当前位置: 首页 / 翻译园地 / 公文

阿坝州十二届人大四次会议文件﹙二十﹚

发布时间:2020-09-01
字体:
访问量:
来源:州编译局
分享到:

阿坝州十二届人大

四次会议文件﹙二十﹚

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་

2020ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་

སྐོར་གྱི་སྙན་ཞུ། (ཡིག་ཐོག)

2020ལོའི་ཟླ1པོའི་ཚེས11ཉིན།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཐོག

རྔ་བ་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་། ཚེ་ཆོས་ཀྱིས།

འཐུས་མི་རྣམ་པ།
   
ངས་ཁུལ་མི་དམངས་སྲིད་གཞུང་གི་མངགས་བཅོལ་དང་དུ་བླངས་ནས། ད་ལྟརྔ་བ་ཁུལ་གྱི2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིནཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞིབ་བཤེར་གནང་བར་འབུལ་རྒྱུ་ཡིན་པས། ཚང་མས་ཞིབ་བཤེར་གནང་རྒྱུ་དང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་དགོངས་འཆར་གནང་རོགས།

གཅིག 2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ།
    
2019ལོར། ཛ་དྲག་དང་རྙོག་འཛིང་ཆེ་བའི་དཔལ་འབྱོར་དུས་བབ་དང་རང་བྱུང་གནོད་འཚེ་གཅིག་ཐོག་གཅིག་བརྩེགས་ཀྱི་ཤུགས་རྐྱེན་འོག ཁུལ་ཡོངས་ཀྱི་ནོར་སྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ནན་མོ་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱས་པ། བརྟན་པོའི་ངང་འཕར་བ་དང་། བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་འགོག་པ། བརྟན་བརླིང་སྲུང་བ་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་སྐུལ་འདེད་བཏང་བས། ཁུལ་ཡོངས་ཀྱི་ནོར་སྲིད་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་བོའི་རྒྱུན་བསྐྱངས་ཤིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་ཡག་པོ་ཞུས།

(གཅིག) སྤྱིར་བཏང་གི་ཐུན་མོང་སྔོན་རྩིས།

2019ལོར། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར42.8ལེགས་འགྲུབ་བྱུང་ཞིང་། ན་ནིང་དང་བསྡུར་ན2.2%ཇེ་ཉུང་དུ་སོང་ཡོད། འདིའི་ནང་དུ་ཀྲུང་དབྱང་རིམ་པར་ཡར་དབྱེ་བའི་ཡོང་འབབ་སྒོར་དུང་ཕྱུར15.3ཡོད་ལ། ན་ནིང་དང་བསྡུར་ན15.4%ཇེ་ཉུང་དུ་སོང་ཡོད་པ་དང་ ཞིང་ཆེན་རིམ་པར་ཡར་དབྱེ་བའི་ཡོང་སྒོ་སྒོར་དུང་ཕྱུར1.1ཡོད་ལ། ན་ནིང་དང་བསྡུར་ན10.6%ཇེ་མང་དུ་སོང་ཡོད། ས་གནས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར26.4མངོན་གྱུར་བྱུང་ཞིང་། སྔོན་རྩིས་ཀྱི104.3%ཟིན་པ་དང་། ན་ནིང་དང་བསྡུར་ན7.1%ཇེ་མང་དུ་སོང་ཡོདགྲུབ་ཚུལ་ཐད་ནས་བལྟས་ ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར18.5བསྡུ་རྒྱུ་མངོན་གྱུར་བྱུང་ཞིང་། སྔོན་རྩིས་ཀྱི93%ཟིན། ན་ནིང་དང་བསྡུར་ན1.1%ཇེ་ཉུང་དུ་སོང་ཡོདའདིས་ས་གནས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོའི་བསྡུར་ཚད་ཀྱི70.1%ཟིན་ཡོད ཁྲལ་མིན་ཡོང་སྒོ་སྒོར་དུང་ཕྱུར7.9མངོན་གྱུར་བྱུང་ཞིང་། སྔོན་རྩིས་ཀྱི146.4%ཟིན་པ་དང་། ན་ནིང་དང་བསྡུར་ན32.8%ཇེ་མང་དུ་སོང་ཡོད 2019ལོར། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར306.9མངོན་གྱུར་བྱུང་ཞིང་། སྔོན་རྩིས་ཀྱི95.5%ཟིན་པ་དང་། ན་ནིང་དང་བསྡུར་ན4%ཇེ་མང་དུ་སོང་ཡོད

ཁུལ་ཡོངས་ཀྱི་ས་གནས་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར26.49ལེགས་འགྲུབ་བྱུང་ཞིང་། འདིའི་ཐོག་ཏུ་གོང་རིམ་གྱི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར256.98དང་། རོགས་སྐྱོར་དང་ལེན་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར7.7། བུན་འཛིན་གྱི་དངུལ་བུན་བརྒྱུད་གཏོང་ཡོང་སྒོ་སྒོར་དུང་ཕྱུར13 ན་ནིང་གིརྩིས་འབྲས་སྤོ་སྤྲོད་མ་དངུལ་སྒོར་དུང་ཕྱུར6 ནང་འདྲེན་སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར6.6ནང་འདྲེན་མ་དངུལ་གཞན་དག་སྒོར་དུང་ཕྱུར4.8བཅས་བསྣན་རྗེས། བསྡོམས་པསཡོང་སྒོ་སྒོར་དུང་ཕྱུར321.4ཡོད སྤྱིའི་ཡོང་སྒོ་ལས་དལོའི་འགྲོ་སོང་སྒོར་དུང་ཕྱུར304.7དང་། གོང་སྤྲདའགྲོ་སོང་སྒོར་དུང་ཕྱུར3.6 སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར1.1བཅས་བཀོད་སྒྲིག་བྱས། འདི་ལས་བུ་ལོན་གྱི་མ་སྐྱེད་འཇལ་བའི་འགྲོ་སོང་སྒོར་དུང་ཕྱུར3.4བཅས་འཐེན་རྗེསལས་གཞི་ལོ་བརྒལ་ཏེ་ལག་བསྟར་བྱ་དགོས་པས་ལོ་རྗེས་མར་མུ་མཐུད་ནས་བཀོལ་སྤྱོད་དགོས་པ་སྒོར་དུང་ཕྱུར6.4རྩིས་འབྲས་སྤོ་སྤྲོད་བྱས་ཤིང་། རྩིས་འབྲས་སྤོ་སྤྲོད་གཞི་ཁྱོན་དེ་ཐུན་མོང་ནོར་སྲིད་འགྲོ་སོང་གི9%ལས་མི་བརྒལ་བའི་བླང་བྱ་དང་བསྟུན2019ལོར་ཁུལ་ཡོངས་ཀྱི་གཏོང་ཡོང་དོ་མཉམ་མངོན་གྱུར་བྱུང་།

ཁུལ་རིམ་པའི་ས་གནས་ཀྱི་སྤྱིར་བཏང་ཐུན་མོང་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར10.2ལེགས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི106.8%ཟིན་ཡོད། ན་ནིང་དང་བསྡུར་ན6.5%ཇེ་མང་དུ་སོང་ཡོད། གྲུབ་ཚུལ་ཐད་ནས་བལྟས་ ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར7.7བསྡུ་རྒྱུ་ལེགས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི94.2%ཟིན་པ་དང་། ན་ནིང་དང་བསྡུར་ན5%ཇེ་ཉུང་དུ་སོང་ཡོདའདིས་ས་གནས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོའི་བསྡུར་ཚད་ཀྱི75.1%ཟིན་ཡོད ཁྲལ་མིན་པའི་ཡོང་སྒོ་སྒོར་དུང་ཕྱུར2.5ལེགས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི179%ཟིན་ཡོད་ལ། ན་ནིང་དང་བསྡུར་ན68.3%ཇེ་ཉུང་དུ་སོང་ཡོད། ཁུལ་རིམ་པའི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར70.1མངོན་གྱུར་བྱུང་ཞིང་། སྔོན་རྩིས་ཀྱི92.1%ཟིན་པ་དང་། ན་ནིང་དང་བསྡུར་ན6.2%ཇེ་མང་དུ་སོང་ཡོད།
    ཁུལ་རིམ་པའི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར10.2ཡོད་ལའདིའི་ཐོག་ཏུ་གོང་རིམ་གྱིཁ་གསབ་རོགས་དངུལ་གྱི་ཡོང་སྒོ་སྒོར་དུང་ཕྱུར256.9དང་། རོགས་སྐྱོར་དང་ལེན་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར1.2བུན་འཛིན་གྱི་དངུལ་བུན་བརྒྱུད་གཏོང་ཡོང་སྒོ་སྒོར་དུང་ཕྱུར13 ན་ནིང་གིརྩིས་འབྲས་སྤོ་སྤྲོད་མ་དངུལ་སྒོར་དུང་ཕྱུར1.9 ནང་འདྲེན་བྱས་པའི་སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར3 འོག་རིམ་གོང་སྤྲད་ཡོང་སྒོ་སྒོར་དུང་ཕྱུར1.9། ནང་འདྲེན་བྱས་པའི་མ་དངུལ་གཞན་དག་སྒོར་དུང་ཕྱུར1.8བཅས་བསྣན་རྗེས། བསྡོམས་པས་ཡོང་སྒོ་སྒོར་དུང་ཕྱུར289.9ཡོད སྤྱིའི་ཡོང་སྒོ་ལས་ད་ལོའི་འགྲོ་སོང་སྒོར་དུང་ཕྱུར70.1དང་། འོག་རིམ་ལ་ཁ་གསབ་རོགས་དངུལ་སྤྲད་པའིའགྲོ་སོང་སྒོར་དུང་ཕྱུར205.4 གོང་རིམ་ལ་སྤྲད་པའི་འགྲོ་སོང་སྒོར་དུང་ཕྱུར3.6། བཀོད་སྒྲིག་བྱས་པའི་སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར0.7 བུ་ལོན་གྱི་མ་སྐྱེད་འཇལ་བའི་འགྲོ་སོང་སྒོར་དུང་ཕྱུར0.8 བུ་ལོན་གྱི་དངུལ་བུན་བརྒྱུད་གཏོང་འགྲོ་སོང་སྒོར་དུང་ཕྱུར6.8བཅས་འཐེན་རྗེས། ལས་གཞི་ལོ་བརྒལ་ཏེ་ལག་བསྟར་བྱ་དགོས་པས་ལོ་རྗེས་མར་མུ་མཐུད་ནས་བཀོལ་སྤྱོད་ཆོག་པའི་མ་དངུལ་སྒོར་དུང་ཕྱུར2.5རྩིས་འབྲས་སྤོ་སྤྲོད་བྱས་ཤིང་། རྩིས་འབྲས་སྤོ་སྤྲོད་གཞི་ཁྱོན་དེ་ཐུན་མོང་ནོར་སྲིད་འགྲོ་སོང་གི9%ལས་མི་བརྒལ་བའི་བླང་བྱ་དང་བསྟུན

(གཉིས)སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས

ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར5.3མངོན་གྱུར་བྱུང་ཞིང་། འདིའི་ཐོག་ཏུགོང་རིམ་གྱི་སྤོ་སྤྲོད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2.3དང་། བུ་ལོན་ཡོང་སྒོ་སྒོར་དུང་ཕྱུར10། ན་ནིང་གི་དངུལ་ལྷག་མ་སྒོར་དུང་ཕྱུར0.4བཅས་བསྣན་རྗེས། བསྡོམས་པས་ཡོང་སྒོ་སྒོར་དུང་ཕྱུར18ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར16.4མངོན་གྱུར་བྱུང་ཞིང་གཙོ་བོ་གནོད་ཤུལ་བསྐྱར་འཛུགས་དང་། ཡུལ་གྲོང་སྡེ་ཁུལ། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་ཚོགས་ཁེ་ཕན རིག་གནས་སློབ་གསོལུས་རྩལ་ལས་དོན་སོགས་ཀྱི་ཕྱོགས་སུ་སྤྱད། སྤྱིའི་ཡོང་སྒོས་ད་ལོའི་འགྲོ་སོང་སྒོར་དུང་ཕྱུར16.4དང་། ཕྱིར་གཏོང་མ་དངུལ་སྒོར་དུང་ཕྱུར1.1འཐེན་རྗེས། ལྷག་མ་སྒོར་དུང་ཕྱུར0.5ཡོད

ཁུལ་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་སྒོར་ས་ཡ1.3མངོན་གྱུར་བྱུང་ཞིང་། འདིའི་ཐོག་ཏུགོང་རིམ་གྱི་སྤོ་སྤྲོད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2.3དང་། བུ་ལོན་ཡོང་སྒོ་སྒོར་དུང་ཕྱུར10། ན་ནིང་གི་དངུལ་ལྷག་མ་སྒོར་དུང་ཕྱུར0.2བཅས་བསྣན་རྗེས། བསྡོམས་པས་ཡོང་སྒོ་སྒོར་དུང་ཕྱུར13.8ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར7.1མངོན་གྱུར་བྱུང་ཞིང་གཙོ་བོ་གནོད་ཤུལ་བསྐྱར་འཛུགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། བུན་སྐྱེད་འཇལ་བ་སོགས་ཀྱི་ཕྱོགས་སུ་སྤྱད། སྤྱིའི་ཡོང་སྒོས་ད་ལོའི་འགྲོ་སོང་སྒོར་དུང་ཕྱུར7.1དང་། བུ་ལོན་བུན་སྒྱུར་གྱི་འགྲོ་སོང་སྒོར་དུང་ཕྱུར3.3། འོག་རིམ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2.1ཕྱིར་གཏོང་མ་དངུལ་སྒོར་དུང་ཕྱུར1བཅས་འཐེན་རྗེས། མ་དངུལ་ལྷག་མ་སྒོར་དུང་ཕྱུར0.3ཡོད
    
(གསུམ)སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཁུལཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར18.9མངོན་གྱུར་བྱུང་ཞིང་། འདིའི་ནང་དུའགན་བཅོལ་འགྲོ་གྲོན་གྱི་ཡོང་སྒོ་སྒོར་དུང་ཕྱུར12.6དང་ནོར་སྲིད་ཁ་གསབ་ཀྱི་ཡོང་སྒོ་སྒོར་དུང་ཕྱུར5.8། སྐྱེད་ཀའི་ཡོང་སྒོ་སྒོར་དུང་ཕྱུར0.2། སྤོ་སྒྱུར་ཡོང་སྒོ་སྒོར་ས་ཡ1.62། ཡོང་སྒོ་གཞན་སྒོར་ས་ཡ4.13བཅས་ཡོད། འདིའི་ཐོག་ཏུ་ན་ནིང་གི་དངུལ་ལྷག་མ་སྒོར་དུང་ཕྱུར30བསྣན་རྗེས། བཀོད་སྒྲིག་བྱས་ཆོག་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར48.9ཡོད སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར14.1མངོན་གྱུར་བྱུང་ཞིང་། འདི་གཙོ་བོ་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དང་། ནད་ཚབས་ཆེན་འགན་བཅོལ་ཉོ་སྒྲུབ་ཀྱི་འགྲོ་སོང་། འོག་རིམ་ལ་ཁ་གསབ་དང་གོང་རིམ་ལ་སྤྲད་པའི་འགྲོ་སོང་བཅས་ལག་ཏུ་བསྟར་བའི་ཐད་ལ་བཀོལ། སྤྱིའི་ཡོང་སྒོས་ད་ལོའི་འགྲོ་སོང་འཐེན་རྗེས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ལོ་མཇུག་གི་མཐུད་གསོག་ལྷག་མ་སྒོར་དུང་ཕྱུར34.8ཡོད་ལའདིའི་ནང་དུ་ད་ལོའི་གཏོང་ཡོང་གི་ལྷག་་སྒོར་དུང་ཕྱུར4.8ཡོད

ཁུལརིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར17མངོན་གྱུར་བྱུང་ཞིང་། འདིའི་ནང་དུའགན་བཅོལ་འགྲོ་གྲོན་གྱི་ཡོང་སྒོ་སྒོར་དུང་ཕྱུར12.1དང་ནོར་སྲིད་ཁ་གསབ་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4.5། སྐྱེད་ཀའི་ཡོང་སྒོ་སྒོར་དུང་ཕྱུར0.2། སྤོ་སྒྱུར་ཡོང་སྒོ་སྒོར་ས་ཡ1.2། ཡོང་སྒོ་གཞན་སྒོར་ས་ཡ3.61བཅས་ཡོད། འདིའི་ཐོག་ཏུ་ན་ནིང་གི་དངུལ་ལྷག་མ་སྒོར་དུང་ཕྱུར26བསྣན་རྗེས། བཀོད་སྒྲིག་བྱས་ཆོག་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར43ཡོད སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར12.8མངོན་གྱུར་བྱུང་ཞིང་། འདི་གཙོ་བོ་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དང་། ནད་ཚབས་ཆེན་འགན་བཅོལ་ཉོ་སྒྲུབ་ཀྱི་འགྲོ་སོང་། འོག་རིམ་ལ་ཁ་གསབ་དང་གོང་རིམ་ལ་སྤྲད་པའི་འགྲོ་སོང་བཅས་ལག་ཏུ་བསྟར་བའི་ཐད་ལ་བཀོལ། སྤྱིའི་ཡོང་སྒོས་ད་ལོའི་འགྲོ་སོང་འཐེན་རྗེས། ཁུལ་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ལོ་མཇུག་གི་མཐུད་གསོག་ལྷག་མ་སྒོར་དུང་ཕྱུར30ཡོད་ལའདིའི་ནང་དུ་ད་ལོའི་གཏོང་ཡོང་གི་ལྷག་་སྒོར་དུང་ཕྱུར4.1ཡོད

(བཞི)རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས
    ཁུལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར1.2ལེགས་འགྲུབ་བྱུང་ཞིང་། སྔོན་རྩིས་སྒོར་དུང་ཕྱུར1.1གི106.6%ཟིན་ཡོད་ལ། ན་ནིང་དང་བསྡུར་ན6.6%ཇེ་མང་དུ་སོང་ཡོད། འདིའི་ཐོག་ཏུ་ན་ནིང་གི་རྩིས་འབྲས་སྤོ་སྤྲོད་སྒོར་ས་ཡ9.64བསྣན་རྗེས། བསྡོམས་པས་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར1.3ཡོད། ཁུལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་ཀྱི་འགྲོསོང་སྒོར་དུང་ཕྱུར1.2མངོན་གྱུར་བྱུང་ཞིང་། སྔོན་རྩིས་ཀྱི100%ཟིན། སང་ལོའི་འགྲོ་སོང་སྒོར་ས་ཡ7.61རྩིས་འབྲས་སྤོ་སྤྲོད་བྱས།

ཁུལ་རིམ་པའི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་ཡོང་སྒོ་སྒོར་བྱེ་1.261ལེགས་འགྲུབ་བྱུང་ཞིང་། སྔོན་རྩིས་སྒོར་ས་ཡ5ཡི252.2%ཟིན་ཡོད་ལ། ཚད་བརྒལ་ཡོང་སྒོ་སྒོར་ས་ཡ7.61ཡོད། ན་ནིང་དང་བསྡུར་ན152.2%ཇེ་མང་དུ་སོང་ཡོད། ན་ནིང་གི་རྩིས་འབྲས་སྤོ་སྤྲོད་སྒོར་ས་ཡ9.64བསྣན་རྗེས། བསྡོམས་པས་སྔོན་རྩིས་ཡོང་སྒོ་སྒོར་བྱེ་བ2.225ཡོད། ཁུལ་རིམ་པའི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་ཀྱི་འགྲོསོང་སྒོར་བྱེ་བ1.464མངོན་གྱུར་བྱུང་ཞིང་། སྔོན་རྩིས་ཀྱི100%ལེགས་འགྲུབ་བྱུང་། སང་ལོའི་འགྲོ་སོང་སྒོར་ས་ཡ7.61རྩིས་འབྲས་སྤོ་སྤྲོད་བྱས།

གོང་གི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་ཚང་མ་ཟླ་རེའི་མྱུར་ཞུའི་གཞི་གྲངས་ཡིན་ལ། ངེས་རྩིས་ཞིབ་བཤེར་ཕྱོགས་བསྡོམས་དང་ཞིང་ཆེན་ནོར་སྲིད་དང་མཉམ་དུ་ངེས་རྩིས་བརྩིསཚར་རྗེསསྔོན་རྩིས་འདི་ལ་འགྱུར་ལྡོག་ཡོད་སྲིད། སྐབས་ཐོག་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་ལ་སྙན་སེང་ཞུ།

    གཉིས། 2019ལོར་དམངས་འཐུས་གྲོས་ཆོད་དང་ནོར་སྲིད་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཚུལ།

2019ལོར། ཁུལ་ཡོངས་ཀྱི་ནོར་སྲིད་སྡེ་ཚན་གྱིསཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའིབརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་མོར་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ། ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་སྔོན་རྩིས་གྲོས་ཆོད་ཀྱི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་དང་། དམངས་འཐུས་འཐུས་མིའི་ལྟ་སྐུལ་མཛུབ་ཁྲིད་རང་འགུལ་ངང་དང་ལེན། ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམགྱི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་པ།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་དུ་འཛུགས་པ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་བོད་རིགས་ས་ཁུལ་གྱི་ཁུལ་དཔོན(གྲོང་ཁྱེར་མགོ་འཛིན)གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་ལྔ་བ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་། ནག་སེལ་ངན་འཇོམས་སོགས་གཙོ་གནད་ལས་དོན་ཁག་གཅིག་གྱུར་འགན་ལེན་བྱས་པས། ཁུལ་ཡོངས་ཀྱི་ནོར་སྲིད་ལས་དོན་གྱི་སྒུལ་ནུས་གཅིག་སྒྲིལ་དང་། རྨང་གཞི་ཇེ་བརྟན་དུ་གྱུར་ནས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་།

(གཅིག)འགན་འཁྲི་ནན་མོ་དང་སྒྲིག་གཞི་ཇེ་ལེགས་སུ་བཏང་སྟེ། ནོར་སྲིད་ཀྱི་འགན་སྲུང་ནུས་པ་མཐོར་འདེགས་བྱས།

ཐོན་ཁུངས་འདོན་པ་དང་གྲོན་ཆུང་བྱེད་པ་གཉིས་མཉམ་སྤེལ་དང་། འགྲོ་སོང་སྒྲིག་གཞི་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། འཕེལ་རྒྱས་ལ་བརྟེན་ནས་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བའི་རྒྱུན་བསྐྱངས་ཤིང་། ཤུགས་ཆེན་པོས་ནོར་ཁུངས་སྐྱེད་སྲིང་དང་ཁྲལ་ཁུངས་གསོ་སྐྱོང་དང་། འབབ་འཕར་གྱི་མི་མངོན་སྟོབས་ཤུགས་སྔོག་འདོན་བཅས་བྱས་ནས། སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་འབབ5%འཕར་བའི་དམིགས་ཚད་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་། ཀྲུང་དབྱང་དང་། ཞིང་ཆེན་གྱི་མ་དངུལ་དང་། བུན་འཛིན། སྲིད་ཇུས་ཀྱི་རྒྱབ་སྐྱོར་བཅས་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་མ་དངུལ་དུས་མཚུངས་ལས་སྒོར་དུང་ཕྱུར53.1ཇེ་མང་དུ་བཏང་ཡོད། གསོག་ཐེབས་མ་དངུལ་ཤུགས་ཆེན་པོས་ཕན་སྒྱུར་དང་། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་10%ཡན་མཐའ་གཅིག་ཏུ་ཇེ་ཉུང་དུ་བཏང་སྟེ། འགན་ལེན་གསུམདང་། གནད་འཁེལ་དབུལ་སེལ། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་སུ་དམིགས་བསལ་གྱིས་སྔོན་ལ་བཀོལ། མུ་མཐུད་དུ་ཤུགས་ཆེན་པོས་ཞན་ཆ་ཁ་གསབ་དང་། ཞན་པ་ཤུགས་ཆེར། མཐའ་ཚད་སྲུང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས30ཡི་མ་དངུལ་དགོས་མཁོ་འགན་ལེན་བྱས་པ་དང་། སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཀྱི་དམངས་འཚོའི་འགྲོ་སོང་65%ཟིན། 2019ལོར། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་འགྲོ་སོང་ཐོག་མར་སྒོར་དུང་ཕྱུར300ལས་བརྒལ་ནས། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མ་དངུལ་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས།

ཁྲལ་དང་འགྲོ་གྲོན་ཇེ་ཉུང་དུ་གཏོང་རྒྱུ་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། ཁྲལ་དང་འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ལོ་ཧྲིལ་བོར་སྒོར་དུང་ཕྱུར4.8ཀྱི་ཁྲལ་དང་འགྲོ་གྲོན་ཇེ་ཉུང་དུ་བཏང་བ་བསྣན་ནས། འགྲོ་གྲོན་སྒོར་དུང་ཕྱུར2.5ཇེ་ཉུང་དུ་བཏང་བ་དང་། ཚོང་རའི་བྱེད་པོ་དང་མི་སྒེར་གྱི་ཁུར་བོ་དངོས་གནས་ཇེ་ཡང་དུ་བཏང་། ནོར་སྲིད་ཡོང་སྒོ་ཡིའཐེན་རྩིསལ་བརྟེན་ནས་ཚོང་རའི་བྱེད་པོའི་ཕན་འབྲས་ཀྱིསྣོན་རྩིསདང་ཚོང་རའི་གསོན་ཤུགས་ཀྱིསྒྱུར་རྩིསབརྗེ་ལེན་བྱས།

(གཉིས)གཙོ་གནད་འབུར་ཐོན་གྱིས་སྒུལ་ཤུགས་ཇེ་ཆེར་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཐད་ཐབས་ཤེས་བཏོན་པར་ཕན་འབྲས་ཐོན།

རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་བསྣན་ཏེ། དབུལ་སེལ་འགག་སྒྲོལ་ལ་གཅིག་གྱུར་ངང་སྐུལ་འདེད་བཏང་། རྫོང་ཁོངས་དཔལ་འབྱོར་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་དང་སྤུས་ཚད་མཐོན་པོར་གོང་དུ་འཕེལ་བར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཞིང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་བྱེ་བ2.3མར་སྤྲད། ཁུལ་ཡོངས་ཀྱི་རྫོང་དབུལ་བོ3དང་། གྲོང་ཚོ་དབུལ་བོ33ཡིག་ཚགས་བྱང་བུ་བཟོས་པའི་མི་དབུལ་བོ4862བཅས་ཀྱི་དབུལ་སེལ་དམིགས་ཚད་ལས་འགན་ལ་དམིགས་ཏེ། རིམ་པ་དེ་གའི་ནོར་སྲིད་ཀྱིས་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ8.8བཀོད་སྒྲིག་བྱས་ཤིང་། བསྡོམས་པས་དབུལ་སྐྱོར་ཆེད་དོན་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར36གྲབས་གསོག་བྱས་པར་མ་ཟད། ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར23གཅིག་གྱུར་འཆར་འགོད་ངང་སྡེབ་སྒྲིག་བྱས། སློབ་གསོ་དང་། འཕྲོད་བསྟེན། ཐོན་ལས་བཅས་ཀྱི་དབུལ་སྐྱོར་ཐེབས་རྩ་ཁག་གསུམ་གྱི་བཀོལ་སྤྱོད་ཕན་འབྲས་དངོས་གནས་འདོན་སྤེལ་བྱས་ཤིང་། དབུལ་སྐྱོར་ཐེབས་རྩ་ཁག་གསུམ་གྱི་གཞི་ཁྱོན་སྒོར་དུང་ཕྱུར0.9དང་། སྒོར་དུང་ཕྱུར0.8། སྒོར་དུང་ཕྱུར3.6བཅས་སོ་སོར་ཟིན་པ་དང་། སྒོར་དུང་ཕྱུར4བཀོལ་སྤྱོད་བྱས་ཏེ། བཀོལ་སྤྱོད་བྱེད་ཚད75.6%ཟིན་པ་དང་། མི་དབུལ་བོ་ཐེངས་གྲངས་འབུམ1.15ལ་ཕན་ཐོགས། དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། ཁུལ་ཡོངས་ཀྱི་དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་ཉེན་འགོག་འགན་བཅོལ་ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར1.8ཟིན་པ་དང་། དབུལ་སྐྱོར་གྲངས་ཉུང་དངུལ་བུན་སྒོར་དུང་ཕྱུར4.7བཏང་ནས་ཁྱིམ་ཚང་དབུལ་བོ་ཁྲི1.2ལ་ཕན་ཐོགས། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། རྫོང་12ཀྱིས་སི་ཁྲོན་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཚད་ཡོད་ཀུང་སི་རྔ་བའི་ཡན་ལག་ཀུང་སི་དང་ནོར་དངུལ་མཉམ་འགུལ་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཡིད་རྟོན་དངུལ་བུན་ཁག་ཐེག་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་བ525ལ་ཁག་ཐེག་མ་དངུལ་སྒོར་དུང་ཕྱུར1.6ཐོབ།

བརྒྱུད་རིམ་དོ་དམ་ཞིབ་ཚགས་སུ་བཏང་ནས། གནོད་ཤུལ་བསྐྱར་འཛུགས་ལ་བྱེད་ནུས་དང་གོ་རིམ་ལྡན། “8·8”གཟི་རྩ་སྡེ་དགུའི་གནོད་ཤུལ་སླར་གསོ་བསྐྱར་འཛུགས་ལས་གཞི་བདེ་བླག་ངང་ལག་ཏུ་བསྟར་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཤིང་། རིམ་རྩིས་བྱས་ན་བསྐྱར་འཛུགས་མ་དངུལ་སྒོར་དུང་ཕྱུར65.2དོན་ཐོག་ཏུ་འཁྱོལ་བ་དང་། འགྲོ་སོང་སྒོར་དུང་ཕྱུར47.5བཏང་། གནོད་ཤུལ་སླར་གསོ་བསྐྱར་སྐྲུན་ལས་གཞིའི་མངགས་བཅོལ་དཔྱད་ཞིབ924ལེགས་འགྲུབ་བྱུང་ཞིང་། ལས་གཞི་ཞིབ་བཤེར་བསྡོམས་འབོར་སྒོར་དུང་ཕྱུར49.1ཟིན་ནས་ཆ་སྙོམས་ཞིབ་བཤེར་བྱེད་ཚད15.4%ཟིན། ཞིང་ཆེན་རྩིས་བཤེར་ཐིང་གི“8·8”གཟི་རྩ་སྡེ་དགུའི་ས་འགུལ་གནོད་ཤུལ་སླར་གསོ་བསྐྱར་འཛུགས་ཀྱི་རྗེས་འདེད་རྩིས་བཤེར་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཏེ། གནོད་ཤུལ་བསྐྱར་འཛུགས་ལས་གཞིའི་མ་དངུལ་དོ་དམ་དང་། བཀོལ་སྤྱོད། རྗེས་འདེད་ལྟ་སྐུལ་བཅས་ལ་ཤུགས་བསྣན་པ་དང་། མ་དངུལ་གཏོང་སྤྲོད་ཇེ་མགྱོགས་སུ་བཏང་། ཡིད་དབང་འཕྲོག་པའི་གཟི་རྩ་སྡེ་དགུ་འཛུགས་སྐྲུན་གྱི་བུན་འཛིན་མ་དངུལ་སྒོར་དུང་ཕྱུར3.3བརྩོན་ལེན་བྱས་ཤིང་། རྩེ་མདའ་ཡུལ་ཚོའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་རོགས་སྐྱོར་ལ་མ་དངུལ་སྒོར་བྱེ་བ6.551སྤྲད་པ་དང་། ཝུན་ཁྲོན་གྱི“8·20”དྲག་ཆར་བབས་པའི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་འཕྲལ་རྐྱེན་མྱུར་སེལ་ལ་མ་དངུལ་སྒོར་དུང་ཕྱུར3.3སྤྲད།

འཐབ་ཇུས་སྦྲེལ་མཐུད་གཏིང་ཇེ་ཟབ་ཏུ་བཏང་ནས། གྲོང་གསེབ་དར་རྒྱས་སུ་བཏང་། ཁུལ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར12.5བཏང་ནས། ཞིང་དར་ཞིང་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་འདེད་བཏང་བས། ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་བརྟན་པོར་གོང་དུ་སྤེལ། གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྨང་གཞིར་བྱས་ཤིང་། སྲིད་གཞུང་གི་གཙོ་ཁྲིད་འོག་བྱེད་པོ་སྣ་མང་མཉམ་དུ་ཞུགས་པའི་དབུལ་སེལ་འགག་སྒྲོལ་དང་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ། གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་དང་ཚོད་ལྟའི་རྫོང་། ཚོད་ལྟའི་ཡུལ་ཚོ(གྲོང་རྡལ)འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར1.5བཀོད་སྒྲིག་བྱས། གྲོང་གསེབ་དར་རྒྱས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་དང་། ཞིང་ཆེན་རིམ་པའི་གྲོང་ཚོ་བཟང་བཞི་ཅནསོགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.3བརྩོན་ལེན་བསྡུ་སྒྲིག་དང་བཀོད་སྒྲིག་བྱས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་དང་། ཐུན་མོང་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ། རྨོ་བསྐྱུར་ནགས་གསོའི་ཁ་གསབ་སོགས་ཞིང་དར་ཞིང་ཕན་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར2.4སྤྲད། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ཤུགས་ཆེན་པོས་ཁྱབ་གདལ་བཏང་ཞིང་། འགན་བཅོལ་བྱེད་དགོས་པའི་རིགས་ཚང་མ་འགན་ལེན་ཐུབ་པ་དང་། ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.6སྤྲད། འདི་ལས་ནོར་གནག་འགན་བཅོལ་ནོར་སྲིད་འགྲོ་གྲོན་སྒོར་དུང་ཕྱུར2.3ལ་སྤར། ཧྥེ་གླིང་ཕག་གི་རིམས་ནད་བཙན་ཤེད་འཛིན་གསོད་ཁ་གསབ་སྲིད་ཇུས་དོན་འཁྱོལ་དང་། འཕྲལ་རྐྱེན་མྱུར་སེལ་དངོས་རྫས་ཉོ་གསོག་ལ་རྒྱབ་སྐྱོར་བྱས་ཏེ། ཧྥེ་གླིང་ཕག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་ལྡན་པའི་རྒྱབ་སྐྱོར་བྱས།

ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ། ཁྲོམ་རའི་གསོན་ཤུགས་རིམ་བཞིན་ཇེ་ཆེར་བཏང་། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ཤིང་། ཉོ་སྒྲུབ་ཐོབ་སྐལ་སྔོན་འཇོག་དང་མ་དངུལ་སྡུད་རྒྱུག་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་བ་སོགས་ཀྱི་བྱེད་ཐབས་བཀོལ་ནས། སྲིད་གཞུང་གི་ཉོ་སྒྲུབ་ཀྱིས་དམངས་གཉེར་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཇེ་ཆེར་བཏང་བ་དང་། ཁུལ་ཡོངས་ཀྱི་སྲིད་གཞུང་ཉོ་སྒྲུབ་ཀྱིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་གན་འཇོག་མ་དངུལ་སྒོར་དུང་ཕྱུར22.2སྤྲད་པ་དེས་ཉོ་སྒྲུབ་གཞི་ཁྱོན་གྱི90%ཟིན། དངུལ་ཁང་ཁེ་ལས་ལ་ཁྲིད་སྟོན་བྱས་ཏེསྲིད་གཞུང་ནས་དངུལ་བུན་བསྐྱི་བའིགན་རྒྱའི་དངུལ་འབོར་སྒོར་བྱེ་བ2.942ཟིན། ནོར་སྲིད་དངུལ་རྩའི་མཉམ་འགུལ་སྲིད་ཇུས་ལག་ཏུ་བསྟར་ཏེ། ནོར་སྲིད་དང་དངུལ་རྩའི་མཉམ་འགུལ་བྱ་དགའི་ཁ་གསབ་མ་དངུལ་སྒོར་ས་ཡ3.03དོན་འཁྱོལ་བྱས། རྔ་བ་ཁུལ་གྱི་ཁེ་ལས་འབྲིང་ཆུང་གི་དངུལ་བུན་བརྒྱུད་གཏོང་འཕྲལ་རྐྱེན་མྱུར་སེལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། རིམ་རྩིས་བྱས་ན་ཁེ་ལས་འབྲིང་ཆུང་25ལ་སྒོར་དུང་ཕྱུར3.3དངུལ་བུན་བཏང་ཡོད། གནས་བབ་ལེགས་པའི་ལས་གཞིའི་སྙན་ཞུའི་ལས་དོན་ཡག་པོར་བསྒྲུབས་ནས། ཞིང་ཆེན་རིམ་པའི་བཟོ་ལས་གོང་སྤེལ་མ་དངུལ་སྒོར་བྱེ་བ5.365དང་། ཚོང་དོན་འཁོར་རྒྱུག་མ་དངུལ་སྒོར་བྱེ་བ4.98བརྩོན་ལེན་བྱས། གློག་རྡུལ་ཚོང་དོན་བཀོལ་སྤྱོད་དང་གནད་འཁེལ་དབུལ་སྐྱོར་ལས་དོན་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ནས། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་དཔེ་སྟོན་ཁ་གསབ་མ་དངུལ་སྒོར་བྱེ་བ2.846སྤྲད།

འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཡུལ་སྐོར་དྲིལ་སྒྲོག་གཉེར་ཚོང་གྲོན་དངུལ་སྒོར་བྱེ་བ1.7བཀོད་སྒྲིག་བྱས་ཏེ། རྔ་བའི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་སྤུས་རྟགས་བཏོད། 5Aརིམ་པའི་སྐུ་བླ་རི་བོའི་མཛེས་ལྗོངས་ས་ཁུལ་གསར་གཏོད་ལ་རྒྱབ་སྐྱོར་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར3.6དམིགས་སར་འབྱོར་ཡོད། གཟི་རྩ་སྡེ་དགུ་ཆེན་པོའི་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་སུ་གཏོང་བའི་ཐེབས་རྩ་འཛུགས་པར་སྐུལ་འདེད་བཏང་ཞིང་། སྐོར་ཐེངས་དང་པོའི་ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར4ཡིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན། མ་དངུལ་སྒོར་བྱེ་བ1.861བཏང་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དང་ཡུལ་སྐོར་མཚོན་རྟགས་ཀྱི་བྱང་བུ་བདེ་བླག་ངང་བསྐྲུན་རྒྱུ་འགན་ལེན་བྱས་པ་དང་། བུན་འཛིན་མ་དངུལ་སྒོར་དུང་ཕྱུར5.5བརྩོན་ལེན་བྱས་ཏེ། ཅོག་ཙེ་ནས་བཙན་ལྷ་དང་། ལིས་རྫོང་ནས་ཁྲོ་ཆུ། ལིས་རྫོང་ནས་བཙན་ལྷ་སོགས་ཀྱི་སྐོར་ལམ་གཞུང་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཤིང་། མ་དངུལ་སྒོར་བྱེ་བ5.22བཏང་ནས་གྲུ་ཁའི་གནམ་གྲུ་ཐང་འཛུགས་སྐྲུན་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས།

སྣོན་རྩིས་ཕན་འབྲས་ལ་འགྱུར་སྐུལ་བྱས་ཏེ། སྐྱེ་ཁམས་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་འདྲེན་བསམ་འཆར་དག་ཐེར་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་མ་དངུལ་སྒོར་བྱེ་བ5.2བཏང་། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་གྱི་འཐབ་ཇུས་ངེས་གནས་མངོན་གསལ་དོད་པ་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཇེ་བརྟན་དུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར1.5བཏང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར1.7སྤྲད་དེ། བཟོ་ལས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཞིང་། ཁོར་ཡུག་སྲུང་སྐྱོང་གི་ནུས་པ་འཛུགས་སྐྲུན་ལ་སྔར་བས་ཤུགས་བསྣན། རིམ་རྩིས་བྱས་ན་སྐྱེ་ཁམས་བྱེད་ནུས་ས་ཁུལ་གཙོ་བོའི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར23.9བཏང་ནས། སྐྱེ་ཁམས་ལས་གཞི505ལག་ཏུ་བསྟར་བ་དང་། ཙི་ཕིང་ཕུའུ་ཆུ་མཛོད་ས་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་། བཀྲ་ཤིས་གླིང་ཆུ་བོའི་བཞུར་རྒྱུད་ཀྱི་ཐན་སྐམ་ལུང་ཤུར་ས་ཁུལ་གྱི་ས་ཆུ་སྲུང་འཛིན་སོགས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་སྐྱེ་ཁམས་དབུལ་སྐྱོར་ལས་གཞི་འབོར་ཆེན་བསྐྲུན། སྐྱེ་ཁམས་སྲུང་སྐྱོང་དང་གནད་འཁེལ་དབུལ་སྐྱོར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། སྐྱེ་ཁམས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར2གྲབས་གསོག་བྱས་ཏེ། ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་ཁྲི2.4ལ་ཆ་སྙོམས་འབབ་འཕར་སྒོར8150མངོན་གྱུར་བྱུང་།

(གསུམ)ལེགས་འཐེན་ཞན་གསབ་ཀྱིས་དྲང་གཞག་ལ་སྐུལ་འདེད་བཏང་སྟེ། དམངས་འཚོའི་བདེ་སྐྱིད་མུ་མཐུད་དུ་ཇེ་ཆེར་བཏང་།

སློབ་གསོའི་བྱ་གཞག་སྔོན་ལ་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱས། ཁུལ་ཡོངས་ཀྱི་སློབ་གསོར་མ་དངུལ་སྒོར་དུང་ཕྱུར34.6བཏང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་གཏོང་འཆར་གཞི། དཔལ་འབྱོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་རོགས་དངུལ་སྤྲོད་པ་སོགས་ཀྱི་སློབ་གསོའི་དམངས་ཕན་སྲིད་ཇུས་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། སློབ་མ་འབུམ1.43ལ་ཕན་ཐོགས། ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོའི་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྔར་བས་སྐུལ་འདེད་བཏང་ཞིང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཞན་ཆ་ཁ་གསབ་དང་། ཤུགས་ཆེར་གཏོང་བའི་ལས་གཞི་གཙོ་གནད་ལ་རྒྱབ་སྐྱོར་བྱས་ཏེ། འོས་འགན་སློབ་གསོའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཧུར་ཐག་གིས་ཇེ་ལེགས་སུ་བཏང་། འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གསོའི་འགག་སྒྲོལ་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་ས་གནས་གཞན་དུ་སློབ་གཉེར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

བདེ་ཐང་གི་རྔ་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐད་མ་དངུལ་སྒོར་དུང་ཕྱུར26བཏང་། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཇེ་ཟབ་ཏུ་བཏང་ནས། གཞུང་བཙུགས་སྨན་ཁང་གིས་སྨན་རྫས་ཀྱི་བསྣན་གྲུབ་ཕྱོགས་ཡོངས་ནས་མེད་པར་བཟོ་བའི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ལ་རྒྱབ་སྐྱོར་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་ནུས་ལྡན་བྱེད་པར་འགན་སྲུང་བྱས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནོར་སྲིད་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མི་རེར་ཆ་སྙོམས་ཁ་གསབ་ཚད་གཞི་ལོ་རེར་སྒོར69ཟིན། ཡུལ་གྲོང་སྡོད་དམངས་སྨན་བཅོས་འགན་བཅོལ་གྱི་རྒྱུན་མཐུད་མ་དངུལ་གྲབས་གསོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས། སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ནས་མི་རེར་ལོ་རེར་སྒོར520ཡོད།

སྤྱི་ཚོགས་འགན་བཅོལ་ལས་ཞུགས་མ་ལག་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས། ཁུལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ལས་ཞུགས་ཐད་མ་དངུལ་སྒོར་དུང་ཕྱུར23.1བཏང་། གཅིག་གཅོག་གཉིས་གསབདངོས་གནས་ལེགས་པོར་བསྒྲུབས་ཤིང་། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། སྨན་བཅོས་འགན་བཅོལ་གྲོན་དངུལ་འཇལ་བའི་གཞི་གྲངས་བརྒྱ་ཆའི་གཞི་གྲངས་ལས24ཇེ་དམའ་རུ་བཏང་། ཡུལ་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་བྱ་ཡུལ་ལ་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་ནས་ལག་ཏུ་བསྟར་བ་དང་། རོགས་དངུལ་སྒོར་དུང་ཕྱུར3.5ཁ་གསབ་བྱས་ཏེ། འགན་སྲུང་བའི་མི་འབུམ7.1ལ་ཕན་ཐོགས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྤྱི་ཚོགས་འགན་བཅོལ་མི་སྒེར་གྱིས་སྤྲོད་དགོས་པ་དེ་ནོར་སྲིད་ཀྱིས་ཚབ་སྤྲོད་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། མ་དངུལ་སྒོར་བྱེ་བ2.22བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་འབུམ1.04ལ་ཕན་ཐོགས། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་དངོས་པོའི་རིན་གོང་འཕར་བ་དང་སྦྲེལ་མཐུད་བྱེད་པའི་མཉམ་འགུལ་ལམ་སྲོལ་ལག་ཏུ་བསྟར་ཏེ། རིན་གོང་གི་གནས་སྐབས་ཁ་གསབ་སྒོར་བྱེ་བ1.87སྤྲད་ཡོད། སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར158.5སྤྲད་དེ། རྒན་གསོའི་ཞབས་ཞུའི་ལས་རིགས་དང་། དབང་བོ་སྐྱོན་ཅན་དང་བྱིས་པའི་ཕན་བདེའི་བྱ་གཞག་བཅས་ཤུགས་ཆེན་པོས་གོང་དུ་སྤེལ། ཁུལ་ཡོངས་ཀྱི་ཡུལ་གྲོང་གི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་སོ་སོར་ཇེ་མཐོར་བཏང་ནས་མི་རེར་ལོ་རེར་སྒོར350དང་སྒོར540རེ་ཡོད་ལ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཧུར་ཐག་གིས་འགན་ལེན་བྱས། ཕྱིར་ལོག་དམག་མིའི་འཆི་གོད་གྱོང་གསབ་གཟིགས་སྐྱོང་དང་། ཕྱིར་ལོག་བཀོད་སྒྲིག སྤྱི་ཚོགས་འགན་བཅོལ་སྤོ་སྒྱུར་འབྲེལ་མཐུད་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྫོང་(གྲོང་ཁྱེར)13གྱི་ཕྱིར་ལོག་དམག་མི་དཀའ་ངལ་ཅན་གྱི་གཅེས་སྐྱོང་རོགས་སྐྱོར་ཐེབས་རྩའི་གཞི་ཁྱོན་སྒོར་ས་ཡ7.6ཟིན། ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.7སྤྲད་ཅིང་། ལས་ཞུགས་ལས་གཏོད་ལས་དོན་འགན་ལེན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས།

རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱས། ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར18.3བཏང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་རྫོང་དབུལ་བོའི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་ཚད་ལེན་ལས་གྲྭ་ལག་ཏུ་བསྟར་ནས། སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། མ་དངུལ་སྒོར་བྱེ་བ2.738སྤྲད་ནས་དངོས་མང་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། ལུས་རྩལ་ཁང་སོགས་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་གཞིར་རིན་སྤྲོད་མི་དགོས་པ་དང་རིན་གོང་དམའ་བའི་ངང་སྒོ་འབྱེད་པར་རྒྱབ་སྐྱོར་བྱས་ཤིང་། ཁུལ་ཡོངས་ཀྱི་སྒོ་འབྱེད་གནས255ཟིན་ཡོད། རིག་གནས་ཐོན་ལས་གོང་སྤེལ་ཆེད་དོན་མ་དངུལ་སྒོར་ས་ཡ8སྤྲད་ནས། བོད་ཆའང་རིག་གནས་ཐོན་ལས་གླིང་ཁུལ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་སོགས་ཀྱི་ཁྱད་ལྡན་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། མ་དངུལ་སྒོར་ས་ཡ9.86བཏང་ནས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བ་བདེ་བླག་ངང་འཚོགས་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

(བཞི)ལམ་སྲོལ་གསར་གཏོད་བྱས་ནས་གསོན་ཤུགས་སྤེལ་བ་དང་། ནོར་སྲིད་བསྒྱུར་བཅོས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་སྤེལ།

ནོར་སྲིད་བསྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་བརྟན་པོ་བཏང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་མོར་སྤེལ་བའི་སྐོར་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་ཁྲལ་འབབ་དཔྱད་དཔོག་ལས་ཀ་སྤེལ་ཏེ། ད་ལྟ་སྤྱོད་གོ་ཆོད་པའི་ཁྲལ་འབབ་ལུགས་དང་མཐུན་པར་ལེགས་སྒྲིག་བྱས། ཐང་འཕར་དཔྱ་ཁྲལ་དང་མི་སྒེར་གྱི་ཐོབ་ཁྲལ་བསྒྱུར་བཅོས་མུ་མཐུད་དུ་ཟབ་མོར་སྤེལ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་རྒྱལ་མཛོད་ཀྱིས་གཅིག་བསྡུས་ངང་གཏོང་སྤྲོད་བྱེད་པ་སོགས་ཕྱོགས8ཀྱི་བསྒྱུར་བཅོས་དོན་ཚན73ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཞིང་། ཁུལ་དང་རྫོང་གི་སྒྲུབ་གཉེར་བྱས་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་དང་བཞི་བར་བཀོད་ཡོད། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་ལ་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། སྲིད་གཞུང་གི་རྒྱུ་ནོར་སྙན་ཞུ་ཏན་ཏིག་གིས་བཟོ་འགོད་བྱས་ཏེ། དགོས་མཁོ་ཡོངས་དང་ཕྱོགས་ཡོངས་སུ་ཁྱབ་པའི་སྲིད་གཞུང་གི་རྒྱུ་ནོར་གྲངས་མཛོད་ཐོག་མར་བཙུགས། ས་གནས་སྲིད་གཞུང་གི་བུན་ལེན་དངུལ་བསྡུའི་བྱ་སྤྱོད་དངོས་གནས་ཚད་ལྡན་དུ་བཏང་ཞིང་། ནོར་སྲིད་ཀྱིས་སྔ་འདོན་དངུལ་བསྐྱིས་ནས་ཐག་གཅོད་པའི་ལས་ཀ་ཤུགས་ཆེན་པོར་སྤེལ་ཏེ། གནས་སྐབས་གཏོང་སྤྲོད་རང་བཞིན་གྱི་གྲོན་དངུལ་སྒོར་དུང་ཕྱུར8ཐག་བཅད། གཞུང་དོན་བྱང་བུ་བསྒྱུར་བཅོས་ལ་སྔར་བས་སྐུལ་འདེད་བཏང་ཞིང་། ཁུལ་ཡོངས་ཀྱི་བྱང་བུ་གཉེར་ཚད81%ཟིན་པ་དང་། གཞུང་དོན་བྱང་བུའི་རྩིས་ཞུའི་དངུལ་འབོར་སྒོར་དུང་ཕྱུར4.1ཟིན་པ་དེ་དུས་མཚུངས་ལས14%ཇེ་མང་དུ་སོང་ཡོད། གློག་རྡུལ་འཛིན་ཤོག་བསྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། སྔོན་རྩིས་སྡེ་ཚན་གྱི(སྨན་བཅོས་ལས་ཁུངས་མ་གཏོགས)གློག་རྡུལ་འཛིན་ཤོག་དྲ་རུ་ཞུགས་ཚད100%ཟིན་ཡོད། རྩིས་གཉེར་དོ་དམ་གྱི་རྨང་གཞིའི་ལས་དོན་དམ་འཛིན་ཡག་པོ་བྱས་ཤིང་། སྲིད་གཞུང་གི་རྩིས་གཉེར་ཚད་གཞིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཆེད་དོན་གསོ་སྦྱོང་ཐེངས29སྤེལ་བ་དང་། མི3227གསོ་སྦྱོང་བྱས།

མུ་མཐུད་དུ་སྔོན་རྩིས་ཕན་འབྲས་དོ་དམ་གྱི་ཤུགས་ཇེ་ཆེར་བཏང་། ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བར་རྩེ་གཅིག་ཏུ་དམིགས་ཤིང་། སྔོན་རྩིས་ཀྱི་དོན་དག་མ་བསྒྲུབས་གོང་གི་ཕན་འབྲས་ལ་དཔྱད་དཔོག་གི་ལམ་སྲོལ་རིམ་བཞིན་འཛུགས་པ་དང་། སྔོན་རྩིས་ཕན་འབྲས་དམིགས་འབེན་དོ་དམ་གྱི་ཤུགས་ཇེ་ཆེར་བཏང་བ། སྔོན་རྩིས་ཀྱི་ཕན་འབྲས་ལ་གདེང་འཇོག་བྱ་རྒྱུ་དེ་ལས་གཞི་གཙོ་བོར་འཛིན་པ་ནས་སྲིད་ཇུས་དང་སྡེ་ཁག་སྤྱི་ཡོངས་ཀྱི་འགྲོ་སོང་རྒྱ་སྐྱེད་པར་སྐུལ་འདེད་བཏང་བ། ལོ་ཧྲིལ་བོའི་སྔོན་རྩིས་ཕན་འབྲས་ལ་གདེང་འཇོག་གི་མ་དངུལ་སྒོར་དུང་ཕྱུར66.1ཟིན་པ་དང་། ན་ནིང་དང་བསྡུར་ན65.3%ཇེ་མང་དུ་སོང་ཡོད། ནོར་སྲིད་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་ཟབ་མོ་བཏང་ཞིང་རང་རྟོགས་ཀྱིས་ལྟ་སྐུལ་དང་དུ་བླངས་ཏེ། 2019ལོར། ཁུལ་དང་རྫོང་(གྲོང་ཁྱེར)སྲིད་གཞུང་གི་སྤྱིའི་སྔོན་རྩིས་དང་ངེས་རྩིས། གཞུང་གསུམགྱི་སྔོན་རྩིས་དང་ངེས་རྩིས་བསྡོམས་འབོར་ཡོངས་བསྒྲགས་ཁྱོན་ཡོངས་ལ་ཁྱབ། སྔོན་རྩིས་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ཞིང་། སྔོན་རྩིས་ཀྱི་འགྱུར་མེད་རང་བཞིན་གྱི་ཚོད་འཛིན་པའི་ཤུགས་ཇེ་ཆེར་བཏང་བ་དང་། ཕན་འབྲས་གདེང་འཇོག་བྱས་འབྲས་དང་སྔོན་རྩིས་བཀོད་སྒྲིག་ཟུང་འབྲེལ་གྱི་ལམ་སྲོལ་བཙུགས་ཏེ། སྔོན་རྩིས་བཟོ་འགོད་ཀྱི་ཚན་རིག་རང་བཞིན་དང་། ཚད་ལྡན་རང་བཞིན་མུ་མཐུད་དུ་ཇེ་མཐོར་བཏང་།

ནོར་སྲིད་ལས་དོན་ལ་ཏན་ཏིག་གིས་དོ་དམ་བྱས། སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཁུལ་ཡོངས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་སྔོན་རྩིས་སྒོར་དུང་ཕྱུར24.6ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར1.7གྲོན་ཆུང་བྱས་ཤིང་། གྲོན་ཆུང་བྱས་ཚད6.5%ཟིན། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་སྲིད་ཇུས་མ་ལག་འཐུས་ཇེ་ཚང་དུ་བཏང་སྟེ། ཉོ་སྒྲུབ་ཞབས་ཞུའི་ནང་དོན་དང་ཁྱབ་ཁོངས་རྒྱ་བསྐྱེད། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་བསྡུ་བ་དེ་མུ་མཐུད་དུ་གཙང་བཤེར་དང་ཚད་ལྡན་དུ་བཏང་ཞིང་། གྲོན་དངུལ་བསྡུ་བའི་དཀར་ཆག་གསལ་ཐོ་དོ་དམ་དང་གྲོན་དངུལ་བསྡུ་བའི་ཡོངས་བསྒྲགས་ལ་ཤུགས་བསྣན། སྒྲིག་གཞི་བསྒྱུར་བཅོས་ལས་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་ལས་དོན་སྤེལ་བ་དང་། ནོར་སྲིད་ལྟ་སྐུལ་གྱི་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཁྲལ་འཇལ་མི་དགོས་པ་དང་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་ཡོད་པ་གསུམཞེས་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་དང་རྩིས་གཉེར་ཆ་འཕྲིན་སྤུས་ཚད་ཞིབ་བཤེར་སོགས་ཆེད་དོན་ཞིབ་དཔྱད་དང་ཞིབ་བཤེར་ལས་དོན་ཁག8གཏིང་ཟབ་མོར་སྤེལ་ཞིང་། མ་དངུལ་སྒོར་དུང་ཕྱུར66.6དང་འབྲེལ་བ་ཡོད། དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུབྱང་གཅིག་ཀུན་བཀོལགྱི་ཡུན་ཕན་དོ་དམ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་། ཁུལ་ཨུའི་སྐོར་ཞིབ་གཞུང་དོན་ཁང་གིས་སྐོར་ཞིབ་ཤེས་རྟོགས་བྱུང་བའི་གནད་དོན་གྱི་ཁུངས་སྣེ30ལ་ཞིབ་དཔྱད་བྱས།

ཁྲིམས་སྐྱོང་ནོར་སྲིད་འཛུགས་སྐྲུན་མུ་མཐུད་དུ་གཏིང་ཇེ་ཟབ་ཏུ་བཏང་། ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་དོན་འཁྱོལ་ནན་ཏན་དང་། རང་འགུལ་གྱིས་ཁུལ་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་ལ་ནོར་སྲིད་འཁོར་སྐྱོད་བྱས་ཚུལ་གྱི་སྙན་ཞུ་ཕུལ་ཞིང་། 2018ལོའི་ལོ་འཁོར་གྱི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་སྙན་ཞུ་གཞན་དག་ལས་བཏོན་པའི་གནད་དོན་དག་ཐེར་ཡོ་བསྲང་དོན་འཁྱོལ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། དམངས་འཐུས་དང་། སྲིད་གྲོས། རྩིས་བཤེར། ཁྲིམས་འཛིན་བཅས་ཀྱི་ལྟ་སྐུལ་རང་འགུལ་གྱིས་དང་དུ་བླངས། དམངས་འཐུས་འཐུས་མིའི་བསམ་འཆར39དང་། སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི55ཐག་བཅད་པ་ཚང་མ100%བློར་བབས་ཡོད།

གསུམ། 2020ལོའི་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་གྱི་སྣོལ་མཚམས་སུ་ལངས་ནས། 2020ལོའི་སྔོན་རྩིས་ལེགས་པོར་བཟོ་བ་དང་། ནོར་སྲིད་ལས་དོན་ཁག་ཡག་པོར་བསྒྲུབ་པ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ནས། རང་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་སྤེལ་བ་དང་སྤྱི་ཚོགས་བརྟན་བརླིང་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

2020ལོར། སྔོན་རྩིས་བཟོ་འགོད་ཀྱི་མཛུབ་སྟོན་བསམ་བློ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་བ། ཐེངས་ལྔ་བ། ཐེངས་དྲུག་པ་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཐེངས་དྲུག་པ། ཐེངས་བདུན་པ། ཐེངས་བརྒྱད་པ། ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བཀོད་སྒྲིག་ལྟར། ཏང་གིས་ནོར་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན། བརྟན་ཐོག་ཡར་སྤེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འགན་ལེན་གསུམ་དང་ཕུལ་བྱུང་གཅིགཕྱོགས་ཡོངས་ནས་དོན་འཁྱོལ། འཚོ་བ་དམ་པོ་རོལ་བའི་བསམ་བློ་བརྟན་པོ་འཛུགས་པ། ཧུར་བརྩོན་གྲོན་ཆུང་ལག་ལེན་ནན་ཏན་དང་། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་ལུགས་མཐུན་ངང་བཀོད་སྒྲིག འཕྲལ་མཁོ་མིན་པ་དང་མཁྲེགས་པོ་མིན་པའི་འགྲོ་སོང་ཚོད་འཛིན་ནན་པོ་བྱེད་པ། ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་། ཁུལ་མན་གྱི་གཏོང་ཡོང་དབྱེ་འབྱེད་འཛུགས་པ་དང་འཐུས་ཇེ་ཚང་དུ་གཏོང་བ། སྔོན་རྩིས་དོ་དམ་ལམ་ལུགས་འཐུས་ཇེ་ཚང་དུ་བཏང་སྟེ། སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱ་དགོས། ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱི་ཤུགས་ཇེ་ཆེར་དང་། རྩིས་སྒྱུར་ལྷག་གྲངས་མ་དངུལ་དོ་དམ་ཚད་ལྡན་ནན་པོར་བཟོ་བ། གསོག་ཐེབས་མ་དངུལ་མུ་མཐུད་དུ་ནུས་ལྡན་ངང་ཕན་སྒྱུར་བྱས་ཏེ། རང་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམའཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་ནོར་ཤུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས། 2020ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོར་གཞིགས་ཤིང་། ཁྲལ་འཇལ་མི་དགོས་པ་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ཀྱི་རྒྱུ་རྐྱེན་དང་ཟུང་དུ་སྦྲེལ་ཏེ། 2020ལོར་ཁུལ་ཡོངས་དང་ཁུལ་རིམ་པ་དེ་གའི་སྔོན་རྩིས་ཀྱིསབརྟན་ཐོག་ཡར་སྤེལ་དང་། ཕན་ནུས་བརྟན་པོ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག ཧུར་བརྩོན་གྲོན་ཆུང་། ནུས་དཔག་ལས་སྒྲུབ། ཕན་འབྲས་བརྩོན་པ། གཏོང་ཡོང་དོ་སྙོམསབཅས་ཀྱི་རྩ་དོན་སྒྲིག་གཞི་བརྩི་སྲུང་བྱ་དགོས།

(གཅིག)སྤྱིར་བཏང་གི་ཐུན་མོང་སྔོན་རྩིས།

ཁུལ་ཡོངས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོའི་སྔོན་རྩིས་སྒོར་དུང་ཕྱུར27.3བཀོད་སྒྲིག་བྱས་ཤིང་། ན་ནིང་དང་བསྡུར་ན5%ཇེ་ཉུང་དུ་གཏང་དགོས། འདིའི་ཐོག་ལ་གོང་རིམ་ནས་སྤོ་སྤྲོད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར101.7(འདི་ལས་དཀའ་ངལ་ཡོད་པའི་ནོར་ཤུགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར3.2ཡིན)དང་། ནང་འདྲེན་མ་དངུལ་སྒོར་དུང་ཕྱུར11.8། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.3བཅས་བསྣན་རྗེས། སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར143.1དགོསསྤྱིའི་ཡོང་སྒོ་ལས་གོང་རིམ་ལ་སྤྲད་པའི་འགྲོ་སོང་སྒོར་དུང་ཕྱུར2དང་། བུ་ལོན་གྱི་སྐྱེད་འཇལ་འགྲོ་སོང་སྒོར་དུང་ཕྱུར2.8བཅས་འཐེན་རྗེས། ཁུལ་ཡོངས་ཀྱི་འགྲོ་སོང་གཞི་ཁྱོན་སྒོར་དུང་ཕྱུར138.3བཀོད་སྒྲིག་བྱ་ཆོག གཏོང་ཡོང་དོ་མཉམ་གྱི་རྩ་དོན་ལྟརཁུལ་ཡོངས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་འགྲོསོང་གི་སྔོན་རྩིས་སྒོར་དུང་ཕྱུར138.3བཀོད་སྒྲིག་བྱ་དགོས།

ཁུལ་རིམ་པ་དེ་གའི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོའི་སྔོན་རྩིས་སྒོར་དུང་ཕྱུར10.4བཀོད་སྒྲིག་བྱས་ཤིང་། ན་ནིང་དང་བསྡུར་ན2%ཇེ་ཉུང་དུ་གཏང་དགོས། འདིའི་ཐོག་ལ་གོང་རིམ་ནས་སྤོ་སྤྲོད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར101.7(འདི་ལས་དཀའ་ངལ་ཡོད་པའི་ནོར་ཤུགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར3.2ཡིན)དང་། ནང་འདྲེན་མ་དངུལ་སྒོར་དུང་ཕྱུར10.4། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.3བཅས་བསྣན་རྗེས། སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར124.8དགོསསྤྱིའི་ཡོང་སྒོ་ལས་འོག་རིམ་ལ་སྤྲད་པའི་འགྲོ་སོང་སྒོར་དུང་ཕྱུར81.5དང་། གོང་རིམ་ལ་སྤྲད་པའི་འགྲོ་སོང་སྒོར་དུང་ཕྱུར1.5། བུ་ལོན་གྱི་སྐྱེད་འཇལ་འགྲོ་སོང་སྒོར་དུང་ཕྱུར2.8བཅས་འཐེན་རྗེས། ཁུལ་རིམ་པ་དེ་གའི་འགྲོ་སོང་གཞི་ཁྱོན་སྒོར་དུང་ཕྱུར39བཀོད་སྒྲིག་བྱ་ཆོག གཏོང་ཡོང་དོ་མཉམ་གྱི་རྩ་དོན་ལྟར སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་འགྲོསོང་གི་སྔོན་རྩིས་སྒོར་དུང་ཕྱུར39བཀོད་སྒྲིག་བྱ་དགོས།

2020ལོར་ཁུལ་རིམ་པ་དེ་གའི་གཞི་རྩའི་འགྲོ་སོང་སྔོན་རྩིས་སྒོར་དུང་ཕྱུར29.7བཀོད་སྒྲིག་བྱས་ཤིང་། ལོ་གོང་མའི་སྔོན་རྩིས་ལས་སྒོར་དུང་ཕྱུར0.5ཇེ་ཉུང་ལ་སོང་བ་དང་། དེས་སྤྱིའི་འགྲོ་སོང་གི68%ཟིན་ཡོད། གཅིག་ནི་མི་སྣའི་འགྲོ་སོང་སྒོར་དུང་ཕྱུར22.4ཡིན་པ་དང་། གཙོ་བོ་གཞི་རྩའི་གླ་ཕོགས་དང་། ཕོགས་སྣོན་ཁ་གསབ། ཟླ13པའི་བྱ་དགའི་དངུལ། ལས་ཁུངས་དང་ལས་དོན་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་སོགས་སྤྱི་ཚོགས་འགན་སྲུང་གྲོན་དངུལ། ལས་རིགས་ཀྱི་ལོ་དངུལ། ལས་ཕྱོད་གླ་ཕོགས། གླ་ཕོགས་དང་ཕན་བདེ་རང་བཞིན་གྱི་འགྲོ་སོང་བཅས། འཆི་གོད་གྱོང་གསབ། འདས་པོའི་ཁྱིམ་མིའི་འཚོ་བའི་ཁ་གསབ། དམིགས་བསལ་ཉེན་རྟོག་པའི་སྦྱོང་བརྡར་དང་འཚོ་བའི་ཁ་གསབ་སོགས་མི་སྒེར་དང་ཁྱིམ་ཚང་གི་ཁ་གསབ་འགྲོ་སོང་གཞན་དག་རེད། གཉིས་ནི་གཞི་རྩའི་འཁོར་སྐྱོད་འགྲོ་སོང་སྒོར་དུང་ཕྱུར5.7ཡིན་ལ། ལོ་གོང་མའི་སྔོན་རྩིས་ལས་སྒོར་དུང་ཕྱུར0.8ཇེ་ཉུང་ལ་སོང་བ་དང་། 12.4%མར་བབས་ཏེ། སྤྱིར་བཏང་གི་ཐུན་མོང་ཞབས་ཞུའི་འགྲོ་སོང་10%ཇེ་ཉུང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་བྱ་དགོས། 2020ལོར་ཁུལ་རིམ་པ་དེ་གའི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཀྱི་འགྲོ་སོང་རྣམ་གྲངས་གཙོ་བོ་གཤམ་གསལ་ལྟར་བཀོད་སྒྲིག་བྱ་དགོས་ཏེ།

1.སྤྱིར་བཏང་གི་ཐུན་མོང་ཞབས་ཞུའི་འགྲོ་སོང་སྒོར་དུང་ཕྱུར4.9དགོས་ལ། གཙོ་བོ་ལས་ཁུངས་དང་ལས་དོན་སྡེ་ཚན་གྱིས་ཐུན་མོང་དོ་དམ་དང་ཐུན་མོང་ཞབས་ཞུ་སོགས་འདོན་སྤྲོད་བྱེད་པའི་འགྲོ་སོང་ཐད་ལ་བཀོལ་དགོས། འདིའི་ནང་ནས་རྔ་བ་ཁུལ་གྱི་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་ཆེད་སྤྱོད་འགྲོ་གྲོན་སྒོར་བྱེ་བ1.885དང་། རྔ་བ་ཁུལ་གྱི་སྲིད་དོན་སྤྲིན་ཞབས་འདེགས་དང་སྲིད་དོན་གྲངས་འཛིན་ཆེན་མོའི་ལས་སྟེགས་ཞབས་ཞུའི་འགྲོ་གྲོན་སྒོར་བྱེ་བ1.6། བཟོ་ཚོགས་ཀྱི་འགྲོ་གྲོན་སྒོར་བྱེ་བ1.53། རྨ་ཆུའི་སྟོད་རྒྱུད་ཀྱི་ཞིང་ཆེན་གསུམ་དང་ཁུལ་བཞིའི་སྐྱེ་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོས་མོལ་སྲིད་གླེང་བྱེད་སྒོ་ལ་སྒོར་ས་ཡ5། གཞུང་ཞབས་པའི་རྒྱུགས་དང་བསྡུ་ལེན། གདམ་གསེས་ལས་དོན་གྱི་འགྲོ་གྲོན་སྒོར་ས་ཡ2.1། ས་ཁམས་མཚོན་རྟགས་དང་སྤུས་རྟགས་བྱ་དགའི་མ་དངུལ་སྒོར་ས་ཡ2། སྲིད་དོན་ལྟེ་གནས་ཀྱི་འཁོར་སྐྱོད་འགྲོ་གྲོན་སྒོར་ས་ཡ1.5། དམིགས་བསལ་དཀའ་ངལ་ཡོད་པའི་ལས་བཟོ་བར་རོགས་སྐྱོར་ཟབ་མོ་བྱེད་པར་སྒོར་ས་ཡ1བཅས་བཀོད་སྒྲིག་བྱ་དགོས།

2.སྤྱི་པའི་བདེ་འཇགས་ཀྱི་འགྲོ་སོང་སྒོར་དུང་ཕྱུར2.5དགོས་ལ། གཙོ་བོ་སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་ཁྲིམས་འཛིན་སོགས་སྤྱི་པའི་བདེ་འཇགས་ལས་དོན་གྱི་འགྲོ་སོང་ཐད་ལ་བཀོལ་དགོས། འདིའི་ནང་དུ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྲངས་འཛིན་ཆེན་མོའི་བཀོད་འདོམས་ལྟེ་གནས་ལས་སྒོའི་ལག་རྩལ་ལ་བཀོལ་བའི་ཁང་བའི་འཛུགས་སྐྲུན་ལ་སྒོར་བྱེ་བ1དང་། གཞུང་ལམ་འགྲིམ་འགྲུལ་ཕྱོགས་བསྡུས་རིག་ནུས་ལྟ་སྐུལ་ཚོད་འཛིན་མ་ལག་ལ་སྒོར་ས་ཡ9.56 དམིགས་བསལ་ཉེན་རྟོག་པར་སྦྱོང་བརྡར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ས་ཡ3.9 དམིགས་བསལ་ཉེན་རྟོག་པའི་ལས་སྒོའི་འགྲོ་གྲོན་སྒོར་ས་ཡ3.5 སྤྱི་བདེ་ཅུས་ཀྱི་ཀྲའོ་གྲངས350ཡི་གཅིག་འདུས་ལྕགས་སྒྲོམ་དང་། དེ་མིན་ལམ་ཐིག་བོགས་མར་སྒོར་ས་ཡ2.6 སྤྱི་བདེའི་ལས་སྒོའི་འགྲོ་གྲོན་སྒོར་ས་ཡ2 མི་དམངས་ཉེན་རྟོག་པར་ལས་དུས་འཕར་སྣོན་གླ་ཆ་སྒོར་ས་ཡ5.3བཅས་བཀོད་སྒྲིག་བྱ་དགོས།

3.སློབ་གསོའི་འགྲོ་སོང་སྒོར་དུང་ཕྱུར2.8དགོས་ལ། གཙོ་བོ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་འགྲོ་སོང་འགན་ལེན་བྱེད་པའི་ཐད་ལ་བཀོལ་དགོས། འདིའི་ནང་ནས་ཁུལ་རིམ་པ་དེ་གའི་སློབ་གསོའི་མ་དངུལ་སྒོར་བྱེ་བ2དང་། ལོ་བཅོ་ལྔའི་འོས་འགན་སློབ་གསོའི་སློབ་སྔོན་དང་མཐོ་རིམ་སློབ་འབྲིང་གི་གྲོན་དངུལ་སྒོར་བྱེ་བ1.5 གསོ་སྦྱོང་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་གྲོན་དངུལ་སྒོར་བྱེ་བ1.1 ཁུལ་རིམ་པ་དེ་གའི་ཞག་སྡོད་ལམ་ལུགས་ཀྱི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ས་ཡ5 ལོ་བཅུའི་བྱ་སྤྱོད་འཆར་གཞིའི་མ་ལག་ཚང་བའི་མ་དངུལ་སྒོར་ས་ཡ5 མཐོ་རིམ་སློབ་འབྲིང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྒོར་ས་ཡ2.5 ཡིག་ཚགས་བྱང་བུ་བཟོས་པའི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མའི་སློབ་ཡོན་དང་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ས་ཡ2བཅས་བཀོད་སྒྲིག་བྱ་དགོས། ཏང་གི་སློབ་གྲྭའི་གསོ་སྦྱོང་འཁོར་རྒྱུག་གྲོན་དངུལ་དང་དངོས་ཟོག་ཉོ་སྒྲུབ་སྒོར་ས་ཡ9.4དང་། རྔ་བའི་ལས་རིགས་སློབ་གླིང་གི་ཤེས་རབ་སློབ་རའི་འཛུགས་སྐྲུན་ལ་སྒོར་ས་ཡ5བཅས་བཀོད་སྒྲིག་བྱ་དགོས། གཞོན་ནུའི་ལས་གཏོད་དང་བུད་མེད་སྟབས་བསྟུན་ལས་ཞུགས་ཀྱི་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་ས་ཡ2ཟིན་ཡོད་པ་རེད།

4.ཚན་རིག་ལག་རྩལ་གྱི་འགྲོ་སོང་སྒོར་དུང་ཕྱུར0.4དགོས་ལ། གཙོ་བོ་ཚན་རིག་ལག་རྩལ་དངོས་སྒྱུར་གྱིས་ཚན་རིག་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་གྱི་ཐད་ལ་བཀོལ་དགོས། འདིའི་ནང་ནས་ཚན་རྩལ་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་མ་དངུལ་སྒོར་ས་4དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་མ་དངུལ་སྒོར་ས་ཡ3། ཚན་རྩལ་གསར་གཏོད་མ་དངུལ་སྒོར་ས་ཡ3། རྔ་བ་ཁུལ་ཕྱུགས་ལས་ཚན་རིག་ལག་རྩལ་ཞིབ་འཇུག་སུའོ་ཡི་ཚན་ཞིབ་ཚོད་ལྟའི་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་ལས་གཞི་ལ་སྒོར་ས་ཡ2.1བཅས་བཀོད་སྒྲིག་བྱ་དགོས།

5.རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་གྱི་འགྲོ་སོང་སྒོར་དུང་ཕྱུར4.2དགོས་ལ། གཙོ་བོ་རིག་གནས་དང་། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར་བྱ་གཞག དེ་མིན་འབྲེལ་ཡོད་བྱ་གཞག་འཕེལ་རྒྱས་ཀྱི་འགྲོ་སོང་བཅས་ཀྱི་ཐད་ལ་བཀོལ་དགོས། འདིའི་ནང་ནས་ཁུལ་རིམ་པ་དེ་གའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་བྱེ་བ3.5(“འཕྲུལ་འཁོར་གཅིག་གིས་རྔ་བར་ཡུལ་སྐོར་བྱེད་པའིལས་གཞིའི་མ་དངུལ་གཏོགས)དང་། གཟི་རྩ་སྡེ་དགུ་དོ་དམ་ཅུས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞིག་གསོ་ལ་སྒོར་ས་ཡ5 ལུས་རྩལ་འགྲན་བསྡུར་གྱི་འགྲོ་གྲོན་སྒོར་ས་ཡ4 སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཁུལ་རིམ་པ་དེ་གའི་མ་ལག་ཚང་བའི་མ་དངུལ་སྒོར་ས་ཡ2 རིག་རྩལ་གསར་རྩོམ་ཐེབས་རྩ་སྒོར་ས་ཡ1བཅས་བཀོད་སྒྲིག་བྱ་དགོས།

6.སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་འགྲོ་སོང་སྒོར་དུང་ཕྱུར3.7དགོས་ལ། གཙོ་བོ་ལས་ཞུགས་དང་སྤྱི་ཚོགས་རྒུད་སྐྱོབ་ཀྱི་འགྲོ་སོང་ཐད་ལ་བཀོལ་དགོས། འདིའི་ནང་ནས་མི་དོན་རྒྱུགས་སྤྲོད་ཞིབ་དཔྱད་གསལ་འབྱེད་གྲོན་དངུལ་སྒོར་ས་ཡ4དང་། ཁེ་ལས་ལས་བྲལ་བ་དང་ལས་གནས་ཕྱིར་འཐེན་མི་སྣའི་སྔར་ཡོད་ཕན་བདེའི་རང་བཞིན་གྱི་ཁ་གསབ་སྒོར་ས་ཡ3.27 ལས་ཞུགས་ལས་གཏོད་ཁུལ་རིམ་པ་དེ་གའི་མ་ལག་ཚང་བའི་མ་དངུལ་སྒོར་ས་ཡ2 མི་དོན་ཆ་འཕྲིན་ལྟེ་གནས་ཀྱི་བདེ་འཇགས་འགན་ལེན་དང་མ་ལག་སྲུང་སྐྱོང་གྲོན་དངུལ་སྒོར་ས་ཡ1.5 ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པར་ཞུགས་པར་སྒོར་འབུམ5བཅས་བཀོད་སྒྲིག་བྱ་དགོས།

7.འཕྲོད་བསྟེན་བདེ་ཐང་གི་འགྲོ་སོང་སྒོར་དུང་ཕྱུར3.1དགོས་ལ། གཙོ་བོ་གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་དང་། ཡུལ་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་སོགས་ཀྱི་ཐད་ལ་བཀོལ་དགོས། འདིའི་ནང་ནས་ནགས་ཚལ་བཟོ་ལས་ཁེ་ལས་ཀྱི་ལས་བཟོ་བའི་སྨན་བཅོས་འགན་བཅོལ་སྒོར་བྱེ་བ6དང་། ཡུལ་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་སྒོར་བྱེ་བ1.8། ཁུལ་རིམ་པ་དེ་གའི་ལས་བྲལ་ངལ་གསོ་ལས་བྱེད་པའི་སྨན་བཅོས་ཁ་གསབ་རོགས་དངུལ་སྒོར་ས་ཡ7.7། ཡུལ་གྲོང་སྡོད་དམངས་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ས་ཡ4། ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་བོར་སྨན་བཅོས་འགན་བཅོལ་གྱི་སྐྱིན་ཚབ་སྒོར་ས་ཡ2.7། འཕྲོད་བསྟེན་རིགས་ཀྱི་ལས་གཉེར་ཐོབ་ཐང་དང་། སྨན་པའི་ཐོབ་ཐང་། བྱ་གཞག་མི་སྣའི་གདན་ཞུའི་ཁ་རྒྱུགས་སོགས་རྒྱུགས་སྤྲོད་གྲོན་དངུལ་སྒོར་ས་ཡ1.25བཅས་བཀོད་སྒྲིག་བྱ་དགོས།

8.ནུས་རྒྱུ་སྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་འགྲོ་སོང་སྒོར་དུང་ཕྱུར0.3དགོས་ལ། གཙོ་བོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགྲོ་སོང་ཐད་ལ་བཀོལ་དགོས།

9.ཞིང་ནགས་ཆུ་གསུམ་གྱི་འགྲོ་སོང་སྒོར་དུང་ཕྱུར3.3དགོས་ལ། གཙོ་བོ་དབུལ་སེལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སོགས་ཀྱི་འགྲོ་སོང་ཐད་ལ་བཀོལ་དགོས། འདིའི་ནང་ནས་དབུལ་སེལ་འགག་སྒྲོལ་གྱི་ཆེད་དོན་མ་དངུལ་སྒོར་བྱེ་བ9དང་། ཞིང་ལས་ཐོན་སྐྱེད་གོང་སྤེལ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། དེ་མིན་གྲོང་གསེབ་དར་རྒྱས་འཐབ་ཇུས་བསྡུ་སྒྲིག་གི་ཆེད་དོན་མ་དངུལ་སྒོར་བྱེ་བ6.1 ནགས་ལས་ཁེ་ལས་ཀྱི་ལས་ཤོར་མི་སྣ་དང་ལས་འཁྱུར་ངལ་གསོ་མི་སྣའི་གཅིག་གྱུར་འཆར་འགོད་དུ་མི་གཏོགས་པའི་གྲོན་དངུལ་གཞན་དང་། དེ་མིན་ལས་རིགས་སློབ་གསོ་དང་བྱིས་པའི་སློབ་གསོའི་ལས་འཁྱུར་ངལ་གསོ་དགེ་རྒན་གྱི་ཐོབ་ཐང་སྒོར་བྱེ་བ3.7 རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་གྱི་བྱ་དགའི་ཁ་གསབ་མ་དངུལ(གྲོང་ཚོ་རིམ་པའི་གཞི་རིམ་རྩ་འཛུགས་ཀྱི་བྱེད་སྒོ་དང་གྲོང་ཚོའི་འཁོར་སྐྱོད་སྲུང་སྐྱོང་གྲོན་དངུལ)སྒོར་བྱེ་བ2.824བཀོད་སྒྲིག་བྱ་དགོས་ལ། རྔ་བ་ཁུལ་གྱི་ཆུ་ལམ་དང་མཚེའུ་དོ་དམ་ཁྱབ་ཁོངས་སུ་སྒོར་བྱེ་བ2གཏན་འབེབས་བྱ་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ལས་དང་། ཁྱད་ལྡན་ཞིང་ལས། ས་འགུལ་འགན་བཅོལ་བཅས་ཀྱི་ནོར་སྲིད་འགན་བཅོལ་ཁ་གསབ་སྒོར་བྱེ་བ1.3དང་། ས་གནས་ནོར་སྲིད་ཀྱིས་དངུལ་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་མ་དངུལ་སྒོར་ས་ཡ4། རྒན་གྲས་གསུམ་དང་དེ་མིན་ལས་ཤོར་གྲོང་ཚོའི་ལས་བྱེད་པའི་བརྟག་དཔྱད་འགྲོ་གྲོན་སྒོར་ས་ཡ2.52 དབུལ་སེལ་འགག་སྒྲོལ་ལས་དོན་གྱི་འགྲོ་གྲོན་སྒོར་ས་ཡ1.2 རྔ་བ་ཁུལ་གྱི་ཆུ་བེད་གོང་སྤེལལོ་ལྔ་ཚན་བཅུ་བཞི་བའིའཆར་འགོད་སྒོར་འབུམ80 ཁུལ་རིམ་པ་དེ་གའི་གཙང་བོ་གལ་ཆེན10དང་མཚེའུ་གལ་ཆེན6གིགཙང་བོ(མཚེའུ)རེར་ཐབས་ཇུས་རེའིདོ་དམ་སྲུང་སྐྱོང་ཇུས་གཞི(2021ལོ་ནས2025ལོའི་བར)སྒྲིག་བཟོ་འགྲོ་གྲོན་སྒོར་ས་ཡ1། རྔ་བ་ཁུལ་གྱིལོ་ལྔ་ཚན་བཅུ་བཞི་བའིཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གོང་སྤེལ་འཆར་འགོད་བཟོ་བའི་འགྲོ་གྲོན་སྒོར་ས་ཡ2བཀོད་སྒྲིག་བྱ་དགོས།

10.འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགྲོ་སོང་སྒོར་དུང་ཕྱུར4.1དགོས་ལ། གཙོ་བོ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་། སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་གི་གསབ་དངུལ་སོགས་ཀྱི་འགྲོ་སོང་ཐད་ལ་བཀོལ་དགོས། འདིའི་ནང་ནསལོ་ལྔ་ཚན་བཅུ་བཞི་བའིའགྲིམ་འགྲུལ་འཆར་འགོད་དང་གྲོང་གསེབ་གཞུང་ལམ་གྱི་དྲ་བའི་འཆར་འགོད་བཟོ་བའི་ཆེད་དོན་གྲོན་དངུལ་སྒོར་བྱེ་བ1དང་། མཁའ་ལམ་གྱི་ཁ་གསབ་སྒོར་བྱེ་བ3། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་ཁ་གསབ་མ་དངུལ་སྒོར་བྱེ་བ2.237། གནམ་གྲུ་ཐང་གཉེར་སྐྱོང་གི་གྱོང་གུན་ཁ་གསབ་སྒོར་བྱེ་བ2.2། རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གཞུང་ལམ་གྱི་ཞིག་གསོ་བདག་སྐྱོང་ཆུང་བའི་གྲོན་དངུལ་སྒོར་བྱེ་བ2.1། གཟི་གསེར་གནམ་གྲུ་ཐང་གི་འགག་སྒོ་འཛུགས་སྐྲུན་མཉམ་བཤེར་སྡེ་ཚན་གྱི་ལས་སྒྲུབ་སྡོད་ཁང་སྒྱུར་བཀོད་ལས་གཞི་ལ་སྒོར་བྱེ་བ1.65། སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་གི་ཁ་གསབ་སྒོར་ས་ཡ2.01བཅས་བཀོད་སྒྲིག་བྱ་དགོས།

11.ཐོན་ཁུངས་རྩད་གཅོད་ཆ་འཕྲིན་སོགས་ཀྱི་འགྲོ་སོང་སྒོར་དུང་ཕྱུར0.3དགོས་ལ། གཙོ་བོ་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་བཀོལ་དགོས། འདིའི་ནང་ནས་ཁུལ་རིམ་པ་དེ་གའི་བཟོ་ལས་གོང་སྤེལ་མ་དངུལ་སྒོར་བྱེ་བ2དང་། ཁྲེང་རྔ་གླིང་ཁུལ་གྱི་ལས་དོན་འགྲོ་གྲོན་སྒོར་ས་ཡ2། ཏེ་རྔ་གླིལ་ཁུལ་གྱི་ལས་དོན་འགྲོ་གྲོན་སྒོར་ས་ཡ1.5བཀོད་སྒྲིག་བྱ་དགོས།

12.རང་བྱུང་ཐོན་ཁུངས་རྒྱ་མཚོའི་གནམ་གཤིས་སོགས་ཀྱི་འགྲོ་སོང་སྒོར་དུང་ཕྱུར0.2དགོས་ལ། འདིའི་ནང་ནས་རྔ་བ་ཁུལ་གྱི་རྒྱལ་ཁབ་ཀྱི་མངའ་ཁོངས་བར་མཐོངས་འཆར་འགོད་བཟོ་བའི་འགྲོ་གྲོན་སྒོར་བྱེ་བ1.225དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཐོན་ཁུངས་བརྟག་དཔྱད་འགྲོ་གྲོན་སྒོར་ས་ཡ2.69བཀོད་སྒྲིག་བྱ་དགོས།

13.སྡོད་ཁང་འགན་སྲུང་གི་འགྲོ་སོང་སྒོར་དུང་ཕྱུར2.2དགོས་ལ། གཙོ་བོ་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྲུང་སྐྱོང་དོ་དམ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་སོགས་ཀྱི་འགྲོ་སོང་ཐད་ལ་བཀོལ་དགོས། འདིའི་ནང་ནས་སྲིད་གཞུང་གི་སྡོད་ཁང་ཐེབས་རྩ་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཐད་ལ་བཀོལ་བའི་འགྲོ་སོང་སྒོར་བྱེ་བ2དང་། ཁུལ་རིམ་པ་དེ་གའི་འཁོར་རྒྱུག་ཁང་བ(སྤྱི་པའི་བོགས་གཏོང་སྡོད་ཁང་)འཛུགས་སྐྲུན་ལས་གཞི་ལ་སྒོར་བྱེ་བ1.670བཀོད་སྒྲིག་བྱ་དགོས།

14.གནོད་འཚེ་འགོག་བཅོས་དང་འཕྲལ་རྐྱེན་མྱུར་སེལ་དོ་དམ་གྱི་འགྲོ་སོང་སྒོར་དུང་ཕྱུར0.4དགོས་ལ། འདིའི་ནང་དུ་འཕྲལ་རྐྱེན་མྱུར་སེལ་མ་ལག་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་བྱེ་བ1དང་། འཕྲལ་རྐྱེན་མྱུར་སེལ་ལས་སྒོའི་འགྲོ་གྲོན་སྒོར་ས་ཡ6.95 ཐོལ་བྱུང་དོན་རྐྱེན་འཕྲལ་རྐྱེན་མྱུར་སེལ་ཐག་གཅོད་པར་སྒོར་ས་ཡ5 འཕྲལ་རྐྱེན་མྱུར་སེལ་སྒྲིག་ཆས་ཉོ་སྒྲུབ་འགྲོ་གྲོན་སྒོར་ས་ཡ4.75 བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་མ་དངུལ་སྒོར་ས་ཡ3.5བཅས་བཀོད་སྒྲིག་བྱ་དགོས།

གཉིསསྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས
    ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར5.3བཀོད་སྒྲིག་བྱ་དགོས་ཤིང་། འདིའི་ནང་ནས་རྒྱལ་ཁབ་ལ་དབང་བའི་ས་ཞིང་སྤྱོད་དབང་བཤུག་སྤྲོད་བྱེད་དངུལ་སྒོར་དུང་ཕྱུར0.2དང་། རྒྱལ་ཁབ་ལ་དབང་བའི་ས་ཞིང་ཁེ་འབབ་ཐེབས་རྩ་སྒོར་ས་ཡ1.45། ཞིང་ལས་ས་ཞིང་གསར་སྤེལ་མ་དངུལ་སྒོར་ས་ཡ2.93། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཆེད་དམིགས་བུ་ལོན་གཞན་དག་གི་ལྟོས་ཟླའི་ལས་གཞིའི་ཆེད་དམིགས་ཡོང་འབབ་སྒོར་དུང་ཕྱུར5བཅས་ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར5.3ཟིན་དགོས། གཏོང་ཡོང་དོ་མཉམ་དང་ལྟོས་ཟླའི་བཀོད་སྒྲིག་གི་རྩ་དོན་ལྟརསྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སོང་གི་སྔོན་རྩིས་སྒོར་དུང་ཕྱུར0.7བཀོད་སྒྲིག་བྱ་དགོས་ཤིང་ བུ་ལོན་གྱི་མ་རྩ་ཕྱིར་སློག་གི་འགྲོ་སོང་སྒོར་དུང་ཕྱུར0.2དང་། ཕྱིར་གཏོང་བྱས་པའི་མ་དངུལ་སྒོར་དུང་ཕྱུར4.4ཟིན་དགོས།

ཁུལ་རིམ་པ་དེ་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར5བཀོད་སྒྲིག་བྱ་དགོས། འདིའི་ནང་ནས་རྒྱལ་ཁབ་ལ་དབང་བའི་ས་ཞིང་སྤྱོད་དབང་བཤུག་སྤྲོད་བྱེད་དངུལ་སྒོར་ས་ཡ3.27དང་། རྒྱལ་ཁབ་ལ་དབང་བའི་ས་ཞིང་ཁེ་ཕན་ཐེབས་རྩ་སྒོར་འབུམ2 ཞིང་ས་གསར་སྤེལ་མ་དངུལ་སྒོར་འབུམ4.3 སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཆེད་དམིགས་བུ་ལོན་གཞན་དག་གི་ལྟོས་ཟླའི་ལས་གཞིའི་ཆེད་དམིགས་ཡོང་འབབ་སྒོར་དུང་ཕྱུར4.9བཅས་ཡོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར5ཟིན་དགོས། གཏོང་ཡོང་དོ་མཉམ་དང་ལྟོས་ཟླའི་བཀོད་སྒྲིག་གི་རྩ་དོན་ལྟརསྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སོང་གི་སྔོན་རྩིས་སྒོར་དུང་ཕྱུར0.7བཀོད་སྒྲིག་བྱ་དགོས་ཤིང་ བུ་ལོན་གྱི་མ་རྩ་ཕྱིར་སློག་གི་འགྲོ་སོང་སྒོར་དུང་ཕྱུར0.2དང་། ཕྱིར་གཏོང་བྱས་པའི་མ་དངུལ་སྒོར་དུང་ཕྱུར4.4ཟིན་དགོས།

(གསུམ)སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཁུལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྔོན་རྩིས་སྒོར་དུང་ཕྱུར19.8བཀོད་སྒྲིག་བྱ་དགོས་ཤིང་། འདིའི་ནང་ནས་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར13.7དང་། སྐྱེད་ཀའི་ཡོང་འབབ་སྒོར་དུང་ཕྱུར0.3། ནོར་སྲིད་ཀྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར5.8། སྤོ་སྒྱུར་ཡོང་འབབ་སྒོར་ས་ཡ1.3། ཡོང་འབབ་གཞན་སྒོར་ཁྲི8བཅས་ཡོད། འགྲོ་སོང་སྒོར་དུང་ཕྱུར15.1བཀོད་སྒྲིག་བྱ་དགོས་ཤིང་། འདིའི་ནང་དུ་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་གི་འགྲོ་སོང་སྒོར་དུང་ཕྱུར14.5དང་། ནད་ཚབས་ཆེན་གྱི་འགན་བཅོལ་ཉོ་བའི་འགྲོ་སོང་སྒོར་དུང་ཕྱུར0.5 ལས་གནས་བརྟན་འགོད་ཁ་གསབ་འགྲོ་སོང་སྒོར་ས་ཡ6.15 སྤོ་སྒྱུར་འགྲོ་སོང་སྒོར་ས་ཡ5.4 ངལ་རྩོལ་ནུས་པ་གསལ་འབྱེད་ཀྱི་འགྲོ་སོང་སྒོར་ཁྲི3 འོག་རིམ་ལ་རོགས་སྐྱོར་དང་གོང་རིམ་ལ་སྤྲད་པའི་འགྲོ་སོང་སྒོར་ས་ཡ7། རྩལ་ནུས་མཐོར་འདེགས་གསབ་དངུལ་སྒོར་འབུམ2.4 ཡོང་སྒོ་དང་འགྲོ་སོང་གཉིས་ཐོད་གཏུག་རྗེས། ལོ་དེར་མ་དངུལ་ལྷག་མ་སྒོར་དུང་ཕྱུར4.6ཡོད་དགོས་ལ། ད་ལོའི་མ་དངུལ་ལྷག་མ་སྒོར་དུང་ཕྱུར34.9བསྣན་རྗེས། ལོ་དེར་མཐུད་གསོག་ལྷག་་སྒོར་དུང་ཕྱུར39.5ཡོད་དགོས

ཁུལ་རིམ་པ་དེ་གའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་སྒོའི་སྔོན་རྩིས་སྒོར་དུང་ཕྱུར17.9བཀོད་སྒྲིག་བྱ་དགོས་ཤིང་། འདིའི་ནང་དུ་འགན་བཅོལ་གྲོན་དངུལ་གྱི་ཡོང་སྒོ་སྒོར་དུང་ཕྱུར13.2དང་ སྐྱེད་ཀའི་ཡོང་སྒོ་སྒོར་དུང་ཕྱུར0.2ནོར་སྲིད་ཁ་གསབ་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4.5། སྤོ་སྤྲོད་མ་དངུལ་སྒོར་ས་ཡ1.14། ཡོང་སྒོ་གཞན་སྒོར་ཁྲི7བཅས་ཡོད། འགྲོ་སོང་སྒོར་དུང་ཕྱུར13.8བཀོད་སྒྲིག་བྱ་དགོས་ཤིང་། འདིའི་ནང་དུ་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་འགྲོ་སོང་སྒོར་དུང་ཕྱུར13.2དང་། ལས་གནས་བརྟན་འགོད་ཁ་གསབ་འགྲོ་སོང་སྒོར་ས་ཡ6.15ནད་ཚབས་ཆེན་གྱི་འགན་བཅོལ་ཉོ་བའི་འགྲོ་སོང་སྒོར་དུང་ཕྱུར0.5 ངལ་རྩོལ་ནུས་པ་གསལ་འབྱེད་ཀྱི་འགྲོ་སོང་སྒོར་ཁྲི3སྤོ་སྤྲོད་འགྲོ་སོང་སྒོར་ས་ཡ3.21། འོག་རིམ་ལ་ཁ་གསབ་དང་གོང་རིམ་ལ་སྤྲད་པའི་འགྲོ་སོང་སྒོར་ས་ཡ7བཅས་ཡོད རྩལ་ནུས་མཐོར་འདེགས་གསབ་དངུལ་སྒོར་འབུམ2.4། ཡོང་སྒོ་དང་འགྲོ་སོང་གཉིས་ཐོད་གཏུག་རྗེས། ལོ་དེར་མ་དངུལ་ལྷག་མ་སྒོར་དུང་ཕྱུར4ཡོད་དགོས་ལ། ད་ལོའི་མ་དངུལ་ལྷག་མ་སྒོར་དུང་ཕྱུར30.1བསྣན་རྗེས། ལོ་དེར་མཐུད་གསོག་ལྷག་་སྒོར་དུང་ཕྱུར34.1ཡོད་དགོས

བཞིརྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས
    ཁུལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩའིབདག་གཉེར་སྔོན་རྩིས་ཀྱི་ནང་དུ་བཞག་པའི་ཁེ་ལས25ཡོད་ལརྒྱལ་ཁབ་ལ་དབང་བའི་མ་རྩའིབདག་གཉེར་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་བྱེ་བ1.578བཀོད་སྒྲིག་བྱ་དགོས་ཤིང་། ལོ་དེར་རྩིས་འབྲས་སྤོ་འགོད་ཡོང་སྒོ་སྒོར་ས་ཡ7.61བསྣན་རྗེས། བསྡོམས་པས་སྔོན་རྩིས་ཡོང་སྒོ་སྒོར་བྱེ་བ2.339བཀོད་སྒྲིག་བྱ་དགོས་པ་དང་། ཁུལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་འགྲོ་སོངགི་སྔོན་རྩིས་སྒོར་བྱེ་བ2.339བཀོད་སྒྲིག་བྱ་དགོས

2020ལོར། ཁུལ་རིམ་པ་དེ་གའི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་ཀྱི་ཁྱབ་ཁོངས་སུ་བཅུག་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས12ཡོད་ལ། རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་སྡེ་ཚན་གྱིས་བཏོན་པའི་གཏོང་ཡོང་གི་གྲོས་འགོའི་འཆར་གཞི་གཞིར་བཟུང་ནས། ཁུལ་རིམ་པ་དེ་གའི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་ཀྱི་འཆར་ཟིན་བཟོས།

ཁུལ་རིམ་པ་དེ་གའི་རྒྱལ་ཁབ་ལ་དབང་བའི་མ་རྩའིབདག་གཉེར་ཡོང་སྒོའི་སྔོན་རྩིས་སྒོར་ས་ཡ7བཀོད་སྒྲིག་བྱ་དགོས་ཤིང་། ལོ་དེར་རྩིས་འབྲས་སྤོ་འགོད་ཡོང་སྒོ་སྒོར་ས་ཡ7.61བསྣན་རྗེས། བསྡོམས་པས་སྔོན་རྩིས་ཡོང་སྒོ་སྒོར་བྱེ་བ1.461བཀོད་སྒྲིག་བྱ་དགོས་པ་དང་། ཁུལ་རིམ་པ་དེ་གའི་རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་གཉེར་སྔོན་རྩིས་འགྲོ་སོངགི་སྔོན་རྩིས་སྒོར་བྱེ་བ1.461བཀོད་སྒྲིག་བྱ་དགོས

གོང་གི་ཁུལ་ཡོངས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིསརྒྱལ་ཁབ་ལ་དབང་བའི་མ་རྩའིབདག་གཉེར་སྔོན་རྩིས་བཅས་ནི་ཕྱོགས་བསྡོམས་རྩིས་གྲངས་ཡིན་ལ། རྫོངགྲོང་ཁྱེརསོ་སོས་སྔོན་རྩིས་བཟོ་འགོད་གྲུབ་ཅིང་རིམ་པ་དེ་གའི་དམངས་འཐུས་ཚོགས་ཆེན་ཐོག་ཏུ་ཆོག་མཆན་བཀོད་རྗེས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་ལཕྱོགས་བསྡོམས་གནས་ཚུལ་ཐོ་འགོད་སྙན་སེང་ཞུ་རྒྱུ་ཡིན། ཁུལ་རིམ་པའི་ནོར་སྲིད་ཀྱི་སྔོན་རྩིས་མ་ཟིན་དང་ ཟུར་བཀོད་རེའུ་མིགཁུལ་རིམ་པའི2020ལོའི་སྡེ་ཁག་གི་སྔོན་རྩིས་དང་། ལས་གཞིའི་མ་དངུལ་གྱི་ཕན་འབྲས་དམིགས་འབེན་ཚང་མ་ཚོགས་ཆེན་ལ་ཕུལ་བས། དེར་ཞིབ་བཤེར་གནང་རོགས་ཞུ

བཞི2020ལོའི་ནོར་སྲིད་དོ་དམ་དང་སྔོན་རྩིས་ལག་བསྟར་ལས་དོན་དངོས་གནས་ལེགས་པོར་བསྒྲུབ་དགོས།

(གཅིག)སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏང་རྒྱུ་ལྟེ་བར་བཟུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཚད་བརྒལ་ཐུབ་དགོས།

གཅིག་ནི་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡོང་སྒོ་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་ཀྱི་ཤུགས་ཇེ་ཆེར་གཏང་དགོས། ཡོང་སྒོ་འཕར་སྣོན་དང་ཁུར་པོ་ཇེ་ཡང་དུ་གཏོང་བའིའབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཁྲལ་དང་འགྲོ་གྲོན་གཉིས་གཅོག་གི་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱ་དགོས། གཟི་རྩ་སྡེ་དགུ་མཛེས་ལྗོངས་ས་ཁུལ་ཁྱོན་ཡོངས་ནས་སྒོ་ཕྱེ་བ་དང་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མ་དངུལ་གཏོང་འཇོག་གི་རྒྱུ་རྐྱེན་ལེགས་པོར་བརྟེན་ནས། ཁྲལ་བསྡུའི་སྲིད་ཇུས་བརྟག་ཞིབ་དང་བསྡུ་ལེན་དོ་དམ་ལ་ཤུགས་སྣོན་པ་དང་། བསྡུ་དགོས་པའི་རིགས་ཚང་མ་བསྡུ་ཐུབ་པ་དང་། ཁྲལ་མིན་ཡོང་སྒོའི་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། ཡོང་སྒོ་དོ་མཉམ་པར་མཛོད་འཇུག་དང་བརྟན་པོར་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱས་ཏེ། ལོ་འཁོར་གྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོ5%ཡས་མས་འཕར་བའི་དམིགས་ཚད་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱ་དགོས།

གཉིས་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ནོར་སྲིད་ཀྱི་ཉེན་ཁ་ནུས་ལྡན་ངང་སེལ་དགོས། བུ་ལོན་དོ་དམ་ལས་དོན་མུ་མཐུད་དུ་ཡག་པོར་སྒྲུབ་པ་དང་། མདུན་སྒོ་ཕྱེ་ནས་ལྟག་སྒོ་འགོག་པའིབསམ་ཕྱོགས་ལག་ཏུ་བསྟར་ཏེ། མངོན་མེད་བུ་ལོན་འཕར་གྲངས་མཐའ་གཅིག་ཏུ་བཀག་འགོག་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་བུ་ལོན་ཁག་ཐེག་གི་བྱ་སྤྱོད་གཏན་འགོག་བྱ་དགོས། སྲིད་གཞུང་གི་བུ་ལོན་སྔོན་རྩིས་དོ་དམ་དང་བཅད་གྲངས་དོ་དམ་ལ་ཤུགས་སྣོན་པ་དང་། མངོན་མེད་བུ་ལོན་གསོག་གྲངས་གོ་རིམ་ལྡན་པའི་སྒོ་ནས་སེལ་དགོས། སྲིད་གཞུང་གི་བུན་འཛིན་མ་དངུལ་རེ་ཞུ་དང་བརྩོན་ལེན་གྱི་ཤུགས་ཇེ་ཆེར་གཏོང་བ་དང་། བཅད་གྲངས་ནང་དུ་ཚུད་པའི་སྲིད་གཞུང་གི་བུ་ལོན་མ་དངུལ་བེད་སྤྱོད་གང་ལེགས་བྱ་དགོས། ནོར་སྲིད་ཀྱིས་བསྐྱིས་དངུལ་སྔ་འདོན་ཐག་གཅོད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ནས། གནས་སྐབས་དངུལ་སྤྲོད་གཞི་ཁྱོན་གསར་པ་ཚོད་འཛིན་ནན་མོ་བྱ་དགོས། ཆེས་ནན་ཤོས་ཀྱི་རྒྱལ་མཛོད་མ་དངུལ་གཏོང་སྤྲོད་དོ་དམ་ལམ་ལུགས་དོན་འཁྱོལ་དང་། འགན་ལེན་གསུམ་དང་ཕུལ་བྱུང་གཅིགགི་བླང་བྱ་ལྟར། ནོར་སྲིད་འགྲོ་སོང་གོ་རིམ་ལྟར་འགན་སྲུང་ནན་མོ་བྱས་ཏེ། མཛོད་དངུལ་གྱི་གཞི་ཁྱོན་དང་འགྲོ་སོང་གཞི་ཁྱོན་སྙོམ་སྒྲིག་ཡོང་བར་ཁག་ཐེག་བྱ་དགོས།

གསུམ་ནི་འཕེལ་རྒྱས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏང་དགོས། རྒྱལ་ཁབ་ལ་དབང་བའི་ས་ཆའི་བར་མཐོངས་དང་འགྲིམ་འགྲུལ། གྲོང་གསེབ་གཞུང་ལམ་གྱི་ལམ་དྲའི་འཆར་འགོད་སོགསལོ་ལྔ་ཚན་བཅུ་བཞི་པའིའཆར་འགོད་ཀྱི་དུས་འགོའི་ལས་གཞིར་བཟོས་པའི་འགྲོ་གྲོན་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱ་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཙོ་རྐང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁེ་ལས་ཆུང་གྲས་དང་དམངས་གཉེར་ཁེ་ལས་སོགས་དངོས་གཟུགས་དཔལ་འབྱོར་ལ་དམིགས་དགོས། སྲིད་གཞུང་གི་མ་དངུལ་གཏོང་འཇོག་ཁྱབ་ཁོངས་ཀྱི་ཆད་དངུལ་སོགས་མ་གནས་གཅོག་པའི་བྱ་སྤྱོད་ཏན་ཏིག་གིས་གཙང་བཤེར་དང་། ནོར་སྲིད་ཀྱིགློད་སྡོམ་ཞབས་གསུམགྱི་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་ནས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་དགོས། གནས་བརྒལསྤེལ་ཁུལ་འཛུགས་སྐྲུན་གྱི་ཤུགས་ཇེ་ཆེར་གཏོང་བ་དང་། གྲངས་ཉུང་མི་རིགས་ས་ཁུལ་དུསྤེལ་ཁུལ་འཛུགས་པའིགཟིགས་སྐྱོང་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་མུ་མཐུད་དུ་བརྩོན་ལེན་བྱེད་པ། གནས་བརྒལསྤེལ་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དོན་འཁྱོལ། སྤེལ་ཁུལ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ། རང་ཁུལ་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་བར་སྟོང་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དགོས།

བཞི་ནི་འགན་ནུས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ནོར་སྲིད་ཀྱི་ལྟ་སྐུལ་ལ་དངོས་གནས་ཤུགས་བསྣན་དགོས། ནོར་སྲིད་ལྟ་སྐུལ་ལམ་ལུགས་དང་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་བཏང་ནས། གཙོ་བོ་དམངས་འཚོའི་ཁྱབ་ཁོངས་ཀྱི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་དང་ནོར་དཔལ་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ལས་དོན་ལ་ཤུགས་བསྣན་དགོས། སྲིད་གཞུང་གི་ཉོ་སྒྲུབ་ལ་ལྟ་སྐུལ་དོ་དམ་གྱི་ཤུགས་ཇེ་ཆེར་དང་། སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ། དྲ་བ+སྲིད་གཞུང་གི་ཉོ་སྒྲུབའཚོལ་ཞིབ་བཅས་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་ཆ་འཕྲིན་ཡོངས་སུ་བསྒྲག་རྒྱུ་དོན་འཁྱོལ་བྱ་དགོས། ནོར་སྲིད་ལྟ་སྐུལ་གྱི་རྨང་གཞི་ཇེ་བརྟན་དང་། ནོར་སྲིད་ལྟ་སྐུལ་རིགས་སྒྱུར་གོང་སྤེལ་ལ་ཧུར་ཐག་གིས་སྐུལ་འདེད། ནོར་ཁྲལ་སྲིད་ཇུས་གལ་ཆེན་ལག་ཏུ་བསྟར་ཚུལ་ལ་ལྟ་སྐུལ་བཅས་བྱས་ཏེ། སྲིད་འཛིན་ལས་དོན་སྡེ་ཚན་གྱི་ནོར་དོན་རྩིས་གཉེར་ལྟ་སྐུལ་དོ་དམ་དང་ནང་ཁུལ་ཚོད་འཛིན་མ་ལག་མུ་མཐུད་དུ་འཛུགས་སྐྱོང་ཟབ་མོ་བྱ་དགོས། སྒྲིག་ལམ་དང་འགལ་ནས་གླ་ཕོགས་དང་བྱ་དགའ། ཕོགས་སྣོན། ཁ་གསབ་བཅས་སྟེར་བའི་གནད་དོན་ལ་མུ་མཐུད་དུ་ཆེད་དོན་བཅོས་སྒྲིག་ཟབ་མོ་བྱས་ཏེ། བཀག་རྒྱ་དོན་ཚན་བཅུ་གཉིསནན་མོར་ལག་ཏུ་བསྟར་དགོས།

(གཉིས)དམངས་འཚོ་ལེགས་བཅོས་བྱ་རྒྱུ་འཆང་གཟུང་བྱས་ཏེ། གཏིང་ཤུགས་དང་སྒུལ་ཤུགས་ཇེ་ཆེར་གཏོང་བའི་ཐད་ནས་ཚད་བརྒལ་ཐུབ་དགོས།

གཅིག་ནི་ནུས་ཤུགས་ཡོད་རྒུས་གནོད་ཤུལ་སླར་གསོ་བསྐྱར་འཛུགས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས། 2020ལོར་གནོད་ཤུལ་བསྐྱར་འཛུགས་ནོར་སྲིད་མ་དངུལ་གྱི་འགན་ལེན་དོན་འཁྱོལ་དང་། “8·8”གཟི་རྩ་སྡེ་དགུའི་ས་འགུལ་དང་“6·24”མའོ་རྫོང་གི་རི་ཉིལ་གནོད་ཤུལ་བསྐྱར་འཛུགས་ཡོངས་སུ་ལེགས་འགྲུབ་ཡོང་བར་རམ་འདེགས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དང་། ས་ཁོངས་ཧྲིལ་བོའི་ཡུལ་སྐོར། དབུལ་སེལ་འབྱོར་འབྲིང་དུ་སྐྱོད་པ་བཅས་ཀྱིདཔེ་མཚོན་གསུམཧུར་ཐག་གིས་གཏོད་དགོས། བསྐྱར་སྐྲུན་ལས་གཞིའི་ཨར་ལས་ངེས་རྩིས་ཇེ་མགྱོགས་སུ་གཏོང་བ་དང་། གནོད་ཤུལ་བསྐྱར་འཛུགས་མ་དངུལ་དོ་དམ་བཀོལ་སྤྱོད་དང་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་ཚུལ་གཙོ་བོར་གཙང་བཤེར་དང་རྗེས་འདེད་ལྟ་སྐུལ་བྱས་ཏེ། སྤྱོད་གཙང་དང་ལས་ཆོད་ཆེ་བའི་བསྐྱར་འཛུགས་ཁག་ཐེག་བྱ་དགོས། ཝུན་ཁྲོན“8·20”དྲག་ཆར་བབས་པའི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་ཤུལ་བསྐྱར་འཛུགས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་དང་མཛུབ་སྟོན་བྱ་དགོས།

གཉིས་ནི་དབུལ་སེལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་འདེགས་བྱ་དགོས། གནད་འཁེལ་སྦྲེལ་མཐུད་དང་རིགས་དབྱེ་ཇུས་འདོན་མཐའ་འཁྱོངས་ཀྱིས་དབུལ་སེལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ཏེ། དབུལ་སེལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་ངང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བརྟན་པོ་གཏང་དགོས། ནོར་སྲིད་ཀྱིསཞིང་གསུམལ་རྒྱབ་སྐྱོར་གྱི་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ནོར་སྲིད་ཀྱིས་མ་དངུལ་གཏོང་བར་འགན་སྲུང་དང་། གྲོང་གསེབ་ཀྱི་དམངས་འཚོ་འགན་སྲུང་། ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བཅས་ཀྱི་ལམ་སྲོལ་གསུམ་འཐུས་ཇེ་ཚང་དུ་གཏོང་བ། ནོར་སྲིད་ཀྱིས་ཞིང་སྐྱོར་མ་དངུལ་དོ་དམ་དང་། བཀོལ་སྤྱོད། ལས་གཞི་ལ་ལྟ་སྐུལ་དོ་དམ། ལས་གཞི་དོ་དམ་སྲུང་སྐྱོང་གི་བསྒྱུར་བཅོས་བཞི་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏང་དགོས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་གིགྲོང་ཚོ་སྟོང་གི་དཔེ་སྟོན་ལས་གྲྭལ་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་ཀྱིགསང་སྤྱོད་གསར་བརྗེམངོན་གསལ་དོད་པོས་དམ་འཛིན་བྱས་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་བའི་རིམ་སྤར་རྣམ་པ་གཏོད་དགོས། ཞིང་ལས་འགན་བཅོལ་ལ་རྒྱབ་སྐྱོར་གྱི་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཞིང་ལས་འགན་བཅོལ་གྱི་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱ་དགོས། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་སུ་གཏོང་བའི་ཞིང་ལས་ཐོན་ལས་ཀྱི་དངུལ་བུན་ཉེན་ཁའི་ཁ་གསབ་ལམ་ལུགས་དོན་འཁྱོལ་བྱ་དགོས།

གསུམ་ནི་སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ལས་ཞུགས་ལས་གཏོད་ལ་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་གྱི་ཤུགས་ཇེ་ཆེར་བཏང་ནས། རིགས་སོ་སོའི་ཚོགས་སྤྱིའི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱ་དགོས། ཡུལ་གྲོང་ལ་ཁྱབ་པའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཇེ་ཚང་དུ་བཏང་ནས། སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་ཇེ་མཐོར་གཏང་དགོས། ལས་རིགས་གསོ་སྦྱོང་ལམ་ལུགས་དོན་འཁྱོལ་བྱས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་དོ་དམ་ཚད་ལྡན་དུ་གཏང་དགོས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་གྱི་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། གཙོ་བོ་ཕ་ཡུལ་དུ་ཕྱིར་ལོག་པའི་གླ་བྱེད་ཞིང་བ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལས་དོན་ལེགས་པོར་བསྒྲུབ་དགོས། སློབ་གསོ་སྔོན་ལ་གོང་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱ་དགོས། སློབ་གསོ་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་གི་གོ་གནས་མུ་མཐུད་དུ་བཞག་སྟེ། ནོར་སྲིད་སློབ་གསོར་མ་དངུལ་འཇོག་རྒྱུ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་སྣོན་ཡོང་བར་ཁག་ཐེག་བྱ་དགོས། སློབ་གསོའི་རོགས་དངུལ་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁུལ་རིམ་པའི་སློབ་གྲྭའིབྱང་གཅིག་ཀུན་བཀོལགྱི་མ་དངུལ་གཏོང་སྤྲོད་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ནས། མཐོ་རིམ་སློབ་འབྲིང་དཀྱུས་མའི་གྲོན་དངུལ་ཁ་གསབ་ཆུ་ཚད་སྔར་བས་ཇེ་མཐོར་གཏང་དགོས། རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་འཛུགས་སྐྱོང་ལ་རྒྱབ་སྐྱོར་གྱི་ཤུགས་ཇེ་ཆེར་དང་། ཏང་གཤིས་སློབ་གསོའིསི་ཁྲོན་སྤུས་རྟགསབཏོད་དེ། རྔ་བའི་ལས་རིགས་སློབ་གླིང་གིས་མཐོ་རིམ་ལས་རིགས་སློབ་གླིང་གི་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་དཔྱད་དཔོག་ལས་དོན་ལ་བསུ་བ་ཞུ་རྒྱུར་རྒྱབ་སྐྱོར་བྱ་དགོས། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏང་དགོས། མི་འབོར་དབུལ་བོའི་ཡུལ་གྲོང་སྡོད་དམངས་ཀྱི་རྒན་གསོ་དང་། སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་ནོར་སྲིད་ཀྱིས་ཚབ་འཇལ་བའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་དང་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་དང་མ་དངུལ་འགན་ལེན་གྱི་ཤུགས་ཇེ་ཆེར་གཏང་དགོས། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་ཆུ་ཚད་དང་། ཡུལ་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་རོགས་དངུལ་དང་མི་སྒེར་གྱི་དངུལ་སྤྲོད་ཚད་གཞི་མུ་མཐུད་དུ་ཇེ་མཐོར་གཏོང་བ། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ཏེ། དུས་ཐོག་ཏུ་གྲོང་ཚོའི་ལས་བྱེད་པའི་གླ་ཆ་འདང་བར་དོན་འཁྱོལ་བྱ་དགོས། འཕྲོད་བསྟེན་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་འགྲོ་སོང་གི་འགན་འཁྲི་དབྱེ་འབྱེད་བསྒྱུར་བཅོས་དོན་འཁྱོལ་བྱེད་པ་དང་། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཇེ་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ། གཞི་རྩའི་སྨན་རྫས་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ། འཆར་ལྡན་བུ་བཙའི་རོགས་སྐྱོར་གྲོན་དངུལ་གཏོང་འཇོག་བཅས་ཁག་ཐེག་བྱས་ཏེ། ཨེ་ཙི་འགོས་ནད་དང་ཐུམ་འབུའི་ནད་སོགས་ནད་རིགས་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འཁོར་སྐྱོད་གྱི་ལམ་སྲོལ་གསར་བ་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རིག་གནས་ཡུལ་སྐོར་ལུས་རྩལ་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ནས། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱ་དགོས། ཡུལ་སྐོར་ཐོན་ལས་གོང་སྤེལ་དང་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལམ་རྒྱུད་ཀྱི་སྤྱོད་ཁང་འཛུགས་སྐྲུནབྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པལག་ཏུ་བསྟར་དགོས། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་ཕན་ནུས་མཐོར་འདེགས་དང་། རིག་གནས་སྤུས་དག་གཏོད་པ་སོགས་རིག་གནས་ལས་གྲྭ་གལ་ཆེན་ལག་ཏུ་བསྟར་བ། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གོང་སྤེལ་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཏེ། ཁུལ་རིམ་པའི་ཀུན་འདུས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། ལུས་རྩལ་ཐང་དང་ལུས་རྩལ་ཁང་བ་ལ་རིན་མི་དགོས་པ་དང་རིན་དམའ་མོར་སྒོ་འབྱེད་པའི་སྲིད་ཇུས་མུ་མཐུད་ནས་ལག་ཏུ་བསྟར་ཏེ། མང་ཚོགས་ལུས་རྩལ་ས་ཁོངས་ཡོངས་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུསལ་རྒྱབ་སྐྱོར་བྱ་དགོས།

(གསུམ)བསྒྱུར་བཅོས་དང་གསར་གཏོད་སྒུལ་ཤུགས་སུ་བཟུང་ནས། བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ནས་ཚད་བརྒལ་ཐུབ་དགོས།

ནོར་སྲིད་ཀྱི་འགྲོ་སོང་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་དང་། ཤུགས་ཆེན་པོས་སྤུས་ཚད་དང་ཕན་འབྲས་ཇེ་ཆེར། སྔར་ལས་ལྷག་པར་འགྲོ་སོང་སྒྲིག་གཞི་ལེགས་སྒྲིག གཞུང་གསུམགྱི་སྔོན་རྩིས་ཚོད་འཛིན་ནན་མོ། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་མུ་མཐུད་ནས་ཇེ་ཉུང་དུ་བཏང་སྟེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཙོ་གནད་ལས་དོན་གྱི་འགྲོ་སོང་འགན་སྲུང་ལེགས་པོ་བྱ་དགོས། རྫོང་(གྲོང་ཁྱེར)གི་ནོར་སྲིད་ཀྱིས་གླ་ཕོགས་འགན་ལེན་དང་། འཁོར་སྐྱོད་འགན་ལེན། གཞི་རྩའི་དམངས་འཚོ་འགན་ལེན་བཅས་ཀྱི་ལས་ཀར་ལྟ་སྐུལ་གྱི་ཤུགས་ཇེ་ཆེར་གཏང་དགོས། སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ་དང་། ཕྱོགས་ཡོངས་དང་། བརྒྱུད་རིམ་ཧྲིལ་བོ། ཡོངས་སུ་ཁྱབ་པ་བཅས་ཀྱི་སྔོན་རྩིས་ཕན་འབྲས་དོ་དམ་མ་ལག་མགྱོགས་པོར་འཛུགས་དགོས། ཁྱབ་ཁོངས་གཙོ་བོ་དང་ལས་གཞི་གལ་ཆེན་ལ་དམིགས་ནས། སྔོན་རྩིས་ཀྱི་དོན་དག་མ་བསྒྲུབས་པའི་སྔོན་ལ་དཔྱད་དཔོག་དང་། དོན་དག་སྒྲུབ་པའི་རིང་གི་ལྟ་སྐུལ་ཚོད་འཛིན། དོན་དག་བསྒྲུབས་པའི་རྗེས་ཀྱི་གདེང་འཇོག་བཅས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ། ཕན་འབྲས་སྙན་ཞུ་དང་། ཕྱིར་ལན་དག་ཐེར། འགན་འཁྲི་རྩད་གཅོད། སྔོན་རྩིས་བཀོད་སྒྲིག་བཅས་ཟུང་འབྲེལ་དམ་པོ་བྱེད་པ། སྡེ་ཁག་གི་སྔོན་རྩིས་བཟོ་འགོད་དང་ལག་བསྟར་བྱེད་པོའི་འགན་འཁྲི་ཤུགས་ཆེར་བཏང་ནས། ལས་གཞིའི་མ་དངུལ་བཀོལ་སྤྱོད་ཕན་འབྲས་ཇེ་ཆེར་གཏང་དགོས། ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་མུ་མཐུད་དུ་གཏིང་ཟབ་མོར་སྤེལ་བ་དང་། ནོར་སྲིད་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ཚད་ལྡན་དང་ཡོངས་བསྒྲགས་གསལ་ཆ་ལྡན་པའི་དེང་རབས་ཀྱི་སྔོན་རྩིས་ལམ་ལུགས་མགྱོགས་པོར་འཛུགས་པ། ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་འགན་འཁྲི་དབྱེ་འབྱེད་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས་ཀྱི་འབྲེལ་ཡོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། བསྒྱུར་བཅོས་ལ་བརྟེན་ནས་ཁྲིམས་ལྟར་དངུལ་དོན་དོ་དམ་དང་ཚད་ལྡན་དོ་དམ་ལ་སྐུལ་འདེད་བཅས་བྱ་དགོས།

འཐུས་མི་རྣམ་པ། འཆར་གཞི་བཀོད་རྗེས་གྲུ་གཡོར་བསྒྲེངས་ནས་རླབས་གཤགས་ཤིང་། ལས་འགན་ལྗིད་མོ་ཕྲག་ཏུ་ཁུར་ཡོད་པས་ལྷག་ཏུ་རྟ་ལ་ལྕག་ཚན་གཞུ་དགོས། ལོ་གསར་འི་ནང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཡང་དག་དང་། ཁུལ་དམངས་འཐུས་ཀྱི་ལྟ་སྐུལ་མཛུབ་སྟོན་འོག ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་ཏང་འཛུགས་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་ནོར་སྲིད་འཕེལ་རྒྱས་ལ་སྣེ་ཁྲིད་པ། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ ཁུལ་གཅིག་ས་ཁུལ་གཉིས་ཁྱིམ་གཞིས་གསུམའཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྔར་ལས་གསར་བའི་བྱས་རྗེས་ཆེན་པོ་འཇོག་དགོས


རྔ་བ་ཁུལ་དམངས་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཡིག་སྒྱུར་ཚན་ཁག་གི་གཡང་མོ་མཚོས་བསྒྱུར་ནས་ཞུས།

责任编辑:卡毛才让

扫一扫在手机打开当前页