当前位置: 首页 / 翻译园地 / 法律法规

妨害新冠肺炎疫情防控犯罪典型案例(二)

发布时间:2020-03-20
字体:
来源:州编译局
分享到:

ཏོག་གསར་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག

དཔེ་མཚོན་གྱོད་གཞི།ཁག་གཉིས་པ

妨害新冠肺炎疫情防控犯罪

典型案例(二)

ཡོང་ཁུངས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།

来源:最高人民检察院

གཅིག འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་འགོག་རྒོལ་བྱེད་པའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།

一、 依法严惩抗拒疫情防控措施犯罪

 (གཅིག) འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག

(一) 妨害传染病防治犯罪

བཅའ་ཁྲིམས་ཉིང་བཅུདའགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ཏེ།  འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་གཞིར་བཟུང་ནས་བཏོན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་ལེན་མི་བསྟར་ཅིང་། ཏོག་དབྱིབས་ནད་དུག་གསར་བ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོས་པ་དང་། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་བ་དང་དོན་ཚན་བརྒྱ་དང་བཅོ་ལྔ་བའི་ནང་གསེས་དང་པོའི་གཏན་འབེབས་དང་མི་མཐུན་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུའི་གཏན་འབེབས་གཞིར་བཟུང་སྟེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་ཉེས་པ་ལྟར་ཆད་པ་གཅོད་དགོས།

【法律要旨】违反传染病防治法的规定,拒绝执行卫生防疫机构依照传染病防治法提出的防控措施,引起新型冠状病毒传播或者有传播严重危险,不符合刑法第一百一十四条、第一百一十五条第一款规定的,依照刑法第三百三十条的规定,以妨害传染病防治罪定罪处罚。

 2020ལོའི་ཟླ1པོའི་ཚེས23ཉིན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སྲིད་གཞུང་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བཅའ་ཁྲིམས》《ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ་བརྡ་ཁྱབ་སྤྱི་བསྒྲགས་བྱས། ཝུའུ་ཧན་ལགྲོང་ཁྱེར་བཀག་སྡོམསྔོན་འགོག་བྱ་ཐབས་སྤྱད་དེ་ཝུའུ་ཧན་ནས་ཕྱིར་འགྲོ་བའི་བགྲོད་ལམ་གནས་སྐབས་སུ་བཅད་ཅིང་། གྲོང་མི་ལ་དམིགས་བསལ་གྱི་རྒྱུ་རྐྱེན་གཞན་མེད་ཚེ་ཝུའུ་ཧན་ནས་ཕྱི་རུ་འགྲོ་མི་ཆོག  དེའི་དམིགས་ཡུལ་ནི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཆེད་ཚུལ་བཀག་འགོག་དང་། ནད་དུག་མཆེད་པའི་ལམ་བུ་ཆེས་ཆེར་འགོག་པའི་ཆེད་ཡིན། དེའི་རྗེས་སུ། རང་འདོད་ཀྱིས་མི་དག་ཝུའུ་ཧན་ནས་ཕྱིར་བསྐྱལ་བ་ནི་འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་འགལ་ཞིང་། ཏོག་དབྱིབས་ནད་དུག་གསར་བ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་བཟོ་བའི་ཉེན་ཁ་ཡོད་པས། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་ཉེས་པ་ལྟར་ཆད་པ་གཅོད་དགོས།

2020123,湖北省武汉市政府依据《中华人民共和国传染病防治法》《中华人民共和国突发事件应对法》及《突发公共卫生事件应急条例》等法律法规发布通告,对武汉采取“封城”防控措施,暂时关闭了离开武汉的通道,市民如无特殊原因不要离开武汉。其目的是为了阻止新型冠状病毒感染肺炎疫情蔓延势头,有效切断病毒传播途径。此后,对于擅自运送人员离开武汉的行为,违反了传染病防治法,具有引起新型冠状病毒传播或者有传播严重危险,应以妨害传染病防治罪定罪处罚。

གྱོད་དཔེ་དང་པོ། ཧུའུ་པེ་ཞིང་ཆེན་ཅ་ཡུས་རྫོང་གི་དབྱི་ཆེ་གེ་མོས་འགོས་ནད་འགོག་བཅོས་ལ་འགལ་རྐྱེན་བཟོས་པའི་གྱོད་གཞི། དབྱི་ཆེ་གེ་མོ་ཧུའུ་པེ་ཞིང་ཆེན་ཅ་ཡུས་རྫོང་གི་མི་ཡིན་ཞིང་།  སྒེར་གྱི་འགྲུལ་སྐྱེལ་ལས་དོན་གཉེར་ནས་ཡུན་རིང་བོར་ཏུང་ཧྥུན་རྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་བསྐོར་ནས་ཅ་ཡུས་དང་ཝུའུ་ཧན་བར་དུ་འགྲོ་འོང་བྱེད་ཀྱིན་ཡོད། 2020ལོའི་ཟླ1པོའི་ཚེས20ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད2020ལོའི་སྤྱི་བསྒྲགས་ཨང་དང་པོ་སྤྱི་བསྒྲགས་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་དེཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམསནང་གཏན་འབེབས་བྱས་པའི་འགོས་ནད་ཁ་པའི་གྲས་སུ་བཅུག་པ་དང་འབྲེལ་འགོས་ནད་ཀ་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་ཡོད། ཟླ1པོའི་ཚེས23ཉིན། ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུསཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་བརྡ་ཁྱབ(ཨང་དང་པོ)ཁྱབ་བསྒྲགས་བྱས་ནས། ཉིན་དེའི་ཆུ་ཚོད10པར། ཝུའུ་ཧན་ནས་ཕྱི་རུ་འགྲོ་བའི་བགྲོད་ལམ་བཀག་སྟེ་གྲོང་ཁྱེར་དོ་དམ་བྱ་རྒྱུའི་གཏན་འབེབས་བྱས། ཟླ1པོའི་ཚེས23ཉིན་གྱི་ཆུ་ཚོད10ནས20བར། གྱོད་ཡ་དབྱི་ཆེ་གེ་མོས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་མེད་པའི་གནས་ཚུལ་འོག སྔ་རྗེས་སུ་ཐེངས་གཉིས་ལ་ཤར་རླུང་རྟགས་ཀྱི་འདུག་སྟེགས་དགུ་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བསྐོར་ནས། ཝུའུ་ཧན་དང་ཅ་ཡུས་ས་ཆ་གཉིས་སུ་འགྲུལ་བ་སྐྱེལ་བསུ་བྱས། ཟླ2པའི་ཚེས4ཉིན། དབྱི་ཆེ་གེ་མོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་པའི་ནད་དཔེ་རུ་ཐག་བཅད། ཟླ2པའི་ཚེས7ཉིན། དབྱི་ཆེ་གེ་མོ་དང་འབྲེལ་བ་ཟབ་མོ་བྱས་ཡོད་པའི་མི20གཅིག་སྡུད་ངང་བཀར་འཇུག་བྱས། ཟླ2པའི་ཚེས5ཉིན། ཅ་ཡུས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དབྱི་ཆེ་གེ་མོའི་གྱོད་གཞི་འདི་གྱོད་ཁོངས་སུ་བཅུག་ནས་ལྟ་སྐུལ་བྱས་པ་དང་། ཅ་ཡུས་རྫོང་སྤྱི་བདེ་ཅུས་ཀྱིས་ཉིན་དེར་དབྱི་ཆེ་གེ་མོར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་འབྲེལ་དེའི་སྡོད་གནས་ལ་ལྟ་ཞིབ་ཀྱང་བྱས། ཟླ2པའི་ཚེས10ཉིན། ཅ་ཡུས་རྫོང་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་དེ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་ཞིང་། ཟླ2པའི་ཚེས11ཉིན། ཅ་ཡུས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དབྱི་ཆེ་གེ་མོས་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ཐད་ནས་གཞུང་གཏུག་བྱས་པ་དང་། ཅ་ཡུས་རྫོང་མི་དམངས་ཁྲིམས་ཁང་གིས་མགྱོགས་མྱུར་ཁྲུན་གཅོད་ཀྱི་གོ་རིམ་བརྒྱུད་དེ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་ཆད་ཚད་འབེབས་ཀྱི་གྲོས་འགོ་དང་དུ་བླངས་ནས་ཁྲིམས་རར་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པས། གྱོད་ཡ་དབྱི་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད།

案例一:湖北省嘉鱼县尹某某妨害传染病防治案。尹某某系湖北省嘉鱼县人,从事私人客运业务,长期驾驶东风牌九座小型客车往返于嘉鱼、武汉。2020120日,国家卫生健康委员会经国务院批准发布2020年第l号公告,将新型冠状病毒感染的肺炎纳入《中华人民共和国传染病防治法》规定的乙类传染病,并采取甲类传染病的预防、控制措施。123日,武汉市新型冠状病毒感染的肺炎疫情防控指挥部发布《武汉市新型冠状病毒感染的肺炎疫情防控指挥部通告(第1号)》,决定于当日10时关闭离汉通道,实施封城管理。12310时至20时,被告人尹某某在无运营许可证的情况下,先后两次驾驶其东风牌九座小型客车接送乘客往返于武汉、嘉鱼两地。24日,尹某某被确诊为新型冠状病毒感染的肺炎病例。截至27日,与尹某某密切接触的20人被集中隔离。25日,嘉鱼县人民检察院对尹某某案进行立案监督,嘉鱼县公安局于同日对尹某某立案侦查,并对其监视居住。210日,嘉鱼县公安局将该案移送审查起诉。211日,嘉鱼县人民检察院以妨害传染病防治罪对尹某某提起公诉,嘉鱼县人民法院经以速裁程序公开开庭审理,采纳了检察机关量刑建议,当庭以妨害传染病防治罪判处被告人尹某某有期徒刑一年。

 (གཉིས)གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་ཉེས་གསོག

(二) 妨害公务犯罪

བཅའ་ཁྲིམས་ཉིང་བཅུདརྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ(བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་འཛིན་དོ་དམ་འགན་དབང་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྩ་འཛུགས་ཁྲོད་ཀྱི་གཞུང་དོན་སྒྲུབ་པའི་མི་སྣ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་མངག་བཅོལ་ལྟར། རྒྱལ་ཁབ་ལས་ཁུངས་ཀྱི་ཚབ་བྱས་ནས་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་དབང་ལག་བསྟར་བྱེད་པའི་རྩ་འཛུགས་ཁྲོད་གཞུང་དོན་སྒྲུབ་པའི་མི་སྣ། རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ནང་དུ་བཅུག་མེད་མོད། འོན་ཀྱང་རྒྱལ་ཁབ་ལས་ཁུངས་ནང་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་པའི་མི་སྣ)ཁྲིམས་ལྟར་འགོས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད་འགོས་ནད་སྔོན་འགོག་དང་། ནད་ཡམས་བརྟག་བཤེར། བཙན་ཤེད་བཀར་འཇུག བཀར་འཇུག་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གསེས་དང་པོ་དང་གསུམ་པའི་གཏན་འབེབས་ལྟར། གཞུང་དོན་ལ་འགོག་རྐྱེན་བཟོ་བའི་བྱས་ཉེས་སུ་གཏན་འཁེལ་བྱས་ཏེ་ཆད་པ་གཅོད་དགོས། ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་གཏུམ་སྤྱོད་འཇབ་རྒོལ་བྱས་ཚེ། གཞུང་དོན་བསྒྲུབ་རྒྱུར་འགོག་རྐྱེན་བཟོ་བའི་བྱས་ཉེས་སུ་གཏན་འཁེལ་བྱས་ཏེ་ཆད་པ་ལྕི་མོ་གཅོད་དགོས།

【法律要旨】以暴力、威胁方法阻碍国家机关工作人员(含在依照法律、法规规定行使国家有关疫情防控行政管理职权的组织中从事公务的人员,在受国家机关委托代表国家机关行使疫情防控职权的组织中从事公务的人员,虽未列入国家机关人员编制但在国家机关中从事疫情防控公务的人员)依法履行为防控疫情而采取的防疫、检疫、强制隔离、隔离治疗等措施的,依照刑法第二百七十七条第一款、第三款的规定,以妨害公务罪定罪处罚。暴力袭击正在依法执行职务的人民警察的,以妨害公务罪定罪,从重处罚。

དོ་སྣང་བྱེད་དགོས་པ་ཞིག་ནི། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་ཉེས་གསོག་གི་སྤྱད་འཐུས་ཚོད་འཛིན་དགོས་པ་སྟེ། གཅིག་ནི་འགོས་ནད་དང་འབྲེལ་བ་ཡོད་པའི་གཞུང་དོན་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་སྔོན་འགོག་ཚོད་འཛིན་བྱ་ཡུལ་ཡིན། འགོས་ནད་ལ་ཐོལ་བྱུང་རང་བཞིན་དང་རྒྱ་ཁྱབ་རང་བཞིན་ལྡན་པས། འགོས་ནད་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོན་འགོག་བྱ་ཆེད། རིམ་ཁག་སྲིད་གཞུང་གིས་སྡོད་དམངས(གྲོང་ཚོ)ཨུ་ཡོན་ལྷན་ཁང་དང་སྡེ་ཁུལ་གྱི་ལས་དོན་མི་སྣ་སོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་བྱེད་དགོས། དེར་བརྟེན། མཐོ་གཉིས་པུའུ་གཉིས་ཀྱི་བསམ་འཆར་གཏན་འབེབས་དང་མཐུན་པའི་མི་སྣ་རིགས་གསུམ་པ་ཚང་མ་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་སྤེལ་ཡུལ་ཡིན། གཉིས་ནི་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། གཞུང་དོན་བྱ་སྤྱོད་ལ་དམིགས་བསལ་རང་བཞིན་ངེས་ཅན་ལྡན། གཞུང་ཞབས་མི་སྣས་རིམས་འགོག་དང་། ནད་ཡམས་བརྟག་དཔྱད། བཙན་ཤེད་ཀྱིས་བཀར་འཇུག བཀར་འཇུག་སྨན་བཅོས་སོགས་ཀྱི་བྱེད་ཐབས་དང་འབྲེལ་བ་ཟབ་མོ་ཡོད་པའི་བྱ་སྤྱོད་ཡིན་ན། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱ་སྤྱོད་དུ་ངོས་འཛིན་དགོས།

要注意的是,在疫情防控期间,对妨害公务罪的适用,需要把握:一是关于涉疫情防控妨害公务行为的对象。因疫情具有突发性、广泛性,为了最大限度防控疫情,各级政府需要组织动员居(村)委会、社区工作人员等落实防控职责,实施管控措施。因此,对于符合两高两部意见规定的三类人员的,均属于妨害公务行为的对象。二是在疫情防控期间公务行为具有一定的特殊性。对于妨害公务人员实施与防疫、检疫、强制隔离、隔离治疗等措施密切相关行为的,应认定为妨害公务行为。

གྱོད་དཔེ་གཉིས་པ། སི་ཁྲོན་ཞིང་ཆེན་རེན་ཧྲོའུ་རྫོང་གི་ཝང་ཆེ་གེ་མོས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་གྱོད་གཞི། 2020ལོའི་ཟླ1པོའི་ཚེས24ཉིན། སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་སུ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས། རེན་ཧྲོའུ་རྫོང་དང་དེ་བཞིན་ཁོངས་གཏོགས་ཀྱི་ཡུལ་གྲོང་ཁག་དང་། ཁྲོམ་ལམ། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་བླང་བྱ་གཞིར་བཟུང་ནས་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་འདོམས་དང་འགོ་ཁྲིད་སྒྲིག་གཞི་བཙུགས།

案例二:四川省仁寿县王某妨害公务案。2020124日,四川省委、省政府决定在全省启动突发公共卫生事件一级应急响应。仁寿县及下属各乡镇、街道和相关部门按照要求成立了疫情防控指挥、领导机构。

ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད14ཙམ་ལ། གྱོད་ཡ་ཝང་ཆེ་གེ་མོས་རེན་ཧྲོའུ་རྫོང་ཕུའུ་ཉིང་ཁྲོམ་གཞུང་གི་ཚོང་ཁང་ཞིག་ཏུ་ལས་ཀ་སྒྲུབ་སྐབས། ཕུའུ་ཉིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁུར་བ་ལེའོ་ཆེ་གེ་མོ་དང་ཏེང་ཆེ་གེ་མོ། རྫོང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་པ་དབྱང་ཆེ་གེ་མོ་དང་ཧྥང་ཆེ་གེ་མོ་སོགས་ཀྱིས་ས་གནས་དེ་གའི་ཏོག་གསར་གློ་ཚད་འགོས་ནད་མཉམ་འགོག་མཉམ་བཅོས་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། ཉེ་འགྲམ་སྡེ་ཁུལ་གྱི་ཕྱི་རུ་ཉེན་ཟོན་སྐུད་ཐིག་འཐེན་པ་དང་ཉེན་ཟོན་འགོག་གནས་བཙུགས་ཤིང་། སྡེ་ཁུལ་གྱི་འགྲོ་འོང་མི་སྣའི་ལུས་དྲོད་ཚད་འཇལ་ནས་འགྲོ་འོང་མི་སྣའི་བདེ་འཇགས་འགན་ལེན་བྱས། ཝང་ཆེ་གེ་མོས་བཞག་པའི་འཁོར་ལོ་བཞི་ཅན་གྱི་གློག་གསོག་འཁོར་ལོ་དེས་ས་ཚིགས་ཀྱི་བགྲོད་ལམ་བཀག་པས། ལིའོ་ཆེ་གེ་མོས་ཁོ་ལ་འགོས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་མི་སྣའི་ཐོབ་ཐང་གསལ་བཤད་བྱས་རྗེས། ཝང་ཆེ་གེ་མོས་རིམས་འགོག་བྱ་བར་གཞོགས་འདེགས་བྱས་ཏེ་རླངས་འཁོར་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན། ཝང་ཆེ་གེ་མོས་ཐོག་མར་གློག་གསོག་སྣོད་ལ་གློག་མེད་ཟེར་བ་དང་། དེ་འཁོར་དུ་འཇུག་མི་ཐུབ་ཅེས་བཤད་ཅིང་། ལིའོ་ཆེ་གེ་མོས་རླངས་འཁོར་འདེད་རོགས་བྱས་རྗེས། ལིའོ་ཆེ་གེ་མོ་སོགས་འགྲིམ་འགྲུལ་ཉེན་རྟོག་པ་མིན་པས། ཁོ་ལ་རླངས་འཁོར་སྤོ་དགོས་པའི་རེ་བ་འདོན་དབང་མེད་པར་བཤད། ལིའོ་ཆེ་གེ་མོ་སོགས་ཀྱིས་ཝང་ཆེ་གེ་མོ་ལ་འགོས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་རེ་བ་གསལ་བཤད་བྱས་པར། ཝང་ཆེ་གེ་མོའི་སེམས་སུ་ལིའོ་ཆེ་གེ་མོ་སོགས་ཀྱིས་དེ་ལྟར་ཚབས་ཆེན་བྱེད་དགོས་དོན་མེད་སྙམ་ནས། ལིའོ་ཆེ་གེ་མོ་ལ་མཛུབ་མོ་བཙུགས་ཏེབྱ་སྤུ་ཁྱེར་ནས་བཀའ་མདའ་བྱེདཅེས་དམའ་འབེབས་བྱས། ལིའོ་ཆེ་གེ་མོས་བྱ་བར་རམ་འདེགས་བྱས་ཏེ་གཞན་ལ་སྡིགས་མོ་བྱས་མི་ཆོག་པའི་རེ་བ་བཏོན་རྗེས། ཝང་ཆེ་གེ་མོར་ངར་སེམས་སྐྱེས་ཤིང་། ལིའོ་ཆེ་གེ་མོ་ཡིས་མཉམ་བཞག་མེད་པའི་སྐབས་སུ། ཁོའི་གདོང་ལ་ཁུ་ཚུར་གྱིས་གཞུས་ནས་ཕུང་གྲུབ་སྙི་མོ་རྨས། དོན་རྐྱེན་བྱུང་ཡུལ་གྱི་སྒྲིག་ལམ་ཟང་ཟིང་མི་ཡོང་ཆེད། ལིའོ་ཆེ་གེ་མོ་སོགས་ཀྱིས་ཝང་ཆེ་གེ་མོ་ལ་བཀག་འགོག་བྱས་ནས་ཁོ་མར་མནན་ཞིང་། ཝང་ཆེ་གེ་མོས་སྔར་བཞིན་མཚམས་མི་ཆད་པར་ལུའོ་ཆེ་གེ་མོའི་ངོ་གདོང་ལ་རྨ་ཤུལ་འགའ་བཞག   ས་གནས་ཀྱི་ལས་དོན་མི་སྣས་ཉེན་བརྡ་བཏང་ནས། མི་དམངས་ཉེན་རྟོག་པས་ཡུལ་དངོས་ནས་ཁྲིམས་ལྟར་ཝང་ཆེ་གེ་མོ་འཛིན་བཟུང་བྱས་པར་མ་ཟད། ད་དུང་གྱོད་དོན་ཐོ་འགོད་ཀྱང་བྱས།

2414时许,被告人王某在仁寿县普宁街道一门市上班时,普宁街道办事处负责疫情防控的工作人员廖某、邓某与县委政法委工作人员杨某、方某等人按照当地新冠肺炎疫情联防联控工作指挥部安排,在旁边的小区外拉警戒带,设置卡点,测量小区进出人员体温,以确保进出人员平安。因王某停放的四轮电瓶车挡住卡点进出口通道,廖某等人向其表明疫情防控工作人员身份后,要求王某配合防疫工作将车挪走。王某先是称电瓶没电,打不着火,在廖某表示愿意帮忙推车后,又说廖某等人不是交警,无权要求其挪车。廖某等人向王某解释疫情防控工作要求,王某觉得廖某等人大惊小怪,没有必要搞那么严重,一边用手指着廖某,一边辱骂其“拿着鸡毛当令箭”。廖某要求其配合工作不准骂人后,王某愈发激动,趁廖某不备挥拳击打其脸部,致其面部软组织挫伤。为避免现场秩序混乱,廖某等人上前制止王某,将其摁住。王某仍用手不停抓挠廖某脸部,在其脸上抓出几道血痕。现场工作人员报警,民警赶到现场依法将王某抓获并立案。

ཟླ2པའི་ཚེས5ཉིན། རེན་ཧྲོའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁ་པར་དང་བརྙན་ལམ་གྱི་བྱེད་ཐབས་སྤྱད་དེ། སྔ་མོ་ནས་གྱོད་གཞི་དེའི་ནང་དུ་ཞུགས་ཤིང་། མྱུལ་ཞིབ་ལས་ཁུངས་ལ་དུས་ཐོག་ཏུ་སྲིད་གཞུང་གི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཡིག་ཆ་དང་། གྱོད་གཞི་ཐོན་ཡུལ་གྱི་ལྟ་སྐུལ་ཚོད་འཛིན་བརྙན་ལམ་སོགས་གྱོད་གཞིའི་དོན་དངོས་ར་སྤྲོད་ཐུབ་པའི་འགག་རྩའི་དཔང་རྟགས་བསྡུ་ལེན་བྱ་རྒྱུའི་ཁྲིད་སྟོན་བྱས། ཟླ2པའི་ཚེས10ཉིན། རེན་ཧྲོའུ་རྫོང་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་དེ་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ། རེན་ཧྲོའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། གྱོད་གཞི་དེའི་དོན་དངོས་ཁ་གསལ་བ་དང་། དཔང་རྟགས་ཁུངས་བཙན་ཞིང་ཆ་ཚང་བ། ཝང་ཆེ་གེ་མོས་གྱོད་གཞི་ཐོན་རྗེས་ཇི་མ་ཇི་བཞིན་ངོས་ལེན་དང་རང་མོས་ངང་ནག་ཉེས་ངོས་ལེན་བྱས་པས། འདི་ནག་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་ཀྱི་བཀོལ་སྤྱོད་ཆ་རྐྱེན་དང་མཐུན་པར་འདོད། ཝང་ཆེ་གེ་མོས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏུག་བཤེར་དབང་ཆ་འདྲི་རྩད་དང་གསལ་བཤད་བྱས་པ་དང་འབྲེལ། བཅའ་ཁྲིམས་གསལ་འགྲེལ་དང་གནས་ལུགས་གསལ་བཤད་བྱས་རྗེས། ལས་རེས་ཁྲིམས་རྩོད་པས་དེ་གར་བཅའ་ཁྲིམས་ཀྱི་རོགས་རམ་འདོན་སྤྲོད་བྱས་པའི་གནས་ཚུལ་འོག ནག་ཉེས་ངོས་ལེན་དང་ཆད་གཅོད་ངོས་ལེན་ཞུ་ཡིག་ལ་མིང་རྟགས་བཀོད་པར་མ་ཟད། མྱུར་གཅོད་གོ་རིམ་སྤྱོད་པར་འཐད་པ་བྱུང་། རེན་ཧྲོའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་དེར་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པར། མྱུར་གཅོད་གོ་རིམ་སྤྱད་དེ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས། ཟླ2པའི་ཚེས11ཉིན་གྱི་སྔ་དྲོར། རེན་ཧྲོའུ་རྫོང་མི་དམངས་ཁྲིམས་ཁང་གིས་ཐག་རིང་ཁྲིམས་ར་འཚོགས་ནས་གྱོད་གཞི་དེ་ཞིབ་གཅོད་བྱས་པ་དང་འབྲེལ་ཁྲིམས་ར་དེ་གར་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་བགྲང་ཞུ་གཏུག་བྱས་པའི་དོན་དངོས་དང་། ཉེས་དོན། ཉེས་ཆད་ཚད་འབེབས་ཀྱི་གྲོས་འགོ་བཅས་དང་ལེན་བྱས་ཏེ། གཞུང་དོན་ལ་འགོག་རྐྱེན་བཟོ་བའི་ཉེས་པའི་རྐྱེན་གྱིས་ཝང་ཆེ་གེ་མོར་ཟླ་བཞི་བཙན་ཉར་ལས་སྐུལ་བྱ་རྒྱུའི་ཁྲིམས་ཐག་བཅད།

25日,仁寿县人民检察院采用电话、视频方式提前介入本案,引导侦查机关及时调取了政府疫情防控相关文件、案发现场监控视频等证明案件事实的关键证据。210日,仁寿县公安局将本案移送检察机关审查起诉。仁寿县人民检察院审查认为,本案事实清楚,证据确实、充分,王某到案后如实供述,自愿认罪,符合认罪认罚从宽制度的适用条件。王某在检察机关讯问、告知诉讼权利并释法说理后,在值班律师在场且提供法律帮助的情况下,签署认罪认罚具结书并同意适用速裁程序。仁寿县人民检察院当日以妨害公务罪适用速裁程序提起公诉。211日上午,仁寿县人民法院远程开庭审理本案,并当庭宣判,采纳了检察机关指控的事实、罪名及量刑建议,以妨害公务罪判处王某拘役四个月。

གཉིས།  ཁ་བསླུས་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས།

二、依法严惩诈骗犯罪

བཅའ་ཁྲིམས་ཉིང་བཅུདའགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། འགོས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱོད་པའི་དངོས་རྫས་ཞིབ་བཟོ་དང་། ཐོན་སྐྱེད། བྲིན་ཚོང་བཅས་ཀྱི་མིང་ཐོག་ནས་གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱས་པའམ་ཡང་ན་དོན་དངོས་རྫུན་བཟོ་བྱས་ནས། སྤྱི་དམངས་ཀྱི་ཞལ་འདེབས་དངུལ་དང་དངོས་པོ་གྲངས་འབོར་ཆེ་ཙམ་གཡོ་ལེན་བྱས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་གཏན་འབེབས་ལྟར་ཁ་བསླུས་བརྒྱབ་པའི་བྱས་ཉེས་སུ་གཏན་འཁེལ་བྱས་ཏེ་ཉེས་ཆད་གཅོད་དགོས།

【法律要旨】在疫情防控期间,假借研制、生产或者销售用于疫情防控的物品的名义骗取公私财物,或者捏造事实骗取公众捐赠款物数额较大的,依照刑法第二百六十六条的规定,以诈骗罪定罪处罚。

  གྱོད་གཞི་གསུམ་པ། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཀྲང་ཆེ་གེ་མོས་ཁ་བསླུས་རྒྱག་པའི་གྱོད་གཞི། གྱོད་ཡ་ཀྲང་ཆེ་གེ་མོས་རྐུ་ཁྱེར་གྱི་བྱས་ཉེས་བསགས་པས། 2013ལོའི་ཟླ11པའི་ཚེས20ཉིན། ཨན་ཧུའེ་ཞིང་ཆེན་པེང་པུའུ་གྲོང་ཁྱེར་ཧོའེ་ཡོན་རྫོང་མི་དམངས་ཁྲིམས་ཁང་གིས་དུས་བཙོན་ལོ་གསུམ་དང་ཟླ་བ་དྲུག་གི་ཉེས་ཆད་བཅད་པར་མ་ཟད། དངུལ་ཆད་ཀྱང་སྒོར་ཁྲི་གསུམ་བཅད། 2016ལོའི་ཟླ6པའི་ཚེས7ཉིན་བཙོན་གྲོལ་བཏང་། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། གྱོད་ཡ་ཀྲང་ཆེ་གེ་མོས་གནོད་འཚེ་ཕོག་མཁན་གྱིས་ཁ་ཐུམ་ཉོ་བའི་སེམས་ཁམས་སྤྱད་དེ2020ལོའི་ཟླ1པོའི་ཚེས28ཉིན་ནས་ཚེས30ཉིན་བར། སྐད་འཕྲིན་དང་QQཚོགས་པའི་ནང་ཁ་ཐུམ་ཕྱིར་འཚོང་བྱས་པའི་ཆ་འཕྲིན་རྫུས་མ་འབོར་ཆེན་ཁྱབ་བསྒྲགས་བྱས་ནས་གནོད་འཚེ་ཕོག་མཁན་ལུའུ་ཆེ་གེ་མོ་དང་། ལུའོ་ཆེ་གེ་མོ། ཞུས་ཆེ་གེ་མོ་བཅས་ཀྱི་འགྱུར་རྟེན་སྒོར9520གཡོ་ལེན་བྱས། གྱོད་གཞི་དེ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་སྤྱི་བདེ་ཅུས་ཀང་ཀྲ་ཡན་ལག་ཅུས་ཀྱིས་མྱུལ་ཞིབ་མཇུག་འགྲིལ་ནས། ཟླ2པའི་ཚེས4ཉིན། ནན་ཐུང་གྲོང་ཁྱེར་ཀང་ཀྲ་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྤྲད། ནན་ཐུང་གྲོང་ཁྱེར་ཀང་ཀྲ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་རྗེས། གྱོད་ཡ་ཀྲང་ཆེ་གེ་མོས་ཁྲིམས་འགལ་ངང་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་ནས། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་དོན་དངོས་རྫུན་བཟོ་དང་། དྲ་རྒྱ་སྤྱད་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་ཤིང་གྲངས་འབོར་ཅུང་ཆེ། དེའི་བྱ་སྤྱོད་དེཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པ་དང་འགལ་ཞིང་། ཉེས་གསོག་དོན་དངོས་ཁ་གསལ་བ། དཔང་རྟགས་ཁུངས་བཙན་ཞིང་ཆ་ཚང་པ། ཁ་བསླུས་བརྒྱབ་པའི་ཉེས་པའི་ཐོག་ནས་དེའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་བྱས། ཟླ2པའི་ཚེས5ཉིན། ནན་ཐུང་གྲོང་ཁྱེར་ཀང་ཀྲ་ཆུས་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས། དེ་དང་མཉམ་དུ། གྱོད་ཡ་ཀྲང་ཆེ་གེ་མོས་རང་མོས་ཀྱིས་ནག་ཉེས་ངོས་ལེན་བྱས་པར་གཞིགས་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་བཙོན་ལོ་གཅིག་དང་ཟླ་དྲུག་གི་ཉེས་ཆད་དང་། དངུལ་ཆད་སྒོར་ཁྲི་གཅིག་བཅད། ཟླ2པའི་ཚེས7ཉིན། ནན་ཐུང་གྲོང་ཁྱེར་གྲུ་ཁའི་ཆུ་སྒོ་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་གིས་མྱུར་གཅོད་གོ་རིམ་བརྒྱུད། རྒྱང་སྦྲེལ་བརྙན་ལམ་གྱི་ཐབས་ལ་བརྟེན་ནས་གྱོད་གཞི་དེ་ཁྲིམས་ལྟར་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་པ་དང་། གྱོད་ཡ་ཀྲང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་དྲུག་བྱས་པར་མ་ཟད། དངུལ་ཆད་དམངས་སྒོར་ཁྲི་གཅིག་བཅད།

案例三:江苏省南通市张某诈骗案。被告人张某曾因犯盗窃罪于20131120日被安徽省蚌埠市怀远县人民法院判处有期徒刑三年六个月,并处罚金人民币三万元,于201667日刑满释放。疫情防控期间,被告人张某利用被害人急于购买口罩的心理,于2020128日至30日,在微信、QQ群内发布有大量口罩出售的虚假信息,骗取被害人陆某某、骆某、徐某某定金共计人民币9520元。该案由江苏省南通市公安局港闸分局侦查终结,于24日向南通市港闸区人民检察院移送审查起诉。南通市港闸区人民检察院审查认为,被告人张某以非法占有为目的,在疫情防控期间虚构事实,利用网络骗取他人财物,数额较大,其行为已触犯《中华人民共和国刑法》第二百六十六条,犯罪事实清楚,证据确实、充分,应当以诈骗罪追究其刑事责任,于25日向南通市港闸区人民法院提起公诉。同时,鉴于被告人张某自愿认罪,检察机关建议判处其有期徒刑一年六个月,并处罚金人民币一万元。27日,南通市港闸区人民法院适用速裁程序,通过远程视频方式依法公开审理此案,对被告人张某判处有期徒刑一年六个月,并处罚金人民币一万元。

གསུམ། དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་བའི་བྱས་ཉེས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།

三、依法严惩造谣传谣犯罪

བཅའ་ཁྲིམས་ཉིང་བཅུདའགོས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོས་ནས། ཆ་འཕྲིན་དྲ་བའམ་སྨྱན་སྦྱོར་གཞན་དག་གི་ཐོག་ཁྱབ་སྤེལ་བྱས་པའམ་ཡང་ན་འགོས་ནད་བྱུང་ཚུལ་སྐོར་གྱི་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ།  ཆ་འཕྲིན་དྲ་རྒྱའམ་སྨྱན་སྦྱོར་གཞན་དག་གི་ཐོག་ཏུ་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར། ཆ་འཕྲིན་རྫུན་བཟོ་དང་བསམ་བཞིན་དུ་ཁྱབ་སྤེལ་བྱས་པའི་བྱས་ཉེས་སུ་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་དགོས། ཆ་འཕྲིན་རྫུན་མ་བཟོས་ནས་ཆ་འཕྲིན་དྲ་བའི་ཐོག་ཁྱབ་སྤེལ་བྱས་པའམ་ཡང་ན་མི་གཞན་པར་ཆ་འཕྲིན་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱེད་པར་སྒྲིག་འཛུགས་དང་ངན་སྐུལ་བྱས་ནས་ཟིང་ཆ་བསླངས་ཤིང་། སྤྱི་བའི་སྒྲིག་ལམ་ཟང་ཟིང་དུ་བཏང་བའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དང་གོ་གསུམ་པའི་ནང་གསེས་དོན་ཚན་དང་པོའི་ཡང་གསེས་དོན་ཚན་བཞི་བའི་གཏན་འབེབས་ལྟར། བསྙད་རྐོ་ཟིང་སློང་གི་བྱས་ཉེས་སུ་གཏན་ཁེལ་བྱས་ནས་ཉེས་ཆད་གཅོད་དགོས།

【法律要旨】在疫情防控期间,编造虚假的疫情信息,在信息网络或者其他媒体上传播,或者明知是虚假疫情信息,故意在信息网络上或者其他媒体上传播,严重扰乱社会秩序的,依照刑法第二百九十一条之一第二款的规定,以编造、故意传播虚假信息罪定罪处罚。编造虚假信息,或者明知是编造的虚假信息,在信息网络上散布,或者组织、指使人员在信息网络上散布,起哄闹事,造成公共秩序严重混乱的,依照刑法第二百九十三条第一款第四项的规定,以寻衅滋事罪定罪处罚。

གྱོད་དཔེ་བཞི་བ། ལིའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཀྲའོ་ཆེ་གེ་མོས་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བྱས་པའི་གྱོད་གཞི། དོགས་ཡོད་ཉེས་ཅན་ཀྲའོ་ཆེ་གེ་མོ་ནི་ལས་ཀ་མེད་པའི་མི་ཞིག་རེད། 2018ལོ་ནས་བཟུང་། ཁོས་ཉེན་རྟོག་ཆེད་སྤྱོད་ཀྱི་སྒྲིག་ཆས་ཉོས་ཤིང་ཐེངས་མང་པོར་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་ཐོག་རང་གིས་ཉེན་རྟོག་པའི་སྒྲིག་ཆས་གྱོན་པའི་བརྙན་སྤེལ་ནས་ཉེན་རྟོག་པར་བརྫུས། 2020ལོའི་ཟླ1པོའི་ཚེས26ཉིན། ཀྲའོ་ཆེ་གེ་མོས་རང་གི་ཧམ་སེམས་དང་དྲ་རྒྱའི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། རང་གིས་ཉེན་རྟོག་པའི་གྱོན་ཆས་གྱོན་པའི་པར་སྐད་འཕྲིན་གྱི་མགོ་པར་དུ་བཞག་ཅིང་། སྐད་འཕྲིན་གྱི་མིང་ལ་ཨན་ཧྲན་འགྲིམ་འགྲུལ་ཉེན་རྟོག་པ་ཞའོ་ལུང་ཞེས་བཏགས་ནས། སྐད་འཕྲིན་གྲོགས་ཚོམས་སུཨན་ཧྲན་འགྲིམ་འགྲུལ་ཉེན་རྟོག་པ་ཞའོ་ལུང་གིས་ཚང་མར་དྲན་སྐུལ་ཞུ།  དེ་རིང་ཨན་ཧྲན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཚང་མ་སྐྱེལ་འདྲེན་བྱེད་མཚམས་བཞག སང་ཉིན་ནས་ཐག་རིང་འགྲུལ་སྐྱེལ་ས་ཚིགས་ཀྱིས་ཐག་རིང་དུ་འགྲོ་བའི་རླངས་འཁོར་ཚང་མ་སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུ་རེད། དོ་དགོང་ང་ལས་རེས་ཡིན་པས་ངས་རུ་ཁག་ཁྲིད་ནས་ལས་འགན་བསྒྲུབ་རྒྱུ་ཡིན། དོ་དགོང་ནམ་ཕྱེད་ཀྱི་དུས་ཚོད12ནས་བཟུང་། ངས་རུ་ཁག་ཁྲིད་ནས་ཨན་ཧྲན་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁ་ཚང་མ་ནས་གྲོང་ཁྱེར་ཡོངས་བཀག་སྡོམ་བྱེད་རྒྱུ་ཡིན། རླངས་འཁོར་ཚང་མ་ང་ཚོ་ཨན་ཧྲན་དུ་ཡོང་མི་ཆོགཅེས་པ་དང་། ཡང་ཨན་ཧྲན་གྲོང་ཁྱེར་གྱིས་དོ་དགོང་གྲོང་ཁྱེར་ཡོངས་ཀྱི་ལམ་འགོག་རྒྱུ་རེད། རྒྱ་ཆེ་བའི་ཁ་ལོ་བ་གྲོགས་པོ་ཚོར་དོན་དག་མེད་ན་སྒོར་མ་འགྲོ།ཞེས་པའི་ཆ་འཕྲིན་སྤེལ་ཞིང་ཉེན་རྟོག་པའི་ལས་སྒྲུབ་འདྲ་པར་མང་པོ་བཞག ཆ་འཕྲིན་འདི་ཁྱབ་བསྒྲགས་བྱས་རྗེས། དྲ་གྲོགས་མང་པོ་ཞིག་གིས་སྐད་འཕྲིན་ཚོགས་པ་དང་གྲོགས་ཚོམས་སུ་བརྒྱུད་སྐུར་བྱས།  གྲོང་མི་མང་པོས་འབྲེལ་ཡོད་སྡེ་ཁག་ལ་ཁ་པར་བཏང་ནས་གནས་ཚུལ་དྲིས། ཨན་ཧྲན་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་མི་ཐེངས95ཡི་ཁ་པར་ཉན་པ་དང་། ཨན་ཧྲན་གྲོང་ཁྱེར8890དམངས་འཚོའི་ཞབས་ཞུའི་ལས་སྟེགས་ཀྱིས་མི་ཐེངས24ཡི་ཁ་པར་ཉན། 110ཉེན་བརྡ་དང་ལེན་ལྟེ་གནས་ཀྱིས་མི་ཐེངས78ཀྱི་ཁ་པར་ཉན། འདིས་སྤྱི་ཚོགས་ཤུགས་རྐྱེན་ངན་པ་བཟོས་ཤིང་། འགོས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རྒྱུན་ལྡན་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས། གྱོད་གཞི་བྱུང་རྗེས་ཨན་ཧྲན་གྲོང་ཁྱེར་ཐིའེ་ཞི་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་འཕྲལ་མྱུར་ངང་ཚོར་སྐྱེན་གྱོད་དོན་ཚབས་ཆེན་གྱི་མགྱོགས་མྱུར་ཚོར་སྐྱེན་ལས་དོན་ལམ་སྲོལ་སྤེལ། གྱོད་གཞིའི་འཕེལ་རིམ་དང་དཔང་རྟགས་བླངས་པའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། དཔང་རྟགས་འཚོལ་བསྡུ་དང་། བཅའ་ཁྲིམས་སྤྱོད་པའི་གནད་དོན་ལ་གཞིགས་ནས་སྤྱི་བདེ་ལས་ཁུངས་དང་དགོངས་འཆར་བརྗེ་རེས་བྱས། 2020ལོའི་ཟླ2པའི་ཚེས10ཉིན། ཐིའེ་ཞི་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་དོགས་ཡོད་ཉེས་ཅན་ཀྲའོ་ཆེ་གེ་མོས་ཆ་འཕྲིན་རྫུན་བཟོ་དང་། བསམ་བཞིན་དུ་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱས་པའི་ཉེས་གསོག་ལ་གཞིགས་ནས་འཛིན་བཟུང་བྱེད་པར་ཆོག་མཆན་བཀོད།

案例四:辽宁省鞍山市赵某某涉嫌编造、故意传播虚假信息案。犯罪嫌疑人赵某某系无业人员,自2018年开始购置警用装备,并多次在社交平台发布其穿戴警用装备的视频冒充警察。2020126日,赵某某为满足虚荣心,扩大网络影响力,将自己身着警服的照片设为微信头像,同时将微信昵称设为“鞍山交警小龙”,并在微信朋友圈发布信息称:“鞍山交警小龙温馨提示大家!今天鞍山市城市公交车!全部停运!从明天开始长途客运站停止营运所有长途汽车!今晚我值班由我带队出去执勤!今晚从半夜12点开始!由我带队在鞍山所有的高速公路口全城封闭!所有的车辆不准进入我们鞍山!”“鞍山市今晚全城开始封路!请广大司机朋友们!没事请不要出门了”,并配发多张警察执勤图片。该条信息发布后,被多名网友转发至朋友圈和微信群,大量市民向相关部门电话咨询,鞍山市交通管理局接听95人次,鞍山市8890民生服务平台接听24人次,110接警中心接听78人次,引发社会不良影响,影响疫情防控工作的正常秩序。案发后,鞍山市铁西区人民检察院第一时间启动重大敏感案件快速反应工作机制,掌握案件进展与取证情况,就证据调取、适用法律问题与公安机关充分交换意见。2020210日,铁西区人民检察院对犯罪嫌疑人赵某某以编造、故意传播虚假信息罪批准逮捕。

བཞི། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས།

四、依法严惩破坏野生动物资源犯罪

        བཅའ་ཁྲིམས་ཉིང་བཅུད ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་། རྩ་མེད་དུ་འགྲོ་ཉེ་བ་དག་རྔོན་འཛིན་གསོད་གསུམ་བྱས་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་དག་རྔོན་འཛིན་གསོད་གསུམ་བྱས་པའི་བྱས་ཉེས་ལྟར་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་དགོས།

【法律要旨】非法猎捕、杀害国家重点保护的珍贵、濒危野生动物的,依照刑法第三百四十一条第一款的规定,以非法猎捕、杀害国家重点保护的珍贵、濒危野生动物罪定罪处罚。

གྱོད་དཔེ་ལྔ་བ། ཧྥུ་ཅན་ཞིང་ཆེན་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་ཁྲེན་ཆེ་གེ་མོས་ཁྲིམས་འགལ་ངང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་དག་རྔོན་འཛིན་གསོད་གསུམ་བྱས་པར་དོགས་པའི་གྱོད་གཞི། 2020ལོའི་ཟླ1པོའི་ཚེས26ཉིན་གྱི་ཉིན་གུང་ཆུ་ཚོད12དང་སྐར་མ27ཐོག ཝུའུ་དབྱི་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལཝུའུ་དབྱི་ཧྲན་གྲོང་ཁྱེར་ཞིང་ཐེན་གྲོང་རྡལ་གྱི་ཞི་ཅའོ་གྲོང་ཚོའི་ཁྲེན་ཆེ་གེ་མོ་ཚང་གིས་ལས་ཀ་མི་བསྒྲུབ་པར་ཆེད་དུ་རི་སྐྱེས་སྲོག་ཆགས་བཙོང་གི་ཡོདཅེས་པའི་མང་ཚོགས་ཀྱི་ཐེར་འདོན་འབྱོར་རྗེས། ཝུའུ་དབྱི་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དུས་ཐོག་ཏུ་ཁུངས་སྣེ་དེ་ཝུའུ་དབྱི་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཡན་ལག་ཅུས་ལ་རྩིས་སྤྲོད་བྱས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད16ཙམ་ལ། ཝུའུ་དབྱི་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ཁྲེན་ཆེ་གེ་མོའི་སྡོད་ཁང་ལ་ཞིབ་བཤེར་བྱེད་སྐབས། འཁྱགས་སྒྲོམ་དུ་ཉར་ཚགས་བྱས་པའི་བྱ་སྤུ་མེད་པར་བཏང་བའིབྱ་དེ ཆ་ཚང་ལྔའི་རོ་དང་། བྱ་སྒྲོ་དཀར་པོ་ཅན་གྱིབྱ་དེཡི་རྔ་མའི་ཤ་དུམ་བུ3 (ལྗིད་ཚད་ལ་སྟོང་ཁེ6)ཤྭ་བའདྲ་བའི་ཤ་དུམ་བུ9(ལྗིད་ཚད་ལ་སྟོང་ཁེ13.6)ཡོད་པ་མཐོང་ནས་བཙན་ཉར་བྱས། གསལ་འབྱེད་བྱས་པ་བརྒྱུད། བཙན་ཉར་བྱས་པའི་བྱ་སྤུ་མེད་པར་བཏང་བའིབྱ་དེ ཆ་ཚང5ཡི་ཤི་རོ་དང་། བྱ་སྒྲོ་དཀར་པོ་ཅན་གྱིབྱ་དེཡི་རྔ་མའི་ཤ་དུམ་བུ3ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་ཏེ་བྱ་དཀར་པོ་ཡིན།  ཤྭ་བའདྲ་བའི་ཤ་དུམ་བུ9ནི། 2000ལོའི་ཟླ8པའི་ཚེས1ཉིནརྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་ཕན་ཡོད་དམ་ཡང་ན་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོརུ་བཀོད་པའི་ཤྭ་བ་དམར་ཁྲ་རེད། ཁྲེན་ཆེ་གེ་མོས་བཤད་རྒྱུར། 2019ལོའི་ཟླ11པ་ནས2020ལོའི་ཟླ1པོའི་བར། རང་ཉིད་ཀྱིས་བཟའ་བའི་ཆེད་དུ། སྔ་རྗེས་སུ་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་ཞིང་ཐེན་གྲོང་རྡལ་གྱི་ཞི་ཅའོ་གྲོང་ཚོའིཧྲོང་ཞི་ལུང་ཞེས་པའི་རི་ཁུལ་ནས་ཉོས་ཡོང་བའི་རྙི10སྤྱད་དེ། བྱ་དཀར་པོ5དང་ཤྭ་བ་དམར་ཁྲ2བཟུང་ནས་བསད། ཉིན་དེའི་དགོང་མོར། ཝུའུ་དབྱི་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ནགས་ཚལ་ཡན་ལག་ཅུས་ཀྱིས་ཁྲེན་ཆེ་གེ་མོས་ཁྲིམས་འགལ་ངང་རི་དྭགས་རྔོན་པའི་བྱས་ཉེས་ལ་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས། དུས་མཚུངས་སུ་ཉེས་དོན་བཀག་སྐྱིལ་གྱི་བཙན་ཐབས་སྤྱད། 2020ལོའི་ཟླ2པའི་ཚེས2ཉིན། ཡན་ལག་ཅུས་དེས་གྱོད་དོན་དེ་ཝུའུ་དབྱི་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་འཛིན་བཟུང་བྱེད་པའི་ཆོག་མཆན་ཞུས། ཝུའུ་དབྱི་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཁྲེན་ཆེ་གེ་མོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་འགལ་ནས། ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་འཛིན་གསོད་གསུམ་བྱས་པར་དོགས་པས་ཁྲིམས་ལྟར་འཛིན་བཟུང་བྱེད་པར་ཆོག་མཆན་བཀོད། དུས་མཚུངས་སུ། སྤྱི་བདེ་ལས་ཁུངས་ལའཛིན་བཟུང་གྱོད་གཞི་མུ་མཐུད་དུ་མྱུལ་ཞིབ་དང་དཔང་ལེན་དགོས་པའི་བསམ་འཆར་ཡི་གེབསྐུར་ནས་འབྲེལ་ཡོད་བརྙན་ལམ་རྒྱུ་ཆ་ལེན་དགོས་པ་དང་ཉེས་གསོག་ལག་ཆ་ལེན་དགོས་པའི་རེ་བ་བཏོན།  གྱོད་གཞི་གཅིག་པའི་ཉེས་ཅན་གཞན་ཡོད་མེད་དང་། རྔོན་བཀག་ས་ཁུལ་དང་རྔོན་བཀག་དུས་སུ་རྔོན་བྱས་པ་སོགས་བྱས་ཉེས་དོན་དངོས་གཞན་ཡོད་མེད་རྩད་གཅོད་དགོས་པའི་རེ་བ་བཏོན། ཝུའུ་དབྱི་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་འཛིན་བཟུང་ཆོག་མཆན་འགོད་པའི་འགན་འཁྲི་སྒྲུབ་པའི་རིང་ལ། ཁྲེན་ཆེ་གེ་མོའི་བྱས་ཉེས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་ལ་གནོད་རྐྱེན་བཟོས་པར་འདོད་ནས། གྱོད་དོན་དེར་ཉེས་དོན་དང་དམངས་དོན་སྤྱི་ཕན་གཉིས་ཀྱི་སྒོ་ནས་གཏུག་བཤེར་བྱས།  ཟླ2པའི་ཚེས3ཉིན་ནས་བཟུང་། ཉེས་དོན་དང་དམངས་དོན་སྤྱི་ཕན་ཟུང་འབྲེལ་གྱི་གཏུག་བཤེར་གྱོད་གཞིར་གྱོད་ཐོ་བཀོད་ནས་རྩད་ཞིབ་བྱས། ཟླ2པའི་ཚེས7ཉིན། དྲང་བདེན་དྲ་རྒྱའི་ཐོག་སྤྱི་ཕན་གཏུག་བཤེར་མ་བྱས་གོང་གི་སྤྱི་བསྒྲགས་བྱས།

案例五:福建省武夷山市陈某某涉嫌非法猎捕、杀害国家重点保护的珍贵、濒危野生动物罪案。2020126日中午1227分,武夷山市人民检察院收到群众举报,称:“武夷山市兴田镇西郊村芦的陈某某一家均不做事情,专门售卖野味。”接到举报后,武夷山市人民检察院及时将该线索移交给了武夷山市公安局森林分局。同日下午16时许,武夷山市公安局森林分局民警在对陈某某的住宅进行检查时,发现并扣押冰柜存放的5只完整去毛的“山鸡”、3块带有白色羽毛的“山鸡”尾部肉块(重6千克)和9块疑似“山麂”的肉块(重13.6千克)。经鉴定,被扣押的5只完整去毛的“山鸡”死体和3个带有白色羽毛的“山鸡”尾部肉块,物种为国家二级重点保护野生动物白鹇;被扣押的9块“山麂”肉块,物种为200081日列入《国家保护的有益的或者有重要经济、科学研究价值的陆生野生动物名录》的赤麂。陈某某交代,201911月至20201月期间,为了自己食用,先后多次到武夷山市兴田镇西郊村“双喜垅”山场,用购买的10个猎夹,捕获了5只白鹇和2只赤麂并予以杀害。同日晚,武夷山市公安局森林分局对陈某某以涉嫌非法狩猎罪立案侦查,同时采取了刑事拘留的强制措施。202022日,该分局将该案提请武夷山市人民检察院批准逮捕。武夷山市人民检察院经审查认为,犯罪嫌疑人陈某某违反野生动物保护法规,非法猎捕国家保护动物,涉嫌非法猎捕、杀害珍贵野生动物罪,依法对其作出批准逮捕决定。同时,向公安机关发出《逮捕案件继续侦查取证意见书》,要求提取相关视频材料,提取作案工具,查明是否存在同案犯,是否有在禁猎区和禁猎期捕猎等其他犯罪事实。武夷山市人民检察院在履行批准逮捕职责中发现,陈某某的犯罪行为损害了国家利益和社会公共利益,拟对该案提起刑事附带民事公益诉讼,于23日对该起刑事附带民事公益诉讼案件进行了立案调查,27日在正义网进行了公益诉讼诉前公告。

ལྔ། འགོས་ནད་བྱུང་ཚུལ་དང་འབྲེལ་བའི་བྱས་ཉེས་གཞན་དག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།

五、依法惩治其他涉疫情犯罪

བཅའ་ཁྲིམས་ཉིང་བཅུདའགོས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རིང་ལ། འགོས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པར་འབྲེལ་བ་ཡོད་པའི་མི་སྣར་དམིགས་ཤིང་། ཁྲིམས་འགལ་བྱས་ཉེས་བསགས་ནས་འགོས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་གྱི་རྒྱུན་ལྡན་ལས་དོན་ལ་བཀག་འགོག་བྱས་པའི་རིགས་གནས་ཚུལ་ཚབས་ཆེན་དུ་བརྩིས་ནས་བསམ་གཞིགས་བྱ་དགོས། ཁྲིམས་ལྟར་གཟབ་ནན་གྱི་སྲིད་ཇུས་བླང་བྱ་མཚོན་པར་བྱས་ནས་ཁྲིམས་འགལ་བྱས་ཉེས་ལ་ཉེས་ཆད་དྲག་པོ་གཅོད་དགོས།   

【法律要旨】对于在疫情防控期间针对与防控疫情有关的人员实施的违法犯罪,扰乱疫情防控正常工作,要作为从重情节予以考量,依法体现从严的政策要求,有力惩治震慑违法犯罪。

གྱོད་དཔེ་དྲུག་པ། ཧོ་པེ་ཞིང་ཆེན་ལུང་ཡའོ་རྫོང་གི་ཀྲའོ་ཆེ་གེ་མོས་བསྙད་རྐོ་ཟིང་སློང་བྱས་པའི་གྱོད་གཞི། 2020ལོའི་ཟླ2པའི་ཚེས1ཉིན་གྱི་སྔ་དྲོར། ལུང་ཡའོ་རྫོང་ཀུའུ་ཁྲེང་གྲོང་རྡལ་ཞང་ཀོན་གྲོང་ཚོའི་ལས་བྱེད་པ་ལིའུ་ཆེ་གེ་མོ་དང་པའེ་ཆེ་གེ་མོས་རྫོང་སྲིད་གཞུང་གི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་བླང་བྱར་གཞིགས་ནས། གྲོང་ཚོའི་དཀྱིལ་གྱི་ཁྲོམ་གཞུང་དུ་ཁྲོམ་སྐོར་བྱས་ནས་འདུ་འཛོམས་གླེང་མོལ་བྱེད་མཁན་དག་ལ་ཕྱིར་ལོག་དགོས་པའི་ཁ་ཏ་བྱས། གྱོད་ཡ་ཀྲའོ་ཆེ་གེ་མོའི་སྒོ་འགྲམ་དུ་ཐོན་དུས། ལིའུ་ཆེ་གེ་མོས་ཀྲའོ་ཆེ་གེ་མོ་ལསྒོ་འགྲམ་དུ་མ་འདུ། ད་ལྟ་འགོས་ནད་གནས་ཚུལ་འདི་འདྲ་ཚབས་ཆེན་རེད། ཁྱིམ་ལ་འགྲོ་རོགསཞེས་ལབ། ཀྲའོ་ཆེ་གེ་མོ་ཁ་ཏ་དེར་མ་འཐད་པས་གྲོང་མི་ཨུ་ཡོན་ལྷན་ཁང་གིས་རང་འཐད་པ་མ་བྱུང་བའི་གནས་ཚུལ་འོག ཁྱིམ་ཕྱིའི་གྱང་རར་རྩི་བྱུགས(སྐབས་དེར་ཀྲའོ་ཆེ་གེ་མོ་ལས་ཀའི་དོན་དུ་ཕྱི་ལ་སོང་། ཁོའི་ཕ་མ་འཐད་པ་ཡིན། དེ་མ་ཟད་ཀྲའོ་ཆེ་གེ་མོས་དེ་སྔོན་དེའི་སྐོར་ཅི་ཡང་གླེང་མ་མྱོང་།)པར་ཁ་གཡར་ནས་ཐོག་མའི་རྣམ་པ་སླར་གསོ་དགོས་པའི་རེ་བ་བཏོན་པས་ལིའུ་ཆེ་གེ་མོ་དང་རྩོད་པ་བྱུང་། ཕྱིས་སུ་ཁྱིམ་མིས་ཁྱིམ་དུ་ཁྲིད་སོང་། ཟླ2པའི་ཚེས2ཉིན་གྱི་སྔ་དྲོའི་ཆུ་ཚོད8ཙམ་ལ། ཀྲའོ་ཆེ་གེ་མོས་སླར་ཡང་དོན་དེ་རྒྱུ་མཚན་དུ་བྱས་ནས་ལག་ཏུ་གྲི་རྣོན་པོ་དང་ཀྲེན་ཐེན་ལེཞེས་པའི་ཤོག་སྦག་བཟུང་ནས། གྲོང་དམངས་ཨུ་ཡོན་ལྷན་ཁང་དུ་རང་སྲོག་གཅོད་པའི་ཟིང་འཁྲུག་བསླངས། ཁོའི་ཁྱིམ་མི་དང་གཉེན་ཉེ།  ད་དུང་དེ་གར་ཡོད་པའི་གྲོང་ཚོའི་ལས་བྱེད་པ་དག་གིས་ཁ་ཏ་སློབ་གསོ་བྱས་ཀྱང་། ཀྲའོ་ཆེ་གེ་མོ་བློ་ཁ་འཁྲུག་ཅིང་གྲི་རྩེ་ཡིས་སྐེ་བཀག་ནས་རང་སྲོག་གཅོད་རྒྱུ་ཡིན་ཞེས་འུར་ཡང་ཡང་བརྒྱབ་པར་མ་ཟད། མི་ཚང་མ་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་ཡོང་མི་ཆོག་པར་བྱས། དུས་ཚོད9ཙམ་ལ། ཀུའུ་ཁྲེང་གྲོང་རྡལ་སྲིད་གཞུང་དུ་ཚོགས་འདུ་འཚོགས་བཞིན་པའི་ལིའུ་ཆེ་གེ་མོས་གནས་ཚུལ་ཤེས་རྗེས། འཕྲལ་མར་གྲོང་རྡལ་མངགས་གཏོང་ཁང་དུ་གྱོད་དོན་སྙན་སེང་ཞུས་པ་དང་འབྲེལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་གྲོང་དམངས་ཨུ་ཡོན་ལྷན་ཁང་ལ་སོང་། སྤྱི་བདེ་མི་དམངས་ཉེན་རྟོག་པ་དེ་གར་འབྱོར་རྗེས། ཀྲའོ་ཆེ་གེ་མོ་དེ་བས་བློ་ཁ་འཁྲུག་ནས་མུ་མཐུད་དུ་གྲི་རྩེ་ཡིས་སྐེ་བཀག་ནས་རང་སྲོག་གཅོད་དགོས་ཞེས་འཇིགས་སྐུལ་བྱས། ཕྱི་དྲོའི་ཆུ་ཚོད13ཙམ་ལ། ལུང་ཡའོ་རྫོང་སྤྱི་བདེ་ཅུས་ཀྱི་དམིགས་བསལ་ཉེན་རྟོག་པ་ཡུལ་དངོས་སུ་རོགས་རམ་བྱེད་པར་འབྱོར། ཀྲའོ་ཆེ་གེ་མོ་དང་གླེང་མོལ་བྱེད་བཞིན་རིམ་བཞིན་ཁོའི་ཉེ་སར་བཅར་བའི་སྐབས་སུ། ཁོས་གྲི་གཡུགས་ནས་ཤོག་སྦགཀྲེན་ཐེན་ལེསྤར་བའི་སྐབས་སུ། སྤྱི་བདེ་དམིགས་བསལ་ཉེན་རྟོག་པས་དེ་མ་ཐག་ཏུ་ཁོ་བཏུལ། དེའི་རིང་ལ། སྡེ་མི་འབོར་ཆེན་དུས་ཡུན་རིང་བོར་རུབ་ནས་གླེང་མོལ་བྱས་པས་སྒྲིག་ལམ་ཧ་ཅང་རྙོག་འཛིང་ཆེ། གྲོང་དམངས་ཨུ་ཡོན་ལྷན་ཁང་གི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགལ་རྐྱེན་ཚབས་ཆེན་བཟོས།

案例六:河北省隆尧县赵某某寻衅滋事案。202021日上午,隆尧县固城镇乡观村村干部刘某某、白某某按照县政府疫情防控工作要求,在村中大街巡逻劝返聚集聊天的村民,当路过被告人赵某某家门口时,刘某某要求赵某某“别在门口聚集了,现在疫情这么严重,回家吧”。赵某某对劝解不满,遂借故以村委会未经其同意粉刷其家外墙(当时赵某某外出打工,其父母同意,且此前赵某某未提及过此事),以要求恢复原貌为由与刘某某发生争执,后被家人拉回家中。22日上午8时许,赵某某再次以此事为由携带尖刀和烟花弹“震天雷”到村委会扬言自杀闹事。其家人及亲戚和在场的村干部进行劝解,但赵某某情绪激动,一直用尖刀抵住颈部扬言自杀,并让所有人不得进入村委会办公室。9时许,在固城镇政府开会的刘某某得知消息后随即到镇派出所报案,并与派出所民警一起赶到村委会。公安民警到场后赵某某情绪更加激动,继续用尖刀抵住颈部威胁自杀。下午13时许,隆尧县公安局特警赶到现场增援,在与赵某某交谈试图逐步接近时,赵某某扔掉尖刀欲点燃随身携带的烟花弹“震天雷”,当即被公安特警果断制服。其间,大量村民长时间聚集围观议论,秩序十分混乱,严重干扰了村委会疫情防控工作。

ཟླ2པའི་ཚེས2ཉིན། ལུང་ཡའོ་རྫོང་སྤྱི་བདེ་ཅུས་ཀྱིས་ཀྲའོ་ཆེ་གེ་མོར་བསྙད་རྐོ་ཟིང་སློང་གི་བྱས་ཉེས་སུ་གཏན་འཁེལ་བྱས་ཤིང་། གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པར་མ་ཟད། ཉེས་དོན་བཀག་སྐྱིལ་གྱི་བྱེད་ཐབས་སྤྱད། ཉིན་དེར། ལུང་ཡའོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མགྱོགས་མྱུར་ངང་མི་མངགས་ནས་སྔ་མོ་ནས་ལས་ཀར་ཞུགས། ཁོ་ཚོས་ཁ་པར་ཐོག་ནས་འབྲེལ་གཏུག་དང་། བརྙན་ལམ་དྲ་སྦྲེལ། གློག་རྡུལ་ཡིག་སྒྲིལ་ཀློག་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ། གྱོད་གཞིའི་ངོ་བོ་གཏན་འཁེལ་དང་དཔང་རྟགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་སྤྱི་བདེ་ལས་ཁུངས་དང་འབྲེལ་གཏུག་བྱས། ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཞུས། ཟླ2པའི་ཚེས6ཉིན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀྲའོ་ཆེ་གེ་མོ་འཛིན་བཟུང་བྱེད་པར་ཆོག་མཆན་འགོད་རྒྱུའི་ཐག་བཅད། ཟླ2པའི་ཚེས7ཉིན། གྱོད་དོན་མྱུལ་ཞིབ་མཇུག་བསྒྲིལ་ནས་ཞིབ་བཤེར་ཞུ་གཏུག་ལ་བསྐྱལ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་ཅན་ལྟ་སྲུང་ཁང་དང་། ཁྲིམས་ཁང་། ལས་རེས་ཁྲིམས་རྩོད་པ་བཅས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད། བརྙན་ལམ་དྲ་སྦྲེལ་གྱི་བྱ་ཐབས་སྤྱད་དེ་ལས་རེས་ཁྲིམས་རྩོད་པས་ཀྲའོ་ཆེ་གེ་མོ་ལ་ཁྲིམས་ལུགས་རོགས་སྐྱོར་འདོན་སྤྲོད་བྱ་རྒྱུར་འགན་སྲུང་བྱ་རྒྱུར་ཐག་བཅད།  གྱོད་གཞི་སྒྲུབ་གཉེར་ཞིབ་དཔྱོད་པ་ཡིས་ཁྲིམས་ལྟར་ཀྲའོ་ཆེ་གེ་མོར་འདྲི་རྩད་བྱས། ཀྲའོ་ཆེ་གེ་མོར་ཁོའི་ཁེ་དབང་དང་འོས་འགན་དེ་མིན་བྱས་ཉེས་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་གསལ་བཤད་བྱས། ལས་རེས་ཁྲིམས་རྩོད་པས་བརྙན་ལམ་བརྒྱུད་དེ་ཀྲའོ་ཆེ་གེ་མོའི་བཅའ་ཁྲིམས་སྐོར་གྱི་དྲི་བར་ལན་བཏབ། བཅའ་ཁྲིམས་གསལ་བཤད་དང་འགྲེལ་བཤད་བྱས་པ་བརྒྱུད། ཀྲའོ་ཆེ་གེ་མོས་བྱས་ཉེས་ངོས་ལེན་དང་འགྱོད་བཤགས་བྱས། རང་མོས་ཀྱིསབྱས་ཉེས་ངོས་ལེན་གྱི་དམ་བཅའི་ཡི་གེ ལ་མིང་རྟགས་བཀོད། མྱུར་གཅོད་ཀྱི་གོ་རིམ་སྤྱོད་རྒྱུར་མོས་མཐུན་བྱུང་། ཟླ2པའི་ཚེས10ཉིན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་ཁྲིམས་ལྟར་ཁྲིམས་ཁང་ལ་གཞུང་གཏུག་བྱས། ཟླ2པའི་ཚེས12ཉིན། ཀྲའོ་ཆེ་གེ་མོ་འཐད་པ་བྱུང་རྗེས། ལུང་ཡའོ་རྫོང་མི་དམངས་ཁྲིམས་ཁང་གིས་ཕྱོགས་གསུམ(ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། གྱོད་ཡ) བརྙན་ལམ་དྲ་སྦྲེལ་གྱི་སྒོ་ནས་མྱུར་གཅོད་གོ་རིམ་སྤྱད་དེ་གྱོད་དོན་ཞིབ་གཅོད་བྱས་པར་མ་ཟད། ཁྲིམས་སར་ཁྲིམས་གཅོད་དྲིལ་བསྒྲགས་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་ཆད་ཚད་འབེབས་ཀྱི་གྲོས་འགོ་དང་ལེན་བྱས་ནས། བསྙད་རྐོ་ཟིང་སློང་གི་བྱས་ཉེས་ལ་དུས་བཙོན་ཟླ་བ་དྲུག་གི་ཉེས་ཆད་བཅད། ཀྲའོ་ཆེ་གེ་མོས་ཁྲིམས་སར་བྱས་ཉེས་ཁས་བླངས་ནས་གོང་གཏུག་མི་ཞུ་བའི་འདོད་བློ་མཚོན།

22日,隆尧县公安局对赵某某以涉嫌寻衅滋事罪立案侦查并采取刑事拘留措施。同日,隆尧县人民检察院迅速派员提前介入,采取电话沟通、视频连线、查阅电子案卷等方式,与公安机关就案件定性、完善证据等方面进行沟通交流。25日下午,公安机关向检察机关提请批准逮捕。26日,检察机关依法对赵某某作出批准逮捕决定。27日,案件侦查终结移送审查起诉。检察机关经与看守所、法院、值班律师沟通协调,决定采取视频连线方式保障值班律师为赵某某提供法律帮助。案件承办检察官依法提讯了赵某某,告知其权利义务及认罪认罚从宽制度,值班律师通过视频连线解答了赵某某的法律咨询,通过释法说理,赵某某认罪认罚、真诚悔罪,自愿签署了《认罪认罚具结书》,同意适用速裁程序。210日,检察机关经审查依法向法院提起公诉。212日,征得赵某某同意后,隆尧县人民法院采用三方(法院、检察院、被告人)互联网视频方式、适用速裁程序审理该案并当庭宣判,采纳了检察机关量刑建议,以寻衅滋事罪判处赵某某有期徒刑六个月,赵某某当庭表示认罪服判不上诉。

责任编辑:俄尖泽仁

扫一扫在手机打开当前页