当前位置: 首页 / 翻译园地 / 法律法规

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་རྐྱེན་བཟོས་པའི་ཉེས་གསོག་...

发布时间:2020-03-20
字体:
来源:州编译局
分享到:

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་རྐྱེན་བཟོས་པའི་ཉེས་གསོག་དཔེ་མཚོན་གྱོད་གཞི་

ཁག་དང་པོ་བཅུ་ཁྱབ་བསྒྲགས་བྱས་པ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས།
    
    
ཟླ2པའི་ཚེས11ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཕྱི་ལ་གློ་ཚད་འགོས་ནད་གསར་པ་སྔོན་འགོག་ཚོད་འཛིན་བྱེད་པར་གནོད་རྐྱེན་བཟོས་པའི་བྱས་ཉེས་དཔེ་མཚོན་ཅན་ཁག་དང་པོ་བཅུ་ཁྱབ་བསྒྲགས་བྱས། ཤེས་གསལ་ལྟར་ན། ཁག་དེའི་དཔེ་མཚོན་གྱོད་དཔེ་དེ་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་བཀག་འགོག་དང་། སྨན་བཅོས་ལ་གནོད་འཚེ་གཏོང་བ། རྫུན་བཟོ་ཉོ་འཚོང་། ཟོག་གོང་ཧམ་སྤར། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བ་སོགས་ཉེས་གསོག་རིགས་བདུན་དང་འབྲེལ་བ་ཡོད་པ་རེད།
    
ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་ཐོན་པ་ནས་བཟུང་། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་འགན་ནུས་རང་འགུལ་ངང་བསྒྲུབས་པ་དང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་བསྒྲུབས་པ།  མྱུལ་ཞིབ་ནང་དུ་ཞུགས་ནས་དཔང་རྟགས་བཙལ་བ་དང་། ཞིབ་བཤེར་འཛིན་བཟུང་། ཞིབ་བཤེར་ཞུ་གཏུག་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྲིམས་འགལ་བྱེད་སྤྱོད་དང་ཉེས་དོན་ཉེས་གསོག་དབར་གྱི་དབྱེ་མཚམས་ཁྲིམས་ལྟར་སྟངས་འཛིན་ནན་མོ་དང་།  ཁྲིམས་ལྟར་གྱོད་གཞི་ཞིབ་གཅོད་དང་ནན་རྡུང་བྱེད་པའི་དབར་གྱི་འབྲེལ་བ་ཡང་དག་པར་ཐག་བཅད་པ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོས་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཁག་གཅིག་མགྱོགས་མྱུར་ངང་ཞིབ་བཤེར་ཐག་གཅོད་ནན་མོ་བཅས་བྱས་ནས་ནུས་པ་ལྡན་པར་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱས།
    
    
གསར་འགོད་པས་མཉམ་བཞག་པ་ལྟར་ན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་རྐྱེན་བཟོས་པའི་ཉེས་གསོག་དཔེ་མཚོན་གྱོད་གཞི་ཁག་དང་པོ་བཅུ་ནི། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་གཅོད་བྱས་མ་ཐག་པའི་གྱོད་གཞི་ཡིན་པར་མ་ཟད། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་དུ་ཐོན་སླ་བའི་གྱོད་གཞིའི་ཁོངས་སུ་གཏོགས། དེའི་ནང་གི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་འགོག་རྒོལ་བྱེད་པའི་ཉེས་གསོག་ཁག་གསུམ་ནི་སི་ཁྲོན་ནན་ཁྲུང་གི་སུན་ཆེ་གེ་མོས་འགོས་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་གྱོད་གཞི་དང་། ཧུའུ་པེ་ཀྲུའུ་ཧྲན་ལིའུ་ཆེ་གེ་མོས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་གྱོད་གཞི།  ཀྲེ་ཅང་ནན་ཁྲུང་ཝང་ཆེ་གེ་མོས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་གྱོད་གཞི་བཅས་ཡིན།  དྲག་ཤུགས་ལ་བརྟེན་ནས་སྨན་པར་རྨས་སྐྱོན་བཏང་བའི་ནག་ཉེས་ཤིག་སྟེ། ཧུའུ་པེ་ཝུའུ་ཧན་ཁོ་ཆེ་གེ་མོ་ཟིང་སློང་གི་དོགས་གཞི་ཡོད་པའི་གྱོད་གཞི།  རྫུན་བཟོ་ཉོ་འཚོང་གི་ནག་ཉེས་གཅིག་སྟེ་ཀྲེ་ཅང་དབྱི་ཝུའུ་ཡི་ཧའོ་ག་གེ་མོ་དང་མའོ་ཆེ་གེ་མོས་སྤུས་ཞན་ཐོན་རྫས་ཕྱིར་འཚོང་བྱས་པའི་གྱོད་གཞི། ཟོག་གོང་ཧམ་སྤར་གྱི་ཉེས་གསོག་གྱོད་གཞི་གཅིག་སྟེ་ཀོང་ཏུང་ལེན་ཅང་ཐན་ཆེ་གེ་མོས་ཁྲིམས་འགལ་གཉེར་སྐྱོང་གི་གྱོད་གཞི་དང་འབྲེལ་བ་ཡོད་པ་དང་། ཁ་བསླུས་བརྒྱབ་པའི་ཉེས་གསོག་ཁག་གཉིས་ནི་ཀྲེ་ཅང་ཉིང་པོ་དབྱིན་ཆེ་གེ་མོས་ཁ་བསླུས་བརྒྱབ་པའི་གྱོད་གཞི་དང་ཀོང་ཏུང་ཅེ་དབྱང་ཚའེ་ཆེ་གེ་མོས་ཁ་བསླུས་བརྒྱབ་པའི་གྱོད་གཞི་ཡིན། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་ཉེས་གསོག་གི་གྱོད་གཞི་གཅིག་ནི་ཀོང་ཏུང་ཧྲའོ་ཀོན་གྲོང་ཁྱེར་ལིའུ་ཆེ་གེ་མོས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་དང་མེད་པར་འགྲོ་ཉེ་བའི་རིགས་ཁྲིམས་འགལ་ངང་ཉོ་སྒྲུབ་བྱས་པའི་ཉེས་གསོག་གྱོད་གཞི་ཞིག་ཡིན། དེ་མིན་འགོས་ནད་དང་འབྲེལ་བ་ཡོད་པའི་གཏུམ་སྤྱོད་ཉེས་གསོག་གི་གྱོད་གཞི་གཞན་ནི་ཧུའུ་པེའི་ཐུང་ཁྲེང་མའོ་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོའི་འཕྲོག་བཅོམ་གྱོད་གཞི་དེ་རེད།
    
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་དཔེ་མཚོན་གྱོད་དཔེ་དེ་ཁྱབ་བསྒྲགས་བྱས་པ་ལས་བསྟན་དོན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་དང་། རིམས་འགོག་ལས་དོན་གྱི་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་བརྟན་བརླིང་། སྤྱི་པའི་བདེ་འཇགས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་རྣམ་འགྱུར་མངོན་པ་དང་ཆབས་ཅིག  རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སློབ་གསོ་དང་ཉེན་བརྡའི་ནུས་པ་ཐོན་ཡོད། མིག་སྔའི་དམིགས་བསལ་གྱི་འགོས་ནད་དུས་བབ་ལ་གཞིགས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་སྒྲུབ་ལས་དོན་ཁྲོད་སྤྱི་ཡོངས་ལ་བསྟུན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐོ་གཉིས་པུའུ་གཉིསཀྱི་འབྲེལ་ཡོད་བསམ་འཆར་གྱི་བླང་བྱ་གཞིར་བཟུང་ནས། འགོས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ཆེས་གལ་འགངས་ཆེ་བའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། ཞིབ་དཔྱོད་འགན་ནུས་ཁག་འདོན་སྤེལ་བྱེད་པ། འགོས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་དུས་ཐོག་དང་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ། འགོས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པ་ནན་བཤད་བྱས།
   

རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་རྐྱེན་བཟོས་པའི་དཔེ་མཚོན་གྱོད་དཔེ།
ཁག་དང་པོ།

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་བྱུང་བ་ནས་བཟུང་། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཅིང་། འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཏན་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་རིམ་པ་ཁག་གིསཏོག་དབྱིབས་ནད་དུག་གསར་པ་འགོས་པར་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ཡོང་བར་འགན་སྲུང་ཏན་ཏིག་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་བསམ་འཆརདང་། དེ་བཞིནམཐོ་གཉིས་པུའུ་གཉིས ཀྱིས་པར་འགྲེམས་བྱས་པའིཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པའི་སྐོར་གྱི་བསམ་འཆརལག་བསྟར་དོན་འཁྱོལ་ནན་ཏན་བྱས། ཞིབ་དཔྱོད་ཀྱི་འགན་ནུས་རང་འགུལ་ངང་བསྒྲུབས་ཏེ་གློ་ཚད་གསར་པ་སྔོན་འགོག་དང་བཀག་སྡོམ་བྱེད་པར་གནོད་པའི་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། མྱུལ་ཞིབ་ནང་དུ་ཞུགས་ནས་དཔང་རྟགས་བཙལ་བ་དང་། ཞིབ་བཤེར་འཛིན་བཟུང་། ཞིབ་བཤེར་ཞུ་གཏུག་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྲིམས་འགལ་གྱི་བྱ་སྤྱོད་དང་ཉེས་དོན་ཉེས་གསོག་གི་དབྱེ་མཚམས་ཁྲིམས་ལྟར་ཁོང་དུ་ཆུད་པར་བྱས་པ། ཁྲིམས་ལྟར་གྱོད་གཞི་ཞིབ་གཅོད་དང་ནན་རྡུང་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་དང་། འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀར་ཁྲིམས་འཛིན་གྱི་ཞིབ་དཔྱོད་འགན་སྲུང་། འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་།

   
གཅིག འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་འགོག་རྒོལ་བྱེད་པའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས།
    
བཅའ་ཁྲིམས་ཉིང་བཅུད། འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས་རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་གཞིར་བཟུང་ནས་བཏོན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་ལེན་དུ་མི་བསྟར་བར། ཏོག་དབྱིབས་ནད་དུག་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཐོན་ནས།  ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་བ་དང་དོན་ཚན་བརྒྱ་དང་བཅོ་ལྔ་བའི་དུམ་ཚན་དང་པོའི་གཏན་འབེབས་དང་མི་མཐུན་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་བའི་གཏན་འབེབས་གཞིར་བཟུང་ནས་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་ཉེས་པའི་ཐོག་ནས་ཉེས་ཆད་གཅོད་དགོས།
    
རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་མི་སྣབཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་རྒྱལ་ཁབ་གཞུང་གི་འབྲེལ་ཡོད་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་འཛིན་དོ་དམ་གྱི་འགན་དབང་སྤྱོད་པའི་རྒྱལ་ཁབ་གཞུང་གི་འབྲེལ་ཡོད་རྩ་འཛུགས་ནང་དུ་གཞུང་དོན་སྒྲུབ་མཁན་དང་། རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་མངགས་བཅོལ་ལྟར་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ཚབ་ཏུ་འགོས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་དབང་སྤྱོད་པའི་རྩ་འཛུགས་ནང་དུ་གཞུང་དོན་སྒྲུབ་མཁན་ལ་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱ་ཐབས་སྤྱད་དེ་བཀག་འགོག་བྱས་པ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ནང་དུ་བཅུག་མེད་མོད། འོན་ཀྱང་རྒྱལ་ཁབ་ལས་ཁུངས་ནང་དུ་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་པའི་མི་སྣཁྲིམས་ལྟར་འགོས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད་འགོས་ནད་སྔོན་འགོག་དང་། ནད་ཡམས་བརྟག་བཤེར། བཙན་ཤེད་ལོགས་སུ་དབྱེ་བ། ལོགས་སུ་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་དུམ་ཚན་དང་པོ་དང་གསུམ་པའི་གཏན་འབེབས་གཞིར་བཟུང་ནས་གཞུང་དོན་ལ་འགོག་རྐྱེན་བཟོ་བའི་ཉེས་པའི་ཐོག་ནས་ཉེས་ཆད་གཅོད་དགོས།  ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་གཏུམ་སྤྱོད་འཇབ་རྒོལ་བྱས་ཚེ། གཞུང་དོན་བསྒྲུབ་རྒྱུར་འགོག་རྐྱེན་བཟོས་པའི་ཉེས་པའི་ཐོག་ནས་ཉེས་པ་གཏན་འཁེལ་བྱས་ཏེ་ཆད་པ་ལྗིད་པོ་གཅོད་དགོས།
   
གྱོད་དཔེ་དང་པོ།  སི་ཁྲོན་ནན་ཁྲུང་གི་སུན་ཆེ་གེ་མོ་འགོས་ནད་འགོག་བཅོས་ལ་གནོད་རྐྱེན་བཟོས་པའི་གྱོད་གཞི་དང་འབྲེལ་བ་ཡོད།  2020ལོའི་ཟླ1པོའི་ཚེས20ཉིན། ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ནད་གཡོག་གི་ལས་ཀ་བྱེད་པའི་སུན་ཆེ་གེ་མོ་བཟའ་ཟླ་དང་། བུ། མནའ་མ། ཚ་མོ་བཅས་དང་མཉམ་དུ་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཅི་ཨན་གྲོང་རྡལ་དུ་ཕྱིར་ལོག་པ་རེད། ཟླ1པོའི་ཚེས21ཉིན། སུན་ཆེ་གེ་མོ་ཅ་ལིན་ཁུལ་ཅི་ཨན་གྲོང་རྡལ་གྱི་ཧྲེ་གསུམ་པའི་སྟོན་མོར་ཡོང་ཡོད་པ་དང་། དེའི་བར་དུ་མི་མང་པོ་དང་འབྲེལ་གཏུག་བྱས། ཟླ1པོའི་ཚེས22ཉིན། སུན་ཆེ་གེ་མོར་ཚ་རྒྱས་པ་དང་གློ་ལུ་བྱེད་པའི་ནད་རྟགས་ཐོན། ཁོའི་བུས་རླངས་འཁོར་བསྐོར་ནས་ལི་ཏུའུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། རྗེས་སུ་སུན་ཆེ་གེ་མོ་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ལི་ཏུའུ་ནས་ཅི་ཨན་གྱི་ཕ་ཡུལ་དུ་ལོག་ནས་རླངས་འཁོར་ནང་དུ་མི་མང་པོ་དང་ཐུག་འཕྲད་བྱས། ཟླ1པོའི་ཚེས23ཉིན་གྱི་སྔ་དྲོར། སུན་ཆེ་གེ་མོའི་ནད་གཞི་ཇེ་སྡུག་ཏུ་སོང་ནས་ཁོང་གིས་རླངས་འཁོར་བསྐོར་ནས་ནན་ཁྲུང་གྲོང་ཁྱེར་ལྟེ་བའི་སྨན་ཁང་ཅ་ལིང་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། སྨན་པསཏོག་དབྱིབས་ནད་དུག་གསར་བ་འགོས་པའི་ནད་པརདོགས་ནས་ཁོ་ཚོ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་དུ་བཅུག་པས། སུན་ཆེ་གེ་མོས་བཀག་སྡོམ་བསླབ་བྱར་མ་ཉན་པར་ལྐོག་ཏུ་སྨན་ཁང་ནས་བྲོས་ཤིང་། འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཅི་ཨན་གྲོང་རྡལ་དུ་ལོག་པ་དང་། རླངས་འཁོར་ནང་དུ་མི་མང་པོ་དང་འབྲེལ་བ་བྱས་པ་རེད། ཟླ1པོའི་ཚེས23ཉིན་གྱི་ཆུ་ཚོད14ཙམ་ལ། ལས་དོན་མི་སྣས་སུན་ཆེ་གེ་མོར་བཙན་ཤེད་ངང་ལོགས་སུ་བཀར་ནས་སྨན་བཅོས་བྱས། ནད་གཞི་གཏན་འཁེལ་དང་བསྡུ་བཅོས་ལོགས་བཀར་བྱས་རྗེས། ད་དུང་འགྲོ་ལམ་དངོས་དང་བྱེད་སྒོའི་རྗེས་ཤུལ་སྦ་གསང་བྱས་པས། ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཚན་གྱིས་དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་མི་ཐུབ་པ་དང་འབྲེལ་གཏུག་བྱེད་མཁན་འབོར་ཆེན་མ་རྙེད་པ་རེད། ད་ཆ་མི21ལོགས་སུ་བཞག་ནས་ལྟ་ཞིབ་བྱས་པ་དང་ཅི་ཨན་གྲོང་རྡལ་གྱི་ཧྲེ་གཉིས་པ་དང་། གསུམ་པ། བཞི་བ་བཅས་སྡེ་ཁུལ་གསུམ་ལོགས་སུ་བཞག་ནས་ལྟ་ཞིབ་བྱས། ཟླ2པའི་ཚེས5ཉིན། ནན་ཁྲུང་གྲོང་ཁྱེར་སྤྱི་བདེ་ཅུས་ཅ་ལིན་ཆུས་ཡན་ལག་ཅུས་ཀྱིས་སུན་ཆེ་གེ་མོས་འགོས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་དོགས་གཞི་ཡོད་པའི་གྱོད་གཞི་ཞིག་ལ་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་ཤིང་། ནན་ཁྲུང་གྲོང་ཁྱེར་ཅ་ལིན་ཅུས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གིས་འཕྲལ་དུ་མི་སྣ་མངགས་ནས་མྱུལ་ཞིབ་དང་དཔང་རྟགས་འཚོལ་རྒྱུར་ཁྲིད་སྟོན་བྱས།
    
གྱོད་དཔེ་གཉིས་པ།  ཧུའུ་པེའི་ཀྲུའུ་ཧྲན་གྱི་ལིའུ་ག་གེ་མོས་གཞུང་དོན་ལ་གནོད་རྐྱེན་བཟོས་པའི་དོགས་གཞི། 2020ལོའི་ཟླ1པོའི་ཚེས23ཉིན། ཧུའུ་པེ་ཞིང་ཆེན་ཀྲུའུ་ཧྲན་རྫོང་ཏེ་ཧྲེང་གྲོང་རྡལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བཀའ་ཨང་དང་པོས་འགྲོ་ལམ་ལ་དོ་དམ་ཚོད་འཛིན་བྱེད་མགོ་བརྩམས་ཤིང་།  གྲོང་ཚོའི་འགྲོ་ལམ་ལ་ཚད་བཀག་བཟོས་པ།  གྲོང་ཚོ་ཁག་གིས་ལམ་མདོ་གལ་ཆེན་དུ་ལས་གནས་བཙུགས་ནས་ཕྱིར་སྐྱོད་མི་སྣར་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་གནང་།  ཟླ1པོའི་ཚེས26ཉིན་གྱི་ཆུ་ཚོད9པ་ཙམ་ལ། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་སྲིད་གཞུང་གི་བཀག་རྒྱ་སྣང་མེད་དུ་བཞག་ནས། ཀྲུའུ་ཧྲན་རྫོང་ཏེ་ཧྲེང་གྲོང་རྡལ་ཁྲ་ཁྲང་གྲོང་ཚོའི་ཁྱིམ་ནས་གཉེན་ཉེའི་ཁྱིམ་དུ་བསྐྱོད་དེ་ཏེ་ཧྲེང་གྲོང་རྡལ་ཧྭ་ཞི་ལམ་མདོར་བསྐྱོད་རྒྱུ་གྲ་སྒྲིག་བྱས། ཁོ་ཏེ་ཧྲེང་གྲོང་རྡལ་སྲིད་གཞུང་གིས་གནས་དེར་བཙུགས་པའི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་ལས་གནས་སུ་སྐྱོད་སྐབས། ལས་ཡུལ་དངོས་ཀྱི་ལས་སྒྲུབ་ལས་བྱེད་པ་ཀྲང་ཆེ་གེ་མོ་དང་ལས་སྒྲུབ་ཉེན་རྟོག་པས་ལིའུ་ཆེ་གེ་མོ་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཤིང་། ལིའུ་ཆེ་གེ་མོ་དང་ལས་སྒྲུབ་ཉེན་རྟོག་པ་དང་ལས་བྱེད་པའི་བར་ལ་རྙོག་དྲ་བསླངས་པར་མ་ཟད། ཁོས་ལས་སྒྲུབ་ལས་བྱེད་པར་དམའ་འབེབས་ཀྱང་བྱས། ལས་སྒྲུབ་ལས་བྱེད་པ་ཞ་ཆེ་གེ་མོས་སྨན་དོན་མི་སྣ་ལིའུ་ཆེ་གེ་མོ་ལ་ལིའུ་ཆེ་གེ་མོར་ལུས་དྲོད་འཇལ་དུ་བཅུག་པ་དང་། ལིའུ་ཆེ་གེ་མོས་དམར་ཕྱིའི་གློག་རྡུལ་དྲོད་འཇལ་འཕྲུལ་ཆས་བཟུང་སྟེ་ལས་དོན་མི་སྣར་ལུས་དྲོད་བརྟག་དཔྱད་བྱེད་དུ་མ་བཅུག  ལས་སྒྲུབ་ལས་བྱེད་པ་ཞ་ཆེ་གེ་མོས་ལིའུ་ཆེ་གེ་མོས་དམར་ཕྱིའི་གློག་རྡུལ་དྲོད་འཇལ་འཕྲུལ་ཆས་ལ་གཏོར་བརླག་ཐེབས་པར་སེམས་ཁྲལ་བྱས་ཏེ། མྱུར་དུ་ལིའུ་ཆེ་གེ་མོའི་ལག་པ་ནས་བཟུང་། ལིའུ་ཆེ་གེ་མོས་དམར་ཕྱིའི་གློག་རྡུལ་དྲོད་འཇལ་འཕྲུལ་ཆས་ཁྱེར་འགྲོ་རུ་བཅུག  ལིའུ་ཆེ་གེ་མོས་མཉམ་བཞག་མེད་པའི་སྐབས་དང་བསྟུན་ནས་ཁུ་ཚུར་གྱིས་ཞ་ཆེ་གེ་མོའི་མགོ་ལ་གཞུས་པ་དང་། དེ་ནས་ལག་པས་ཞ་ཆེ་གེ་མོའི་ངོ་ལ་འཇུས་ཏེ། ཞ་ཆེ་གེ་མོའི་ངོ་ལ་ཁྲག་རྗེས་གཉིས་བཞག་རྗེས། ལག་གཡོན་པས་ཞ་ཆེ་གེ་མོའི་མཆན་འོག་གི་ལྭ་བར་འཇུས་ནས་མི་ལྷོད་པ་དང་། ཞ་ཆེ་གེ་མོས་ལིའུ་ཆེ་གེ་མོ་ས་ལ་མནན། དེ་གར་ཡོད་པའི་མང་ཚོགས་ཀྱིས་ཁོ་གཉིས་ཁ་ཁར་འཐེན་རྗེས་ལིའུ་ཆེ་གེ་མོས་སླར་ཡང་ལམ་འགྲམ་གྱི་འདམ་རྡོག་བཟུང་སྟེ་ཞ་ཆེ་གེ་མོར་བརྒྱབ། དེ་གར་ཡོད་པའི་ལས་བྱེད་པས་ལིའུ་ཆེ་གེ་མོར་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་རྒྱུན་ཆད་མེད་པར་སྒྲོག་འགྲེལ་བྱས་ཤིང་། ལིའུ་ཆེ་གེ་མོས་སྔར་བཞིན་ཁ་ཡ་མི་བྱེད་པ་དང་། དེ་ལས་ལྡོག་སྟེ་མུ་མཐུད་དུ་ལས་སྒྲུབ་ལས་བྱེད་པར་སྡིགས་དམོད་བྱས་པ་དང་། ལས་བརྩོན་བྱ་ཡུལ་གྱི་རྐུབ་སྟེགས་ལ་རྡོག་རྒྱག་གཞུས་པར་མ་ཟད། ཉེན་ཟོན་མདོང་གཉིས་གཞུང་ལམ་དཀྱིལ་དུ་གཡུགས་པ་དང་དེ་རྗེས་ལས་སྒྲུབ་ཉེན་རྟོག་པས་ཁོ་བཟུང་བ་རེད།
    
ཟླ1པོའི་ཚེས27ཉིན། ཀྲུའུ་ཧྲན་རྫོང་མི་དམངས་ཞིབ་དཔྱོད་ཁང་གྱོད་གཞི་དེར་ཁྲིམས་ལྟར་ཞུགས་ཏེ།ཀྲུང་དབྱང་གི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཞིབ་དཔྱོད་ལས་ཁུངས་ཀྱི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའིའབྲེལ་ཡོད་བླང་བྱ་གཞིར་བཟུང་ཞིང་། གྱོད་གཞིའི་དོན་དངོས་ཁྲིམས་ལྟར་སྟངས་འཛིན་ཡང་དག་བྱས་པའི་རྨང་གཞིའི་ཐོག་རང་འགུལ་ངང་སྤྱི་བདེ་ལས་ཁུངས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་པའི་ཐོག་ནས་ལིའུ་ཆེ་གེ་མོར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན།  ཟླ2པའི་ཚེས3ཉིན། སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་བཀོད་པའི་ཉིན་དེར། ཀྲུའུ་ཧྲན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་པའི་རྐྱེན་གྱིས་འཛིན་བཟུང་བྱ་རྒྱུར་ཆོག་མཆན་བཀོད།
   
གྱོད་དཔེ་གསུམ་པ།  ཀྲེ་ཅང་ལྷོ་ཕྱོགས་ཀྱི་ཝང་ག་གེ་མོས་གཞུང་དོན་ལ་གནོད་རྐྱེན་བཟོས་པའི་གྱོད་གཞི། 2020ལོའི་ཟླ2པའི་ཚེས2ཉིན་གྱི་སྔ་དྲོར། གྱོད་ཡ་ཝང་ཆེ་གེ་མོས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ནན་ཡན་ཆུས་ཅིའུ་ཀོན་གྲོང་རྡལ་ལའོ་ཧན་གྲོང་ཚོའི་ཚའེ་ཅ་ཞང་རང་བྱུང་གྲོང་ཚོའི་བོགས་གཏོང་ཁང་བའི་སྒོ་འགྲམ་དུ།  འགོས་ནད་སྔོན་འགོག་ཚོད་འཛིན་སྐོར་ཞིབ་ལ་མ་ཉན་པར་ཅིའུ་ཀོན་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་ལས་བྱེད་པ་ཞུས་ཆེ་གེ་མོ་སོགས་ཀྱིས་ཁོ་ཚོར་ཁྱིམ་སྡོད་ལོགས་བཀར་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཤིང་། ཁོས་ལས་དོན་མི་སྣ་དང་རྩོད་པ་བརྒྱབ་པ་རེད། ཕྱིས་སུ་གཞུང་ཚབ་ཅིའུ་ཀོན་མངགས་གཏོང་ཁང་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་ཀྲུའུ་ཆེ་གེ་མོས་ཁ་ཏ་སློབ་སྟོན་གྱི་ལས་དོན་སྤེལ་རོགས་བྱས་པ་དང་། གྱོད་ཡ་ཝང་ཆེ་གེ་མོས་སྔར་བཞིན་གཞོགས་འདེགས་མི་བྱེད་པར་མ་ཟད། ཀྲུའུ་ཆེ་གེ་མོས་བརྙན་ལམ་པར་ལེན་རྒྱུར་བཀག་འགོག་བྱེད་སྐབས། ཀྲུའུ་ཆེ་གེ་མོར་ཐད་ཀར་ཕར་རྒོལ་བྱས་ཏེ་ངོ་དང་སྐེ་ལ་རྨས་སྐྱོན་བཟོས།
    
ཟླ2པའི་ཚེས3ཉིན། ཧུའུ་ཀྲོའུ་གྲོང་ཁྱེར་ནན་དབྱིང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་བརྙན་ལམ་ཚོགས་འདུ་བརྒྱུད་ནས། རིམས་འགོག་བྱེད་ཐབས་སྐོར་གྱི་སྲིད་གཞུང་གི་དཔང་ཡིག་སོགས་དཔང་རྟགས་འཐུས་ཚང་དུ་གཏོང་རྒྱུར་ཁྲིད་སྟོན་བྱས། ཟླ2པའི་ཚེས6ཉིན། ཧུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ནན་དབྱིང་ཆུས་ཡན་ལག་ཅུས་ཀྱིས་ཝང་ཆེ་གེ་མོ་འཛིན་བཟུང་བྱ་རྒྱུར་ཆོག་མཆན་བཀོད། ཉིན་དེར། ཧུའུ་ཀྲོའུ་གྲོང་ཁྱེར་ནན་དབྱིང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱང་ཁྲིད་བརྙན་ལམ་སྤྱད་དེ་ཝང་ཆེ་གེ་མོ་འཛིན་བཟུང་བྱས་པར་འདྲི་རྩད་བྱས་པ་དང་དུས་མཚུངས་སུ་ཁྲིམས་རྩོད་པར་བཅའ་ཁྲིམས་ཀྱི་རོགས་རམ་དང་། འདྲི་རྩད། ཉེས་པ་ཁས་ལེན་དང་ཆད་གཅོད་ཁས་ལེན་བཅས་བྱས་པ། གནོད་འཚེ་ཕོག་མཁན་གྱི་བསམ་འཆར་ཉན་པ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་བརྡ་ཐོ་བཏང་། ཟླ2པའི་ཚེས8ཉིན། ཧུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ནན་དབྱིང་ཆུས་ཡན་ལག་ཅུས་ཀྱིས་གྱོད་གཞི་དེར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ། ཉིན་གཉིས་པར། ཧུའུ་ཀྲོའུ་གྲོང་ཁྱེར་ནན་དབྱིང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས། གྱོད་ཡ་ཝང་ཆེ་གེ་མོས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་པར་མགྱོགས་མྱུར་ཁྲུན་གཅོད་ཀྱི་གོ་རིམ་སྤྱད་དེ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་པར་མ་ཟད། ནག་ཉེས་ཁས་ལེན་དང་ཆད་གཅོད་ཁས་ལེན་ལ་གུ་ཡངས་གཏོང་བའི་ལམ་ལུགས་སྤྱད་པར་འཐུས།  ཟླ2པའི་ཚེས9ཉིན། ཧུའུ་ཀྲོའུ་གྲོང་ཁྱེར་ནན་དབྱིང་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་གྱོད་གཞི་དེར་ཞིབ་གཅོད་བྱས་པ་དང་། ཆུས་ཞིབ་དཔྱོད་ཁང་གིས་བཏོན་པའི་ཉེས་ཆད་ཚད་འབེབས་ཀྱི་གྲོས་འགོ་དང་ལེན་བྱས་ཏེ། གཞུང་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་པའི་ཐོག་ནས་ཝང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ཟླ་བ་དགུ་བྱ་རྒྱུའི་ཁྲིམས་ཐག་བཅད།
  
   
གཉིས། སྨན་པར་དྲག་ཤུགས་ཀྱིས་རྨས་སྐྱོན་བཟོས་པའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས།
   བཅའ་ཁྲིམས་ཉིང་བཅུད། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། གང་བྱུང་དུ་སྨན་དོན་མི་སྣར་ཉེས་རྡུང་གཏོང་བའི་གནས་ཚུལ་ཚབས་ཆེན་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་གོ་གསུམ་པའི་གཏན་འབེབས་གཞིར་བཟུང་ནས་ཟིང་སློང་གི་ཉེས་པའི་ཐོག་ནས་ཉེས་ཚད་གཏན་འཁེལ་དང་ཁྲིམས་ཆད་གཅོད་དགོས།
    
གྱོད་དཔེ་བཞི་པ།  ཧུའུ་པེ་ཝུའུ་ཧན་གྱི་ཁེ་ག་གེ་མོ་བསྙད་རྐོ་ཟིང་སློང་གི་གྱོད་གཞི་དང་འབྲེལ་བ་ཡོད། 2020ལོའི་ཟླ1པོའི་ཚེས27ཉིན། ཉེས་གསོག་དོགས་ཅན་ཁེ་ཆེ་གེ་མོའི་གྱོས་པོ་ཐན་ཆེ་གེ་མོ)ལོ68) ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འདྲ་བའི་རྐྱེན་གྱིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བཞི་བ་རུ)ནུབ་ཁུལ(བསྡད་པ་རེད། ཟླ1པོའི་ཚེས29ཉིན་གྱི་སྔ་དྲོར། ནང་མིས་སྨན་ཁང་བརྗེ་བ་དང་སྨན་ཁང་དབར་འགལ་ཟླ་བྱུང་བས་ནང་མིས་སེམས་ཁྲལ་ཆེན་པོ་བྱས། ཉིན་དེའི་དགོང་མོའི་ཆུ་ཚོད9པ་ཙམ་ལ། ཐན་ཆེ་གེ་མོའི་ནད་གཞིར་ཉེན་ཁ་ཆེ་བས་ཁྱིམ་མིས་སྨན་པ་བོས་ནས་སྐྱོབ་བཅོས་བྱས། དེའི་རིང་ཁོ་ཚོས་སྐད་ཅོར་ཆེན་པོ་རྒྱག་པ་དང་ནད་ཁང་གི་སྒོ་ཤུགས་ཆེན་པོས་རྡུང་བ་སོགས་ཐལ་དྲགས་པའི་བྱེད་སྤྱོད་ཐོན་ཡོད། སྨན་ཁང་དེའི་ལས་རེས་སྨན་པ་ཀའོ་ལགས་ཀྱིས་འགོག་སྲུང་གྱོན་ཆས་གྱོན་ནས་ལོགས་སུ་བཀར་ཁུལ་དུ་འགྲོ་གྲབས་བྱེད་སྐབས། ཁྱིམ་མིའི་སེམས་ཁམས་ལ་སེམས་འགུལ་ཐེབས་པ་དང་། རང་ཉིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་མཐོང་རྗེས། མྱུར་དུ་ཀྲུའུ་རེན་ལིའུ་ལགས་ལ་བརྡ་བཏང་ནས། ལིའུ་ལགས་ཀྱིས་སྤྱི་བདེ་ལས་ཁུངས་དེར་ཞུགས་རྗེས་ད་གཟོད་སྨན་བཅོས་བྱེད་དགོས་པའི་རེ་བ་བཏོན། ཡན་ལག་ཅུས་ཀྱི་ཉེན་རྟོག་ལས་ཁུངས་ས་ཚིགས་ཀྱིས་ཉེན་བརྡ་འབྱོར་རྗེས་ནད་པའི་ཁྱིམ་མི་དང་འབྲེལ་གཏུག་བྱས་ནས་ཁྱིམ་མིའི་བློ་ཁ་སླར་གསོ་བྱ་རྒྱུར་རེ་བ་བྱས། དེ་དང་མཉམ་དུ། ཀའོ་ཆེ་གེ་མོས་ནད་གཡོག་པ་བཀོད་སྒྲིག་བྱས་ཏེ་ཐེན་ཆེ་གེ་མོར་མྱུར་སྐྱོབ་བྱས། འོན་ཀྱང་། ཐེན་ཆེ་གེ་མོར་གློ་བར་རེད་པ་ལས་འབྱིན་རྔུབ་ཉམས་ཟད་དུ་སོང་བས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཤི་བ་རེད། དེའི་རྗེས་སུ་ཁོ་ཆེ་གེ་མོ་དང་ཐེན་ཆེ་གེ་མོའི་བུ་མོ་ལོགས་སུ་བཀར་ཁུལ་གྱི་ནད་གཡོག་ས་ཚིགས་སུ་སོང་ནས་ནད་ཐོ་འབྲི་བཞིན་པའི་སྨན་པ་ཀའོ་ཆེ་གེ་མོ་རྙེད། ཐེན་ཆེ་གེ་མོའི་བུ་མོ་ཀའོ་ཆེ་གེ་མོས་ཀའོ་ཆེ་གེ་མོའི་ས་ཚིགས་ནས་ཕྱིར་འཐེན་བྱས་རྗེས། ཁོ་ཆེ་གེ་མོས་ཁུ་ཚུར་གྱིས་ཀའོ་ཆེ་གེ་མོའི་མགོ་དང་སྐེ་ལ་བརྒྱབ་པར་མ་ཟད། ཀའོ་ཆེ་གེ་མོའི་འགོག་སྲུང་ལྭ་བ་དང་། ཁ་ཐུམ། འགོག་སྲུང་ཤེལ་སོགས་འཐེན་ནས་ཀའོ་ཆེ་གེ་མོའི་སྐེ་ལ་འཇུས་ཏེ་རྨས་སུ་བཅུག་པ་དང་། འགོག་སྲུང་གོས་དང་། ཁ་ཐུམ། མིག་སྲུང་མིག་ཤེལ་སོགས་བཤགས་པ་དང་ལྷུང་དུ་བཅུག  ཕྱོགས་གཉིས་ཀྱིས་འཐེན་རེས་བྱེད་པའི་གོ་རིམ་ཁྲོད་དུ་ནད་གཡོག་གི་ལག་ཤུབས་ཤིག་ལྷུང་དུ་བཅུག གནོད་འཚེ་ཕོག་མཁན་ཀའོ་ཆེ་གེ་མོར་ཐེངས་གཉིས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་སྲིབ་གཤིས་སུ་གྱུར་བ་དང་། དེའི་རྨས་ཚུལ་དེ་ཁྲིམས་དཔྱད་སྨན་པས་གསལ་འབྱེད་བྱས་པ་བརྒྱུད་རྨས་སྐྱོན་ཆུང་ངུ་ཡིན་པར་ཐག་བཅད།
    
ཟླ1པོའི་ཚེས30ཉིན་གྱི་ཆུ་ཚོད0དང་སྐར་མ15ཡི་ཐོག  ཧུའེ་ཁོའུ་ཡན་ལག་ཅུས་ཉེན་རྟོག་ས་ཚིགས་ཀྱིས་ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་སྨན་ཁང་དེའི་ཟུར་འཇོག་ཁུལ་དུ་ཁྲིམས་ལྟར་ཐག་གཅོད་བྱེད་པར་བསྐྱོད།  ཉིན་དེར། ཧུའེ་ཁོའུ་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་རྐྱེན་ཁོ་ཆེ་གེ་མོ་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་དང་འབྲེལ་ཉེས་དོན་བཀག་ཉར་བྱས། ཁྲེང་ཁོའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་དེར་མི་སྣ་མངགས་ནས་གྱོད་གཞི་དེར་ཞིབ་འཇུག་དང་བརྡར་ཤ་གཅོད་པའི་འཛིན་གྲྭ་བཙུགས་ཏེ། སྤྱི་བདེ་ལས་ཁུངས་ལ་འབྲེལ་ཡོད་དཔང་རྟགས་དུས་ཐོག་ཏུ་འཚོལ་བསྡུ་དང་གཏན་འཁེལ་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ། མུ་མཐུད་མྱུལ་ཞིབ་དང་དཔང་རྟགས་གསབ་སྤྲོད་བྱ་རྒྱུའི་གྲོས་འགོ་བཏོན། ཟླ2པའི་ཚེས1ཉིན། ཉེས་གསོག་དོགས་ཅན་ཁེ་ཆེ་གེ་མོ་ལ་ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་དོགས་པ་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་ཁོ་ལ་ཁག་ཁྱེར་བཀའ་སྒུག་གི་བཙན་ཐབས་སྤྱད། མིག་སྔར་གྱོད་དོན་ཞིབ་གཅོད་ལས་ཁུངས་དང་། སྡོད་གནས་ཀྱི་མངགས་གཏོང་ཁང་། སྡེ་ཁུལ་ཕྱོགས་གསུམ་གྱིས་དེར་ལྟ་སྐུལ་དོ་དམ་བྱེད་བཞིན་ཡོད།
  
   
གསུམ། རྫུན་བཟོ་ཉོ་འཚོང་གི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།
    བཅའ་ཁྲིམས་ཉིང་བཅུད།འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། སྤུས་ཞན་འགོག་བཅོས་དང་། འགོག་སྲུང་ཐོན་རྫས། དངོས་རྫས་བཅས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པ་དེ་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཞི་བཅུ་བའི་གཏན་འབེབས་དང་མཐུན་པའི་རིགས་ལ། སྤུས་ཞན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ཉེས་པའི་ཐོག་ནས་ཉེས་ཚད་གཏན་འཁེལ་དང་ཁྲིམས་ཆད་གཅོད་དགོས།
    
གྱོད་དཔེ་ལྔ་བ། ཀྲེ་ཅང་དབྱི་ཝུའུ་ཡི་ཧའོ་ག་གེ་མོ་དང་མའོ་ཆེ་གེ་མོ་གཉིས་ལ་སྤུས་ཞན་ཐོན་རྫས་ཕྱིར་འཚོང་བྱེད་པའི་དོགས་གཞི་ཡོད་པའི་གྱོད་གཞི།  ཉེས་གསོག་དོགས་ཅན་ཧྲའོ་ཆེ་གེ་མོ་ནི་ཕྱི་ཕྱོགས་ཚོང་དོན་གྱི་ལས་ཀ་གཉེར་མཁན་ཞིག་ཡིན་པ་དང་། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་ཡམས་ཐོལ་བྱུང་གིས་རྐྱེན་གྱིས་ཁྲོམ་རར་ཁ་ཐུམ་རྒྱག་དགོས་པ་ཤེས་རྗེས། དབྱི་ཝུའུ་རུ་ཚོང་ཟོག་ཡོང་ཁུངས་བཙལ་ནས་ཕྱིར་འཚོང་བྱས་ཏེ་ཁེ་བཟང་རག་ཐབས་བྱས། ཟླ1པོའི་ཚེས25ཉིན། ཉེས་གསོག་དོགས་ཅན་ཧྲའོ་ཆེ་གེ་མོས་ཐན་ཆེ་གེ་མོ) གྱོད་གཞི་གཞན་གྱི་ཐག་གཅོད (ས་ཁུལ་ནས་སྤུས་ཚད་ཞན་པའི3Mཁ་ཐུམ་ཁྱོན་ཁྲི2ཉོས་པ་དང་འབྲེལ། གོང་གསལ་གྱི་ཁ་ཐུམ་དེ་ཉེས་གསོག་དོགས་ཅན་མའོ་ཆེ་གེ་མོར་བཙོངས་པ་དང་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི18ལྷག་ཙམ་ཟིན་ཡོད། ཉེས་གསོག་དོགས་ཅན་མའོ་ཆེ་གེ་མོས་སྐད་འཕྲིན་བརྒྱུད་ནས་ཁ་ཐུམ་དེ་མི་གཞན་ལ་བཙོངས་པ་དང་ཕྱིར་འཚོང་དངུལ་གྲངས་སྒོར་ཁྲི20ལྷག་ཙམ་ཟིན། གྱོད་གཞི་ཐོན་རྗེས་གྱོད་གཞི་དང་འབྲེལ་བ་ཡོད་པའི་སྤུས་ཞན་འདྲ་བཟོ3Mཁ་ཐུམ་སྐྱེལ་འདྲེན་བྱེད་པའི་ལམ་ནས་འཛིན་བཟུང་བྱས། ཀྲེ་ཅང་ཞིང་ཆེན་ཡང་བའི་བཟོ་ལས་ཐོན་རྫས་སྤུས་ཚད་ཞིབ་བཤེར་ཞིབ་འཇུག་ཁང་རྒྱལ་ཁབ་འཁལ་འཐག་གྱོན་ཆས་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལྟེ་གནས)ཀྲེ་ཅང་(ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། གྱོད་འབྲེལ་ཁ་ཐུམ་གྱི་མཚོན་རྟགས་དང་མགོ་ཐག འཚག་པའི་ལས་ཕྱོད་བཅས་ཚང་མ་ཚད་གཞིའི་བླང་བྱ་དང་མི་མཐུན་པས་ཚད་མི་ལོན་པའི་ཐོན་རྫས་རེད།
    
ཟླ1པོའི་ཚེས25ཉིན་གྱི་དགོང་མོར། དབྱི་ཝུའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་དང་དེ་བཞིན་གླེང་ཕྱོགས་ལ་ལྟ་སྐུལ་ཚོད་འཛིན་བྱས་པར་བརྒྱུད། དབྱི་ཝུའུ་གྲོང་ཁྱེར་ཅང་པེ་ཞ་ཀྲུའུ་རུ་སྤུས་ཞན་འདྲ་བཟོ་བྱས་པའི3Mའགོག་སྲུང་ཁ་ཐུམ་ཕྱིར་འཚོང་བྱས་པའི་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་དང་མའོ་ཆེ་གེ་མོ་སོགས་ཀྱིས། ཟླ1པོའི་ཚེས27ཉིན། ཉེས་གསོག་དོགས་ཅན་ཧའོ་ཆེ་གེ་མོ་དང་མའོ་ཆེ་གེ་མོ་སོགས་ཉེས་དོན་བཀག་ཉར་བྱས། དབྱི་ཝུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་གསོག་དོགས་ཅན་ཧའོ་ཆེ་གེ་མོ་དང་མའོ་ཆེ་གེ་མོར་ཉེས་དོན་བཀག་ཉར་བྱས་པའི་ཉིན་དེར་རང་འགུལ་ངང་དབྱི་ཝུའུ་གྲོང་ཁྱེར་སྤྱི་བདེ་ཅུས་དང་འབྲེལ་མཐུད་བྱས་ཏེ། ཟླ1པོའི་ཚེས28ཉིན། གྱོད་གཞི་དེའི་ནང་སྔ་མོ་ནས་ཞུགས་ཏེ་དཔང་རྟགས་འཐུས་ཚང་དང་། རྗེས་མཐུད་མྱུལ་ཞིབ། ཁྲིམས་སྦྱོར་བདའ་འདེད་གཏོང་བ་བཅས་ཀྱི་ཐད་བསམ་འཆར་བཏོན་ཞིང་། ཧྲང་ཅ་ཆེ་གེ་མོ་ཟླ1པོའི་ཚེས29ཉིན་འཛིན་བཟུང་བྱེད་ཐུབ་ཡོད། དབྱི་ཝུའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཟླ1པོའི་ཚེས30ཉིན་ཞིབ་དཔྱོད་ལས་ཁུངས་ལ་འཛིན་བཟུང་བྱ་རྒྱུར་ཆོག་མཆན་བཀོད་པ་དང་། དབྱི་ཝུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་དེར་ཉེས་གསོག་དོགས་ཅན་ཧའོ་ཆེ་གེ་མོ་དང་མའོ་ཆེ་གེ་མོ་འཛིན་བཟུང་བྱ་རྒྱུར་ཆོག་མཆན་འགོད་རྒྱུར་གཏན་འབེབས་བྱས། མིག་སྔར་དབྱི་ཝུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་བདེ་ལས་ཁུངས་ལ་ཧའོ་ཆེ་གེ་མོ་དང་མའོ་ཆེ་གེ་མོས་སྤུས་ཞན་ཐོན་རྫས་ཕྱིར་འཚོང་བྱས་པའི་གྱོད་གཞིར་དཔང་རྟགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད་པ་དང་། ཉེ་ཆར། གྱོད་གཞི་དེར་ཞིབ་བཤེར་བྱ་རྒྱུ་དང་འབྲེལ་གཞུང་གཏུག་བྱ་རྒྱུ་རེད།  གྱོད་གཞི་དེ་ནི་རྒྱལ་ཡོངས་ཀྱི་འགོས་ནད་སྔོན་འགོག་བྱེད་པའི་རིང་གིགནད་དོན་ཡོད་པའི་ཁ་ཐུམའཛིན་བཟུང་བྱེད་པར་ཆོག་མཆན་བཀོད་པའི་གྱོད་གཞི་ཐོག་མ་ཡིན་ལ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་རྗེས། སྨྱན་སྦྱོར་གྱིས་རྒྱ་ཁྱབ་ངང་གནས་ཚུལ་སྤེལ་བ་དང་། འབྲེལ་ཡོད་བརྙན་ཐུང་ཐོག་གནས་ཚུལ་འདི་ཐེངས་དུང་ཕྱུར2.5སྤེལ་བ་དང་། ཐེངས་དུང་ཕྱུར1.25བརྒྱུད་གཏོང་བྱས། པོད་ཕྲན་གྱིས་ཐེངས་དུང་ཕྱུར1.4འཚོལ་ཀློག་བྱས་པར་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས།

བཞི། རིན་གོང་ཧམ་སྤར་གྱི་བྱས་ཉེས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།

བཅའ་ཁྲིམས་ཉིང་བཅུད།འགོས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རིང་ལ། རྒྱལ་ཁབ་ཀྱི་ཁྲོམ་རའི་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་འབེལ་ཉོ་དཀོན་འཚོང་དང་ཡང་ན་འགོས་ནད་སྔོན་འགོག་ཚོད་འཛིན་ལ་མཁོ་བའི་ཁ་ཐུམ་དང་། མིག་སྲུང་ཤེལ། འགོག་སྲུང་གྱོན་ཆས། དུག་སེལ་གཤེར་ཁུ་སོགས་འགོག་སྲུང་སྤྱོད་ཆས་དང་སྨན་རྫས་སམ་ཡང་ན་དམངས་འཚོ་དང་འབྲེལ་བ་ཡོད་པའི་དངོས་རྫས་གཞན་དག་གི་རིན་གོང་ཧམ་སྤར་བྱས་ནས་ཁེ་བཟང་ཆེན་པོ་ཧམ་ལེན་བྱས་ཤིང་། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཅུང་ཆེ་བའམ་བྱས་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་ཡོད་པ་སྟེ། ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་པའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔ་བའི་དུམ་ཚན་བཞི་བའི་གཏན་འབེབས་ལྟར། ཁྲིམས་འགལ་གཉེར་སྐྱོང་གི་བྱས་ཉེས་ལྟར་གཏན་འཁེལ་དང་ཉེས་ཆད་གཅོད་དགོས།

གྱོད་དཔེ་དྲུག་པ། ཀོང་ཏུང་ལེན་ཅང་གི་ཐན་ག་གེ་མོར་ཁྲིམས་འགལ་གཉེར་སྐྱོང་གི་གྱོད་གཞིར་གཏོགས་པའི་དོགས་གཞི་ཡོད། 2020ལོའི་ཟླ1པོའི་ཚེས30ཉིན། ཀོང་ཏུང་ཞིང་ཆེན་ལེན་ཅང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་རུ་ཁག་ཆེན་པོར་ལེན་ཅང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁུངས་སྣེ་འབྱོར་བ་སྟེ། ཁྲོམ་ར་ལྟ་སྐུལ་ཞུ་གཏུག་ཐེར་འདོན་ལས་སྟེགས་ཁྲོད། པེ་ཅིང་གྲོང་མིས་ལེན་ཅང་གྲོང་ཁྱེར་ཧྥུ་པུན་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་སིས་ཝུའུ་ཧན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་བྱུང་བའི་རིང་ལ། ཐེན་མའོ་ལས་སྟེགས་ཀྱི་ཐེངས་གཅིག་རང་བཞིན་གྱི་སྨན་བཅོས་ཁ་ཐུམ་སྒམ་གཅིགཐུམ་ཅན50དུས་རྒྱུན་ཕྱིར་འཚོང་རིན་གོང་དམངས་སྒོར་ལྔ་བཅུ་ཡིན་པ་དེ་དམངས་སྒོར་དྲུག་བརྒྱ་སྟེ་དུས་རྒྱུན་གྱི་ལྡབ12སུ་ཇེ་མཐོར་བཏང་ཡོད་པ་རྟོགས།

ཟླ1པོའི་ཚེས31ཉིན། ལེན་ཅང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པར་མ་ཟད། ཉིན་དེར་ལེན་ཅང་གྲོང་ཁྱེར་ཨན་ཕུའུ་གྲོང་རྡལ་དུ་ཁྲིམས་འགལ་གཉེར་སྐྱོང་བྱས་པའི་དོགས་ཡོད་ཉེས་ཅན་ཐན་ག་གེ་མོ་འཛིན་བཟུང་བྱས། ལེན་ཅང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུས་སྔོན་ནས་གྱོད་དོན་དེར་ཞུགས། འདིའི་བྱས་ཉེས་གྲུབ་རྐྱེན་གཙོ་བོ་དང་དེ་བཞིན་གཏན་འཇགས་ཀྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་གྲངས་འབོར་དང་དཔང་རྟགས་སོགས་ཀྱི་ཐད་ལ་མྱུལ་ཞིབ་བསམ་འཆར་བཏོན་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་ཕྱིར་འཚོང་ཁ་ཐུམ་གྱི་ཐེན་མའོ་མངགས་ཐོའི་ཆ་འཕྲིན་དང་། ཟོག་འགྲེམ་མྱུར་སྐྱེལ་ཆ་འཕྲིན་སོགས་ཀྱི་བདེན་དཔང་རྒྱུ་ཆ་བླངས་ནས་མུ་མཐུད་དུ་མྱུལ་ཞིབ་དང་བདེན་དཔང་ལེན་པར་ཁྲིད་སྟོན་བྱས་པར་མ་ཟད། ཁྲིམས་ལྟར་བཅའ་ཁྲིམས་ལྟ་སྐུལ་འགན་འཁྲི་བསྒྲུབས།

ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། ལེན་ཅང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཐན་ག་གེ་མོ་ཁྲིམས་འགལ་གཉེར་སྐྱོང་གི་གྱོད་གཞིར་གཏོགས་པའི་དོགས་གཞི་ཡོད་པས་འཛིན་བཟུང་བྱ་རྒྱུར་ཆོག་མཆན་འགོད་པའི་རེ་འདུན་ཞུས། ལེན་ཅང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དྲ་རྒྱའི་ཐོག་ནས་དོགས་ཡོད་ཉེས་ཅན་ཐན་ག་གེ་མོ་འདྲི་གཅོད་བྱས། འདྲི་གཅོད་བྱས་པ་བརྒྱུད། ཐན་ག་གེ་མོས་རྒྱལ་ཁབ་ཀྱིས་ཐོལ་བྱུང་འགོས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པ་སོགས་ཀྱི་གནོད་འཚེ་ཕོག་པའི་རིང་ལ། ཁྲོམ་ར་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་རིན་གོང་ཧམ་སྤར་དང་། ཁེ་བཟང་ཧམ་ལེན། ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་ཤིང་གནས་ཚུལ་ཚབས་ཆེན)ཕྱིར་འཚོང་དངུལ་གྲངས་དམངས་སྒོར་ཁྲི་དྲུག་དང་ལྔ་སྟོང་སུམ་བརྒྱ་ཡིན།(ཁྲིམས་འགལ་གཉེར་སྐྱོང་བྱས་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད། ཟླ2པའི་ཚེས6ཉིན། ལེན་ཅང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དོགས་ཡོད་ཉེས་ཅན་ཐན་ག་གེ་མོ་འཛིན་བཟུང་བྱ་རྒྱུར་ཆོག་མཆན་བཀོད།

ལྔ། ཁ་བསླུས་བྱས་ཉེས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།

བཅའ་ཁྲིམས་ཉིང་བཅུད།འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་བཀོལ་རྒྱུའི་དངོས་རྫས་ཞིབ་འཇུག་དང་གསར་བཟོ། ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པར་ཁ་གཡར་ནས་གཞུང་སྒེར་རྒྱུ་ནོར་གཡོ་ལེན་བྱས་པའམ། ཡང་ན་དོན་དངོས་རྫུན་བཟོ་བྱས་ནས་མང་ཚོགས་ཀྱིས་ཞལ་འདེབས་སུ་ཕུལ་བའི་དངུལ་དངོས་གྲངས་འབོར་མང་ཙམ་གཡོ་ལེན་བྱེད་མཁན་དག་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་གཏན་འབེབས་གཞིར་བཟུང་ནས། ཁ་བསླུས་བརྒྱབ་པའི་བྱས་ཉེས་ལྟར་གཏན་འཁེལ་དང་ཉེས་ཆད་གཅོད་དགོས།

གྱོད་དཔེ་བདུན་པ། ཀྲེ་ཅང་ཉིང་པོ་ཡི་ཡིང་ག་གེ་མོས་ཁ་བསླུས་བརྒྱབ་པའི་གྱོད་གཞི།

2020ལོའི་ཟླ2པའི་ཚེས3ཉིན། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་ཀྱི་ཡིང་ག་གེ་མོས་སྐད་འཕྲིན་དང་། སྤྱི་ཚོགས་འབྲེལ་གཏུག་མཉེན་ཆས་བརྒྱུད་ནས་གནོད་འཚེ་ཕོག་མཁན་ཝུའུ་ག་གེ་མོ་ངོ་ཤེས། སྐད་འཕྲིན་ཨང་གྲངས་གཞན་ཞིག་བཀོལ་ནས་དབྱིན་ཀྲོའུ་སྨན་ཁང་གཉིས་པའི་མཛོད་ཁང་གི་དོ་དམ་པའི་ཐོབ་ཐང་རྫུན་བཟོ་བྱས་ནས་ཝུའུ་ག་གེ་མོ་དང་ཉོ་ཚོང་བྱས་ཤིང་། གནོད་འཚེ་ཕོག་མཁན་ཝུའུ་ག་གེ་མོར་སྒོར་སྟོང་དྲུག་ལྷག་མགོ་སྐོར་བཏང་། ཟླ2པའི་ཚེས5ཉིན། གྱོད་ཡ་ཡིང་ག་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས། དབྱིན་ཀྲོའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གྱོད་གཞི་དེར་དུས་སྔོན་དུ་འཕྲལ་གྱིས་ཞུགས་ཤིང་། ཁ་པར་དང་བརྙན་ལམ་གྱི་མཛུབ་སྟོན་བརྒྱུད་ནས་སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་ངང་སྐད་འཕྲིན་གྱི་གླེང་མོལ་ཟིན་ཐོ་དང་། སྐད་འཕྲིན། གཏོང་སྤྲོད་ནོར་མཛོད་ཀྱི་རྩིས་སྒྱུར་ཟིན་ཐོ་སོགས་དཔང་རྟགས་བསྡུ་ལེན་བྱེད་པར་སྐུལ་འདེད་བྱས། ཟླ2པའི་ཚེས6ཉིན་གྱི་ཕྱི་དྲོར། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་དེ་ཞིབ་བཤེར་ཞུ་སྦྱོར་བྱ་རྒྱུར་བསྐྱལ། ཟླ2པའི་ཚེས7ཉིན་གྱི་སྔ་དྲོར། དབྱིན་ཀྲོའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཡིང་ག་གེ་མོ་ལ་བྱས་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་སྤྱད་དེ་གཞུང་ཕྱོགས་ནས་ཁྲིམས་སྦྱོར་བྱས་པ་དང་། མྱུར་གཅོད་གོ་རིམ་བཀོལ་སྤྱོད་བྱ་བའི་གྲོས་འགོ་བཏོན། དབྱིན་ཀྲོའུ་ཆུས་མི་དམངས་ཁྲིམས་ཁང་གིས་ཉིན་དེར་མྱུར་གཅོད་གོ་རིམ་སྤྱད་དེ་ཁྲིམས་ས་འཚོགས་ནས་གྱོད་དོན་ཞིབ་དཔྱོད་བྱས། གྱོད་ཡ་ཡིང་ག་གེ་མོ་ཉེས་བགྲང་དོན་དངོས་དང་ཉེས་མིང་། བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་ལ་བསམ་འཆར་མེད། མྱུར་གཅོད་གོ་རིམ་སྤྱད་པ་ལ་འཐད་པ་བྱུང་སྟེ་མིང་རྟགས་བཀོད་ནས་དམ་ཚིག་བཞག ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱེད་པའི་གོ་རིམ་ཁྲོད་ཀྱང་ཁོ་ལ་བསམ་འཆར་མེད།ཁྲིམས་ཁང་གིས་ཉིན་དེར་དཔྱད་མཚམས་བཏང་བ་སྟེ། གྱོད་ཡ་ཡིང་ག་གེ་མོས་ཁ་བསླུས་བརྒྱབ་པའི་བྱས་ཉེས་ལ་ཟླ་བ་དྲུག་གི་དུས་བཙོན་ཉེས་ཆད་གཅོད་རྒྱུ་ཡིན་པར་མ་ཟད། ད་དུང་དངུལ་ཆད་སྒོར་སྟོང་གཅིག་གཅོད་རྒྱུར་ཐག་བཅད།

གྱོད་དཔེ་བརྒྱད་པ། ཀོང་ཏུང་ཅེ་དབྱང་གི་ཚའེ་ག་གེ་མོ་ཁ་བསླུས་བརྒྱབ་པའི་གྱོད་གཞིར་གཏོགས་པའི་དོགས་གཞི་ཡོད། དོགས་ཡོད་ཉེས་ཅན་ཚའེ་ག་གེ་མོས་གསར་འགྱུར་སྨྱན་བྱད་བརྒྱུད་ནས་ཉེ་ཆར་ཧུའུ་པེ་ཝུའུ་ཧན་སོགས་ས་ཆར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་བྱུང་བའི་གནས་ཚུལ་རྒྱུས་ལོན་བྱས་ཤིང་། རིམ་གྱིས་འགོས་ནད་བྱུང་ཚུལ་བེད་སྤྱད་ནས་མང་ཚོགས་ཀྱི་གཅེས་སེམས་ཞལ་འདེབས་གཡོ་ལེན་བྱ་རྒྱུ་དྲན། 2020ལོའི་ཟླ1པོའི་ཚེས27ཉིན། ཚའེ་ག་གེ་མོས་རང་གི་ཐོབ་ཐང་ཆ་འཕྲིན་ལས་འཕྲིན་སྦྲེལ་དྲ་བ་བརྒྱུད་ནས། ཝུའུ་ཧན་གྲོང་ཁྱེར་དགེ་སྒྲུབ་ལྷན་ཚོགས་ཞེས་པའི་སྐད་འཕྲིན་སྤྱི་དམངས་ཨང་རྟགས་ཐོ་འགོད་བྱས་པ་དང་། རང་གིས་ཕབ་ལེན་དང་བཟོ་བཅོས་བྱས་པའི་ཝུའུ་ཧན་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་རྟགས་སྤྱད་དེ་སྐད་འཕྲིན་སྤྱི་དམངས་ཨང་རྟགས་ལ་རྒྱན་སྤྲས་དང་རྫུ་བཟོ་བྱས། ཝུའུ་ཧན་གྲོང་ཁྱེར་དགེ་སྒྲུབ་ཚོགས་པའི་སྤྱི་དམངས་ཨང་རྟགས་ཤར་གཏོང་ཐུབ་རྗེས་མང་ཚོགས་མང་པོ་ཞིག་གིས་དྲ་རྒྱ་བརྒྱུད་ནས་སྤྱི་དམངས་ཨང་རྟགས་དེའི་ཨང་གྲངས་རྩད་འཚོལ་བྱས་པ་དང་འབྲེལ་དེར་དོ་ཁུར་ཡང་བྱས། མང་ཚོགས་ཁག་གཅིག་གིས་སྤྱི་དམངས་ཨང་རྟགས་དེའི་གླེང་མོལ་ནུས་པ་བརྒྱུད་ནས་ཞལ་འདེབས་འབུལ་བའི་ལས་དོན་ལ་བློ་འདྲི་བྱས་ཤིང་། ཚའེ་ག་གེ་མོས་སྐད་འཕྲིན་གྱི་ཁ་བརྡའི་ཁྲོད་བློ་འདྲི་བའི་མང་ཚོགས་ལ་མགོ་སྐོར་བཏང་ནས་སྤྱི་དམངས་ཨང་རྟགས་ཀྱི་ཞལ་འདེབས་ནུས་པ་ད་དུང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་སྒང་ཡིན་པས། གནས་སྐབས་སུ་ཐད་ཀར་ཞལ་འདེབས་རྒྱག་ཐབས་བྲལ་བར་མ་ཟད། མང་ཚོགས་ལ་རང་ཉིད་ཀྱིས་མཁོ་འདོན་བྱས་པའི་སྐད་འཕྲིན་གཏོང་སྤྲོད་ཀྱི་རྩ་གཉིས་ཨང་གྲངས་བཤར་འབེབས་བྱས་ནས་ཞལ་འདེབས་བྱེད་དུ་བཅུག ཟླ1པོའི་ཚེས27ཉིན་གྱི་ཆུ་ཚོད16ནས22བར། མང་ཚོགས112ཀྱིས་བྱ་ཐབས་དེ་བརྒྱུད་ནས་ཚའེ་ག་གེ་མོའི་སྐད་འཕྲིན་གཏོང་སྤྲོད་རྩིས་ཁྲར་དམངས་སྒོར་བརྒྱད་སྟོང་བརྒྱད་བརྒྱ་ལྷག་ཙམ་བསྐུར། དེའི་ཁྲོད་ཆེས་མང་ཤོས་ལ་དམངས་སྒོར་སུམ་སྟོང་ཡོད་པ་རེད། ཚའེ་ག་གེ་མོས་ཁ་བསླུས་བརྒྱབ་པའི་དངུལ་བླངས་རྗེས། མང་ཆེ་བ་རང་ཉིད་ཀྱི་དངུལ་ཁང་གི་ཐོ་ཁོངས་སུ་བླངས་པ་དང་། དེ་ནས་ཡང་རང་ཉིད་ཀྱི་གཏོང་སྤྲོད་ནོར་མཛོད་ཀྱི་ཐོ་ཁོངས་སུ་བསྐུར། ཚའེ་ག་གེ་མོས་སྒོར་མོ་དེ་དག་ལག་འཁྱེར་གློག་ཀླད་སོགས་ཉོ་བའི་འཛད་སྤྱོད་དུ་བཀོལ།

ཟླ1པོའི་ཚེས28ཉིན་གྱི་དགོང་མོར། ཀོང་ཏུང་ཞིང་ཆེན་ཅེ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ལ་གནོད་འཚེ་ཕོག་མཁན་གྱིས་ཉེན་བརྡ་བཏང་བ་འབྱོར། ཕྱི་ཉིན་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་ཤིང་། ཁྲུང་ཆིང་གྲོང་ཁྱེར་ཧྥེང་ཅེ་རྫོང་ནས་དོགས་ཡོད་ཉེས་ཅན་ཚའེ་ག་གེ་མོ་འཛིན་བཟུང་བྱས། ཟླ1པོའི་ཚེས30ཉིན། དོགས་ཡོད་ཉེན་ཅན་ཚའེ་ག་གེ་མོ་ཉེས་དོན་བཀག་སྐྱིལ་བྱས། ཅེ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཟླ2པའི་ཚེས4ཉིན་དུས་སྔོན་དུ་གྱོད་གཞི་དེའི་ནང་དུ་ཞུགས་ནས་འབྲེལ་ཡོད་དཔང་རྟགས་ཁ་གསབ་དང་དཔང་རྟགས་སྦྲེལ་ཐག་འཐུས་སྒོ་ཇེ་ཚང་དུ་བཏང་བ་སོགས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན། ཟླ2པའི་ཚེས5ཉིན། ཅེ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཅེ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་འཛིན་བཟུང་བྱ་རྒྱུའི་རེ་འདུན་ཞུས། ཟླ2པའི་ཚེས6ཉིན། ཅེ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པར་གཞིགས་ནས། དོགས་ཡོད་ཉེས་ཅན་ཚའེ་ག་གེ་མོས་ཁྲིམས་འགལ་གྱིས་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་དགེ་སྒྲུབ་ལས་ཁུངས་སུ་བརྫུས་ཤིང་། འཕྲིན་སྦྲེལ་དྲ་བར་བརྒྱུད་ནས་གཞུང་སྒེར་གྱི་རྒྱུ་ནོར་མང་ཙམ་གཡོ་ལེན་བྱས་པའི་བྱ་སྤྱོད་དེ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པ་སྟེ་ཁ་བསླུས་བརྒྱབ་པའི་བྱས་ཉེས་ཀྱི་གཏན་འབེབས་དང་མཐུན་པས། ཁ་བསླུས་བརྒྱབ་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད། དེ་དང་ཆབས་ཅིག དོགས་ཡོད་ཉེས་ཅན་གྱིས་ཝུའུ་ཧན་གྲོང་ཁྱེར་གྱི་དགེ་སྒྲུབ་ཚོགས་པ་ཞེས་པའི་སྤྱི་དམངས་ཨང་རྟགས་མི་གཞན་གྱིས་ཐེར་འདོན་བྱས་པའི་རྐྱེན་གྱིས། ཐེང་ཞུན་ཀུང་སིས་ཐོ་ཁོངས་ནས་བསུབ་རྗེས་དགེ་སྒྲུབ་ལས་ཁུངས་སུ་བརྫུས་པའི་སྤྱི་དམངས་ཨང་རྟགས་གཉིས་སླར་ཡང་རེ་ཞུ་བྱས་པས། ཉེས་པ་གསར་བ་བཟོ་སྲིད་པར་ངོས་བཟུང་ནས་ཁྲིམས་ལྟར་འཛིན་བཟུང་བྱེད་པའི་ཆོག་མཆན་གནང་།

དྲུག རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་བྱས་ཉེས་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས།

བཅའ་ཁྲིམས་ཉིང་བཅུད།རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་དག་དང་དེའི་བཟོ་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བྱས་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་པའི་དུམ་ཚན་དང་པོའི་གཏན་འབེབས་ལྟར། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་དག་དང་དེའི་བཟོ་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བྱས་པའི་བྱས་ཉེས་ལྟར་གཏན་འཁེལ་དང་ཉེས་ཆད་གཅོད་དགོས།

གྱོད་དཔེ་དགུ་བ། ཀོང་ཏུང་ཧྲའོ་ཀོན་གྲོང་ཁྱེར་གྱི་ལིའུ་ག་གེ་མོ་ལ་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་དག་ཉོ་སྒྲུབ་བྱས་པའི་དོགས་གཞི་ཡོད། 2020ལོའི་ཟླ1པོའི་ཚེས29ཉིན། ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར་ཆུས་ཅང་ཆུས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་ཆུས་ཅང་ཆུས་ལུའོ་ཁེང་གྲོང་རྡལ་གྱི་ཧུ་ཐོའུ་ཅུན་ཞིང་རར་ཞིབ་བཤེར་བྱེད་སྐབས། ཐབ་ཚང་དང་འཁྱགས་སྒྲོམ་ནང་དུ་རི་སྐྱེས་སྲོག་ཆགས་བྱ་དཀར་པོ2ཀྱི་རོ་འདྲ་བ་ཡོད་པ་མཐོང་། འདྲི་རྩད་བྱས་རྗེས་ལིའུ་ག་གེ་མོས2019ལོའི་ཟླ12པའི་ཚེས20ཉིན་ཡས་མས་སུ། དེ་ནི་ཆུས་ཅང་ཆུས་ལུའོ་ཁེང་ཡའོ་རིགས་གྲོང་ཨུའི་གྲོང་མི་ཏེང་ག་གེ་མོའི་ལག་ནས་ཉོས་པའི་དོན་དངོས་བརྗོད། ཧུ་ཐོའུ་ཅུན་ཞིང་རའི་གཉེར་སྐྱོང་བྱེད་མཁན་ལིའུ་ག་གེ་མོར་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་ཉོ་སྒྲུབ་བྱས་པའི་དོགས་གཞི་ཡོད། ཉིན་དེར། ཆུས་ཅང་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཆུས་ཅང་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཁ་པར་བཏང་ནས། ལིའུ་ག་གེ་མོས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་སྒྲུབ་བྱས་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་ཚུལ་སྙན་སེང་ཞུས། ཞིབ་བཤེར་བྱས་པ་བརྒྱུད། ཆུས་ཅང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལིའུ་ག་གེ་མོའི་བྱ་སྤྱོད་དེ་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་དག་གི་བཟོ་རྫས་ཉོ་སྒྲུབ་བྱས་པར་གཏོགས་པར་འདོད། ཆུས་ཀྱི་ཁྲོམ་ར་ལྟུ་སྐུལ་དོ་དམ་ཅུས་ལདོགས་ཡོད་ཉེས་གསོག་གྱོད་གཞི་སྤོ་སྐྱེལ་བྱ་རྒྱུའི་གྲོས་འདོན་ཡི་གེབསྐུར། ཆུས་ཀྱི་ཁྲོམ་ར་ལྟུ་སྐུལ་དོ་དམ་ཅུས་ཀྱིས་ཡི་གེ་འབྱོར་རྗེས་གྱོད་གཞི་དེ་ཆུས་ཅང་ཆུས་ཀྱི་སྤྱི་བདེ་ཡན་ལག་ཅུས་ལ་སྤོ་སྐྱེལ་བྱས།

ཆུས་ཅང་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་གྱོད་དོན་བདག་སྤྲོད་བྱས་རྗེས། ཟླ1པོའི་ཚེས29ཉིན། ལིའུ་ག་གེ་མོ་ལ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་ཉོ་སྒྲུབ་བྱས་པའི་དོགས་གཞི་ཡོད་པའི་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས། ཟླ1པོའི་ཚེས30ཉིན། དོགས་ཡོད་ཉེས་ཅན་ལིའུ་ག་གེ་མོ་ཉེས་དོན་བཀག་ཉར་བྱས། ཟླ2པའི་ཚེས5ཉིན། ཆུས་ཅང་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཁོ་འཛིན་བཟུང་བྱེད་རྒྱུའི་རེ་འདུན་ཞུས།

ཆུས་ཅང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ལིའུ་ག་གེ་མོས་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་བྱ་དཀར་པོ་གཉིས་ཉོ་སྒྲུབ་བྱས་པ་དེར་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཉོ་སྒྲུབ་བྱས་པའི་དོགས་གཞི་ཡོད་པས་འཛིན་བཟུང་བྱ་རྒྱུར་ཆོག་མཆན་བཀོད། དེ་དང་ཆབས་ཅིག ཏེང་ག་གེ་མོར་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བ་ཕྱིར་འཚོང་བྱས་པའི་དོགས་གཞི་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་ཏེང་ག་གེ་མོ་འཛིན་བཟུང་བྱ་རྒྱུར་ཆོག་མཆན་ཞུ་རྒྱུའི་གྲོས་འགོ་བཏོན།

བདུན། འགོས་ནད་བྱུང་ཚུལ་དང་འབྲེལ་བ་ཡོད་པའི་དྲག་ཤུགས་བྱས་ཉེས་ཚབས་ཆེན་གཞན་དག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།

བཅའ་ཁྲིམས་ཉིང་བཅུད།འགོས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། འགོས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པར་འབྲེལ་བ་ཡོད་པའི་མི་སྣར་དམིགས་ནས་ཁྲིམས་འགལ་བྱས་ཉེས་བསགས་ཚེ་གནས་ཚུལ་ཚབས་ཆེན་དུ་བརྩིས་ནས་བསམ་གཞིགས་བྱེད་དགོས། ཁྲིམས་ལྟར་གཟབ་ནན་གྱི་སྲིད་ཇུས་བླང་བྱ་མཚོན་པར་བྱས་ནས་ཁྲིམས་འགལ་བྱས་ཉེས་ལ་ཉེས་ཆད་དྲག་པོ་གཅོད་དགོས།

གྱོད་དཔེ་བཅུ་བ། ཧུའུ་པེ་གྲོང་ཁྱེར་གྱི་མའོ་ག་གེ་མོ་དང་ཧུའུ་ག་གེ་མོས་འཕྲོག་བཅོམ་བྱས་པའི་གྱོད་གཞི། 2020ལོའི་ཟླ1པོའི་ཚེས29ཉིན་གྱི་ཆུ་ཚོད18དང་སྐར་མ50ཙམ་ལ། གྱོད་ཡ་ཧུའུ་ག་གེ་མོ་ཉིད་གྱོད་ཡ་མའོ་ག་གེ་མོས་བསྐོར་བའི་འཕྲུལ་རྟར་བསྡད་ནས་ཧུའུ་པེ་ཞིང་ཆེན་ཐུང་ཁྲེང་རྫོང་སློབ་གསོ་ཅུས་ཀྱི་ཉེ་འགྲམ་གྱི་ལམ་བརྒྱུད་ནས་འགྲོ་བའི་སྐབས་སུ། གནོད་འཚེ་ཕོག་མཁན་ཧྥུ་ག་གེ་མོས)རིམས་འགོག་ལས་བྱེད་མི་སྣ(ཕྲག་ཏུ་ཁུག་མ་ཁུར་ནས་མེ་ཏོག་སྟེགས་བུའི་ནང་ལོགས་སུ་འགྲོ་བཞིན་པ་མཐོང་། ཁོ་གཉིས་ཀྱིས་གྱོད་ཡ་མའོ་ག་གེ་མོས་འཕྲུལ་རྟ་སྐོར་རྒྱུ་དང་གྱོད་ཡ་ཧུའུ་ག་གེ་མོས་གནོད་འཚེ་ཕོག་མཁན་གྱི་ཁུག་མ་འཕྲོག་སྟེ་མ་དངུལ་གྲབས་གསོག་བྱས་ནས་གྱོད་ཡ་ཧུའུ་ག་གེ་མོས་དུག་རྫས་ཉོས་པའི་ཆད་དངུལ་གྱི་སྐྱིན་ཚབ་འཇལ་རྒྱུར་གྲོས་མཐུན་བྱུང་། དེ་ནས་འཕྲུལ་རྟའི་ཁ་ཕྱོགས་བསྒྱུར་ཏེ་གནོད་འཚེ་ཕོག་མཁན་གྱི་ཕྱོགས་སུ་བསྐྱོད། གྱོད་ཡ་གཉིས་ཀྱིས་འཕྲུལ་རྟ་བསྐོར་ནས་ཧྥུ་ག་གེ་མོའི་གམ་དུ་བཅར་རྗེས། ཧུའུ་ག་གེ་མོས་ཧྥུ་ག་གེ་མོའི་ཁུག་མའི་ཕྲག་ཐག་ནས་བཟུང་སྟེ་བཙན་གྱིས་འཐེན་ཞིང་ཧྥུ་ག་གེ་མོས་ལག་པ་མ་ལྷོད། ཧུའུ་ག་གེ་མོས་བཙན་ཤེད་ཀྱིས་ཁུག་མ་འཕྲོག་ཆེད་ཐེངས་མང་པོར་རྩོད་པ་དང་འཐེན་རེས་བྱས་པས་ཧྥུ་ག་གེ་མོ་ཐང་ལ་འགྱེལ་ཏེ་རྨས། དེ་ནས་ཧྥུ་ག་གེ་མོས་ཁུག་མ་བཟུང་ནས་སྐད་ཆེན་པོས་མྱུར་སྐྱོབ་བྱེད་པར་འབོད་སྐུལ་བྱས། གྱོད་ཡ་གཉིས་ཀྱིས་འཕྲུལ་རྟ་བསྐོར་ནས་ཡུལ་དངོས་ལས་བྲོས་ཕྱོལ་བྱས། ཁྲིམས་དཔྱད་སྨན་པས་གསལ་འབྱེད་བྱས་པ་བརྒྱུད། ཧྥུ་ག་གེ་མོར་གཙོ་བོ་ངོ་གདོང་དང་མིག་གི་ཕུང་གྲུབ་ལ་རྨས་སྐྱོན་ཕོག་པ་དང་ཕྱི་རྨས་རང་བཞིན་གྱི་སྣ་ཁྲག་ཐོན་པ་ཡིན་ལ་རྨས་སྐྱོན་ཕོག་པའི་ཚད་ནི་རྨས་སྐྱོན་ཆུང་ངུ་ཡིན་པར་འདོད།

ཟླ1པོའི་ཚེས30ཉིན། ཐུང་ཁྲེང་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲོག་བཅོམ་བྱས་ཉེས་བསགས་པའི་དོགས་གཞི་ཡོད་པར་འདོད་ནས་དོགས་ཡོད་ཉེས་ཅན་ཧུའུ་ག་གེ་མོ་དང་མའོ་ག་གེ་མོ་གཉིས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པར་མ་ཟད། ཉིན་དེར་ཉེས་དོན་བཀག་ཉར་བྱས། ཐུང་ཁྲེང་རྫོང་ཞིབ་དཔྱོད་ཁང་འཕྲལ་མ་ཉིད་དུ་མྱུལ་ཞིབ་ལ་ཞུགས། སྤྱི་བདེ་ལས་ཁུངས་ལ་གཙོ་གནད་སྒོས་གྱོད་གཞི་བཟོ་ཡུལ་དུ་འདྲུད་འཐེན་རྗེས་ཤུལ་དང་ཉེས་བཟོ་ལག་ཆ། གནོད་འཚེ་ཕོག་མཁན་གྱི་རྨས་སྐྱོན་གྲུབ་པའི་རྒྱུ་རྐྱེན་དང་རྒྱུ་ནོར་གྱོང་གུན་སོགས་ཀྱི་ཕྱོགས་ཀྱི་བདེན་དཔང་རྩད་གཅོད་གསལ་བོ་བྱེད་པར་ཁྲིད་སྟོན་བྱས། ཟླ2པའི་ཚེས3ཉིན། ཐུང་ཁྲེང་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲོག་བཅོམ་བྱས་ཉེས་ཀྱི་དབང་གིས་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱ་རྒྱུའི་རེ་འདུན་ཞུས། ཐུང་ཁྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ2པའི་ཚེས4ཉིན་འཕྲོག་བཅོམ་གྱི་བྱས་ཉེས་ལྟར་འཛིན་བཟུང་བྱ་རྒྱུར་ཆོག་མཆན་བཀོད།ཟླ2པའི་ཚེས5ཉིན། ཐུང་ཁྲེང་རྫོང་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་དེ་ཞིབ་བཤེར་ཞུ་གཏུག་ལ་སྤོ་སྐྱེལ་བྱས། ཐུང་ཁྲེང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ2པའི་ཚེས6ཉིན་ཐུང་ཁྲེང་རྫོང་མི་དམངས་ཁྲིམས་ཁང་ལ་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བཏོན། ཟླ2པའི་ཚེས7ཉིན། ཐུང་ཁྲེང་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་གྱོད་དོན་འདི་ཞིབ་གཅོད་བྱས། ཁྲིམས་སར་གྱོད་ཡ་གཉིས་ཀྱིས་འཕྲོག་བཅོམ་གྱི་བྱས་ཉེས་བསགས་པས་ལོ་བཞིའི་དུས་བཙོན་གྱི་ཉེས་ཆད་གཅོད་རྒྱུར་མ་ཟད། ད་དུང་དངུལ་ཆད་སྒོར་སུམ་སྟོང་གི་ཆད་པ་གཅོད་རྒྱུ་ཁྱབ་བསྒྲགས་བྱས།

责任编辑:俄尖泽仁

扫一扫在手机打开当前页