི་མིའི་བསམ་འཆར་དང་གྲོས་གཞི་རྒྱ་ཆེར་བསྡུ་ལེན་བྱེད་དགོས།དོན་བསྟུན་སྒོས་གནད་ལ་འཁེལ་བའི་བསམ་འཆར་དང་གྲོས་གཞི་སྣ་ཚོགསརྔ་བ་ཁུལ་བོད་སྐད་ཡིག་སྲོལ་ཡིགནང་དུ་འཐུས་ཚང་བྱས་ཏེ་སྒྲིག་གཞིཚགས་དམ་པ་དང་།གོ་རིམ་ཆ་ཚང་བ།བརྗོད་པ་ཁ་གསལ་བ།སྤྱོད་གོ་ཆོད་ཅིང་།སྤུས་ཚད་མཐོ་བའི་སྲོལ་ཡིག་ཡིག་ཆ་གཅིག་བསྒྲུབ་དགོས།

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་སྣའི་བསྐོ་འཐེན་མིང་ཐོ

2017ལོའི་ཟླ་6པའི་ཚེས་22ཉིན།རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་འི་ཐོག་གྲོས་འཆམ་བྱུང་།

བསྐོ་འཐེན་བྱེད་རྒྱུ་སྟེ

 ཁྲེན་ཅིན་ལུང་གི་རྔ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་གྲོས་གཅོད་པའི་ལས་འགན་བླངས།

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཁང་གི་ཁོངས་མི་གྲོས་ཚོགས་

ཐེངས་བཞི་པ་ཞུགས་བའི་གནས་ཚུལ

ཚོགས་འདུར་ཞུགས་མཁན་ནི

ཀུའུ་ཡུན་ལུང་དང་། ཝང་ཆོན། ལི་ཧུང་ཡུང་། དབྱང་ཧྲའོ་ལིན།   ཀྲང་རུའེ།

པད་མ་བདེ་སྐྱིད། ཀྲང་ཅན།ཝང་སུའུ་ཆིང་།ཝང་ཡིང་ཅེ།བཀྲ་ཤིས་དོན་འགྲུབ།

པའོ་ཀྲེན་ཅེ།   ལིའུ་ཧྲིན་ཝི།བསོད་ནམས་དགེ་བཤེས།ལི་ལིན།དབྱང་ཧྥང་།

དབྱང་རུང་ཙེ ཧོ་ཡོན་ཧུའེ། ཧྲོ་ཧྲི་མིང་།  ཧོ་ཡུང་ཧྲེང་། ཀྲང་ལི་ཧྥང་།

ཀྲང་ཡིའུ་ཚའེ། ཀྲང་མིང་ཏེ། ཁྲིན་ཡིན། ཁྲིན་ཝན་ཤི། ལི་རུང་།

གྲོ་ཚང་འཇམ་དབྱངས་དགེ་ལེགས་ཡོན་ཏན་རྒྱ་མཚོ། ཧུའུ་ཧྲུན་ཆིང།

ཧུའུ་ཧུང་ཅུན། ཞ་ཞི་པིན་།

དོན་དག་ཡོད་པའང་ན་བས་དགོངས་པ་ཞུས་མཁན་ནི།

ཝང་ཏེ་ཧའེ།  སྨི་ཅན་ཁང་།  པད་མ་ནོར་བུ།   ལིའུ་པོ། ཀྲོའུ་ཝུན་ཆིན།

ལིའོ་ཧྲེན་ཆའང་།

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་

ཐེངས་ལྔ་་འཚོགས་པ།

2017ལོའི་ཟླ་8ཚེས་23ཉིན།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་འི་འབར་ཁམས་སུ་འཚོགས་ཤིང་།ཚོགས་འདུའི་ཐོག་ཡིག་ཐོག་ནས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གྲོས་ཚོགས་ཐེངས་སོ་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས།ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་མི་དམངས་སྲིད་གཞུང་གིས་ལག་ལེན་བྱས་པའི་རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲོལ་ཡིག་སྐོར་གྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ཉན་པ།ཁུལ་མི་དམངས་སྲིད་གཞུང་གི་2016ལོའི་ལོ་སྟོད་ཀྱི་ནོར་སྲིད་ངེས་རྩིས་དང་2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དང་།ཁུལ་མི་དམངས་སྲིད་གཞུང་གི2016ལོར་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་གཞན་གྱི་གཏོང་ཡོང་བྱས་ཚུལ་གྱི་རྩིས་བཤེར་ལས་དོན་སྙན་ཞུ། ཁུལ་མི་དམངས་སྲིད་གཞུང་གི2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་  རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་ཁྲིམས་བཟོའི་སྲོལ་ཡིག་(འཆར་ཟིན་)གྲོས་ཞིབ་བྱས་པ།                           

  རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་།ཀྲུའུ་རེན་གཞོན་པ་ཝང་ཆོན་དང་།ལི་ཧུང་ཡུང་།ཀྲང་རེན།ཝང་ཏའེ་ཧའེ།པད་མ་བདེ་སྐྱིད།དྲུང་ཡིག་ཆེན་མོ་ཀྲང་ཅནདང་ཨུ་ཡོན་བཅས་ཁྱོན་བསྡོམས་མི་27ཚོགས་འདུར་ཞུགས་ཤིང་།རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

 ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞུས་ཀྲི་ཝུན་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་གཞོན་པ་ཀྲའོ་ཆོན་ཧྲའོ།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པ་གཞོན་པ་ལིའུ་ཀྲི་ཝུའུ།ཁུལ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཨུ་ཡོན་དང་།རྒྱུན་ཨུ་ཁང་གི་བྱ་བའི་ལས་ཁུངས་ཀྱི་འགན་ཁུར་བ་དང་། ཁུལ་སྒྲིག་ཨུ་ཡིས་རྒྱུནལས་ཨུ་ཡོན་ལྷན་ཁང་དུ་མངགས་སྡོད་བྱས་པའི་སྒྲིག་བཤེར་ཚོ་ཆུང། རྫོང་ཁག་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་་གཙོ་བོ་རྣམས་ཚོགས་འདུར་ཟུར་ཞུགས་བྱས་པ། 

ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པཝང་མིང་ཧུའེ་དང་ཁུལ་དམངས་འཐུས་མི་6་གདན་ཞུ་ལྟར་ཟུར་ཞུགས་བྱས

སྤྱི་དམངས་5ཡིས་ཚོགས་འདུ་ཟུར་ཉན་བྱས

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་ཚོགས་འདུ་ཐེངས་ལྔ་འི་གྲོས་རིམ

  

2017ལོའི་ཟླ་8པའི་23ཚེས་ཉིན།རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་

གཅིགསི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཁང་གི་ཚོགས་འདུ་ཐེངས་སོ་ལྔ་བའི་དགོངས་དོན་བརྒྱུད་བསྒྲགས་བྱ་རྒྱུ།(ཡིག་ཐོག)

གཉིས།དམངས་འཐུས་རྒྱུན་ཨུ་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ཁུལ་མི་དམངས་སྲིད་གཞུང་གིས་ལག་ལེན་མཐར་ཕྱིན་བྱས་པའི་རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲོལ་ཡིག་གནས་ཚུལ་ཁྲིམས་བསྟར་ཞིབ་བཤེར་བྱས་པའི་སྙན་ཞུ་ལ་ཉན་རྒྱུ།

  གསུམ།ཁུལ་མི་དམངས་སྲིད་གཞུང་གིས་2016ལོའི་ལོའི་ནོར་སྲིད་ཀྱི་ངེས་རྩིས་དང་། 2017ལོའི་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ།

བཞི2016ལོར་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་གཞན་གྱི་གཏོང་ཡོང་བྱས་ཚུལ་གྱི་རྩིས་བཤེར་ལས་དོན་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་

  ལྔ།ཁུལ་མི་དམངས་སྲིད་གཞུང་གིས་2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་འབུལ་ཉན་འཇོག་དང་གྲོས་ཞིབ་བྱས་པ

  དྲུགགྲོས་ཞིབ་རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲིམས་འཛུགས་སྲོལ་ཡིག་(འཆར་ཟིན་)གྲོས་ཞིབ་གསུམ་གྲོས་ཞིབ་བྱས་པ།

བདུནདོན་ཚན་གཞན་དག་བསྒྲུབ་རྒྱུ།

༄༅།།སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་གནས་ཚུལ་སྙན་ཞུཡིག་ཐོག

2017ལོའི་ཟླ་8བའི་23ཚེས་ཉིན།ཁུལ་དམངས་འཐུས་རྒྱུན་ཨུ་ཁང་ཁང་གི་ཀྲུའུ་རེན་གཞོན་པ།དབྱང་ཧྲའོ་ལིན་གྱིས།

ཀྲུའུ་རེནརྣམ་པ་དང་།ཀྲུའུ་རེན་གཞོན་པ།དྲུང་ཡིག་ཆེན་མོཨུ་ཡོན་རྣམ་པ

  ཟླ་7པའི་ཚེས་25ཉིནནས་27ཉིནདུ།ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་བ་ཁྲེང་ཏུའུ་རུ་འཚོགས་ཤིང་ཞིང་ཨུ་ཧྲུའུ་ཅི་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་མངག་བཅོལ་ལྟར།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲིན་ཀོང་གྲི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གལ་ཆེ་གསུང་བཤད་ང་གནང་བ་རེད་།

ཚོགས་འདུའི་ཐོག་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་གྲོས་རིམ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་དང་།ཡིག་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ། ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་གཞུང་ལམ་སྐོར་གྱི་སྲོལ་ཡིག་(མ་ཟིན་)ལ་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་དང་སི་ཁྲོན་ཞིང་ཆེན་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲོལ་ཡིག་(མ་ཟིན་)ལ་བཟོ་བཅོས་བརྒྱབ་ཚུལ་དང་གནད་དོན་གཙོ་བོའི་སྐོར་གྱི་སྙན་ཞུ།  སི་ཁྲོན་ཞིང་ཆེན་གློག་འཕྲིན་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ཁྲིམས་སྲོལ་་ཟིནསི་ཁྲོན་ཞིན་ཆེན་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་(བཟོ་བཅོས་འཆར་ཟིན་)སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་ནུས་ཁུངས་སྲོལ་ཡིག་དག་བཅོས་འཆར་ཟིན་(མ་ཟིན་)སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གཞུང་གི་སྒྲིག་སྲོལ་ནང་དངུལ་ཆད་གྲངས་ཚད་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་བཟོ་བཅོས་འཆར་ཟིན་(མ་ཟིན་)བཅས་སྐོར་གྱི་གསལ་བཤད་ལ་ཉན་འཇོག་བྱས་པ

ཚོགས་འདུའི་ཐོག་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གྱི་ཀྲུའུ་རེན་གཞོན་པ་ཧོང་གཡན་རུང་གིས་གནང་བའི་སི་ཁྲོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་དངོས་རོའི་ཁོར་ཡུག་སྦགས་བཙོག་འགོག་སྲུང་སྐོར་གྱི་བཅའ་ཁྲིམས་དང་།སི་ཁྲོན་ཞིང་ཆེན་སྲ་གཟུགས་ཟོག་རོས་ཡུལ་ཁམས་སྦགས་བཙོག་འགོག་བཅོས་སྲོལ་ཡིག་ལག་བསྟར་བྱས་ཚུལ་སྐོར་ཞིབ་བཤེར་བྱས་པའི་སྙན་ཞུ་ལ་ཉན་འཇོག་བྱས་པ་དང་།ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ལི་བྱང་ཀྲེ་ཡིས་གནང་བའི་སི་ཁྲོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་སི་ཁྲོན་ཞིང་ཆེན་སྤྱི་པའི་དཔེ་མཛོད་ཁང་སྲོལ་ཡིག་ལག་བསྟར་བྱས་ཚུལ་སྐོར་ཞིབ་བཤེས་བྱས་པའི་སྙན་ཞུ་ལ་ཉན་འཇོག་བྱས་པ།

ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2017ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་གྱི་སི་ཁྲོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་།བཟོ་ལས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་གནས་ཚུལ།སི་ཁྲོན་ཞིང་ཆེན་གྱི་2016ལོའི་ནོར་སྲིད་ཀྱི་ངེས་རྩིས་དང་2017ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་གྱི་སྔོན་རྩིས་སྐོར་གྱི་ལག་བསྟར་བྱས་ཚུལ།ཞིང་ཆེན་གྱིས་འོག་རིམ་ལ་གཏོང་སྤྲོད་སྤོ་འགྱུར་བྱེད་པའི་ལམ་ལུགས་བསྒྱུར་བཅོས་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་དང་།དེ་མིན་སྐོར་གྱི་སི་ཁྲོན་ཞིང་ཆེན་གྱི་2016ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཞན་པའི་གཏོང་ཡོང་རྩིས་བཤེར་ལས་དོན་གྱི་སྙན་ཞ།ཞིང་ཆེན་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ཁང་གི་སི་ཁྲོན་ཞིང་ཆེན་གྱི་2016ལོའི་ནོར་སྲིད་ཀྱི་ངེས་རྩིས་ཞིབ་བཤེར་སྐོར་གྱི་སྙན་ཞུ་ལ་ཉན་པ

ཚོགས་འདུའི་ཐོག་ད་དུང་ཡིག་ཐོག་ནས་སི་ཁྲོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་(བཟོ་བཅོས་འཆར་ཟིན་)དང་།སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་ནུས་ཁུངས་སྲོལ་ཡིག་དག་བཅོས་འཆར་ཟིན་(མ་ཟིན་)སྐོར་གྱི་གྲོས་ཞིབ་བསམ་འཆར་གྱི་སྙན་ཞུ་ལ་ཉན་འཇོག་བྱས་ཤིང་།ཡིག་ཐོག་ནས་ཁྲེང་ཏུའུ་གྲོང་ཁྱེར་ཚན་རིག་ཡར་ཐོན་སྲོལ་ཡིག》《ནན་ཁྲུང་གྲོང་ཁྱེར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་སྲོལ་ཡིག་ཞིབ་བཤེར་བྱས་པའི་བསམ་འཆར་གྱི་སྙན་ཞུ་དང་བསྐོ་འཐེན་སྐོར་གྱི་གྲོས་གཞི་བཅས་ལ་ཆོག་མཆན་བཀོད་པའི་གསལ་བཤད་ལ་ཉན་འཇོག་བྱས་པ

  ཚོགས་འདུའི་ཐོགསི་ཁྲོན་ཞིང་ཆེན་གློག་འཕྲིན་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་སྲོལ་ཡིག་(འཆར་ཟིན་)རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ཚོགས་འདུའི་ནང་བཅུག་སྟེ་རྗེས་སུ་མུ་མཐུད་དུ་གྲོས་ཞིབ་བྱ་རྒྱུ་ཐག་བཅད

 གྲོས་ཚོགས་ཐོགསི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་གཞུང་ལམ་སྲོལ་ཡིག་གྲོས་འཆམ་བྱུང་བ་དང་།སི་ཁྲོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་ནུས་ཁུངས་སྲོལ་ཡིག་དང་།སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་སྒྲིག་སྲོལ་ནང་དངུལ་ཆད་གྲངས་ཚད་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་ཀྱི་ཆོད་དོན་སྐོར་གྱི་བཟོ་བཅོས་ལ་གྲོས་འཆམ་བྱུང་།དེ་མིནཁྲེང་ཏུའུ་གྲོང་ཁྱེར་ཚན་རིག་ལག་རྩལ་ཡར་ཐོན་སྲོལ་ཡིག་》《ནན་ཁྲུང་གྲོང་ཁྱེར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་སྲོལ་ཡིག་ཐག་བཅད་སྐོར་ལ་ཆོག་མཆན་བཀོད་པ།ད་དུང་སི་ཁྲོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསསི་ཁྲོན་ཞིང་ཆེན་གྱི་2016ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་ཀྱི་ཆོད་དོན་ལ་ཆོག་མཆན་བཀོད་པདང་བསྐོ་འཐེན་གྲོས་གཞི་བཅས་ལ་གྲོས་འཆམས་བྱུང་བ།

གྲོས་ཚོགས་སུ་རྩ་ཁྲིམས་མནའ་བསྐྱལ་དང་ལས་གནས་བསྐོས་པའི་ཡིག་ཆ་གནང་བའི་མཛད་སྒོ་སྤེལ་བ།

གྲོས་རིམ་ཁག་ལེགས་པར་གྲུབ་རྗེས།ཁྲིན་ཀོང་ཀྲི་ཡིའི་བསྟན་དོན།རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུ་ལྷན་ཁང་གིས་རྫོང་དང་ཞང་དམངས་འཐུས་ལས་དོན་དང་འཛུགས་སྐྲུན་སྐོར་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ནི་ཟླ་6ཚེས་19ཉིན་ནས་20ཉིན་དུ་པེ་ཅིང་དུ་འཚོགས་ཤིང་།རྫོང་ཞང་དམངས་འཐུས་ལས་དོན་དང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཐད་དུ་བཀོད་སྒྲིག་བྱས་པ་རེད།ཞིང་ཆེན་ཡོངས་ཀྱི་མི་དམངས་འཐུས་ཚོགས་རིམ་པ་ཁག་གིས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སློབ་སྦྱོང་ནན་ཏན་དང་།ལག་བསྟར་ཡག་པོ།དོན་འཁྱོལ་ཡག་པོ་བྱེད་དགོས།རང་ཞིང་གི་རྫོང་དང་ཞང་གི་དམངས་འཐུས་འཛུགས་སྐྲུན་ལ་དོན་བསྟུན་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་།ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་དུས་བསྟུན་ཡར་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནསདབུལ་སྒྲོལ་འགག་སྒྲོལ་དང་།ལྗང་མདོག་འཕེལ་རྒྱསཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས།ཕྱི་ཕྱོགས་ལ་སྒོ་འབྱེད་མཉམ་ལས།གཙོ་གནད་ཐོན་ལས་སྐྱེད་སྲིང་སོགས་ལ་དམིགས་ཏེ་ཁྲིམས་བསྟར་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་བཅོས་དོར་འགྲེལ་བཤད་ལས་ཀར་ཤུགས་སྣོན་རྒྱག་པ་དང་།ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་དོན་ལ་ལེགས་པར་སྐུལ་འདེད་བཏང་སྟེ།ས་གནས་མི་དམངས་འཐུས་ཚོགས་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོན་དུ་འཇུག་དགོས།

ཁྲིན་ཀོང་ཀྲི་ཡི་ནན་བཤད་གནང་དོན།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་འགངས་ཆེན་དོན་ཚན་གྱི་འབྲེལ་ཡོད་ཡིག་ཆགྲོས་མོལ་ཐག་གཅོད་བྱེད་པའི་ལག་ལེན་མཐར་ཕྱིན་དོན་བསྟུན་དམ་འཛིན་ཏན་ཏིག་བྱས་ཏེརྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་དཔྱད་ཞིབ་འཇུག་གང་མགྱོགས་དང་།བསམ་འཆར་བསྡུ་ལེན་རྒྱ་ཆེན་པོ་བྱས་ཏེདུས་ཐོག་ཏུ་འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོསདམངས་འཐུས་རྒྱུན་ཨུ་ཁང་གྱི་གལ་ཆེའི་དོན་གནད་ལ་གྲོས་བསྡུར་ཐག་གཅོད་ཀྱི་གཙོ་གནད་དང་།རྒྱ་ཁྱོནགོ་རིམ་དང་བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ལ་གོམ་གང་མདུན་སྤོས་ཀྱིས་གཏན་འབེབས་གསལ་ོ་བྱེདདགོས།རྫོང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་ལ་གཞིགས་ནསརང་ས་ཁུལ་གྱི་དངོས་ཡོད་དང་འབྲེལ་ཏེ།ལག་ལེན་ཁྲོད་མུ་མཐུད་དུ་བྱེད་སྟངས་ཡག་པོ་འཚོལ་ཞིབ་དང་།ཉམས་མྱོང་གསོག་འཇོགསྒྲིག་སྲོལ་འཐུས་ཚང་དུ་གཏོང་བ ཀྲུངདབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།དོན་དག་འགངས་ཆེན་གྲོས་མོལ་བྱས་ནས་ཐག་གཅོད་བྱ་རྒྱུ་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་ཁྲིམས་སྐྱོང་ཅན་དང་།དམངས་གཙོ་ཅནཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།གྲོང་གསེབ་ཀྱི་རེས་སྐོར་བཞི་པའི་དབུལ་སྐྱོར་གསར་སྤེལ་སྲོལ་ཡིག་གི་ཁྲིམས་འཛིན་ཞིབ་བཤེར་དང་ཏན་ཏིག་ངང་སྤེལ་ཏེ།ཞིབ་བཤེར་གཙོ་གནད་གསལ་བོར་བྱེད་པ།གནོན་ཤུགས་བརྒྱུད་འདྲེན་ཆེ་རུ་བཏངབ།ཕྱི་ཚུལ་རིང་ལུགས་བཀག་འགོག་དང་།ལྟ་སྐུལ་གྱི་ཕན་འབྲས་བརྩོན་ལེན་བྱེད་པགོམ་གང་མདུན་སྤོས་ཀྱིས་ས་གནས་ཁག་ཏུ་2016ལོའིའཐབ་གཡུལ་དང་བོ་རྒྱལ་ཁ་བླངས་པའི་ལག་ལེན་གྲུབ་འབྲསས་དང་ལམ་ལུགས་གྲུབ་འབྲས་མུ་མཐུད་སྲ་བརྟན་གཏོང་བར་སྐུལ་འདེད་དང་།ཕྱོགས་ཡོངས་ནས་ད་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་ཡོང་བར་བྱེད་དགོས།

ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཞིན་ཁྲུའུ་དང་།ཕེང་ཡུས།ལིའུ་ཏའོ་ཕིང་།དྲུང་ཡིག་ཆེན་མོ་ཅའོ་ཝེ་ཞ་དང་ཨུ་ཡོན་བཅས་ཁྱོན་བསྡོམས་མི་62ཚོགས་འདུར་ཞུགས་པ་རེད།ཞིང་དཔོན་གཞོན་པ་ཝང་ཉིང་།ལིའུ་ཅེ།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཝང་ཧའེ་ཕིན།མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་པ་ཧྥང་ཅའེ། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གྱི་དྲུང་ཡིག་གཞོན་པ་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་ཁག་གི་དོན་གཅོད་བྱ་བའི་སྒྲིག་གཞིའི་འགན་ཁུར་བ།ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུ་ཁང་གི་ཁོངས་མི་མིན་པའི་གྲོང་ཁྱེར་ཁུལམི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།གྲོང་ཁྱེར་ཁུལཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་།རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་8དང་།གྲོང་རྡལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་3  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི3ཡོད་།ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་15ཚོགས་འདུར་ཟུར་ཞུགས་བྱས་པ།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲུའེ་པའོ་ཧྭ་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས་།སྤྱི་དམངས་6ཀྱི་ཚོགས་འདུ་ཟུར་ཉན་བྱས

༄༅།།རྔ་བ་ཁུལ་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིསརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཡི་ཁྲིམས་འཛུགས་སྐོར་གྱི་སྲོལ་ཡིག་(མ་ཟིན)

ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ

2017ལོའི་ཟླ་8པའི་23ཚེས་ཉིན་དུ།ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག

ཁུལ་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིའུ་ཧྲི་ཝུན་གྱིས་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་རྣམ་པ།དྲུང་ཡིག་ཆེན་མོ་དང་ཨུ་ཡོན་རྣམ་པ

 ཁུལདམངས་འཐུས་རྒྱུན་ཨུ་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲིམས་འཛུགས་སྲོལ་ཡིག་(འཆར་ཟིན)(གཤམ་དུ་བསྡུས་མིང་ལ་སྲོལ་ཡིག་(འཆར་ཟིན))གྲོས་ཞིབ་ཐེངས་གཉིས་པ་བྱས།ཟིན་འགོད་ཚོ་ཆུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོར་གཞིགས་ནས་སྲོལ་ཡིག་འཆར་ཟིནབཟོ་བཅོས་བརྒྱབ་རྗེས།ཁུལ་མི་དམངས་འཐུས་ཚོགས་ཀྱི་དྲ་བ་དང་ཁུལ་སྲིད་གཞུང་དྲ་བའི་ཐོགརྔ་འི་ཉིན་རེའི་ཚགས་པརགྱི་རྩོམ་ཡིག་ཆ་ཚང་འགོད་དེ།སྤྱི་ཚོགས་ལས་རིགས་ཁག་གི་བཟོ་བཅོས་བསམ་འཆར་བསྡུ་ལེན་བྱེད་དགོས།དུས་མཚུངས་སྲོལ་ཡིག་(འཆར་ཟིན)ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་སྒྲུབ་སྒྲིག་གཞིར་ཕུལ་ཏེ་བསམ་འཆར་གྲོས་འགོ་བསྡུ་ལེན་བྱེད་དགོས།འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཀའི་སྒྲིག་གཞི་ལ་དམིགས་ནས་བཞུགས་མོལ་ཚོགས་འདུ་དང་ཡིག་ཐོག་གི་རྣམ་པའི་ཐོག་ནས་ཁྲིམས་བཟོ་བཅོས་ཀྱི་གྲོས་འགོ་འདོན་དགོས།ཕྱོགས་སོ་སོས་བཏོན་པའི་བསམ་འཆར་གྲོས་འགོ་དམིགས་ནས།ཟིན་འགོད་ཚོ་ཆུང་གིས་སླར་ཡང་སྲོལ་ཡིག་(འཆར་ཟིན)བཟོ་བཅོས་དང་འཐུས་ཚང་དུ་བཏང་ཏེ།ད་ཐེངས་ཀྱི་གྲོས་ཚོགས་ཐོག་གྲོས་ཞིབ་གནང་བྱའིསྲོལ་ཡིག་(འཆར་ཟིན)(གྲོས་ཞིབ་གསུམ་པ།)གྲུབ་ཡོད།འབྲེལ་ཡོད་གཏན་འབེབས་ལྟར།ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་2017ལོའི་ཟླ་བ8ཚེས་10ཉིན་དང་ཟླ་8ཚེས་21ཉིན་དུ་གྲོས་ཚོགས་ཐེངས་གཉིས་འཚོགས་ནསསྲོལ་ཡིག་(འཆར་ཟིན)(གྲོས་ཞིབ་གསུམ་པ།)ལ་ཞིབ་བཤེར་ནན་ཏན་བྱས་པ་དང་།ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་བལྟས་ན་།སྲོལ་ཡིག་(འཆར་ཟིན་)(གྲོས་ཞིབ་གསུམ་པ།)ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་མ་ཟད།རྔ་བ་ཁུལ་གྱི་དོན་དངོས་དང་ཡང་མཐུན་ཞིང་།ཁུལ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱེད་སྒོ་ཚད་ལྡན་དུ་གཏོང་ཆེད། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ཐབས་ལམ་རྒྱ་སྐྱེད་དང་།ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།ད་ལྟ་ཞིབ་བཤེར་བྱས་འབྲས་སྙན་ཞུ་ཕུལ་བ་གཤམ་གསལ

གཅིགསྲོལ་ཡིག་(འཆར་ཟིན་)(གྲོས་ཞིབ་གསུམ་པ།)གྲོས་ཞིབ་གཉིས་པའི་སྐབས་ཀྱི་ཞིབ་བཤེར་ལེའུ་བདུན་གྱི་དོན་ཚན་དྲུག་ཅུ་པ་དེ་ལེའུ་བརྒྱད་པའི་དོན་ཚན་དྲུག་ཅུ་རེ་གཅིག་ཏུ་ལེགས་སྒྲིག་བྱས་པ་མ་ཟདདོན་ཚན་འགའ་ཤས་ལ་བཟོ་བཅོས་རྒྱག་ཡོད།ལེགས་སྒྲིག་བཟོ་བཅོས་ཀྱི་ནང་དོན་གཙོ་བོ་ནི།

 གཅིགཁྲིམས་སྲོལ་འཆར་ཟིན་ཟིན་འགོད་ནི་ཁྲིམས་འཛུགས་ཀྱི་གྲ་སྒྲིག་ལས་དོན་ཡིན་པའི་དབང་གིས།ཁྲིམས་སྲོལ་འཆར་ཟིན་ཟིན་འགོད་དེ་ལེའུ་གསུམ་པ་ཁེར་རྐྱང་དུ་འཇོག་སོང་།

  གཉིས།ཁྲིམས་སྲོལ་གྲོས་གཞིའི་འདོན་རྒྱུ་དང་གྲོས་ཞིབ།བརྡས་ཐག་བཅད་པ་དག་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཁྲིམས་འཛུགས་གོ་རིམ་ལྟར་བགར་དབྱེ་བྱས་ཏེ།ལེའུ་ཁགབགོས་ཏེ“ལེའུ་བཞི་བ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཁྲིམས་འཛུགས་གོ་རིམ་སྐོར་དང་།ལེའུ་ལྔ་པ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ”བྱས་པ།དོན་ཚན་གགཞན་པའི་གོ་རིམ་ལེགས་སྒྲིག་བྱས་ཡོད།

  གསུམ།དོན་ཚན་བཅུ་གསུམ་པའི་ནང་གསེས་དོན་ཚན་དང་པོ་ཁ་སྣོན་བྱས་ཏེ་ཁྲིམས་འཛིན་སྡེ་ཚན་གྱི་ལས་དོན་ཐད་དང་ཕྱོགས་གཞན་ཐད་ཀྱི་ཁྲིམས་སྲོལ་གྲོས་གཞིའི་འཆར་ཟིན་གཏན་འབེབས་དོན་ཚན(བཞ)དང()བྱས་པ།

  བཞི།དེ་སྔའི་དོན་ཚན་ཉེར་གཉིས་པ་དེ་དོན་ཚན་ཞེ་གསུམ་པ་ནང་གསེས་དོན་ཚན་གཉིས་པར་ལེགས་སྒྲིག་བྱས་པ་མ་ཟདད་དུང་ཁ་སྣོན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གྲོས་ཞིབ་འབུལ་རྒྱུའི་ཁྲིམས་སྲོལ་གྱི་གྲོས་གཞིརྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གྲོས་གཞི་བཏོན་རྒྱུར་བརྡས་ཐག་གཅོད་དགོས་པ།ནང་གསེས་དོན་ཚན་དང་པོ་བྱ་རྒྱུ།

   ལྔ།དེ་སྔའི་དོན་ཚན་སོ་གཅིག་པའི་ནང་གསེས་དོན་ཚན་གཉིས་དང་། ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་སྐོར་གྱི་ཁྲིམས་སྲོལ་གྲོས་གཞིར་གྲོས་ཞིབ་བྱེད་མཚམས་འཇོག་རྒྱུ་དེ་དོན་ཚན་ཞེ་གཉིས་པའི་ནང་གསེས་དང་པོ་དང་།ནང་གསེས་དོན་ཚན་གཉིས་པ་གྲས་སུ་བཞག་དགོས

 དྲུགདེ་སྔའི་དོན་ཚན་ང་བདུན་པ་དེ་དོན་ཚན་ང་བརྒྱད་པ་བསྒྱུར་ཏེརང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ས་གནས་རང་བཞིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁེར་སྤྱོད་སྲོལ་ཡིག་ཀྱི་ཆ་ཤས་ལ་ཁ་སྣོན་དང་བཟོ་བཅོས་བྱས་ཆོགའོན་ཀྱང་དེའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁེར་སྤྱོད་སྲོལ་ཡིག་གི་གཞི་རྩའི་རྩ་དོན་དང་འགལ་མི་རུང་།

 བདུན།འབྲེལ་ཡོད་ཕྱོགས་ཀྱི་གྲོས་འགོ་གཞིགས་ནས་ཁྲིམས་སྲོལ་གསེད་བཀྲོལ་གྱོད་དོན་གྱི་འབྲེལ་ཡོད་གཏན་འབེབས་སྐོར་བསུབས་ཡོད་པདུས་མཚུངས་སུ་ཡི་གེ་ཁག་གཅིག་ལ་བཟོ་བཅོས་ཚད་ལྡན་གཏོང་དགོས།

གཉིསཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་བལྟས་ན།སྲོལ་ཡིག་(འཆར་ཟིན་)(གྲོས་ཞིབ་གསུམ་པ།)ཁྲིམས་ལུགས་གཅིག་གྱུར་ཡོང་བའི་རྩ་དོན་ལ་བརྩི་སྲུང་ནན་པོ་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་སི་ཁྲོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཟོའི་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་པ

གསུམསྲོལ་ཡིག་(འཆར་ཟིན་)(གྲོས་ཞིབ་གསུམ་པ།)ཡི་ཞུ་དག་གོ་རིམ་གྲུབ་ཆ་ཚགས་དམ་པ་དང་།ལེའུ་དང་དོན་ཚན།ནང་གསེས་དོན་ཚན།རྣམ་གྲངས་ཀྱི་སྒྲོམ་གཞི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་བླང་བྱ་དང་མཐུན་ཞིང་།འབྲེལ་ཡོད་དོན་ཚན་ལ་རང་རེའི་ཁུལ་ཁྲིམས་འཛུགས་ལས་དོན་གྱི་དོན་དངོས་ཟུང་འབྲེལ་དམ་ཟབ་པ།དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཅུང་ཆེན་པོ་ལྡན་པ་དང་།ཁྲིམས་འཛུགས་ལག་རྩལ་གྱི་བླང་བྱ་དང་མཐུན་

བཞིཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་བལྟས་ན།སྲོལ་ཡིག་(འཆར་ཟིན་)(གྲོས་ཞིབ་གསུམ་པ།)ཅུང་ཆ་ཚང་བ་ཡིན་ཞིང་།ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བྱས་རྗེས།གལ་ཏེ་རྩ་དོན་གྱི་རང་བཞིན་ལྡན་པའི་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་ཚབས་ཆེ་རིགས་བྱུང་མེད་དབང་ཡོད་ཁྲིམས་བཟོ་ཨུ་ཡོན་ལྷན་ཁང་གིས་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་ཁང་གི་ཁོངས་མིའི་གྲོས་གཞི་བཟོ་བཅོས་ཀྱི་བསམ་འཆར་བསྟུན་ཏེསྲོལ་ཡིག་(འཆར་ཟིན་)(གྲོས་ཞིབ་གསུམ་པ།)ཞུ་དག་དང་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་རྗེས་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་གཏན་འབེབས་ལྟར་ཕུལ་ནས་གྲོས་ཞིབ་བརྡས་ཐག་གཅོད་དགོས།

གོང་གསལ་བསམ་འཆར་དག་སྲོལ་ཡིག་(འཆར་ཟིན་)(གྲོས་ཞིབ་གསུམ་པ།)དང་མཉམ་དུ་གྲོས་ཞིབ་བྱེརོགས།

༄༅།།རྔ་ཁུལ་དེའི་རྒྱུན་ལས་ཨུ་ལྷན་གྱི་མི་དམངས་སྲིད་གཞུང་གིས་2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་

ལག་བསྟར་བྱས་ཚུལ་གྱི་སྙན་ཞུརགྲོས་ཞིབ་བྱས་པའི་བསམ་འཆར

  

རྔ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་2017ལོའི་ཟླ་བ8ཚེས་23ཉིན་དུ་རྔ་ཁུལ་མི་དམངས་སྲིད་གཞུང་ཉན་པ་དང་གྲོས་ཞིབ་བྱས་པ་2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་(གཤམ་དུསྙན་ཞུཞེས་བསྡུ་རྒྱུ

  གྲོས་ཚོགས་ཐོག་སྙན་ཞུལ་བློ་ཡིད་ཚིམ་པའི་སྒོས་བརྡས་ཐག་བཅད་སོང་།རྒྱུནལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞུགས་དགོས་པའི་མི་གྲངས་35དང་།དངོས་སུ་མི་27སླེབས་པ་དང་།བརྡས་ཐག་བཅད་པའི་འབྲས་བུར་བློར་འབབ་པའི་པ་སེ་20དང་ཕལ་ཆེར་བློར་འབབ་པའི་པ་སེ་7

གྲོས་ཚོགས་གྲོས་ཞིབ་བསམ་འཆར་འདོན་རྒྱུ་གཤམ་གསལ་ཏེ

གཅིགབརྟན་ཐོག་ཡར་འཕེལ་གྱི་གཞི་གདངས་ལ་དམིགས་ཏེ་དང་།འཕེལ་རྒྱས་བྱེད་ཐབས་ནན་པོ་དོན་འཁྱོལ་བྱེད་པ།

 གཅིགདམིགས་འབེན་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ།རྒྱལ་ཁབ་བརྟན་འཕར་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཅས་ལ་བསྡུར་གྱིས་བལྟས་ཏེ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྟན་འཕར་གྱི་བྱེད་ཐབས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།དམིགས་ཚད་ལག་བསྟར་གྱི་ཚོད་འཛིན་རང་བཞིན་བྱེ་ཤུགས་ཆེ་རུ་བཏང་ནས།ལོ་འཁོར་གྱི་ལྟ་ཞིབ་ཚད་ལེན་དང་། མཐུད་འབྲེལ།ལས་དོན་ལ་མཐུན་སྦྱོར་དང་ཞབས་ཞུ་ལག་བསྟར་ཡག་པོ་བྱེད་པ་དང་།དམིགས་ཚད་འགན་འཁྲི་གནོན་ནན་པོ་དཀྲིས་་དང་།དུས་ཚོད་དང་ལམ་རིསརེའུ་མིག་ཡག་པོ་བཟོ་བ། དམིགས་འབེན་དང་ལས་འགན་ལག་བསྟར་ཟླ་རེར་བརྡ་ཁྱབ།དུས་ཚིགས་རིམ་སྒྲིག་དང་།ལོ་ཕྱོགས་བསྡོམས།བརྟན་གནས་ཀྱི་རྨང་གཞིི་འཕར་སྣོན་བྱེད་པ་དང་།དེ་བས་ཏན་ཏིག་བྱས་ཏེ་འཕེལ་རྒྱས་ཀྱི་གོམ་སྟབས་དོན་དུ་འཁྱོལ་བ།མྱུར་ཚད་དང་།གྲུབ་ཆཕན་འབྲས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པ་བྱས་ཏེ།དམིགས་འབེན་བསྐོར་ནས་ལས་གཉེར་དང་།གནད་དོན་འཚོལ་ཞིབ་བྱས་པ།ཞན་ཆ་གསབ་།འཕེལ་རྒྱས་ཀྱི་གཙོ་གནད་ཐོན་ལས་ཀྱི་གནད་ཁེལ་རང་བཞིན་དང་དཀའ་ངལ་ཡོད་པའི་ཁེ་ལས་ལ་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱས་ཧུར་བརྩོན་སྒོས་སྤུས་ཚད་དང་།ཕན་འབྲས།རྒྱུན་མཐུད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པ།གཉིས།གནད་དོན་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་།དཔལ་འབྱོར་འཁོར་སྐྱོད་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཡང་དག་པར་བལྟ་བ་དང་།འཁོར་སྐྱོད་ཁྲོད་ཀྱི་ཆུང་ངེ་ཅན་དང་།ཁ་ཕྱོགས་ཅན།སྦས་པའི་ཅན་གྱི་གནད་དོན་ལ་དོ་ཁུར་དམ་ཟབ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ།གནད་ཆེ་སར་ས་ཁུལ་དང་།གཙོ་གནད་ལས་རིགས་དང་།གནད་ཆེའི་ཁེ་ལས་དམིགས་ཚད་ཀྱི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་པ།6·24མའོ་རྫོང་དུ་རི་ཉིལ་བ་།དེ་བཞིན་8·8གཟི་རྩ་སྡེ་དགུའི་ས་ཡོམ་གྱིས་ལོ་ཧྲིལ་བོའི་དཔལ་འབྱོར་གོང་འཕེལ་ཕྱིན་པ་ལ་བྱུང་བའི་ཤུགས་རྐྱེན་ལ་རྗེས་དཔག་དབྱེ་ཞིབ་དང་དཔྱད་དཔོག་བྱེད་དགོས། ལོ་གང་བའི་དམིགས་ཚད་ལས་འགན་དངོས་བསྟུན་ལེགས་སྒྲིག་དང་།དཀའ་ངལ་དང་འགྲན་སློང་ལ་ཧུར་བརྩོན་གྱིས་ངོར་ལེན་དགོསགསུམ་།མ་རྩ་གཏོང་ཤུགས་ཇེ་ཆེར་གཏོང་བ།ས་ཞིང་དང་།མ་དངུལནུས་ཁུངས། ངལ་རྩོལ་ནུས་ཤུགས་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཤུགས་བསྣན་ཏེ།གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་གྲངས་ཆེས་ཆེར་ཆག་བའི་སྣང་ཚུལ་འདིདམིགས་ནས།གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་དོན་འཁྱོལ་དང་།རྣམ་གྲངས་འཛུགས་སྐྲུན་གྱི་དུས་རིམ་མྱུར་ཚད་ལྟར།རྣམ་གྲངས་སྐུལ་སྤེལ་གཏོང་བའི་ཁྲོད་ཀྱི་དཀའ་གནད་ཤུགས་སྒྲིལ་ཐག་གཅོད་དང་།སྐུལ་འདེད་མགྱོགས་པོ་མེད་པའམ་ཡང་ན་སྐུལ་འདེད་ནུས་ལྡན་མི་གཏོང་བའི་རྣམ་གྲངས་ལཁ་ཆད་གྲོས་མོལ་དང་།བདའ་འདེད་གཏོང་བལྟ་སྐུལ་སློབ་སྟོན་སོགས་ཀྱི་ཐབས་ཤེས་སྤྱད་དགོས།ལས་འགོ་སྔ་ཙམ་འཛུགས་རྒྱུ་།སྔ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་།སྔ་མོ་ནས་ཕན་འབྲས་ཐོན་པ་སྐུལ་འདེད་གཏོང་དགོས།ཁྲེང་ལན་ལྕགས་ལམ་མགྱོགས་སུ་གཏོང་བ་དང་།ཆུ་གཉིས་འདུས་མདོའི་གློག་ཁང་།དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མྱུར་ཚད་གཏོང་བ་དང་། ཁྲིན-ཨ་དང་།ཏའེ-ཨ་ཁུལ་ཕྱིའི་འཕུར་ཁུལསྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆེན་པོ་གཉིས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་།མ་དངུལ་གཏོང་འཇོག་གིས་དཔལ་འབྱོར་ཡར་འཐེན་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས

གཉིསགྲུབ་ཚུལ་ལེགས་སྒྲིག་བྱེད་པར་གཙོ་ཐིག་འདིར་དམིགས་ནས་།བསྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ།

གཅིགསྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོསསྲིད་གཞུང་གི་འགན་ནུས་སྔར་བས་འགྱུར་བ་དང་།ནོར་ཁྲལ་དངུལ་རྩ་དང་།གཞུང་ཁོངས་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་།མ་དངུལ་འཇོག་སྡུད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་ཅིང་གཤམ་སྤྲོད་དོ་དམ་ཞབས་ཞུ་གསུམ་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར།ངའིཁུལ་དོན་དངོས་དང་ཟུང་འབྲེལ་བྱས་ནས།དབང་ཆ་གཤམ་སྤྲོད་དུ་ཕན་འབྲས་དོན་གཉེར་བྱེད་པ།ལྟ་སྐུལ་དོ་དམ་ཐད་དུ་གསར་སྐྲུན་དོན་གཉེར་བྱེད་པ། ལས་གཉེར་འཕར་བར་བསྒྱུར་བསོགས་ཀྱི་ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་སྐུལ་འདེད་གཏིང་ཟབ་བྱེད་པ་དང་། སྒོ་ཐེར་མར་ཕབ་པ་དང་།ཁུར་པོ་ཉུང་བརགཏོང་།ལས་གཏོད་གསར་གཏོད་ལ་ལམ་བཟོ་ཟམ་འཕེན་པ་དང་།བར་སྟོང་འཇོག་པ།སྲིད་དོན་སླ་བསྡུས་དང་དབང་ཆ་མར་སྤྲོད་པ་དང་།བྱེད་ཐབས་དག་དོན་བསྟུན་ལས་བསྟར་བྱེད་པ། གཉིས་ནས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།ཀྲུང་དབྱང་གིས་བཏོན་པའིཐོན་ནུས་འདོར་བ་དང་།མཛོད་བསགས་འདོར་བ།བཀན་ཤིང་འདོར་བ།མ་གནས་དམའ་རུ་གཏོང་བ།གཞན་ཆ་གསབ་པལས་ཀའི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་འགྱུར་བྱེད་པ།སྲོལ་རྒྱུན་གྱི་ཐོན་ལས་ཚོང་རའི་དགོས་མཁོའི་འགྱུར་ལྡོག་དང་བསྟུན་པར་ཁྲིད་སྟོན་བྱས་ནས།ཐོན་སྐྱེད་ཕྱོགས་ནས་འགོ་བཙུགས་ཏེ།མཁོ་སྤྲོད་ཕྱོགས་ནས་ཤུགས་འདོན་དགོས།ནུས་མེད་དང་རིམ་དམའི་མཁོ་སྤྲོད་སེལ་བར་བྱེད་དགོས།མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་སྒྱུར་བཅོས་བྱེད་པའི་གཞི་རྩའི་ཐབས་ལམ་ཁོང་དུ་ཆུད་པ་དང་།དགོས་མཁོའི་སྒྲིག་གཞིདང་།ཐོན་ལས་སྒྲིག་གཞི།ས་ཁོངས་སྒྲིག་གཞི་སྙོམས་སྒྲིག་གི་བྱེད་ཤུགས་ཆེ་རུ་བཏང་སྟེ།ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་དང་།ཐོན་སྐྱེད་ནུས་ཤུགས་མཞོར་འདེད།གཉེར་སྐྱོང་གི་གཞི་ཁྱོན་རྒྱ་སྐྱེད།ཐོན་ལས་ཕྲེང་བ་རྒྱུན་སྲིང་རྒྱུའི་ཐད་དུ་འབད་བརྩོན་ཆེར་སྐྱེད་བྱེད་དགོས།འཕར་ཚད་བསྒྱུར་བཅོས་ཀྱིས་གྲངས་བསགས་ལེགས་སྒྲིག་སྐུལ་འདེད་བྱེད་པ།ཧུར་བརྩོན་གྱིས་ཐོན་སྐྱེད་ལྷག་མ་ཐག་གཅོད་བྱེད་པ།རྒྱལ་ཁབ་ཀྱི་སྒྲིག་གཞིའི་རང་བཞིན་གྱི་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་ལག་བསྟར་ནན་མོར་བྱས་ཏེ།གོམ་གང་མདུན་སྤོས་ཀྱིས་ལུགས་མཐུན་མིན་པའི་གྲོན་བསྡུ་གཙང་བཤེར་དང་།ཧུར་བརྩོན་སྒོས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ།དངོས་གཞིའི་དཔལ་འབྱོར་ལ་རམ་འདེགས་བྱེད་པ།གསར་གཏོད་ཀྱི་སྒུལ་ཤུགས་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་།སྲིད་གཞུང་གིས་མ་དངུལ་དང་ཐེབས་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤྲོད་བྱས་ཏེ་སྔར་ལས་མང་བའི་ཁེ་ལས་་མ་དངུལ་ཉུང་དུ་གཏོང་བར་རོགས་སྐྱོར་བྱེད་དགོསགསུམ་ནས་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས།ས་ཁུལ་གསུམ་དང་ལྟེ་གནས་གཅིག་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ཏེ།རྫོང་ཁོངས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཞིང་།ཞིང་ལས་ཐོན་རྫས་ལས་སྣོན་དང་།བོད་ལུགས་གསོ་རིག ནུས་རྒྱུ་གསར་པ་སོགས་ཀྱི་གཙོ་གནད་ཐོན་ལས་འཕེལ་རྒྱས་ཐད་དུ་ཕན་འབྲས་དོན་གཉེར་བྱེད་དགོས། ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གསར་པ་གསར་སྤེལ་འཕེལ་རིམ་མགྱོགས་སུ་གཏོང་བལི་ཐོན་ལས་མིས་བཟོས་བདར་གཟུགསགློག་རྡུལ་ཁབ་ལེན་རྒྱུ་ཆ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ།འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་དང་བསྟུན་ཏེ།དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།འཛད་སྤྱོད་འཕར་བའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པགློག་རྡུལ་ཚོང་དོན་སོགས་འཛད་སྤྱོད་ལས་སྣ་དཔེ་གསར་ཅན་རྣམས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ།དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་གཞི་གསར་པ་སྐྱེད་སྲིང་བྱ་དགོས

གསུམམི་གཞི་རྩར་འཛིན་པའི་སྲོག་ཤིང་དམིགས་ཏེ།དམངས་འཚོའི་དོན་ཆེན་

ལེགསཔར་བསྒྲུབ་པ།

གཅིགདབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གཉེར་བྱེད་པམི་གཙོ་བོར་འཛིན་རྒྱུའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་།དབུལ་བྲལ་འགག་སྒྲོལ་བྱ་བ་དེ་གཙོ་གཉེར་གྱི་ཁ་ཕྱོགས་སུ་འཇོག་དགོས།ལོ་འཁོར་གྱི་དབུལ་སྒྲོལ་ལས་འགན་དང་ཚད་བསྡུར་བ།གནད་འཁེལ་དྲུགགི་བླང་བྱ་ལྟར།དབུལ་སྐྱོར་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་།རྐང་འོག་ཕར་ཆིན་རྒྱག་པའི་སྙིང་རུས་དང་།ཤུགས་ཆེན་པོས་ལག་བསྟར་བྱས་ནས་དབུལ་སྐྱོར་གྱི་རྣམ་གྲངས་དང་།ཕྱུག་འགྱུར་འཇོན་ཐང་ཆེ་རུ་བཏང་བ།སྨན་བཅོས་རོགས་སྐྱོབ་འཐུས་ཚང་དུ་གཏོང་བ།འགན་ལེན་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་སོགས་ཐད་དུ་གནད་འཁེལ་ཇུས་འདོན་བྱེད་པ།མཐའ་སྐྱོང་འགན་ལེན་བྱས་པ་དང་།ཞན་ཆ་ཁ་གསབ།ཐོན་ལས་སྐྱེད་སྲིང་སོགས་ཀྱི་བྱ་ཐབས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ། དབུལ་ཕོངས་རྫོང་དང་།དབུལ་ཕོངས་གྲོང་ཚོདབུལ་ཕོངས་ཁྱིམ་དུད་པའི་ཕྱིར་འཐེན་དང་དབུལ་ཐར་ཚད་གཞི་འགན་ལེན་ནན་པོ་བྱས་ཏེ།རྫོང་དབུལ་པོའི་ཞྭ་མོ་ཕུད་དང་།གྲོང་ཚོ་དབུལ་པོ་ལས་ཕྱིར་བུད་པ།མི་འབོར་དབུལ་པོ་དབུལ་སྒྲོལ་བྱེད་དུ་བཅུག་དགོས། གཉིས་ནི་སྐྱེ་ཁམས་མཐའ་ཚད་བསྲུངས་།སྐྱེ་ཁམས་གནད་དོན་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་རེད།ཁུལ་མི་དམངས་སྲིད་གཞུང་གིས་།ནུས་ཁུངས་གྲོན་ཆུང་དང་།ཟད་གྲོན་ཆུང་གཏོང་།སྙིགས་འཕྲིའི་བྱེད་ཐབསདོན་འཁྱོལ་ནན་པོ་བྱ་དགོས།ཁེ་ལས་ལ་ཐཱན་ཆག་པ་དང་། འཁོར་རྒྱུནལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་ཁྲིད་སྟོན་བྱས་ཏེསྲོལ་རྒྱུན་གྱི་ཐོན་ལས་ལཐོན་སྐྱེད་གཙང་མ་དང་།ལྗང་འགྱུར་གོང་འཕེལ་སྐུལ་འདེད་དང་།ཁོར་ཡུག་གཏོར་བརླག་དང་ཐོན་ཁུངས་ཟད་གྲོན་བཏང་ནས་གནས་སྐབས་ཀྱི་དཔལ་འབྱོར་འཕར་སྣོན་བརྩོན་ལེན་མི་བྱ་བ།རྒྱུན་རྣམ་ཕུགས་ཕན་བཅོས་སྐྱོང་གཞི་ཚུགས་ནསལུང་ཤུར་དུ་ཐན་པའི་སྐྱེ་ཁམས་བཅོས་སྐྱོང་དམ་འཛིན་ལེགས་པོ་འཛིན་ཏེ།དོན་བསྟུན་སྒོས་བཅོས་སྐྱོང་ཀྱི་ཕན་འབྲས་སྲ་བརྟན་ཏན་ཏིག་བྱེད་པ།ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ནན་པོ་བྱས་ཏེ།ཁོར་ཡུག་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ།ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འདུ་ཤེས་ཤུགས་སྣོན་དང་།མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་གཏོར་བཤིག་ཐེབས་པའི་གནད་དོན་གྱི་བསླབ་བྱ་དང་ལེན་ཟབ་མོ་བྱས་ནས།ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་གྱི་གསལ་ཐོལར་གཞིགས་ཏེ།ཁོར་ཡུག་སྲུང་སྐྱོང་གི་གནད་དོན་རང་བཤེར་རང་བཅོས་ལས་དོན་མུ་མཐུད་དུ་ལེགས་བཅོས་དང་།རྒྱུན་ཆད་མེད་པའི་སྒོས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོསགསུམ་ནི་བདེ་འཇགས་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས།གནོད་འགོག་གནོད་འཕྲི་གནོད་སྐྱོབ་བཅས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་།བདེ་འཇགས་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ལས་དོན་ཤུགས་སྣོན། ཤི་ཉེན་དོན་རྐྱེན་ཚབས་ཆེན་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་འགོག་བྱེད་པ།ཚན་རིག་གི་རང་བྱུང་གནོད་འཚེའི་འཕྲལ་སྡོམ་སྔོན་ཇུས་གཏན་འབེབས་དང་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱེད་པའི་ཉེན་ཟོན་ཉེན་བརྡའི་མ་ལག་འཛུགས་པ།འཕྲལ་བསྟུན་རོགས་སྐྱོབ་མཉམ་འགུལ་ལམ་སྲོལ་འཐུས་ཚང་གཏོང་བ།ཚན་རིག་སྒོ་ནས་གནོད་འཚེའི་གྱོང་གུན་དབྱེ་ཞིབ་དང་དཔྱད་དཔོག་བྱེད་པ།ནུས་ཤུགས་ཡོད་རྒུས་མའོ་རྫོང་6·24རི་ཉིལ་གེགས་རྗེས་བཀོད་སྒྲིག་ལས་དོན་ལེགས་པར་སྒྲུབ་པ་དང་།ཚད་གཞི་མཐོན་པོགོམ་སྟབས་མགྱོགས་པའི་སྒོས་གཟི་རྩྭ་སྡེ་དགུའི་7.0རིམ་པའི་ས་ཡོམ་གྱི་གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་དམ་འཛིན་ཡག་པོ་བྱེད་།མཛེས་ལྗོངས་ཁུལ་བསྐྱར་དུ་བཟོས་བ་དང་།ཁྱིམ་གཞིས་བསྐྱར་དུ་སྐྲུན་ཏེ།ས་ཡོམ་ལས་བྱུང་བའི་གྱོང་གུན་ཚད་དམའ་ཤོས་སུ་གཏོང་དགོས་

༄༅།།རྔ་ཁུལ་མི་དམངས་སྲིད་གཞུང་གིས2016ལོའི་ནོར་སྲིད་ཀྱི་ངེས་རྩིས་སྐོར་གྱི་དམངས་འཐུས་རྒྱུན་ཨུ་ཁང་དང་ལོ་སྟོད་དུ2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར

2017ལོའི་ཟླ་པའི་8ཚེས་23ཉིན་དུ།རྔ་བ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཏུ་རྔ་ཁུལ་མི་དམངས་སྲིད་གཞུང་གི2016ལོའི་ནོར་སྲིད་ཀྱི་ངེས་རྩིས་དང་2017ལོའི་སྟོད་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་(གཤམ་དུ་ནོར་སྲིད་སྙན་ཞུ་ཞེས་བསྡུ་རྒྱུ་དང་2016ལོའི་ལོ་འཁོར་གྱི་ནོར་སྲིད་ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་པའི་རྩིས་བཤེར་ལས་དོན་སྙན་ཞུ་(གཤམ་དུ་རྩིས་བཤེརསྙན་ཞུ་ཞེས་བསྡུ་རྒྱུ་ལ་ཉན་པ་དང་གྲོས་ཞིབ་བྱས་པ

   

ཚོགས་འདུས་རིམ་བཞིན་ནོར་སྲིད་སྙན་ཞུ དང་རྩིས་བཤེར་སྙན་ཞལ་བློ་ཡིད་ཚིམ་ཚད་ལ་དཔྱད་ཞིབ་བྱས་པ།  

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མི་38ཕེབས་དགོས་པའི་དང་། དངོས་སུ་མི་27སླེབས་ཡོད།ནོར་སྲིད་སྙན་ཞུ་ཡིད་ཚིམ་པ་སེ་24དང་།ཕལ་ཆེར་ཡིད་ཚིམ་པའི་སྤ་སེ་3   རྩིས་བཤེརསྙན་ཞུཡིད་ཚིམ་པའི་པ་སེ22དང་སཕལ་ཆེར་ཡིད་ཚིམ་པའི་པ་སེ་5

གྲོས་ཚོགས་ཀྱིས་གྲོས་ཞིབ་བསམ་འཆར་འདོན་རྒྱུ་གཤམ་གསལ་སྟེ།

གཅིགསྔོན་རྩིས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ།ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ།

སྔོན་རྩིས་བཅའ་ཁྲིམས་ལག་བསྟར་ཤུགས་ཇེ་ཆེར་གཏོང་དགོས།སྔོན་རྩིས་ཁྲིམས་ལུགས་ཀྱི་འདུ་ཤེས་འཛུགས་པ་དང་།ནན་ཏན་གྱིས་སློབ་སྦྱོང་བྱེད་པ།

སྔོན་རྩིས་བཅའ་ཁྲིམས་གསར་པའི་ཁྱོན་ཡོངས་ནས་གོ་བ་ལེན་པ།བཅའ་ཁྲིམས་གསར་པའི་སྙིང་དོན་གཙོ་གནད་དང་།རྩ་དོན་།གཏན་འབེབས་བྱེ་བྲག་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་པ།རང་འགུལ་གྱིས་སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་གསར་པའི་གཏན་འབེབས་ཁག་སྔོན་རྩིས་དོ་དམ་གྱི་བྱེད་སྒོ་སྤེལ་བའི་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་དགོས།སྔོན་རྩིས་བཟོ་འགོད་བྱས་ཚུལ་གྱི་ཚན་རིག་རང་བཞིན་ཇེ་ཆེར་གཏོང་དགོས།སྔོན་རྩིས་བཅའ་ཁྲིམས་ནང་གསལ་གཏན་འབེབས་དང་དང་ནོར་སྲིད་པུའུ་ཡིས་གཏན་ལ་ཕབ་པའི་སྲིད་གཞུང་གི་གཏོང་ཡོང་རིགས་དབྱེའི་ཚན་པ་དང་།སྔོན་རྩིས་གཏོང་ཡོང་གི་ཚད་གཞི་དང་།ཕན་འབྲས་དམིགས་ཡུལ་གྱི་དོ་དམ་སོགས་སྔོན་རྩིས་སྒྲིག་བཟོ་བླང་བྱ་ལ་ནན་པོར་གཞིགས་ནསསྔོན་རྩིས་ཀྱི་བཟོ་འགོད་ཆུ་ཚད་མཐོར་འདེགས་དང་།སྔོན་རྩིས་བཟོ་བའི་ནང་དོན་གཏིང་ཟབ་དངཞིབ་ཚགས་ཏུ་བཏང་སྟེ།དོན་བསྟུན་སྒོས་སྔོན་རྩིས་བཟོ་འགོད་ཀྱི་བདེན་པའི་རང་བཞིན་དང་ཚན་རིག་རང་བཞིན་དོན་འཁྱོལ་བྱེད་པ། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བྱེད་ཤུགས་ཆེ་རུ་གཏོང་དགོས།སྤྱི་པའི་ནོར་སྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་ནོར་སྲིད་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་འཕར་ཁྲལ་དུ་སྒྱུར་བ་”དང་ཐོན་ཁུངས་ཀྱི་དཔྱ་ཁྲལ་བསྒྱུར་བཅོས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། འགུལ་རྣམ་ཚོད་རྩིས་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་དགོས།བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྔོན་རྩིས་ཀྱི་ཕན་འབྲས་དང་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་མ་ལག་དང་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ།ཕན་འབྲས་གདེང་འཇོག་ལ་གཙིགས་ཆེན་བྱེད་པ་དང་ཕན་འབྲས་གདེང་འཇོག་གི་གྲུབ་འབྲས་བཀོལ་སྤྱོད་ཆེར་

གཏོང་དགོས།

གཉིསསྔོན་རྩིས་ཀྱི་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་བཏང་ནས།སྔོན་རྩིས་ཀྱི་འགྲོ་གྲོན་

ནན་པོ་བྱེད་པ།

 སྔོན་རྩིས་ཞིབ་མཆན་ལ་ནན་མོ་ཏན་ཏིག་བྱེད་དགོས།སྔོན་རྩིས་ཀྱི་ཁྲིམས་བཀོད་རྩ་དོན་མཐའ་འཁྱོངས་བྱེད་པ།མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཆོག་མཆན་བཀོད་པའི་སྔོན་རྩིས་ལ་ཁྲིམས་བཀོད་རང་བཞིན་ལྡན་ཞིང་།ཁྲིམས་བཀོད་གོ་རིམ་མ་བརྒྱུད་པར་ལེགས་སྒྲིག་བྱས་མེད་རིགས་ཀྱི་སྔོན་རྩིས་ཀྱི་མ་དངུལ་སྤྱོད་པའི་ཁ་ཕྱོགས་ལ་བཟོ་བཅོས་བརྒྱབ་མི་ཆོགངེས་པར་དུ་ཆོག་མཆན་བཀོད་པའི་སྔོན་རྩིས་ལག་བསྟར་ནན་པོ་བྱེད་དགོས།བྱེད་ཤུགས་ཆེ་རུ་གཏོང་དགོས་།སྔོན་རྩིས་འགྲོ་གྲོན་ལག་བསྟར་ཤུགས་བསྣན་ཏེསྔོན་རྩིས་མ་དངུལ་གྱི་བཀོད་སྒྲིག་དང་བཀོལ་སྤྱོད་ལ་ཤུགས་སྣོན་དགོས།ལྷག་པར་དུ་ལོ་འཁོར་ནང་སྔོན་རྩིས་བཀོད་སྒྲིག་བྱས་པའིརྣམ་གྲངས་ཀྱི་མ་དངུལ་ལ་དུས་ཐོག་ཏུ་རྗེས་འདེད་ནས་བྱེད་ཐབས་སྤྱོད་དགོས།བསགས་དངུལ་བེད་སྤྱོད་བྱེད་དགོས།བསྡོམས་རྩིས་རྩིས་ཐོ་སྤོ་བདང་།བསྡོམས་རྩིས་ལྷག་འཕྲོ་ཅན་གྱི་མ་དངུལ་གྱི་བཀོད་སྒྲིག་དང་བེད་སྤྱོད་ལ་ཤུགས་སྣོན་དགོས།ལྷག་པར་དུ་བསྡོམས་རྩིས་རྩིས་ཐོ་སྤོ་བདང་།བསྡོམས་རྩིས་ལྷག་འཕྲོ་ཅན་གྱི་རྣམ་གྲངས་མ་དངུལ་གྱི་དོ་དམ་དང་བེད་སྤྱོད་ལ་ཤུགས་སྣོན་དགོས།རྣམ་གྲངས་ལས་ཁུངས་ཀྱིས་བྱེད་ཐབས་སྤྱོད་པ་དང་།བྱེད་ཐབས་འཐུས་ཚང་དུ་གཏོང་བར་ལྟ་སྐུལ་བྱེད་པ།དོན་བསྟུན་སྒོས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།རྣམ་གྲངས་འཕེལ་ཚད་ལ་གཞིགས་ནས་མ་དངུལ་དུས་ཐོག་ཏུ་སྤྲོད་ལས་མཇུག་སྒྲིལ་བའི་རྣམ་གྲངས་ལ་དུས་ཐོག་ཏུ་ངེས་རྩིས་ཞིབ་བཤེར་རྩིས་ལེན་རྩ་འཛུགས་བྱས་ཏེ།ད་ལོའི་སྔོན་རྩིས་གཏོང་སྒོ་དམིགས་འབེན་མངོན་འགྱུར་བྱེད་པར་འགན་ལེན་བྱེད་དགོས

ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས།སྔོན་རྩིས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པའི་སྔོན་རྩིས་དང་སྔོན་རྩིས་ལེགས་སྒྲིག་དང་ངེས་རྩིས་སོགསཁྲིམས་ལྟར་དུས་ཐོག་ཏུ་སྤྱི་ཚོགས་སུ་ཡོངས་བསྒྲགས་བཏང་ནས་སྔོན་རྩིས་ལྟ་སྐུལ་གྱི་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས།

གསུམརྩིས་བཤེར་གྲུབ་འབྲས་བེད་སྤྱོད་དུ་ཤུགས་བསྣན་ཏེ།གནད་དོན་བཅོས་སྒྲིག་གནད་དུ་འཁེལ་བ་འགན་ལེན་བྱེད་དགོས།

སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ངེས་རྩིས་ཀྱི་རྩིས་བཤེར་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ་སྔོན་རྩིས་ཀྱི་གཟབ་ནན་རང་བཞིན་ཆེ་རུ་གཏོང་དགོས།རྩིས་བཤེར་གཙོ་གནད་འབུར་དུ་ཐོན་དགོས་པ།སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་།སྲིད་གཞུང་རང་བཞིན་གྱི་མ་དངུལ་འཇོག་པའི་རྣམ་གྲངས།གཙོ་གནད་དམངས་འཚོའི་རྣམ་གྲངས་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་སྡེ་ཚན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཙོ་གནད་རྣམ་གྲངས་མ་དངུལ་གྱི་བརྒྱུད་རིམ་ཡོངས་ཀྱི་ལྟ་སྐུལ་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།མ་དངུལ་ཁགཧམ་བཟུང་དང་།གཞན་སྤྱོདདོན་མེད་བཞག་པ།འཕྲོ་བརླགསྔོན་འགོག་བྱས་ཏེ།མ་དངུལ་སྤྱོད་པའི་ཁ་ཕྱོགས་དང་བཀོལ་སྤྱོད་ཕན་འབྲས་ལ་འགན་ལེན་བྱེད་དགོས།རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་དག་ཐེར་ཡོ་བསྲང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།རྩིས་བཤེར་ཁྲོད་དུ་རྒྱུན་དུ་ཐོན་པའི་གནད་དོན་ལ་ཧུར་ཐག་སྒོསཕྱིར་མིག་ལྟ་བ་དགོས།རྩིས་བཤེར་སྡེ་ཚན་དང་དམངས་འཐུས་ཚོགས་རྒྱུན་ཨུ་ཁང་གི་འབྲེལ་ཨུ་ཁང་གིས་རྗེས་འདེད་ལྟ་སྐུལ་དང་དག་བཅོས་བྱེད་དགོས།གནད་དོན་གནད་ཁེལ་དག་ཐེར་ལེགས་བཅོས་བྱེད་པ་འགན་ལེན་བྱེད་དགོས།ལམ་ལུགས་འཛུགས་སྐྲུན་བྱེད་པ་ནས་མགོ་བརྩམས་ཏེ་རིམ་བཞིན་འཚོལ་ཞིབ་སྒོས་རྩིས་བཤེར་ཤེས་རྟོགས་གནད་དོན་དག་ཐེར་ཡུན་ཕན་ལམ་སྲོལ་འཛུགས་དགོས།

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་རྔ་པ་ཁུལ་ཡི་2016ལོར་ཁུལ་རིམ་པའི་ནོར་སྲིད་ངེས་རྩིས་ཀྱི་གྲོས་ཆོད

2017ལོའི་ཟླ་8པའི་ཚེས་23ཉིན་དུ།སྐབས་བཅུ་གཉིས་པའི་རྔ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་

སྐབས་བཅུ་གཉིས་པའི་རྔ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཚོགས་འདུའི་ཐེངས་ལྔ་པའི་ཐོག་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཚེ་སྐྱབས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གིས་མངགས་བཅོལ་ལྟར་ཕུལ་བའི་2016ལོའི་ནོར་སྲིད་ཀྱི་ངེས་རྩིས་དང་2017ལོའི་སྟོད་དུ་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུདང་རྩིས་བཤེར་ཅུས་ཀྱི་ཅུས་ཀྲང་སུང་ཉིང་གིས་ཁུལ་མི་དམངས་སྲིད་གཞུང་གིས་མངགས་བཅོལ་ལྟར་ཕུལ་བའི་2016ལོའི་ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་པའི་རྩིས་བཤེར་ལས་དོན་སྐོར་གྱི་སྙན་ཞུལ་ཉན་འཇོག་བྱས་པ།གྲོས་ཚོགས་ཀྱིས་རྩིས་བཤེར་ལས་དོན་སྐོར་གྱི་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ་།2016ལོའི་ནོར་སྲིད་ཀྱི་ངེས་རྩིས་ལ་ཞིབ་བཤེར་བྱས་ཤིང་།གྲོས་ཚོགས་ནས་མོས་མཐུན་བྱུང་རྗེས་རྔ་ཁུལ་་དམངས་འཐུས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་2016ལོའི་ནོར་སྲིད་ཀྱི་ངེས་རྩིས་དང2017ལོའི་སྟོད་དུ་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་ཞིབ་བཤེར་སྙན་ཞུལ་གྲོས་འཆམས་བྱུང་བ2016ལོའིཁུལ་རིམ་པའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད་པ་རེད

༄༅།།རྔ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཡི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲོལ་ཡིགཁྲིམས་འཛིན་ཞིབ་བཤེར་བྱས་པའི་སྙན་ཞུ

2017ལོའི་ཟླ་8པའི་ཚེས་23ཉིན་དུ།སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག

 ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་

ཏེས་ཧའེ་ཡིས

ཀྲུའུརེན་དང་།ཀྲུའུ་རེན་གཞོན་པ་རྣམ་པ།དྲུང་ཡིག་ཆེན་མོཨུ་ཡོན་རྣམ་པ

ཟླ་7པའི་ཚེས་10ཉིན་ནས་20ཉིན་བར་ཁུལ་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཧྲའོ་ལིན་ཚོ་གཙོ་བྱས་པ་དང་ཁུལ་དམངས་འཐུས་གྲོང་ཁྱེར་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ལི་ཧྥན།རྫོང་གྲོང་དུ་བཅའ་སྡོད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཆེན་དམངས་འཐུས་ཀྱི་འཐུས་མི་ཁ་ཤས་ཁོངས་མི་བྱེད་པཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཞུགས་ཡོད་པའི་ཁྲིམས་འཛིན་ཞིབ་བཤེར་ཚོ་ཆུང་གཟི་རྩ་སྡེ་དགུ་དང་།ཟུང་ཆུམའོ་རྫོང་།ཝུན་ཁྲེན་རྫོང་འབར་ཁམསཆུ་ཆེནཧུང་ཡོན་རྫོང་གྲོང་ཁྱེར7དུ་ས་གནས་སུ རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲོལ་ཡིག་གཤམ་དུསྲོལ་ཡིཞེས་འབོད་།ཁྲིམས་འཛིན་ལས་ཀར་ཞིབ་བཤེར་སྤེལ་བ་རེད།།གཞན་རྫོང་6གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་ས་ཐོག་ཏུ་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་བ་མངག་བཅོལ་བྱས་།ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཡུལ་དངོས་ལ་ཞིབ་བཤེར་དང་།སྙན་སེང་གསན་པ་བཅར་འདྲི་བྱེད་པ།དཔྱད་ཡིག་ལྟ་ཀློགབཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།རྫོང་(གྲོང་ཁྱེར་)གྲོང་ཁྱེར་ས་ཁུལ་དང་།གྲོང་རྡལགྲོང་སྡེའཐུང་ཆུའི་བཟོ་གྲྭ།གད་སྙིགས་ཐག་གཅོད།བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་ས་ཚིགས་33དུ་ཟབ་འཇུག་བྱས་ཏེ།རྫོང་གྲོང་ཁྱེར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན། ཆུ་གཤེག་པཆུ་ལོག་སྔོན་འགོགགློག་ཞུ་སྤར་བསྤྱི་པའི་འགྲིམ་འགྲུལསྐྱེད་ཚལ་ལྗང་སྒྱུར་སྒྲིག་བཀོད་ལྟ་སྐུལ་དོ་དམ་བྱས་ཚུལ་སོགས་གཙོ་གནད་ཁག་ལ་ཞིབ་བཤེར་བྱས།ཅུང་ཆ་ཚང་བའི་སྒོས་སྲོལ་ཡིགལག་བསྟར་དོན་འཁྱོལ་བྱེད་པར་གནས་ཚུལ་དང་དཀའ་ངལ་གནད་དོན་རྒྱུས་ལོན་བྱས་ཡོད།དམིགས་སའི་རང་བཞིན་ཡོད་པའི་བཅོས་སྒྲིག་བསམ་འཆར་བཏོན་ཡོད།ད་ལྟ་ཁྲིམས་བསྟར་ཞིབ་བཤེར་གནས་ཚུལ་སྙན་སེང་ཞུ་རྒྱུ་གཤམ་གསལ།

གཅིགསྲོལ་ཡིགལག་བསྟར་བྱས་པའི་གཞི་རྩའི་གནས་ཚུལ་དང་དེའི་ཕན་འབྲས

གཅིག་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་དང་བསམ་བློའི་ངོས་འཛིན་བྱེད་ཚད་གོང་མཐོར་གཏོང་བ།

གཅིགཚོགས་འདུ་འཚོགས་ནས་སློབ་སྦྱོང་ཡག་པོ་བྱེད་དགོས།རྫོང་གྲོང་ཁྱེར་

ཁག་གི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་དང་རྩ་འཛུགས་ཁོངས་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་་ལས་བཟོ་པསྲོལ་ཡིག་སློབ་སྦྱོང་ནན་ཏན་དང་།ཁྲིམས་སྲོལ་གཞི་རྩའི་བླང་བྱ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས། ཆུ་ཆེན་རྫོང་གིས་སྲོལ་ཡིག་རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་མ་བྱས་གོང་ལ་ཁྲིམས་ལུགས་སློབ་སྦྱོང་གིནང་དོན་ནང་བཅུག་ནས།སྲིད་གཞུང་གི་ཁོངས་མི་རྩ་འཛུགས་བྱས་ཏེ་དེའི་དགོངས་དོན་གཙོ་བོ་སློབ་སྦྱོང་བྱས་ནས་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་དགོས།ཁུལ་ཡོངས་ཀྱིས་ཐེངས་30ལྷག་ཙམ་སློབ་སྦྱོང་ཚོགས་འདུ་འཚོགས་པ།

གཉིསཐབས་ལམ་སྣ་ཚོགས་སྒོས་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས། རྫོང་གྲོང་ཁྱེར་ཁག་གི་སྡོད་ཁང་འཛུགས་སྐྲུན་དང་།གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱིས་སུ་ཞིག་གིས་བཅའ་ཁྲིམས་ལག་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲི་ལག་བསྟར་ཏན་ཏིག་དང་།ལོ་ལྔ་ཚན་བདུན་པའི་ཁྲིམས་ལུགས་ཁྱབ་གདལ་དང་གནད་སྨིན་དབུལ་སྐྱོར་སོགས་དང་ཟུང་འབྲེལ།སྦྱ་ཡིག་འགེལ་བ་དང་།ཆེད་བསྒྲིགས་ལེ་ཚན་བཀོད་སྒྲིག་བྱེད་པ།དཔྱད་གཞིའི་ཡིག་རིགས་དཔར་འགྲེམས་བྱེད་པའཚམས་འདྲི་བཞུགས་མོལ་སོགས་རྣམ་པ་སྤྱད་པ་དང་།སྲིད་གཞུང་གིས་ཀྱི་གཙོ་ཆེའི་དྲ་ཚིགས་དང་།སྐད་འཕྲིན་དཔོད་ཆུང་།བརྙན་འཕྲིན་ལས་ཁུངས་སོགས་གཞི་རྟེན་བེད་སྤྱད་དེ། སྲོལ་ཡིགགི་ནང་དོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་།རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་འཆར་འགོད་འདུ་ཤེས་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་དོ་དམ་འདུ་ཤེས་བཟང་པོ་མཐོར་འདེད་བཏང་བ།ཁྲིམས་སྦྱོང་ཁྲིམས་སྲུང་དང་།ཁྲིམས་སྤྱོད་ཁྲིམས་འཛིན་གྱི་ཁོར་ཡུག་ལེགས་པོ་བསྐྲུན་།འཛམ་ཐང་རྫོང་གིས་གློག་རྡུལ་བརྙན་ཤེལ་སྟོན་པ་དང་།ཞིང་པའི་མཚན་མོའི་སློབ་གྲྭ་སོགས་ཀྱི་བྱེད་ཐབས་སྤྱད་ནས་དྲིལ་བསྒྲགས་བྱས་པ། ཁུལ་ཡོངས་ཀྱིས་བཀོད་སྒྲིག་དྲིལ་བསྒྲགས་ཆེད་སྒྲོམ་དང་།རྟགས་བྱང་།སྦྱར་ཡིག་480བཀོད་སྒྲིག་བྱས་པ།བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་29སྤེལ་བ།དྲིལ་བསྒྲགས་པར་དེབ་6000སྦྱིན་ཡོད

(གཉིས)འཆར་གཞི་བཟོ་འགོད་ཤུགས་བསྣན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཀོད་པ་རིམ་བཞིན་ལུགས་མཐུན་ཅན་དུ་འགྱུར་བ།

གཅིགའཆར་འགོད་སྒྲིག་བཟོ་གཏན་འཁེལ་བྱས་པའི་བྱ་བྱེད་ལེགས་གྲུབ་བྱུང་བ།རྫོང་ཁག་གྲོང་ཁྱེར་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་བླང་བྱ་ལྟར།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་།རྫོང་གྲོང་དང་ཞང་དང་གྲོང་རྡལགྲོང་ཚོའི་འཆར་འགོད།དེ་བཞན་གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲོ་ལམ་ཟམ་པ་དང་།ཆུ་འདྲེན་འབུདབཙོག་ཆུ་གཙང་བཟོགད་སྙིགས་གཙང་བཤེརཁོར་ཡུག་འཕྲོད་བསྟེནལྡུམ་རའི་མཛེས་ལྗོངས་སོགས་ཀྱི་ཆེད་དམིགས་འཆར་འགོད་སྒྲིག་གཞི་བཅོས་སྒྱུར་བྱེད་པ་(བཟོ་བཅོས་)འཐུས་ཚང་དུ་བཏང་བ།ཁུལ་ཡོངས་ཀྱི་རྫོང་གྲོང་ཁྱེར་13གྱི་སྤྱིའི་འཆར་འགོད་དང་།རྫོང་གྲོང་ཁྱེར་གྲོང་ཁུལ་གྱི་གནས་ཡུལ་གྱི་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་13དང་།གཞན་པ་ཞང་གྲོང་ཆར་འགོད་164གྲོང་སྡེའི་འཆར་འགོད་1204ལེགས་གྲུབ་བྱུང་བ།ཁུལ་རིམ་པའི་ཆུ་འདོན་འབུད་།འབར་རླངསགད་སྙིགས་ཐག་གཅོད་སོགས་ཀྱི་ཆེད་དམིགས་འཆར་འགོད་4ལེགས་གྲུབ་བྱུང་བ

གཉིསའཆར་གཞི་བཟོ་འགོད་ཀྱི་རང་འདེམས་བྱ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ།རྫོང་གྲོང་ཁྱེར་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་འཆར་འགོད་བཟོ་བའི་གོ་སྐབས་བེད་སྤྱད་དེ། སྐྱེ་ཁམས་ཐོན་ཁུངས་དང་།རིག་གནས་ཐོན་ཁུངསཧུར་བརྩོན་གྱིས་རྒྱུན་འཛིན་སྲུང་སྐྱོང་དང་སྔོག་འདོན་བེད་སྤྱོད་བྱས་པ།ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་།གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཡུལ་སྐོར་མཉམ་འདྲེས་མཉམ་སྒུལ་གྱི་འཕེལ་རྒྱས་སྐུལ་འདེད་བཏང་སྟེ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ།མའོ་རྫོང་དང་།འབར་ཁམས་སོགས་རྫོང་གྲོང་ཁྱེར་9རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འཆར་འགོད་”ལེགས་གྲུབ་བྱུང་བཆུ་ཆེན་རྫོང་གི་“ཆུ་ཆེན་ཕྱིར་ཟློས་གར་ཁང་ཅིན་ཅང་གནས་སྤོས་ཡུལ་མའིི་གྲོང་རྡལ་གསར་པ་འཛུགས་སྐྲུན་གྱི་ཞིབ་ཕྲའི་འཆར་འགོདདང་།“ཆུ་ཆེན་གནའ་གྲོང་ལོ་རྒྱུས་ས་གནས་ཀྱི་ཞིབ་ཕྲའི་འཆར་འགོད”ལེགས་གྲུབ་བྱུང་བ།ཝུན་ཁྲོན་དང་གཟི་རྩ་སྡེ་དགུ་སོགས་རྫོང་གི་“སོལ་རླངས་ཆེད་དོན་འཆར་འགོདལེགས་གྲུབ་བྱུང་བ་དང་།རྔ་་རྫོང་གི་“མདོ་སྨད་གླིང་ཁ་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་སྤྱི་ཡོངས་ཀྱི་འཆར་འགོདལེགས་གྲུབ་བྱུང་བ

གསུམ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་སོང་བ།

རྫོང་(གྲོང་ཁྱེར)ཁག་གིས་“གནས་སྡོད་འཚམཔ་དང་།ལས་ལ་འཚམ་པཡུལ་སྐོར་འཚམས་པའི”དམིགས་ཚད་སྐོར་ནས། ས་ཡོམ་གྱི་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་དང་།འབྲོག་པ་གཞིས་ཆགས་ཀྱི་བྱ་སྤྱོད།བདེ་སྐྱིད་མཛེས་སྡུག་ལྡན་པའི་ཁྱིམ་གཞི་སོགས་འཛུགས་སྐྲུན་བརྒྱུད་དེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་དོན་བསྟུན་ཆེ་རུ་གཏོང་བ།འཛུགས་སྐྲུན་བྱེད་སྟངས་གསར་པ་བྱེད་ཐབས་དང་སྔོན་ཐོན་ལག་རྩལ་ནང་འདྲེན་བྱེད་པར་དོ་སྣང་ཆེན་པོ་བྱས་ཤིང་རྒྱུན་ཆད་མེད་པའི་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་དང་།ཆུ་གཤེག་པཆུ་ལོག་སྔོན་འགོགསྤྱི་པའི་འགྲིམ་འགྲུལསྔོ་ལྗང་ལྡུམ་ར།གྲོང་ཁྱེར་གྱི་གློག་སྒྲོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།མའོ་རྫོང་དུ་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དུ་ཕྱོགས་བསྡུས་བེད་སྤྱོད་རྣམ་གྲངས་དང་།ཧུང་ཡོན་རྫོང་གི་ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་གཙང་སེལ་རྣམ་གྲངས་ཀྱིས།འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དང་།ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཐག་གཅོད་བྱེད་པ།སྐྱེ་ལྡན་སྤུས་ལེགས་ལུད་རྫས་ཐོན་སྐྱེད་བྱེད་པ། གནོད་འགྱུར་ཁེ་ཐོབ་དང་།ཕན་མེད་ཕན་དུ་བསྒྱུར་བ།སྲོལ་ཡིག་ལག་བསྟར་བྱས་ནས་ལོ་གཉིས་རིང་དུཁུལ་ཡོངས་སུ་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་13.3བཏང་བ

བཞི།གྲོང་ཁྱེར་དང་གྲོང་གསེབ་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་

གཅིགདོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་བ  རྫོང་ཁག་གིས་གྲོང་ཁྱེར་གྲོང་ཁྱེར་གྲོང་བརྡལ་དང་གྲོང་གསེབ་གཙང་འགྱུར་དང་།སྔོ་ལྗང་ཅན་དུ་འགྱུར་བ།གཙང་བཟོ་།མཛེས་བཟོ་དམིགས་ཚད་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཟུང་འབྲེལ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གྱི་དོ་དམ་སྲུང་སྐྱོང་ལ་ཤུགས་བསྣན་པ  རྫོང་གྲོང་ཁྱེར་ཁག་ཁ་ཤས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱ་རྒྱུ་དེ་དམིགས་ཚད་དཔྱད་ཞིབ་ནང་འཇོག་པ་དང་།ཆེད་དམིགས་ལམ་ལུགས་བཟོ་བ།གྲོང་སྲོལ་དམངས་ཆིངས་ནང་བཅུག་ནསཅུང་འཐུས་སྒོ་ཚང་བའི་དོ་དམ་ལམ་སྲོལ་ཆགས་ཡོད།ཁྲོ་ཆུ་རྫོང་གིསསྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་ལས་དོན་ལག་བསྟར་ཇུས་གཞིདངགྲོང་ཚོ་རིམ་པའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱ་ཐབས་གནས་སྐབས་ལག་བསྟར་)》བཟོས་པ།དོ་དམ་དམིགས་ཚད་ལས་འགན་དང་།འགན་ནུས་འགན་འཁྲི་ཁ་གསལ་བཟོས་ཏེ།ཕན་འབྲས་ཀྱི་དཔྱད་ཞིབ་བྱས་ནས་བྱ་དགའ་དང་ཆད་པ་ལག་བསྟར་བྱེད་པ།

གཉིསཉིན་རྒྱུན་གྱི་དོ་དམ་ཡག་པོར་བསྒྲུབ་པ།རྫོང(གྲོང་ཁྱེར)ཁག་རྒྱུན་གཏན་གྱི་སྐོར་ཞིབ་ལམ་ལུགས་དོན་འཁྱོལ་དང་།དུས་བཀག་དང་དུས་ངེས་མེད་ཐོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་།སྒྲིག་ཆས་སྒྲིག་བཀོད་དུས་ཐོག་ཏུ་ཞིག་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་དོ་དམ་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱས་པ།གཞི་རྩའི་ཐོག་ནས་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱས་ཡོད།མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་དང་འཚོ་བའི་སྤུས་ཚད་མཐོར་འདེད་ཅུང་ཆེན་པོ་བྱུང་།ཧུང་ཡོན་རྫོང་གིསཁོར་ཡུག་གཙང་སྦྲའི་གཅེས་སེམས་བབ་ཚུགསའཛུགས་ཏེ་ཁོར་ཡུག་གཙང་སྦྲའི་བཟོ་པ་གྲང་འགོག་ཚ་གཡོལ་དང་།ཡོ་བྱད་འཇོག་དགོས་ལ་སྟབས་བདེ་བཟོས་ཡོདཁུལ་རྫོང་རིམ་པ་གཉིས་ཁྱོན་བསྡོམས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞིབ་བཤེར་ཐེངས་30ལྷག་བྱས་པ།མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་260ལྷག་བྱས་ཤིང་། སྒོར་ཁྲི་1500ལྷག་གི་སྒྲིག་བཀོད་སྒྲིག་ཆས་གསར་སྒྱུར་བྱས་པ། ལམ་བཟུང་གཉེར་སྐྱོང་བྱེད་པར་ཞིབ་བཤེར་ཐག་གཅོད་དང་།གང་ས་གང་དུ་བཞག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་570ཐག་གཅོད་བྱེད་པ།

གསུམདོ་དམ་བྱེད་ཐབས་གསར་གཏོད་བྱེད་པ། རྫོང་ཁག་ཁ་ཤས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་མིག་ཅན་གྱི་དོ་དམ་དང་།སྲིད་གཞུང་ནས་སྤྱི་པའི་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་ལས་དོན་ཟུང་འབྲེལ་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་སྟངས་ཧུར་ཐག་སྒོས་གསར་གཏོད་བྱས་ཤིང་།ཧུང་ཡོན་རྫོང་གིས་ཀྲི་ཁྲིན་དོ་དམ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ།བཅིངས་འགྲོལ་སྲང་ལམ་དང་།ཡར་འགྲོ་སྲང་ལམ། རྫོང་ཨུད་སྲིད་གཞུང་གི་སྒོ་རའི་ནང་དངོས་ཟོག་དོ་དམ་ལས་ཀ་སོགས་ལ་འགན་འཁུར་དུ་བཅུག་པ།ཆུ་ཆེན་རྫོང་དང་གཟི་རྩ་སྡེ་དགུ་རྫོང་གིས་ཧྲུན་མའེ་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཚད་ཡོད་ཀུང་སིནང་འདྲེན་བྱས་ཏེ།གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་དང་།སྐྱེད་ཚལ་སྔོ་འགྱུར་ལས་དོན་འགན་འཁུར་དུ་བཅུག་པ

གཉིསལྷག་པའི་གནད་དོན

(གཅིག)སྲོལ་ཡིག་བེད་སྤྱོད་བྱས་པ་མི་འདང་བ།

ཆ་ཤས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་དོ་དམ་ལས་བྱེད་མི་སྣས་སྲོལ་ཡིགཤེས་རྟོགས་མི་ཐུབ་པ་དང་ཆ་མི་ཚང་བ།ཁྲིམས་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་གྱི་ནུས་པ་ཆེན་པོ་མེད་པ།སྲིད་འཛིན་ཁྲིམས་བསྟར་བྱེད་སྐབསསྲོལ་ཡིག་བེད་སྤྱོད་བྱས་པ་ཅུང་ཉུང་། མང་ཚོགས་ཁ་ཤས་ཀྱིསསྲོལ་ཡིག་ཤེས་རྟོགས་ཐུབ་ཚད་མཐོ་པོ་མེད་པ་དང་སྲོལ་ཡིགལག་ལེན་མཐར་ཕྱིན་བསྟར་བ་དང་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གསལ་པོ་མེད་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་གྱི་བདག་པོའི་འདུ་ཤེས་དངོས་སུ་ཆགས་ཐུབ་མེད།

གཉིས།འཆར་འགོད་ལག་བསྟར་བྱེད་པ་གནད་དུ་འཁེལ་མེད་པ།

  རྫོང་ཁག་གཅིག་ལ་འཆར་འགོད་བཟོ་པའི་བརྒྱུད་རིམ་ཁྲོད་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱེད་པ་མི་འདང་བ་དང་།དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་པོ་བྱེད་ཐུབ་མེད་པ།འཆར་འགོད་སྔ་བལྟས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་མེད་པ་དང་སྒྲིག་མང་འབྲེལ་མཐུད་ཟབ་པོ་མེད་པས་སྒྲིག་ཆས་འཛུགས་སྐྲུན་བསྐྱར་མ་དང་།ལམ་འདྲུ་བ་སོགས་ཀྱི་གནད་དོན་བྱུང་བ།“སྲང་ལམ་རྒྱབ་དུས་སྣང་ཚུལ་གྱིས་མང་ཚོགས་ཡིད་མ་རངས་པར་བྱེད་པ།ཆ་ཤས་འཆར་འགོད་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ནི་སྡེབ་སྒྲིག་ཆ་ཚང་མིན་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་མཛེས་ལྗོངས་ཕན་འབྲས་ཆུང་བ།ས་ཁོངས་དང་རིག་གནས་ཀྱི་ཁྱད་ཆོས་མིལྡན་པ།འཆར་འགོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུའཛུགས་སྐྲུན་གཙོ་བོ་དང་འཆར་འགོད་སྣང་མེད་བྱེད་པ།”“འཆར་འགོད་ནི་རྣམ་གྲངས་རྗེས་བསྟུན་ནས་འཁོར་བ”དང་།ཐ་ན་རང་འདོད་ཀྱིས་ལྟར་འཆར་འགོད་བསྒྱུར་བཅོས་གཏོང་བའི་ཀྱི་སྣང་ཚུལ་ཡོད

གསུམ།རྨང་གཞིའི་སྒྲིག་བཀོད་སྔར་བཞིན་འཐུས་ཚང་དུ་གཏོང་དགོས

  ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་འཕྱི་བ་དང་འགོ་འཛུགས་ས་དམའ་བའཛུགས་སྐྲུན་གྱི་མ་དངུལ་འཇོག་འབོར་མི་འདང་བ་དང་།འཁོར་སྐྱོད་འགྲོ་གྲོན་འགན་ལེན་བྱེད་མི་ཐུབ་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་མི་དམངས་མང་ཚོགས་ཀྱི་དེང་རབས་ཀྱི་ཐོན་སྐྱེད་དང་འཚོ་བའི་མཁོ་དགོས་སྐོང་ཐུབ་ཀྱི་མེད་པ་རེད།ལྷག་པར་དུ་རྫོང་ཁག་ཁ་ཤས་ཀྱི་བཙོག་ཆུ་གཙང་སེལ་དང་།གད་སྙིགས་ས་སྦས་སོགས་སྒྲིག་བཀོད་འཛུགས་སྐྲུན་འགོར་བ་དང་།འཁོར་རྒྱུག་ཤར་གཏོང་མི་ཐུབ་པ།སྨན་རྫས་མཁོ་མེད་གཙང་སེལ་བྱེད་པ་སྒྲིག་སྲོལ་དང་མི་མཐུན་།འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱ་རྒྱུ་གནད་དུ་མ་འཁེལ་བ།མིག་སྔར་ཁྲོ་ཆུ་དང་།འཛམ་ཐང་རྔ་་རྫོང་གསུམ་གྱི་ད་དུང་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་མེད། ཁུལ་ཡོངས་ཀྱི་ཞང་གྲོང་219ནང་དུ་ཞང་གྲོང་9ཁོ་ན་ཆུ་སྙིགས་གཙང་བཟོའི་སྒྲིག་ཆས་འཛུགས་ཡོད།བཙོག་ཆུ་བསྡུ་རུབ་དང་ཆར་པ་ཁག་བགོ་བྱེད་པའི་ཆ་འགྲིག་སྦུག་དྲ་གནད་དུ་མི་འཁེལ་བ།ཁ་ཤས་ཀྱི་གད་སྙིགས་ཐག་གཅོད་གནས་ཡུལ་འདེམས་སྒྲུག་ཚན་རིག་དང་མི་མཐུན་ཞིངས་སྦས་སྒྲིག་ཆས་ཆ་མི་ཚང་བ་དང་ས་སྦས་ཚད་ལྡན་མིན་པ

(བཞི)དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་ལམ་སྲོལ་འཐུས་ཚང་མེད་པ་དང་།ཁྲིམས་འཛིན་སྟོབས་ཤུགས་ཅུང་ཞན་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྤྱི་ཡོངས་ནས་མཐུན་སྦྱོར་མེད་པ་དང་།སྡེ་ཚན་མཉམ་འགུལ་ཅུང་ཞན་པལྟ་སྐུལ་དོ་དམ་གྱི་ལམ་ལུགས་སྔར་བཞིན་རང་སོར་སྲུབས་མེད་སྦྲེལ་མཐུད་བྱས་མེད།གྲོང་ཁྱེར་དོ་དམ་སྡེ་ཁག་གིས་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པ་དང་།ཞང་གྲོང་དུཆེད་འགན་དོ་དམ་པ་མེད་པ།གྲོང་ཚོ་རིམ་པའི་དོ་དམ་པའི་འགན་འཁྲི་མི་གསལ་བས་ནུས་པ་འདོན་སྤེལ་བྱེད་མི་ཐུབཁྲིམས་འཛིན་མི་སྣས་ཁྲིམས་ལྟར་སྲིད་འཛིན་བྱེད་ནུས་ཆེན་པོ་མེད་པ་དང་ལག་རྩལ་གྱི་འདེགས་སྐྱོར་མི་འདང་བས་ཁྲིམས་བསྟར་གྱི་ཕན་འབྲས་དང་དབང་གྲགས་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཡོད།མང་ཚོགས་ཐེ་ཞུགས་དོ་དམ་དང་།གཞོགས་འདེགས་དོ་དམརང་སྐྱོང་དོ་དམ་གྱི་རང་འགུལ་རང་བཞིན་ཆེན་པོ་མེད་པརྫོང་ཁ་ཤསཀྱིསགྲོང་ཁྱེརཆོག་མཆན་མེད་པར་སྔོན་ལ་འཛུགས་སྐྲུན་བྱེད་པ་དང་། བསམ་འདོད་དུ་འཛུགས་སྐྲུན་བྱེད་པ།སྒྲིག་འགལ་གྱིས་བང་རིམ་བསྣན་པ།ཁྲིམས་འགལ་གྱིས་ས་ཆ་བཟུང་བའི་སོགས་ཀྱི་སྣང་ཚུལ་ལ་དངུལ་ཆད་ཀྱིས་ཚབ་བྱས་པའི་དགནས་ཚུལ་ཡོད།

གསུམཐབས་ཇུས་དང་གྲོས་འགོ

གཅིགདྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེསྲོལ་ཡིགལག་བསྟར་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་

སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲོལ་ཡིགསློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་གྱི་རྨང་གཞིའི་ལས་དོན་བྱེད་དགོས། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་།ནུས་པ་ཐོན་པའི་བྱ་ཐབས་སྤྱད་དེསྲོལ་ཡིགལས་ཁུངས་དང་།སློབ་གྲྭཁེ་ལས།སྡེ་ཁུལ་དང་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་དགོས།རིམ་པ་ཁག་གི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་དང་སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་སྨྱན་སྦྱོར་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།རིམ་པ་ཁག་གི་ལས་བྱེད་པ་དང་།རྒྱ་ཆེའི་མང་ཚོགསསྤྱི་ཚོགས་ལས་རིགས་ཁག་གིས་སྲོལ་ཡིགགི་དགོངས་དོན་དང་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དུ་བཅུག་དགོས།རིམ་པ་ཁག་གི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིསསྲོལ་ཡིགབེད་སྤྱོད་ལ་ཤུགས་སྣོན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཏོར་བཤིག་གཏོངབའིབྱ་སྤྱོད་སྲོལ་ཡིག་ལྟར་ཐག་གཅོད་ནན་པོ་བྱ་དགོས།སྲོལ་ཡིགསྤྱོད་འཐུས་རང་བཞིན་འཕར་སྣོན་ཡོང་ཆེད།ཁུལ་མི་དམངས་སྲིད་གཞུང་གིས་གང་མགྱོགས་ཀྱིས་སྲོལ་ཡིགལག་བསྟར་བྱེད་ཐབས་བཟོ་རྒྱུའུ་གྲོས་འགོ་བཏོན་པ་ཡིན

 (གཉིས།)འཆར་འགོད་ཀྱི་སྣེ་ཁྲིད་དེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ།

འཆར་འགོད་སྔོན་ལ་འདུ་ཤེས་བརྟན་པོ་འཛུགས་པ་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཕེལ་རྒྱས་འགྲོ་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་བརྩི་སྲུང་བྱས་ཏེ།མི་གཙོ་བོར་འཛིན་པ་དང་།རང་བྱུང་ལ་བརྩི་འཇོགལོ་རྒྱུས་རྒྱུན་འཛིན།ལྗང་མདོག་ཐཱན་ཉུང་འདུ་ཤེས་དེ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།རང་ཁུལ་དང་།རྫོངགྲོང་ཁྱེརཞངགྲོང་རྡལ་གནས་ཚུལ་དངོས་དང་འབྲེལ་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཐོག་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་ཀྱི་བར་སྟོང་བཀོད་སྒྲིག་གི་མཐུན་སྦྱོར་ནུས་པ་ཆེ་རུ་གཏོང་བས་འོག་སྦུག་དྲའི་སྒྲིག་བཀོད་དང་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཐུས་ཚང་དང་དོན་འཁྱོལ་བྱ་དགོས་པ་དང་།ཆུ་འདོན་དང་།དྲོད་རླངས་སོལ་རླངས་མཁོ་འདོན།བཙོག་ཆུ་དང་གད་སྙིགས་འབུད་སེལ།ཁོར་ཡུག་འཕྲོད་བསྟེནསྔོ་ལྗང་ལྡུམ་ར།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་དྲ།ཆ་འཕྲིན་འཕྲིན་གཏོང་སོགས་རྨང་གཞི་དང་མཛེས་ལྗོངས་གྲགས་ཅན་ཁུལགྱི་ཆེད་དོན་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཆར་འགོད་གཅིག་གྱུར་འཆར་འགོད་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྒྲིག་སྦྱོར་མཐོང་ཆེན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཀྱི་ཚོད་འཛིན་སྣེ་ཁྲིད་དང་ལག་བསྟར་ལ་ཤུགས་སྣོན་རྒྱག་པགསར་སྤེལ་གྱི་དབྱེ་མཚམས་ལུགས་མཐུན་ངང་དབྱེ་འབྱེད་གཏན་འབེབས་བྱ་རྒྱུ།རྒྱུན་མཐུད་ཀྱི་རི་ཆུའི་རྒྱུད་དང་།མཛེས་ལྗོངས་སྐྱེད་ཚལ་དང་།བརླན་སརིག་གནས་ཀྱི་ཁྲོམ་གཞུང་དང་དེ་བཞིན་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་དང་སྲོལ་རྒྱུན་གྱི་བག་ཆགས་སྲུང་སྐྱོང་བྱེད་དགོས།འཆར་འགོད་ལ་འགལ་བ་དང་གང་འདོད་ཀྱིས་བཟོ་བཅོས་བྱས་པའི་བྱ་སྤྱོད་ལ་སྲོལ་ཡིགལྟར་ཆད་པ་བཅད་དེ། སྲོལ་ཡིག་གི་དབང་གྲགས་སྲུང་སྐྱོང་བྱེ་དགོས

གསུམ།སྲིད་ཇུས་ཀྱི་རོགས་སྐྱོར་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་རམ་བྱེད་པ

སྲིད་གཞུང་རིམ་པ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་གྱི་མ་དངུལ་འགྲོ་གྲོན་སྔར་བས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།དོ་དམསྲུང་སྐྱོང་མ་དངུལ་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས།དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་མི་སྣའི་དཔུང་ཁག་རྒྱ་སྐྱེད་དང་།ལས་སྒོའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་ཤེས་ལྡན་པ་ནང་འདྲེན་གྱི་ཐབས་ལམ་སྣ་མང་ཅན་བཟོས་ཏེ་ཆེད་ལས་ཅན་གྱི་གྲོང་ཁྱེར་དོ་དམ་ལས་བྱེད་པ་གསོ་སྐྱོང་དང་།ལས་སྒོའི་བྱང་ཚད་དང་ལས་ཀའི་ནུས་པ་ཆེ་རུ་གཏོང་དགོས།ཁོར་ཡུག་གཙང་སྦྲའི་བཟོ་པའི་དགོས་ངེས་ཀྱི་འགན་སྲུང་ཐོབ་ཐང་དང་ལས་སྒྲུབ་ཀྱི་བརྟན་སྩོལ་འགན་སྲུང་བྱེད་པ།སྤྱི་ཚོགས་འགན་སྲུང་ལས་ཏེ་ལས་ཀའི་ཆ་རྐྱེན་ལེགས་བཅོས་དང་།ཁོར་ཡུག་འཕྲོད་བསྟེན་ལས་དོན་དཔུང་ཁག་བརྟན་པོར་བྱེད་དགོས།ཚོང་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།གྲོང་ཁྱེར་གྱི་སྤྱི་སྤྱོད་བྱ་གཞག་ཞབས་ཞུའི་རིན་གོང་གྲུབ་པདང་།ལེགས་སྒྲིག་དང་ཁ་གསབ་ལམ་སྲོལ་འཐུས་ཚང་ཇེ་མགྱོགས་སུ་བཏང་སྟེ།གླ་རིན་བསྡུ་བའི་ལམ་ལུགས་དོན་འཁྱོལ་དང་།རྩིས་ལེན་ཆུ་ཚད་མཐོ་རུ་གཏོང་།སྒྲིག་ཆས་རྒྱུན་ལྡན་འཁོར་སྤྱོད་ཐུབ་པར་འགན་སྲུང་བྱེད་དགོས།རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད་།སྔར་ལས་ལྷག་པའི་སྒོ་ནས་མ་དངུལ་གཏོང་སྡུད་ཀྱི་སྒྲིག་སྲོལ་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་བྱ་གཞག་སྒྲིག་སྲོལ་བསྒྱུར་བཅོས་སྐུལ་འདེད་བཏང་ནས།སྲིད་གཞུང་དང་ཚོང་རའི་ལས་བགོས་ལུགས་མཐུན་དང་། དྭངས་གསལ་ཚད་ལྡན།སྣ་མང་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་ལམ་སྲོལ་འཛུགས་དགོས།སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་PPPསོགས་ཀྱི་མ་དངུལ་མཉམ་འདྲེས་ལམ་སྲོལ་འཛུགས་སྐྲུན་བྱེད་སྟངས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་གྱི་མ་དངུལ་ཡོང་ཁུངས་རྒྱ་སྐྱེད་དེ།དང་རྣམ་གྲངས་འཛུགས་སྐྲུན་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

བཞི།དོ་དམ་གསར་གཏོད་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ།

འཛུགས་སྐྲུན་བརྒྱ་ཆ་གསུམ་དང་དོ་དམ་བརྒྱ་ཆ་བདུན་གྱི་འདུ་ཤེས་འཛུགས་པ་དང་།གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་འོག་མདོང་ལམ་དྲ་བའི་ཕྱོགས་བསྡུས་དོ་དམ་ལ་ཤུགས་སྣོན་བྱེད་པ།གཅིག་གྱུར་གྱིས་འཆར་འགོད་དང་།འཛུགས་སྐྲུནདོ་དམ་ལག་བསྟར་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལམ་བུ་སྔོག་འདོན་དང་ས་འོག་སྦུག་ཐིག་འཛུགས་སྐྲུན་གྱི་འགན་འཁྲི་ཁ་གསལ་བྱེད་པ།ཨར་ལས་ནས་བསྐྱར་ཟློས་མི་ཡོང་བ་བྱེད་དགོས།འགན་འཁྲི་ཁ་གསལ་དང་།ཞབས་ཞུ་ཚད་ལྡན།དོ་དམ་ཞིབ་ཕྲ་བཅས་ཀྱི་གྲོང་ཁྱེར་རྣམ་པའི་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལམ་སྲོལ་འཛུགས་ཏེ།སྲང་ལམ་གྱི་གཙང་སྦྲ་འཕྲོད་བསྟེནགྱི་ཁྱབ་རྒྱ་མཐོ་རུ་གཏོང་བ་དང་།བཟོ་སྐྲུན་གད་སྙིགས་སྐྱེལ་འདྲེན་བྱེད་སྟངས་ཚད་ལྡན་དུ་གཏོང་བ།ལམ་བུ་དང་བཟོ་སྐྲུན་ལས་གྲྭར་ཐལ་རྡུལ་འཚུབ་ཚོད་འཛིན་ནན་པོ་བྱེད་།ཁྲེང་ལན་ལྕགས་ལམ་དང་།ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་སྙིགས་དོང་དང་བཟོ་བཀོད་གད་སྙིགས་ཕུང་གསོག་དང་།ཐག་གཅོད།བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ།སྤྱི་པའི་གསང་སྤྱོད་དང་འཚོ་བའི་གད་སྙིགས་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་དང་དོ་དམལ་ཤུགས་སྣོན་རྒྱག་པ།གྲོང་ཁྱེར་དང་གྲོང་རྡལ་དོ་དམ་བྱེད་པའི་ཡ་རབས་ཞི་མཐུན་གྱི་འདུ་ཤེས་བཙུགས་ཏེ་ཁྲིམས་འཛིན་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བསྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་ལས་དོནལ་ཤུགས་སྣོན་པསུ་ཞིག་ལ་ཕན་འབྲས་ཐོབ་རྒྱུ་མཐའ་འཁྱོངས་དང་།སུས་འགན་འཁྲི་འཁུར་དགོས་ན་དེས་བདག་གཉེར་བྱེད་རྒྱུའི་རྩ་དོན་རྒྱུན་འཁྱོངས་ཏེ།ཡུལ་སྲོལ་དམངས་ཆིངས་བཟོས་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་དོ་དམ་དང་སྲུང་སྐྱོང་ལམ་སྲོལ་འཛུགས་པ།རྨང་གཞིའི་སྒྲིག་བཀོད་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཆད་གཅོད་ཚ་ནན་གཏོང་རྒྱུ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་གནད་ལ་འཁེལ་བ་བྱས་པའི་གྲོང་སྡེ་དང་།དེ་བཞིན་ཞིང་འབྲོག་དུད་ཚང་ལ་བྱ་དགའ་སྤྲོད་རྒྱུ།དུས་ཐོག་ཏུ་ཨར་ལས་བྱེད་ཡུལ་དང་།ལམ་ངོས་ཁུང་བུ་ཆགས་པ།མི་བགྲོད་འཕྲེད་ལམ་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཉམས་གསོ་བཅོས་སྐྱོང་དང་།ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཞིང་།མང་ཚོགས་ཀྱི་སྒེར་ཐུག་ཁེ་ཕན་སྲུང་སྐྱོང་བྱེད་པ

ལྔ།འགན་འཁྲི་ངེས་གསལ་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་གྱི་མཉམ་ཤུགས་ཆགས་པ

གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་བྱེད་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་ཞིང་།འབྲེལ་བའི་སྡེ་ཁག་མང་།འཛུགས་སྐྲུན་དང་དོ་དམ་སྡེ་ཚན་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་། འགན་འཁྲི་ཁ་གསལ་བཟོ་བ་དང་།ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བགྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་མཐུན་སྦྱོར་དང་དང་།སྲིད་འཛིན་ཆད་གཅོད་སོགས་འགན་ནུས་དང་འགན་འཁྲི་གང་མགྱོགས་གསལ་སྒྲིག་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་ལས་དོན་གྱི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཙུགས་ཏེ།རང་འགན་རང་སྒྲུབ་དང་།རང་རེའི་འགན་འཁྲི་དང་ལེན་བྱས་ཕན་ཚུན་མཉམ་ལས་བྱེད་པ།སྤྱི་ཡོངས་མཉམ་འགུལ་གྱི་ལས་ཀའི་རྣམ་པ་ཆགས་སུ་བཅུག་དགོས།ཚད་ཆེ་ཤོས་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།གྲོང་རྡལ་དང་། གྲོང་ཚོསྡེ་ཁུལགྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ཧུར་ཐག་སྒོས་དོན་འཁྱོལ་བྱེད་དགོས།རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་ཚན་པ་ཁག་གིས་དམངས་འཚོ་དང་སྤྱི་པའི་བདེ་འཇགས་ལ་འབྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུ་དེ་ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་མ་ལག་ནང་དུ་འཇོག་དགོས།ཞིབ་དཔྱད་བྱེད་ཤུགས་ཆེ་རུབཏང་སྟེ་ལས་ཀའི་དང་ཚད་ཇེ་ཆེར་གཏོང་དགོས།

༄༅།།སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་ལྔ་པའི་མཇུག་སྒྲིལ་སྐབས་གནང་བའི་གསུང་བཤད།

2017ལོའི་ཟླ་8པའི་ཚེས་23ཉིན་དུ།ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀའུ་ཡུན་ལུང་གིས།

ཁོངས་མི་རྣམ་པ་དང་།བློ་མཐུན་རྣམ་པ་ཚོ

གཤམ་ནས་ངས་དེ་རིང་ཀྱི་གྲོས་གཞི་གྲོས་ཞིབ་དང་མིག་སྔའི་ལས་དོན་ལ་

གཞིགས་ནས་ལྟ་ཚུལ་འགའ་གླེང་རྒྱུ་ཡིན།

ཁོངས་མི་རྣམ་པ་དང་།བློ་མཐུན་རྣམ་པ།ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21ངས་ཁུལ་གཟི་རྩྭ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་རེད།གནོད་འཚེ་ཕོག་ཁུལ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་འཇིགས་སྣང་ཚབས་ཆེན་བསྐུལ་བ་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཐེབས་པ་རེད།གནོད་སྐྱོན་བྱུང་རྗེས།ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་།ཀྲུང་གུང་རྔ་ཁུལ་ཨུས་ཁུལ་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་ངལ་མཉམ་སེལ་དང་།སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་དུས་ཚོད་ལ་འགྲན་སྡུར་ཐེངས་གཅིག་བྱས་པ་དང་།ཚེ་སྲོག་སྐྱོབ་པ།དམངས་འཚོ་འགན་སྲུང་བྱ་རྒྱུའི་དཀའ་ཚེགས་ཆེ་བའི་འཐབ་རྩོད་བྱེད་པམིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་རིམ་གྱི་རང་བཞིན་ལྡན་པའི་རྒྱལ་ཁ་གལ་ཆེན་ཐོབ་པ་རེད། དུས་མཚུངས་སུ་ས་ཡོམ་གྱིས་ངའིཁུལ་ཡི་དཔལ་འབྱོར་གོང་འཕེལ་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་དང་།ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས།ང་ཚོར་8·8གཟི་རྩ་སྡེ་དགུའི་ས་ཡོམ་ལ་འགོག་རྒོལ་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་ཡོད་དགོས་པ་མཟད།དེ་བས་མྱུར་དུ་འགུལ་བསྐྱོད་བྱེད་པ་དང་སྔར་བས་ཚན་རིག་དང་མཐུན་པའི་བྱེད་ཐབས་ཡོད་དགོས།གེགས་རྗེས་གྱི་བསྐྱར་སྐྲུན་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས།གོམ་པ་རྗེས་མར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་གྱི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་སྒུལ་ཤུགས་སུ་བྱས་ཏེཁུལ་ཨུས་གཏན་འཁེལ་བྱས་པའི་དམིགས་ཚད་འགྱུར་བ་མེད་པ་དང་།ལས་འགན་ཆུང་དུ་མི་གཏོང་བ།ཚད་གཞི་དམའ་རུ་མི་གཏོང་བ་བཅས་ཀྱི་ལས་ཀའི་བླང་བྱལྟར།འགན་འཁྲི་ཁུར་སེམས་དང་འཚུབ་པའི་རྣམ་པ་ཇེ་ཆེར་བཏང་ནས་ལས་ཀའི་ལམ་སྲོལ་ཐོག་བསྐྱར་དུ་གསར་གཏོད་དང་།གཙོ་གནད་ལས་ཀའི་ཐོག་ནུས་པ་བསྐྱར་བསྐུར།དཀའ་གནད་ཆེ་བའི་གནད་དོན་ཐོག་སླར་ཡང་འགག་སྒྲོལ།ལྷུ་ཚིགས་ཞན་སར་སླར་ཡང་ཤུགས་སྣོན་རྒྱག་ན་དང་།ལོ་འགོར་ཕྱོགས་ཡོངས་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡོང་བ་བྱས་ནས་།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད།ང་ཁུལ་ལས་དོན་གལ་ཆེན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སེམས་ཁུར་དང་རྒྱབ་སྐྱོར་མིག་སྔའི་ལས་དོན་ཁག་ཡག་པོར་བསྒྲུབ་པའི་བྱ་སྤྱོད་དངོས་བྱེད་པ།ང་ཚོས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་།ཞིང་ཆེན་ཏང་ཨུ་དང་།ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་།གནོད་སྐྱོན་འདི་ལས་རྣམ་པར་རྒྱལ་ཐུབ་ངེས།མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་ཡིད་ཆེས་ཡོད།

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཁོངས་མི་རྣམས་ཚོགས་འདུར་ཞུགས་པའི་གནས་ཚུལ

ཚོགས་འདུར་མཁན་ནི།

 ཀུའུ་ཡུན་ལུང་།   ཝང་ཆོན། ལི་ཧུང་ཡུང་། ཀྲང་རུའེ།  ཝང་ཏའེ་ཧའེ།

པད་མ་བདེ་སྐྱིད།      ཀྲང་ཅན། ཝང་སུའུ་ཆིང་། པད་མ་ནོར་བུ།  པའོ་ཀྲེན་ཅེ།  

ལིའུ་པའོ།            ལིའུ་ཧྲིན་ཝི།   ལི་ལིན།    དབྱང་རུང་ཀྲེ     ཧའེ་ཡུང་ཧའེ།

 ཧའེ་ཧྲིན་མིང་།     ཀྲང་ལི་ཧྥང་།   ཀྲང་ཡོན་ཚའེ།    ཀྲང་མིང་ཏེ།ཁྲིན་ཡིན།

  ཁྲིན་ཝན་ཤི།   ལི་རུང་། ཀྲའོ་ཝི་ཆི།གྲོ་ཚང་འཇམ་དབྱངས་དགེ་ལེགས་ཡོན་ཏན་རྒྱ་མཚོ།     ཧའོ་ཧྲུའུ་ཆིན།   ཧའོ་ཧོ་ཅའོ། ཞ་ཤི་ཕིང་།

དོན་དག་ཡོད་པའང་ན་བས་དགོངས་པ་ཞུས་མཁན་ནི།

དབྱང་ཧྲའོ་ལི།  སྨི་ཅན་ཁང་།  ཝང་ཡིང་ཅེ།  བཀྲ་ཤིས་དོན་འགྲུབ། བསོད་ནམས་དགེ་བཤེས།   དབྱང་ཧྥང་།    ཧའེ་ཡུང་ཧྲིན།   ལིའོ་ཧྲིན་ཆའང་།

༄༅།།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་

ཐེངས་དྲུག་པ་འཚོགས་པ།

2017ལོའི་ཟླ་10ཚེས་ཉིན24པའི་དུ།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ལོར་འབར་ཁམས་སུ་འཚོགས་ཤིང་།ཡིག་ཐོག་ནས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གྲོས་ཚོགས་ཐེངས་སོ་དྲུག་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་། ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོ་ཆུང་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམསལག་བསྟར་བྱས་ཚུལ་སྐོར་གྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ་དང་།རྔ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཐོག་ཉེས་གསོག་ཞིབ་གཅོད་དང་སྔོན་འགོག་ལས་ཀ་བྱས་ཚུལ་སྐོར་གྱི་སྙན་ཞུ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་ཡོངས་ཀྱི་གྲོང་གསེབ་རྨོ་ཞིང་སྲུང་སྐྱོབ་དང་དོ་དམ་བལས་དོན་གནས་ཚུལ་གྱི་སྙན་ཞུ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མིའི་གྲོས་འགོ་དང་།སྐྱོན་བརྗོད།བསམ་འཆར་བཅས་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས།གྲོས་ཞིབ་གྲོས་འཆམ་བྱུང་བ་དང་།རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་།སྲིད་གཞུང་གི་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣ་བསྐོ་གཞག་བྱེད་རྒྱུའི་འགན་སྒྲུབ་བྱ་ཐབས་འཆར་ཟིན)》ལ་གྲོས་ཞིབ་གྲོས་འཆམས་བྱུང་བ་དང་།ཚོགས་འདུའི་ཐོག་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་སྲོལ་ཡིག་(མ་ཟིན)དང་།རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྲོལ་ཡིག་འཆར་ཟིན)ལ་གྲོས་ཞིབ་བྱས་པ།མི་དོན་བསྐོ་འཐེན་གྱི་དོན་དག་ལ་གྲོས་ཞིབ་གྲོས་འཆམ་བྱུང་

རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་།ཀྲུའུ་རེན་གཞོན་པ་ལི་ཧའོ་ཡུང་།དབྱང་ཧྲའོ་ལི།ཝང་ཏེ་ཧའེ།པད་མ་བདེ་སྐྱིད། དྲུང་ཡིག་ཆེན་མོ་དང་ཨུ་ཡོན་བཅས་ཁྱོན་བསྡོམས་མི་25ཚོགས་འདུར་ཕེབས་པ། རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་

ཚོགས་འདུ་གཙོ་སྐྱོང་གནང་བ།

  ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀོ་ཉིང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་གཞོན་པ་ཀྲོའུ་ཧྲོའུ་ཆོན།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པ་ཆེན་མོ་ཏེང་ཕུང་།ཁུལ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཨུ་ཡོན་དང་།རྒྱུན་ཨུ་ཁང་གི་ལས་ཀའི་སྡེ་ཚན་ཁག་དང་ལས་ཁུངས་ཏང་ཨུའི་འགན་འཁུར་བ།ཁུལ་སྒྲིག་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་མངགས་སྡོད་བྱས་པའི་སྒྲིག་བཤེར་ཚོ་ཆུང་དང་།རྫོང་ཁག་གྲོང་ཁྱེརམི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་ཚོགས་འདུར་ཟུར་ཞུགས་བྱས་པ

  ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལུང་ཀང་དང་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3གདན་ཞུས་ལྟར་གྲོས་ཚོགས་ལ་ཟུར་ཞུགས་བྱས་

  སྤྱི་དམངས་མི་5ཡིས་ཚོགས་འདུར་ཟུར་ཉན་བྱས

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ

  2017ལོའི་ཟླ་10པའི་ཚེས་24ཉིན་དུ།རྔ་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་

གཅིགསི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཚོགས་འད་སོ་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།(ཡིག་ཐོག)

གཉིསཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོ་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།

གསུམརྔ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཐོག་ཉེས་གསོག་ཞིབ་གཅོད་དང་སྔོན་འགོག་ལས་ཀ་བྱས་ཚུལ་སྐོར་གྱི་སྙན་ཞུ་་ཉན་འཇོག་དང་གྲོས་ཞིབ་བྱས་པ།

བཞི།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་ཡོངས་ཀྱི་གྲོང་གསེབ་རྨོ་ཞིང་སྲུང་སྐྱོབ་དང་དོ་དམ་ལས་དོན་གནས་ཚུལ་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།

ལྔརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣ་བསྐོ་གཞག་བྱེད་པའི་འགན་སྒྲུབ་དཔྱད་གླེང་བྱ་ཐབསའཆར་ཟིན)》ལ་གྲོས་འཆམས་བྱུང་བ

དྲུགགྲོས་ཞིབརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་སྲོལ་ཡིག་(འཆར་ཟིན)》(གྲོས་ཞིབ་གསུམ་ལ་གྲོས་ཞིབ་བྱས་པ། 

བདུནརྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་(མ་ཟིན་)(གྲོས་ཞིབ་གསུམ་པ།ལ་གྲོས་ཞིབ་བྱས་པ།

བརྒྱད།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མིའི་གྲོས་འགོ་དང་།སྐྱོན་བརྗོད།བསམ་འཆར་བཅས་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ།

དགུམི་དོན་བསྐོ་འཐེན་བྱ་རྒྱུ།

བཅུདོན་དམ་གཞན་དག་བསྒྲུབ་རྒྱུ།

༄༅།།སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གྱི་ཚོགས་འདུ་ཐེངས་སོ་དྲུག་པའི་གནས་ཚུལ་སྙན་ཞུཡིག་ཐོག

2017ལོའིཟླ་10པའི་ཚེས་24ཉིན་དུ།རྔ་བཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཚོགས་འདུ་ཐེངས་དྲུག་པའི་ཐོག

ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གྱི་ཀྲུའུ་རེན་གཞོན་པ་ཝང་ཏེས་ཧའེ་ཡིས

 ཟླ་བ་9པའི་ཚེས་20ཉིན་ནས་ཟླ་9པའི་22ཉིད་དུ།ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་ཚོགས་འདུ་ཐེངས་སོ་དྲུག་པ་ཁྲེང་ཏུའུ་རུ་འཚོགས་ཤིང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གིས་མངག་བཅོལ་དང་བླངས་བཞེས་ནས།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཏེས་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཚོགས་འདུའི་ཐོག་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་གྲོས་རིམ་བརྡས་ཐག་བཅད་ནས་གྲོས་འཆམབྱུང་བ་དང་།ཡིག་ཐོག་ནས་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ།

ཚོགས་འདུའི་ཐོག་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི་འགོ་འཛིན་དབྱིན་ལི་ཡིས་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བསྐོ་འཐེན་བྱ་རྒྱུའི་གྲོས་གཞི་བཏོན་པའི་སྐོར་གྱི་གསལ་བཤད་ལ་ཉན་འཇོག་བྱས་པ་དང་།ཡིག་ཐོག་ནས་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གྱི་ཀྲུའུ་རེན་ཚོགས་འདུདང་།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་གོ་གནས་བསྐོ་འཐེན་གྲོས་གཞི་སྒོར་གྱི་གསལ་བཤད་ལ་ཉན་འཇོག་བྱས་པ།

ཚོགས་འདུའི་ཐོག་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཞིང་ཁྲི་ཡིས་གནང་བའི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་འཐུས་མིའི་མི་གྲངས་བགོ་འགྲེམས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་ཆོད་དོན(འཆར་ཟིན)གསལ་བཤད་ལ་ཉན་འཇོག་བྱས་པ

ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)