当前位置: 首页 / 翻译园地 / 法律法规

第三批妨害新冠肺炎疫情防控犯罪典型案例

发布时间:2020-03-20
字体:
访问量:
来源:州编译局
分享到:

ཏོག་གསར་ནད་དུག་གློ་ཚད་འགོས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག་དཔེ་མཚོན་གྱོད་གཞི་ཁག་གསུམ་པ།
第三批妨害新冠肺炎疫情防控犯罪典型案例

     ཡོང་ཁུངས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།

来源:最高人民检察院

གློ་ཚད་འགོས་ནད་གསར་པ་བྱུང་བ་ནས་བཟུང་། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཁྲིམས་ལྟར་ཞིབ་དཔྱོད་ཀྱི་འགན་ནུས་བསྒྲུབས་པ་དང་། སྨན་བཅོས་ཀྱི་སྒྲིག་ལམ་དང་། རིམས་འགོག་གི་སྒྲིག་ལམ། ཁྲོམ་རའི་སྒྲིག་ལམ། སྤྱི་ཚོགས་ཀྱི་སྒྲིག་ལམ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་བདའ་འདེད་ནན་མོ་དང་། སྨན་བཅོས་ཀྱི་སྒྲིག་ལམ་དང་། རིམས་འགོག་གི་སྒྲིག་ལམ། སྤྱི་ཚོགས་ཀྱི་སྒྲིག་ལམ་སོགས་དཀྲུག་པའི་བྱ་སྤྱོད་ལ་ཉེས་ཆད་ནན་མོར་བཅད་པ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་ཏན་ཏིག་བྱས་ཏེ། རིམས་ནད་སྔོན་འགོག་དང་བཀག་སྡོམ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་བྱས།

新冠肺炎疫情发生以来,全国检察机关认真贯彻落实习近平总书记关于疫情防控工作的重要指示和党中央决策部署,依法履行检察职能,严格依法追诉、惩治扰乱医疗秩序、防疫秩序、市场秩序、社会秩序等犯罪行为,切实维护社会稳定,为打赢疫情防控阻击战提供有力司法保障。

 2020ལོའི་ཟླ2ཚེས25ཉིན་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་ནད་དང་འབྲེལ་བ་ཡོད་པའི་ཉེས་དོན་ཉེས་གསོག་གྱོད་གཞི6144དང་མི8243ལ་མྱུལ་ཞིབ་ཁྲིད་སྟོན་བྱས་ཤིང་། ཞིབ་བཤེར་འཛིན་བཟུང་བྱས་པའི་གྱོད་གཞི1673དང་མི2010བདག་སྤྲོད་བྱས་པ་དང་། གྱོད་གཞི1430དང་མི1688འཛིན་བཟུང་བྱ་རྒྱུའི་ཞིབ་བཤེར་ཆོག་མཆན་སྤྲད། གྱོད་གཞི1167དང་མི1431ཞིབ་བཤེར་ཁྲིམས་སྦྱོར་བདག་སྤྲོད་དང་། གྱོད་གཞི869དང་མི1029ལ་ཞིབ་བཤེར་ཁྲིམས་སྦྱོར་བྱས།

截至2020225日,全国检察机关共介入侦查引导取证涉疫情刑事犯罪61448243人;受理审查逮捕16732010人,审查批准逮捕14301688人;受理审查起诉11671431人,审查提起公诉8691029人。
    
དེའི་ནང་། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནང་དུ་ཞུགས་པ་དང་ལག་ལེན་དུ་བསྟར་ནས་ནད་དུག་འགོ་ཁྱབ་བྱེད་རིགས་ཀྱི་ཉེས་གསོག་(ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་དང་། ལས་འཛོལ་གྱིས་ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས། རིམས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་བྱས་ཉེས་བཅས་ཚུད་ཡོད་)383དང་མི481ཡོད་པ་དང་། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས935དང་མི1220ཡོད། བསྙད་རྐོ་ཟིང་སློང་གི་བྱས་ཉེས་བསགས་རིགས301དང་མི375། མིར་གནོད་འཚེ་བཏང་བའི་བྱས་ཉེས་བསགས་རིགས29དང་མི32། རྫུན་བཟོ་རྫུན་འཚོང་རིགས་ཀྱི་བྱས་ཉེས་(ཐོན་རྫས་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་བྱས་ཉེས། སྨན་རྫུན་མ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་བྱས་ཉེས། སྨན་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་བྱས་ཉེས་བཅས་ཚུད་ཡོད། ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་བྱས་ཉེས། ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་ཕྱིར་འཚོང་བྱས་པའི་བྱས་ཉེས)895མི1925ཁྲིམས་འགལ་གྱིས་གཉེར་སྐྱོང་བྱས་པའི་བྱས་ཉེས(རིན་གོང་ཧམ་སྤར་བྱས་པའི་བྱས་ཉེས)144མི236ཁ་བསླུས་བརྒྱབ་པའི་བྱས་ཉེས3196མི3435བཅས་ཡོད། ཆ་འཕྲིན་རྫུན་མ་བཟོ་བ་དང་བརྒྱུད་བསྒྲགས་བྱས་པའི་མི41དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་རིགས་ཀྱི་ཉེས་གསོག(དེའི་ནང་། ཁྲིམས་འགལ་ངང་རིགས་རྩ་ཆེན་དང་ཚར་ཉེན་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་པ་དང་གསོད་པ། རིགས་རྩ་ཆེན་དང་སྟོངས་ཉེན་དུ་སླེབས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་པའི་ཉེས་གསོག  ཁྲིམས་འགལ་ངང་རྔོན་བྱས་པའི་ཉེས་གསོག བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐོན་ཁུངས་རིགས་ཀྱི་ཁྲིམས་འགལ་གཉེར་སྐྱོང་ཉེས་པ་བསགས་པ)574དང་མི796རིམས་ནད་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞི289མི471བཅས་ཡོད།
    
其中,全国检察机关介入、办理抗拒疫情防控措施造成新冠病毒传播类犯罪(含以危险方法危害公共安全罪、过失以危险方法危害公共安全罪、妨害传染病防治罪)383481人,妨害公务罪9351220人,寻衅滋事罪301375人,故意伤害罪2932人,制假售假类犯罪(含生产、销售伪劣产品罪,生产、销售假药罪,生产、销售劣药罪,生产、销售不符合标准的医用器材罪,销售假冒注册商标的商品罪)8951925人,非法经营罪(哄抬物价)144236人,诈骗罪31963435人,编造、故意传播虚假信息罪4141人,破坏野生动物资源类犯罪(含非法猎捕、杀害珍贵、濒危野生动物罪,非法收购、运输、出售珍贵、濒危野生动物、珍贵、濒危野生动物制品罪,非法狩猎罪,野生动物资源类非法经营罪)574796人,其他涉疫情犯罪289471人。
              

རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་འཚེ་བཏང་བའི་དཔེ་མཚོན་གྱོད་གཞིཁག་གསུམ་པ

全国检察机关依法办理

妨害新冠肺炎疫情防控犯罪典型案例第三批

གཅིག རིམས་ནད་འགོག་བཅོས་བྱེད་པར་འགོག་རྐྱེན་བཟོ་བའི་བྱས་ཉེས་བསགས་པའི་རིགས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།
    
བཅའ་ཁྲིམས་ཉིང་བཅུདའགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས། འཕྲོད་བསྟེན་རིམས་འགོག་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བཅའ་ཁྲིམས་གཞིར་བཟུང་ནས་བཏོན་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་ལེན་མི་བསྟར་བར། ཏོག་དབྱིབས་ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་པས། ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་དོན་ཚན་བརྒྱ་དང་བཅོ་ལྔ་པའི་ནང་གསེས་དང་པོའི་གཏན་འབེབས་དང་མི་མཐུན་པའི་རིགས་ལ། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུའི་གཏན་འབེབས་གཞིར་བཟུང་ནས། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་ཉེས་པའི་ཐོག་ནས་བྱས་ཉེས་གཏན་འཁེལ་གྱིས་ཉེས་ཆད་གཅོད་དགོས།

一、依法惩治妨害传染病防治犯罪

【法律要旨】

违反传染病防治法的规定,拒绝执行卫生防疫机构依照传染病防治法提出的防控措施,引起新型冠状病毒传播或者有传播严重危险,不符合刑法第一百一十四条、第一百一十五条第一款规定的,依照刑法第三百三十条的规定,以妨害传染病防治罪定罪处罚。

ནད་དུག་ཨང་དང་པོ་གསར་པ་དེར་འགོས་ནད་རང་བཞིན་ཆེ་བ་དང་། ཁྱབ་སྤེལ་མྱུར་ཚད་མགྱོགས་པ། སྔོན་འགོག་ཚོད་འཛིན་དཀའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། དཔྱིད་གསར་དུས་ཆེན་རིང་ལ། མི་སྣ་འཁོར་རྒྱུག་ཆེ་བའི་དོན་དངོས་ཀྱི་གནས་ཚུལ་ཡང་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགྲན་སློང་ཆེན་པོ་འཕྲད། ནད་དུག་མཆེད་རྒྱུ་བཀག་འགོག་ནུས་ལྡན་དང་རིམས་ནད་མཆེད་རྒྱུ་སྔོན་འགོག་བྱ་ཆེད། རིམ་ཁག་སྲིད་གཞུང་གིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་བཟོས་པ་སྟེ། གཙོ་གནད་རིམས་ནད་ཐོན་པའི་ས་ཁུལ་དུ་ཕྱིར་ལོག་པའི་གྲལ་བཤེར་དང་། ཐོ་འགོད། སྐབས་བསྟུན་བཅར་འདྲི་བཅས་ལ་ཤུགས་སྣོན་པ་དང་། རིམས་ནད་ཐོན་པའི་ས་ཁུལ་ནས་ཡོང་བའི་མི་སྣའི་བདེ་ཐང་གནས་ཚུལ་ལ་གཙོ་གནད་རྗེས་འདེད་དང་ལྟ་སྐུལ་བྱས་ཏེ། རྒྱུན་ལྡན་དང་མི་འདྲ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་སྙན་སེང་ཞུ་དགོས་པར་མ་ཟད། དེ་མཚུངས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱོད་དགོས། སྡེ་ཁུལ་(གྲོང་ཚོ་)དང་། ཐོག་ཁང་(རང་བྱུང་གྲོང་ཚོ་)དང་། ཁྱིམ་ཚང་བཅས་ལ་ཁྱོན་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ཏེ། རིམས་ནད་ཐོན་ཁུལ་ནས་ཕྱིར་ལོག་མི་སྣ་གྲོང་ཚོའི་ཀྲི་པུའུ་དང་སྡེ་ཁུལ་དུ་ཐོ་འགོད་བྱེད་དགོས་པར་མ་ཟད། གཟུགས་པོར་བརྟག་དཔྱད་དང་རང་འགུལ་ལོགས་སུ་དབྱེ་བ་སོགས་བྱེད་དགོས། དེར་བརྟེན། འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་ལ་ཁྲིམས་ལྟར་རིམ་ཁག་ས་གནས་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལ་བརྩི་སྲུང་མི་བྱེད་པར་འགོས་ནད་འགོག་བཅོས་ལ་གནོད་འཚེ་བཏང་ནས། ནད་དུག་གསར་པ་མཆེད་པའམ་ཡང་ན་མཆེད་པའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

新冠病毒具有传染性强、传播速度快、防控难度大的特点,加上春节期间人员流动性大的实际情况,给疫情防控工作带来极大挑战。为有效阻断病毒传播,防止疫情蔓延,各级政府依据相关法律法规制定了防控疫情的措施,包括加强对重点疫情发生地区返回人员排查、登记、随访,重点追踪、督促来自疫情发生地区人员的健康状况监测,发现异常情况及时报告并采取相应的防控措施;对社区(村)、楼栋(自然村)、家庭进行全覆盖落实防控措施,要求从疫区返回人员到村支部或社区进行登记,并进行体检、主动隔离等等。因此,相关组织和个人依法负有配合各级地方政府和相关部门疫情防控工作的责任和义务。对于不遵守相关防控规定,妨害传染病防治,引起新冠病毒传播或者有传播严重危险的,应当依法惩治。

ལག་ལེན་ཁྲོད་དུ་ཉེན་ཁའི་བྱེད་ཐབས་ཀྱིས་སྤྱིའི་བདེ་དོན་ལ་གནོད་འཚེ་བཏང་བའི་བྱས་ཉེས་དང་། འགོས་ནད་འགོག་བཅོས་བྱེད་པར་གནོད་འཚེ་བཏང་བའི་བྱས་ཉེས་གཉིས་ཀྱི་དབྱེ་མཚམས་འབྱེད་རྒྱུར་དོ་སྣང་བྱ་དགོས། མཐོ་གཉིས་པུའུ་གཉིསདངཏོག་དབྱིབས་ནད་དུག་གསར་པ་འགོས་ནས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུའི་སྐོར་གྱི་བསམ་འཆར(གཤམ་དུབསམ་འཆརཞེས་མིང་བསྡུ་རྒྱུ)ནང་གཏན་འབེབས་བྱས་དོན། གཤམ་གསལ་གྱི་གནས་ཚུལ་རིགས་གཉིས་མ་གཏོགས། སྤྱིར་བཏང་དུ་འགོས་ནད་འགོག་བཅོས་ལ་གནོད་འཚེ་གཏོང་བའི་ཉེས་པ་གཏན་འཁེལ་བྱེད་དགོས་པ་སྟེ། གཅིག་ནི་ནད་རྟགས་གཏན་འཁེལ་བྱས་པའི་ཞྭ་གསར་གློ་ཚད་ཀྱི་ནད་པ་དང་། ནད་གཞི་འཁྱེར་ཡོད་མཁན། ཟུར་འཇོག་སྨན་བཅོས་དང་ལེན་མི་བྱེད་པའམ་ཡང་ན་ཟུར་འཇོག་བྱེད་པའི་རིང་རང་དགར་ཟུར་འཇོག་སྨན་བཅོས་དང་ཁ་བྲལ་མེད་པར་མ་ཟད། མི་མང་འདུ་འཛོམས་བྱ་ཡུལ་ལམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་དུ་འཛུལ་བ། གཉིས་ནི་གློ་ཚད་གསར་པ་ཕོག་པའི་ནད་པ་དོགས་པ་ཅན་གྱིས་ལོགས་སུ་བཀར་ནས་སྨན་བཅོས་མི་བྱེད་པའམ་ཡང་ན་ལོགས་སུ་བཀར་བའི་དུས་ཡུན་མ་ཐིམ་གོང་རང་དགར་ལོགས་སུ་བཀར་ནས་སྨན་བཅོས་བྱེད་པ་དང་འབྲེལ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་དུ་འཛུལ་ནས་ཏོག་དབྱིབས་ནད་དུག་གསར་པ་མཆེད་པར་བྱེད་པ། གཞན་ཡང་། རང་ཉིད་ལ་གློ་ཚད་གསར་པ་ཕོག་པའི་ནད་པའམ་ཡང་ན་ནད་པ་དོགས་པ་ཡོད་པ་ཤེས་བཞིན་དུ་སྤྱི་ཚོགས་ལ་འཁོན་ལན་སློག་པ་སོགས་ཀྱིས་དུག་ཕོག་པ་དང་། མི་གཞན་ལ་འགོས་པ། མཇུག་འབྲས་ཚབས་ཆེ་བ། གནས་ཚུལ་ཚབས་ཆེ་བ་བཅས་ཡིན་པས། ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་གཏན་འཁེལ་བྱས་ནས་ཆད་པ་གཅོད་དགོས།

实践中,要注意区分以危险方法危害公共安全罪和妨害传染病防治罪的界限。根据“两高两部”《关于依法惩治妨害新型冠状病毒感染肺炎疫情防控违法犯罪的意见》(以下简称《意见》)规定,除以下两种情形外,一般应当认定妨害传染病防治罪:一是已确诊的新冠肺炎病人、病原携带者,拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者公共交通工具的;二是新冠肺炎疑似病人,拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者公共交通工具,造成新型冠状病毒传播的。此外,对于明知自身已经确诊为新冠肺炎患者或者疑似病人,出于报复社会等主观故意,恶意散播病毒、感染他人,后果严重、情节恶劣,也应当以以危险方法危害公共安全罪定罪处罚。

གྱོད་དཔེ་དང་པོ། ཧོ་པེ་ཞིང་ཆེན་ནེ་ཆིའུ་རྫོང་གི་ལིང་ཆེ་གེ་མོ་དང་། རེན་ཆེ་གེ་མོ་ཅུན་དང་རེན་ཆེ་གེ་མོ་ཧུའེ་སོགས་ཀྱིས་འགོས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་གྱོད་གཞི་དང་འབྲེལ་བ་ཡོད་པ།

案例一:河北省内丘县梁某某、任某军、任某辉等人涉嫌妨害传染病防治案

ཉེས་གསོག་དོགས་ཅན་ལིང་ཆེ་གེ་མོ་དང་བཟའ་ཟླ་ལིའུ་ཆེ་གེ་མོ་ནི་ཧོ་པེ་ཞིང་ཆེན་ཤིང་ཐའེ་གྲོང་ཁྱེར་ནེ་ཆིའུ་རྫོང་གི་མི་ཡིན་པ་དང་། རྒན་ཡོལ་ཞུས་རྗེས་ཡུན་རིང་ཝུའུ་ཧན་གྲོང་ཁྱེར་གྱི་བུ་མོ་ཡོད་སར་བསྡད་ཡོད། 2020ལོའི་ཟླ1ཚེས15ཉིན་གྱི་ཡས་མས་ལ། ལིའུ་ཆེ་གེ་མོ(ཕྱིས་སུ་ཏོག་གསར་ནད་དུག་གློ་ཚད་ཕོག་པའི་ནད་པར་གཏན་འཁེལ་བྱས་པ་དང་། ཚེ་ལས་འདས་པ)ཆམ་པ་ཕོག་པ་དང་གློ་ལུ་བའི་ནད་རྟགས་ཡོད། ཟླ1ཚེས17ཉིན། ལིང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ། བུ་མོ། མག་པ། ཚ་བོ་ཚང་གི་ཁྱིམ་མི་ལྔ་བོས་རླངས་འཁོར་བསྐོར་ནས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་རི་ཁུལ་གྱི་སྡོད་གནས་ནས་ནེ་ཆིའུ་རྫོང་གི་སྡེ་བ་ཆེ་གེ་མོའི་སྡོད་གནས་སུ་ཕྱིར་ལོག ལམ་བར་དུ་ལིང་ཆེ་གེ་མོ་དང་དེའི་ནང་མིས་འགོག་སྲུང་བྱ་ཐབས་གང་ཡང་མ་སྤྱད་པར། ཧུའུ་པེ་དང་ཧོ་ནན་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ས་ཁུལ་གྱི་སྣུམ་སྣོན་ས་ཚིགས་དང་སྤྱི་པའི་གསང་སྤྱོད་སོགས་སྤྱི་པའི་འདུ་གནས་སུ་འགྲོ་འོང་བྱས། ནེ་ཆིའུ་རྫོང་གི་གྲོང་ཚོ་ཞིག་གི་སྡོད་གནས་སུ་ཕྱིར་ལོག་རྗེས། ལིང་ཆེ་གེ་མོའི་ནང་མི་ཚང་མས་འགོག་སྲུང་བྱ་ཐབས་མ་སྤྱད་པར་ནེ་ཆིའུ་རྫོང་གི་ཚོང་ར་ཆེན་པོ་དང་། ཞིང་ཐའེ་གྲོང་ཁྱེར་ཐེན་དབྱི་ཁྲེང་ཁྲོམ་ར་སོགས་སྤྱི་པའི་ཚོགས་རར་ཐེངས་མང་པོར་བསྐྱོད་པར་མ་ཟད། ཟ་ཁང་དུ་མི་མང་པོ་དང་མཉམ་དུ་ཟ་མ་བཟའ་བ་དང་། དམིགས་བསལ་མིན་པའི་མི་ཚོགས་མང་ཆེ་བ་དང་འབྲེལ་གཏུག་བྱས། ཝུའུ་ཧན་ནས་ནེ་ཆིའུ་རྫོང་གི་གྲོང་ཚོ་ཆེ་གེ་མོར་ཕྱིར་ལོག་རྗེས། ལིའུ་ཆེ་གེ་མོའི་གློ་ལུ་བའི་ནད་རྟགས་ཆེ་རུ་ཕྱིན་པ་དང་། ཟླ1ཚེས18ཉིན་གྱི་ཆུ་ཚོད6པ་ཙམ་ལ། ལིའུ་ཆེ་གེ་མོ་གྲོང་ཚོ་དེ་གའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པར་མ་ཟད། གྲོང་ཚོའི་སྨན་པ་གདན་དྲངས་ནས་ཞོགས་པར་ཁྱིམ་དུ་སྨན་ཆུ་ལྡུག་པར་ཡོང་། ཟླ1ཚེས31ཉིན་གྱི་ཆུ་ཚོད6པ་ཙམ་ལ། ལིའུ་ཆེ་གེ་མོར་གློ་རྒྱག་པ་དང་བྲང་ཁ་འགག་པའི་ནད་རྟགས་ཐོན་ནས། ལིང་ཆེ་གེ་མོས་ལིའུ་ཆེ་གེ་མོར་ནེ་ཆིའུ་རྫོང་ཀྲུང་ལུགས་སྨན་ཁང་གི་སྙིང་ནད་ཚན་ཁག་ཏུ་སྨན་བཅོས་བྱེད་པར་བསྐྱལ། ཟླ2ཚེས4ཉིན་གྱི་དགོང་མོར། ལིའུ་ཆེ་གེ་མོའི་ནད་གཞི་ཇེ་སྡུག་ཏུ་སོང་ནས་ཤིན་ཐའེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད། ཟླ2ཚེས6ཉིན། ལིའུ་ཆེ་གེ་མོརཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་རྟགས་སུ་གཏན་ཁེལབྱས་པ་དང་། ཟླ2ཚེས8ཉིན། ལིའུ་ཆེ་གེ་མོཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལྕི་རིགསཀྱི་རྐྱེན་གྱིས་ཚེ་ལས་འདས།

犯罪嫌疑人梁某某与妻子刘某某系河北省邢台市内丘县人,退休后长期在武汉市女儿处居住。2020115日左右,刘某某(后被确诊为新冠肺炎患者,已故)出现感冒、咳嗽症状。117日,梁某某、刘某某与女儿、女婿及外孙一家五口驾驶汽车从湖北省武汉市洪山区住处返回内丘县某村住处。途中,梁某某及其家人未采取任何防护措施,出入湖北、河南高速公路服务区加油站、公共卫生间等公共场所。返回内丘县某村住处后,梁某某一家人未采取防护措施,分别多次出入内丘县家乐园大卖场、邢台市天一城商场等公共场所,并在饭店与多人聚餐,与不特定多数人群接触。从武汉返回内丘县某村后,刘某某咳嗽症状加剧,1186时许,刘某某到本村村医诊所就诊,并邀请村医每日早晨到家中为其输液至123日。1316时左右,刘某某出现咳嗽、胸闷症状,梁某某送刘某某到内丘县中医院心病科就诊。24日晚,刘某某因病情加重转至邢台市人民医院就诊。26日,刘某某被确诊为“新型冠状病毒感染的肺炎确诊病例”,28日,刘某某因“新型冠状病毒性肺炎危重型”死亡。

ཟླ1ཚེས20ནས23ཉིན་བར། ཤིན་ཐའེ་གྲོང་ཁྱེར་ནེ་ཆིའུ་རྫོང་གིས་ཝུའུ་ཧན་གྲོང་ཁྱེར་ནས་ཕ་ཡུལ་དུ་ལོག་པའི་མི་སྣའི་གནས་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས། ཉེས་གསོག་དོགས་ཅན་ལིང་ཆེ་གེ་མོས་དེ་སྔའི་ལས་ཀའི་སྡེ་ཚན་དང་། དེ་བཞིན་ནེ་ཆིའུ་རྫོང་གྲོང་ཚོ་དང་གྲོང་རྡལ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་གྲལ་བཤེར་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་ཤེས་བཞིན་དུ་སྦ་གསང་བྱས་པ་དང་། ལྷག་པར་དུ་ཟླ1ཚེས31ཉིན། ལིའུ་ཆེ་གེ་མོ་ནེ་ཆིའུ་རྫོང་ཀྲུང་ལུགས་སྨན་ཁང་དང་ཞིང་ཐའེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་པའི་རིང་ལ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྨན་ཁང་གི་སྨན་དོན་མི་སྣས་ལིང་ཆེ་གེ་མོ་ཝུའུ་ཧན་དུ་འགྲོ་མྱོང་ཡོད་མེད་དང་། ཕྱི་རྒྱལ་གྱི་མི་སྣ་དང་འབྲེལ་གཏུག་བྱེད་སྐབས་ལིང་ཆེ་གེ་མོས་སྔར་བཞིན་སྦ་གསང་བྱས་ནས་ཁས་མ་བླངས། ཟླ2ཚེས6ཉིན། ལིའུ་ཆེ་གེ་མོར་ནད་ལྕི་མོ་ཕོག་རྗེས། ཞིན་ཐའེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་ཡང་ཡང་དྲིས་པ་ན། ལིང་ཆེ་གེ་མོས་ད་གཟོད་ཝུའུ་ཧན་ནས་ཕ་ཡུལ་དུ་ལོག་པའི་དོན་དངོས་ཁས་བླངས།

120日至23日,邢台市内丘县全面摸排从武汉市返乡人员的情况。犯罪嫌疑人梁某某明知其原工作单位及内丘县村镇等有关部门正在摸排调查的情况而故意隐瞒,特别是在131日刘某某到内丘县中医院及邢台市人民医院就诊期间,市、县两级医院医护人员反复多次询问梁某某是否去过武汉及与外来人员接触史时,梁某某仍故意隐瞒、否认。直到26日刘某某病重后,在邢台市人民医院医护人员反复追问下,梁某某才承认从武汉返乡事实。

ཉེས་གསོག་དོགས་ཅན་རེན་ཆེ་གེ་མོ་ནི་ནེ་ཆིའུ་རྫོང་གི་གྲོང་ཚོ་ཞིག་གི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཡིན་པ་དང་། རྫོང་དང་གྲོང་རྡལ་སྲིད་གཞུང་སོགས་སྡེ་ཚན་གྱི་བཀོད་སྒྲིག་གཞིར་བཟུང་ནས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། གྲོང་ཚོ་དེ་གའི་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་ཐོན་ཁུལ་ནས་ཕ་ཡུལ་དུ་ལོག་མཁན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱ་རྒྱུའི་འགན་འཁུར་ཞིང་། ལིང་ཆེ་གེ་མོས་ཝུའུ་ཧན་ནས་ཕ་ཡུལ་དུ་ལོག་པའི་གནས་ཚུལ་འོག འབྲེལ་ཡོད་འགན་འཁྲི་མི་འཁུར་བ་ཤེས་བཞིན་དུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་མི་ཞུ་བ་དང་། ལིང་ཆེ་གེ་མོས་རིམས་ནད་ཐོན་པའི་ས་ཁུལ་ཝུའུ་ཧན་ནས་ཕ་ཡུལ་དུ་ལོག་པའི་དོན་དངོས་སྦ་གསང་བྱས། དེ་དང་ཆབས་ཅིག སྐད་འཕྲིན་བརྒྱུད་ནས་གྲོང་ཚོའི་ཀྲུའུ་རེན་རེན་ཆེ་གེ་མོ་ཧུའེ་ལ་བརྡ་ཐོ་བཏང་ནས་ལིང་ཆེ་གེ་མོར་ཝུའུ་ཧན་ནས་ཕ་ཡུལ་དུ་ལོག་པའི་དོན་དངོས་གསང་དུ་བཅུག

犯罪嫌疑人任某军系内丘县某村党支部书记,根据县、镇政府等部门安排,在本次疫情防控期间全面负责本村从湖北、武汉疫区返乡的人员摸排工作,在明知梁某某从武汉返乡的情况下,拒不履行相应职责,不向相关部门报告,隐瞒梁某某从疫区武汉返乡的事实,同时通过微信告知村主任任某辉,让其通知梁某某隐瞒从武汉返乡事实。

ཉེས་གསོག་དོགས་ཅན་རེན་ཆེ་གེ་མོ་ནི་ཧུའེ་ཁོངས་གཏོགས་ནེ་ཆིའུ་རྫོང་གི་གྲོང་ཚོ་ཆེ་གེ་མོ་ཞིག་གི་གྲོང་ཚོའི་ཀྲུའུ་རེན་རེད། རྫོང་དང་གྲོང་རྡལ་སྲིད་གཞུང་སོགས་སྡེ་ཚན་གྱི་བཀོད་སྒྲིག་གཞིར་བཟུང་ནས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། ལིང་ཆེ་གེ་མོའི་ཡུག་ཁུལ་དུ་རིམས་ནད་ཐོན་ཁུལ་ཝུའུ་ཧན་ནས་ཕ་ཡུལ་དུ་ལོག་པའི་གྲལ་བཤེར་གྱི་འགན་འཁྲི་ཁུར། རེན་ཆེ་གེ་མོས་ལིང་ཆེ་གེ་མོ་དང་ཁོང་ཚོའི་ནང་མི་ཝུའུ་ཧན་ནས་ཕ་ཡུལ་དུ་ལོག་པའི་གནས་ཚུལ་ཤེས་ཀྱང་། དེ་མཚུངས་ཀྱི་འགན་འཁྲི་མི་འཁུར་བ་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་མི་ཞུ་བར། ལིང་ཆེ་གེ་མོ་དང་ཁོང་ཚོའི་ནང་མི་ཝུའུ་ཧན་ནས་ཕ་ཡུལ་དུ་ལོག་པའི་དོན་དངོས་གསང་བ་དང་། དུས་མཚུངས་སུ་ལིང་ཆེ་གེ་མོ་ལ་ཝུའུ་ཧན་གྱི་འཁོར་བྱང་སྤར་ནས་སྦ་གསང་བྱེད་དུ་བཅུག

犯罪嫌疑人任某辉系内丘县某村村主任,根据县、镇政府等部门安排,在本次疫情防控期间负责梁某某家片区是否有从疫区武汉返乡的排查职责。任某辉在明知梁某某及其家人从武汉返乡的情况下,拒不履行相应职责,不向相关部门报告,隐瞒梁某某及其家人从疫区武汉返乡的事实,同时授意梁某某将其武汉牌照的车辆转移隐藏。

ཟླ2ཚེས20ཉིན་བར། ཏོག་གསར་ནད་དུག་གློ་ཚད་བྱུང་བའི་ནད་པ་ལིའུ་ཆེ་གེ་མོ་དང་འབྲེལ་འདྲིས་བྱེད་པའི་ཞིན་ཐའེ་གྲོང་ཁྱེར་གྱི་ཆའོ་ཏུང་ས་ཁུལ་དང་ཆའོ་ཞི་ས་ཁུལ། དེ་མིན་ནེ་ཆིའུ་རྫོང་བཅས་ས་ཁུལ་གསུམ་ལ་འབྲེལ་འདྲིས་དམ་པོ་བྱེད་མཁན153དང་། འབྲེལ་འདྲིས་བྱེད་མཁན356ཚང་མ་ལོགས་སུ་བཀར་ནས་ཉིན14ལ་ལྟ་ཞིབ་བྱེད་པའི་བྱེད་ཐབས་སྤྱད། དེ་དང་ཆབས་ཅིག་ནེ་ཆིའུ་རྫོང་ཀྲུང་ལུགས་སྨན་ཁང་དང་། ནེ་ཆིའུ་རྫོང་གི་སྒོ་རྩིས་ཚོང་ཁང་། ནེ་ཆིའུ་རྫོང་གི་གྲོང་ཚོ་ལྔ་དང་སྡོད་ཁང་ཁུལ་ཆུང་བཞི་བཅས་ཚང་མ་བཀག་སྡོམ་བྱས་པ་དང་། ཤིན་ཐའེ་གྲོང་ཁྱེར་ཆའོ་ཏུང་ཆུས་ཝུའེ་ཆེ་གེ་མོའི་ཁ་སྦུག་སྨན་བཅོས་ཁང་དང་ལེང་ཁྲེང་ཆུས་ཀྱི་ཐོག་ཁང་ཨང་8པ་ཚང་མ་བཀག་སྡོམ་བྱས། ཟླ2ཚེས6ཉིན། ལིང་མིང་བ་ནི་ལིའུ་མིང་བ་དང་རེན་མིང་བ། ལིའུ་མིང་བ་བཅས་དང་འབྲེལ་འདྲིས་བྱེད་མཁན་ཡིན་པས་ཁོ་གཉིས་ལོགས་སུ་བཀར་ནས་ལྟ་ཞིབ་བྱས།

截止220日,与新冠肺炎患者刘某某接触的邢台市桥东区、桥西区及内丘县三地密切接触者153名、间接接触者356名全部被采取隔离观察14天的措施,同时致内丘县中医院、内丘县家乐园超市及内丘县五个村庄、四个住宅小区全部封闭,邢台市桥东区魏某某口腔诊所、靓市区8号楼全部封闭。26日,梁某某作为刘某某的密切接触者、任某辉作为刘某某的间接接触者,二人被隔离观察。

ཟླ2ཚེས7ཉིན། ཉེས་གསོག་གི་དོགས་གཞི་ཡོད་པའི་རྐྱེན་གྱིས་ནེ་ཆིའུ་རྫོང་སྤྱི་བདེ་ཅུས་ཀྱིས་ལིང་ཆེ་གེ་མོ་དང་རེན་ཆེ་གེ་མོ་སོགས་ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ནེ་ཆིའུ་རྫོང་ཞིབ་དཔྱོད་ཁང་གིས་ཉིན་དེར་སྔ་མོ་ནས་སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ཤིང་། ཤིན་ཐའེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་མཛུབ་ཁྲིད་འོག་དཔང་རྟགས་འཚོལ་བསྡུ་དང་། གཏན་འཇགས། འཐུས་ཚང་། ངོ་བོ་གཏན་འཁེལ་སོགས་ཀྱི་ཐད་ཁྲིད་སྟོན་བསམ་འཆར་བཏོན་པར་མ་ཟད། རྫོང་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་དབར་འབྲེལ་གཏུག་བྱས་པ་བརྒྱུད། གྱོད་གཞིའི་ངོ་བོ་གཏན་འཁེལ་ཐད་བསམ་འཆར་གཅིག་མཐུན་བྱུང་། ཟླ2ཚེས10ཉིན། སྤྱི་བདེ་ལས་ཁུངས་ཀྱིས་ལིང་ཆེ་གེ་མོ་དང་རེན་ཆེ་གེ་མོ་གཉིས་ལ་སྡོད་གནས་ལ་ལྟ་ཞིབ་བྱེད་པའི་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པར་མ་ཟད། མུ་མཐུད་དུ་མི་གཉིས་ལ་བཀར་འཇུག་གི་བྱེད་ཐབས་སྤྱད། ཟླ2ཚེས15ཉིན། འགན་འཛིན་དམག་ཆེ་གེ་མོས་སྡོད་གནས་ལ་ལྟ་ཞིབ་བྱེད་པའི་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཅིང་། ཟླ2ཚེས20ཉིན། ནེ་ཆིའུ་རྫོང་སྤྱི་བདེ་ཅུས་ཀྱིས་ལིང་ཆེ་གེ་མོ་དང་། ཅུན་ཆེ་གེ་མོ། རེན་ཆེ་གེ་མོ། རེན་ཆེ་གེ་ཧེའི་འགོས་ནད་འགོག་བཅོས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དོགས་ཅན་ཞིབ་བཤེར་ཞུ་གཏུག་བྱེད་པར་བསྐྱལ། ཟླ2ཚེས24ཉིན། རེན་ཆེ་གེ་མོ་ལོགས་སུ་བཀར་བ་དང་། མིག་སྔར་ལིང་ཆེ་གེ་མོ་སྔར་བཞིན་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད།

27日因涉嫌犯罪,内丘县公安局对梁某某、任某辉等人立案侦查,内丘县检察院当日与公安机关协调对接提前介入,在邢台市检察院指导下对证据收集、固定、完善、定性等提出引导意见,并经县、市两级公安机关、检察机关沟通,对案件定性达成了一致意见。210日,公安机关对梁某某、任某辉采取监视居住强制措施,并继续对二人采取隔离措施。215日,对任某军采取监视居住强制措施。220日,内丘县公安局以梁某某、任某军、任某辉涉嫌妨害传染病防治罪移送审查起诉。224日,任某辉被解除隔离。目前,梁某某仍在隔离观察中。

གྱོད་དཔེ་གཉིས་པ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལའེ་པིན་གྲོང་ཁྱེར་ཝུའེ་ཆེ་གེ་མོས་འགོས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་དོགས་ཡོད་གྱོད་གཞི།

案例二:广西壮族自治区来宾市韦某某涉嫌妨害传染病防治案

ཉེས་གསོག་དོགས་ཅན་ཝུའེ་ཆེ་གེ་མོ་དུས་ཡུན་རིང་པོའི་ནང་། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧྭ་ནན་ཤིང་ཏོག་སྡེབ་ཚོང་ཁྲོམ་ར་ཞིག་ཏུ་ལས་ཀ་གཉེར་བཞིན་ཡོད་པ་དང་། ཁྲོམ་ར་དེ་ཧྭ་ནན་མཚོ་ཟས་ཁྲོམ་ར་དང་བར་ཐག་སྤྱི་ལེ2ཙམ་ཡོད། 2020ལོའི་ཟླ1ཚེས23ཉིན། ཝུའེ་ཆེ་གེ་མོས་ཝུའུ་ཧན་གྲོང་ཁྱེར་གྱི་གློ་ཚད་རིམས་ནད་ཚབས་ཆེན་གྱི་རྐྱེན་གྱིསG439ཡི་སྒུལ་འཁོར་ལ་བསྡད་དེ་ཉིན་དེར་ལའེ་པིན་གྲོང་ཁྱེར་དུ་ལོག་པ་དང་། བཟའ་ཟླ་ཀྲང་ཆེ་གེ་མོ་སོགས་ཀྱི་ནང་མི་དང་མཉམ་དུ་ལའེ་པིན་གྲོང་ཁྱེར་ཞིན་པིན་ཆུས་ཀྱི་ཁུལ་ཆུང་ཞིག་གི་ཁྱིམ་དུ་བསྡད། ཟླ1ཚེས25ཉིན། སྡེ་ཁུལ་གྱིས་དེའི་ཁྱིམ་དུ་ལོགས་སུ་བཀར་དགོས་པའི་བླང་བྱ་བཏོན། ཝེ་ཆེ་གེ་མོ་རེ་བ་ལྟར་ཁྱིམ་དུ་ལོགས་སུ་བཀར་ནས་མ་བསྡད་པ་དང་། ཟླ1ཚེས26ནས་ཚེས29ཉིན་བར། ཐེངས་མང་པོར་ཕྱིར་སྔོ་ཚལ་ཉོ་རུ་སོང་བའམ་ཡང་ན་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་སོང་བ་དང་། ཀྲང་ཆེ་གེ་མོའི་ཨ་མའི་དུར་འཇུག་མཛད་སྒོར་ཞུགས་པར་མ་ཟད། མི་མང་པོ་དང་འབྲེལ་བ་ཟབ་མོ་ཡོད། ཟླ1ཚེས30ཉིན། ཝེ་ཆེ་གེ་མོའི་བཟའ་ཟླ་ཀྲང་ཆེ་གེ་མོར་གློ་ལུ་བའི་ནད་རྟགས་ཐོན་ནས། ཁོ་གཉིས་མཉམ་དུ་ལའེ་པིན་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད། ཟླ2ཚེས6ཉིན། ཀྲང་ཆེ་གེ་མོར་ཏོག་སར་གློ་ཚད་འགོས་ནས་ལོགས་སུ་བཀར་ནས་སྨན་བཅོས་བྱས་པ་དང་། ཟླ2ཚེས8ཉིན། བེམ་པོ་ཞུགས་འབུལ་བྱེད་པའི་རིང་ལ། ཀྲང་ཆེ་གེ་མོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཀྲང་ཆེ་གེ་མོ་དང་། ཝེ་ཆེ་གེ་མོ་ཀོང་། ཝེ་ཆེ་གེ་མོ་ཞུས། ཝེ་ཆེ་གེ་མོ་བཅས་ཚང་མར་ཏོག་གསར་ནད་དུག་གློ་ཚད་འགོས་ཡོད་པ་གཏན་འཁེལ་བྱས་ཤིང་། ཟླ2ཚེས9ཉིན། བེམ་པོ་ཞུགས་འབུལ་བྱེད་པའི་རིང་ལ། ཀྲང་ཆེ་གེ་མོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཀྲང་ཆེ་གེ་མོ་དང་། ཝེ་ཆེ་གེ་མོ། ཁྲེང་ཆེ་གེ་མོ་བཅས་ཚང་མར་ཏོག་གསར་ནད་དུག་གློ་ཚད་འགོས་ཡོད་པ་གཏན་འཁེལ་བྱས། ཝུའེ་ཆེ་གེ་མོར་གློ་ཚད་རིམས་ནད་གསར་པ་ཐོན་པའི་རིང་ལ། ཁོ་ཝུའུ་ཧན་ནས་ཕྱིར་ལོག་པར་མ་ཟད། དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཟའ་ཟླ་ཀྲང་ཆེ་གེ་མོར་ཏོག་གསར་ནད་དུག་གློ་ཚད་འགོས་པ་གཏན་འཁེལ་བྱས་པ་དང་། ཟླ2ཚེས6ཉིན། ཝུའེ་ཆེ་གེ་མོའི་སྡོད་གནས་ཁུལ་ཆུང་དང་དེ་བཞིན་མཐའ་འཁོར་དུ་བཀག་སྡོམ་བྱས་པ་དང་། ཀྲང་ཆེ་གེ་མོའི་ཕ་ཡུལ་དུ་ལོག་ནས་ཁོའི་ཨ་མ་དུར་འཇུག་གི་མཛད་སྒོར་ཞུགས་ཤིང་། གྲོང་ཚོ་དེས་ཀྱང་ཉིན་དེར་བཀག་སྡོམ་བྱས་པ་དང་ཁོ་གཉིས་དང་འབྲེལ་བ་དམ་ཟབ་ཡོད་པའི་མི122གཅིག་སྡུད་ངང་ལོགས་སུ་བཀར་ནས་མགྲོན་ཁང་དུ་གསོ་རིག་གི་ལྟ་ཞིབ་བྱས། ཉེས་གསོག་དོགས་ཅན་ཝུའེ་ཆེ་གེ་མོས་ཁྱིམ་སྡོད་ཟུར་འཇོག་བྱེད་ཐབས་ལག་ལེན་མ་བསྟར་བར་མི་མང་པོ་ཞིག་ལ་འགོས་ནད་ཕོག་པའམ་ཡང་ན་གཅིག་སྡུད་ཟུར་འཇོག་བྱས་ནས་གསོ་རིག་ལྟ་ཞིབ་དང་། ས་ཁོངས་ཁག་གཅིག་བཀག་སྡོམ་བྱས་པ་སོགས་ཀྱི་མཇུག་འབྲས་ཚབས་ཆེན་བཟོས་པ་དང་ཆབས་ཅིག སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པས་ས་གནས་དེ་གའི་སྲིད་གཞུང་གིས་དེའི་ཐད་མི་ཤུགས་དང་། དངོས་ཤུགས། རྒྱུ་ཤུགས་བཅས་འབོར་ཆེན་སྤྱད་པས་མཇུག་འབྲས་ཧ་ཅང་ཚབས་ཆེན་བཟོས།

犯罪嫌疑人韦某某长期在湖北省武汉市华南水果批发市场某水果行上班,该市场距离华南海鲜市场约2公里。2020123日,韦某某在武汉市因新冠肺炎疫情严重“封城”前乘坐G439次动车于当日返回来宾市,与妻子张某某等家人居住在来宾市兴宾区某小区家中。125日,社区要求其居家隔离。韦某某未按要求居家隔离,126日至29日多次外出买菜或探亲访友、参加张某某母亲葬礼,并与多人有密切接触。130日,韦某某妻子张某某出现咳嗽症状,二人一起到来宾市人民医院检查。26日,张某某被确诊感染新冠肺炎并被隔离治疗,次日韦某某也被确诊感染新冠肺炎并被隔离治疗。28日,在葬礼期间与张某某密切接触的张某凤、韦某光、韦某旭、韦某宜均被确诊感染新冠肺炎,29日,在葬礼期间与张某某密切接触的张某娇、韦某思、程某、程某唯也均被确诊感染新冠肺炎。因韦某某在新冠肺炎疫情爆发期间自武汉返回,且与其密切接触的妻子张某某已经确诊感染新冠肺炎,26日,韦某某居住的小区及周边被封闭,因张某某回老家参加其母葬礼,该村也于同日被封闭,与二人密切接触的122人被集中隔离在酒店进行医学观察。犯罪嫌疑人韦某某不执行居家隔离措施,造成大量人员被感染或者被集中隔离进行医学观察、部分区域被封闭等严重后果,同时在社会上造成了恶劣影响,当地政府为此花费了大量的人力、物力、财力,后果十分严重。

ཟླ2ཚེས7ཉིན། ཉེས་གསོག་གི་དོགས་པ་ཡོད་པའི་དབང་གིས། ལའེ་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཤིང་པིན་ཡན་ལག་ཅུས་ཀྱིས་ཝུའེ་ཆེ་གེ་མོར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ལའེ་པིན་གྲོང་ཁྱེར་ཤིན་པིན་ཆུས་ཞིབ་དཔྱོད་ཁང་གིས་འཕྲལ་མར་མྱུལ་ཞིབ་དང་ཁྲིད་སྟོན་བྱས་ཏེ་དཔང་རྟགས་འཚོལ་རོགས་བྱས། ཝུའེ་ཆེ་གེ་མོར་ཏོག་གསར་ནད་དུག་གློ་ཚད་ཕོག་ནས་སྨན་བཅོས་བྱེད་དགོས་པས། སྤྱི་བདེ་ལས་ཁུངས་ཀྱིས་དེར་ཁག་ཐེག་བཙལ་ནས་བཀའ་སྒུག་གི་བཙན་ཤེད་བྱ་ཐབས་སྤྱད་པ་དང་། མིག་སྔར་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཞིབ་དཔྱོད་ལས་ཁུངས་ཀྱི་གྲོས་འགོར་གཞིགས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཝུའེ་ཆེ་གེ་མོས་འགོས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་ཉེས་གསོག་ལ་མུ་མཐུད་དུ་མྱུལ་ཞིབ་ལས་དོན་སྤེལ་བ་དང་། ཁོའི་ནད་གཞི་དྲག་རྗེས་ཁྲིམས་ལྟར་ཆད་པ་གཅོད་དགོས།

27日,因涉嫌犯罪,来宾市公安局兴宾分局对韦某某立案侦查,来宾市兴宾区检察院随即介入侦查引导取证。因韦某某患新冠肺炎需进行治疗,公安机关对其采取取保候审强制措施,目前在治疗过程中。根据检察机关的建议,公安机关以韦某某涉嫌妨害传染病防治罪继续开展侦查工作,待其病情痊愈后予以依法惩治。

གྱོད་དཔེ་གསུམ་པ། ཧྲང་ཧའེ་གྲོང་ཁྱེར་ཅིན་ཧྲན་ཆུས་ཀྱི་ལི་ཆེ་གེ་མོས་འགོས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་དོགས་ཡོད་གྱོད་གཞི།

 ལི་ཆེ་གེ་མོ་ནི་ཧུའུ་པེ་ཀོང་ཧྲུའེ་ཡི་མི་ཡིན་པ་དང་། ཧྲང་ཧའེ་རུ་སྡོད་གནས་ཡོད། 2020ལོའི་ཟླ1ཚེས23ཉིན། ཝུའུ་ཧན་དུ་ཉིན་གསུམ་བསྡད་པའི་ལི་ཆེ་གེ་མོས་ཝུའུ་ཧན་གྲོང་ཁྱེར་གྱིས་ཉིན་དེའི་ཆུ་ཚོད10ཡི་ཐོགགྲོང་ཁྱེར་འགོག་པའིདོ་དམ་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན་པ་ཤེས་རྗེས། པ་སེ་བརྗེ་ནས་ནན་ཁྲང་བརྒྱུད་པ་དང་ཧྲང་ཧའེ་རུ་ལོག་པ་དང་ཚེས24ཉིན་ཧྲང་ཧའེ་རུ་འབྱོར། ཟླ1ཚེས24ཉིན་ནས་བཟུང་། ཧྲང་ཧའེ་ཡིས་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་དང་ལེན་བྱེད་མགོ་བརྩམས་ནས། གཙོ་གནད་ས་ཁུལ་ནས་ཧྲང་ཧའེ་རུ་ཡོང་མཁན་གྱིས་ཉིན14ཡི་རིང་ཁྱིམ་སྡོད་དམ་ཡང་ན་གཅིག་སྡུད་ཟུར་འཇོག་ལྟ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན། ལི་ཆེ་གེ་མོ་ཧྲང་ཧའེ་རུ་ཕྱིར་ལོག་རྗེས་བླང་བྱ་ལྟར་ཁྱིམ་དུ་ལོགས་སུ་མ་བཀར་བར། རང་ཉིད་ལ་ཏོག་གསར་ནད་དུག་གསར་པ་ཕོག་པ་དང་ནང་མིར་འགོ་བར་སེམས་ཁྲལ་བྱས་ཏེ། ཝུའུ་ཧན་གྱི་ཡུལ་སྐོར་ལོ་རྒྱུས་གསང་བ་དང་། ཧྲང་ཧའེ་གྲོང་ཁྱེར་སུང་ཅང་ཆུས་ཀྱི་མགྲོན་ཁང་ཞིག་ཏུ་བསྡད་པ་དང་། ཕྱི་ཉིན་ཁོ་རང་གི་ཅིན་ཧྲན་ཆུས་ཀྱི་ཁྱིམ་དུ་ཁེར་སྡོད་བྱས་པར་མ་ཟད། ཟླ1ཚེས25ཉིན་ནས་ཚེས30ཉིན་བར། སྒོ་རྩིས་ཚོང་ཁང་དང་སིལ་ཏོག་ཚོང་ཁང་། སྟབས་བདེ་ཚོང་ཁང་སོགས་སྤྱི་བའི་ཚོགས་རར་ཐེངས་མང་པོར་སོང་། ཟླ1ཚེས26ཉིན་ནས་ཚེས30ཉིན་བར། ལི་ཆེ་གེ་མོར་ལུ་བ་དང་ཐང་ཆད་པ་སོགས་ཀྱི་ནད་རྟགས་ཐོན་རྗེས་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་ལ་བསྡད་དེ། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དྲུག་པའི་ཅིན་ཧྲན་ཡན་ལག་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད། ཐེངས་འགའི་སྨན་བཅོས་བྱེད་པའི་རིང་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཇི་མ་ཇི་བཞིན་དུ་གསལ་བཤད་མ་བྱས་པ་དང་། ཝུའུ་ཧན་དུ་ཡུལ་སྐོར་བྱས་པའི་ལོ་རྒྱུས་སྦ་གསང་བྱས་པས་སྒོ་བསྟེན་སྨན་ཁང་དཀྱུས་མར་སྨན་བཅོས་བྱས་པར་མ་ཟད། སྨན་ཁབ་སར་མི་མང་པོ་དང་འབྲེལ་འདྲིས་དམ་ཟབ་བྱས། ཟླ1ཚེས30ཉིན། མི་དམངས་ཉེན་རྟོག་པ་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣས་སྒོ་རྩར་ཞིབ་བཤེར་བྱས་པ་བརྒྱུད། ལི་ཆེ་གེ་མོས་ཝུའུ་ཧན་དུ་ཡུལ་སྐོར་བྱས་པའི་ལོ་རྒྱུས་ཡོད་པ་ཁས་བླངས་པ་དང་འབྲེལཁྱིམ་སྡོད་ཟུར་འཇོག་ལྟ་ཞིབ་ཁས་ལེན་ཡི་གེལ་མིང་རྟགས་བཀོད་ཅིང་རང་དགར་ཕྱིར་མི་འགྲོ་རྒྱུ་ཁས་བླངས། ཟླ1ཚེས31ཉིན། ལི་ཆེ་གེ་མོས་སྙན་ཞུ་མ་ཞུས་པར་ཕྱིར་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་དང་། སྨན་ཚོང་ཁང་དུ་འགྲོ་འོང་བྱས་པར་མ་ཟད། སྨན་བཅོས་བྱེད་སྐབས་ཝུའུ་ཧན་དུ་ཡུལ་སྐོར་བྱས་པའི་ལོ་རྒྱུས་མུ་མཐུད་དུ་གསང་། ཟླ2ཚེས2ཉིན། སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་སྐབས་སྨན་དོན་མི་སྣས་ཡང་དང་ཡང་དུ་དྲི་པས་ཝུའུ་ཧན་དུ་བརྒྱུད་མྱོང་པ་ཁས་བླངས། དེ་ནས་ལོགས་སུ་བཀར་འཇུག་བྱས། ཟླ2ཚེས4ཉིན། ཏོག་གསར་ནད་དུག་གློ་ཚད་འགོས་ཡོད་པའི་ནད་དཔེ་ཡིན་པ་གཏན་འཁེལ་བྱས། བརྟག་དཔྱད་བྱས་རྗེས་ལི་ཆེ་གེ་མོ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི55ཟུར་དུ་བཞག་ནས་ལྟ་ཞིབ་བྱས་པའི་ནང་དུ་སྨན་དོན་མི་སྣ11དང་། སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་མཁན་མི36། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ5། སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་གི་ལས་དོན་པ2། མགྲོན་ཁང་གི་ལས་དོན་པ1བཅས་ཡོད།

案例三:上海市金山区李某某涉嫌妨害传染病防治案

李某某系湖北广水籍人,在上海有住所。2020123日,已在武汉居住三日的李某某得知武汉市于当日10时施行“封城”管理措施后,改签车票经南昌返回上海,24日抵沪。124日起,上海启动重大突发卫生公共事件一级响应,要求对于重点地区来沪人员实行居家或者集中隔离观察14天。李某某回沪后未按要求居家隔离,因担心自己感染新型冠状病毒、传染家人,隐瞒武汉旅行史入住上海市松江区某酒店,次日独居在其金山区家中,并于125日至30日多次出入超市、水果店、便利店等公共场所。126日至30日,李某某出现了咳嗽、胃口差、乏力、胸闷等症状后,搭乘公交车、出租车至上海市第六人民医院金山分院看诊,在历次看诊期间违反疫情防控措施有关规定,未如实陈述,隐瞒武汉旅行史,在普通门诊看诊,并在输液室密切接触多人。130日,经民警、居委会工作人员上门核查,李某某方承认有武汉旅行史,并签署《居家隔离观察承诺书》,承诺不擅自外出。131日,李某某未经报告外出,搭乘公交车至医院看诊、出入药店,并在就诊时继续隐瞒武汉旅行史。22日其至医院看诊时在医护人员追问下承认途经武汉,后被隔离。24日,被确诊为新型冠状病毒感染的肺炎病例。确诊后,和李某某密切接触的55人被隔离观察,其中医护人员11名,到医院看诊人员36名,出租车司机5名,超市、便利店工作人员2名,酒店工作人员1名。

ཟླ2ཚེས10ཉིན། བྱས་ཉེས་བསགས་པའི་དོགས་པ་ཡོད་པའི་དབང་གིས། ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཅིན་ཧྲན་ཡན་ལག་ཅུས་ཀྱིས་ལི་ཆེ་གེ་མོར་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་དང་། ཉིན་དེར། ཧྲང་ཧའེ་གྲོང་ཁྱེར་ཅིན་ཧྲན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་མི་མངགས་ནས་སྔ་མོ་ནས་གྱོད་དོན་ནང་དུ་ཞུགས་ཤིང་། སྤྱི་བདེ་ལས་ཁུངས་ལ་འབྲེལ་ཡོད་དཔང་རྟགས་ཁ་གསབ་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ། ལི་ཆེ་གེ་མོར་འགོས་ནད་འགོག་བཅོས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་བསགས་པའི་དོགས་པ་ཡོད་པར་མྱུལ་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན། སྤྱི་བདེ་ལས་ཁུངས་ཀྱིས་ཟླ2ཚེས13ཉིན་ལི་ཆེ་གེ་མོས་རིམས་ནད་འགོག་བཅོས་ལ་གནོད་འཚེ་བཏང་བའི་ཉེས་པ་ལ་ཁག་ཁྱེར་བཀའ་སྒུག་གི་བཙན་ཐབས་སྤྱད། མིག་སྔར་ལི་ཆེ་གེ་མོ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་ཀྱིན་ཡོད།

210日,因涉嫌犯罪,上海市公安局金山分局对李某某立案侦查,当日上海市金山区人民检察院派员提前介入,建议公安机关补强相关证据并提出对李某某以涉嫌妨害传染病防治罪开展侦查。公安机关于213日对李某某以妨害传染病防治罪采取取保候审强制措施。目前,李某某在指定隔离点隔离观察。

གཉིས། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་བསགས་པའི་རིགས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།

二、依法惩治妨害公务犯罪

བཅའ་ཁྲིམས་ཉིང་བཅུདརྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་མི་སྣས(བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་འཛིན་དོ་དམ་གྱི་འབྲེལ་ཡོད་འགན་དབང་སྤྱོད་པའི་རྩ་འཛུགས་ཁྲོད་ཀྱི་གཞུང་དོན་སྒྲུབ་མཁན་དང་། རྒྱལ་ཁབ་ལས་ཁུངས་ཀྱི་མངགས་བཅོལ་ལྟར་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་ཚབ་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་དབང་སྤྱོད་པའི་རྩ་འཛུགས་ནང་དུ་གཞུང་དོན་སྒྲུབ་མཁན། རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ནང་དུ་བཅུག་མེད་མོད། འོན་ཀྱང་། རྒྱལ་ཁབ་ལས་ཁུངས་ནང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞུང་དོན་སྒྲུབ་པའི་མི་སྣ)ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད་རིམས་ནད་སྔོན་འགོག་དང་བརྟག་བཤེར། བཙན་ཤེད་ཀྱིས་ལོགས་སུ་དབྱེ་བ། ལོགས་སུ་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པའི་རིགས་ལ་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱ་ཐབས་སྤྱད་དེ་བཀག་འགོག་བྱས་པ་ལ། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གསེས་དང་པོ་དང་གསུམ་པའི་གཏན་འབེབས་གཞིར་བཟུང་ནས། གཞུང་དོན་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་སུ་གཏན་འཁེལ་བྱས་ནས་ཆད་པ་གཅོད་དགོས། ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་གཏུམ་སྤྱོད་འཇབ་རྒོལ་བྱས་ཚེ། གཞུང་དོན་ལ་འགོག་རྐྱེན་བཟོ་བའི་བྱས་ཉེས་སུ་གཏན་འཁེལ་བྱས་ཏེ་ཆད་པ་ལྕི་མོ་གཅོད་དགོས།

【法律要旨】以暴力、威胁方法阻碍国家机关工作人员(含在依照法律、法规规定行使国家有关疫情防控行政管理职权的组织中从事公务的人员,在受国家机关委托代表国家机关行使疫情防控职权的组织中从事公务的人员,虽未列入国家机关人员编制但在国家机关中从事疫情防控公务的人员)依法履行为防控疫情而采取的防疫、检疫、强制隔离、隔离治疗等措施的,依照刑法第二百七十七条第一款、第三款的规定,以妨害公务罪定罪处罚。暴力袭击正在依法执行职务的人民警察的,以妨害公务罪定罪,从重处罚。

ཞིབ་དཔྱོད་ལས་ཁུངས་ཀྱིས་དོ་དམ་ཚོད་འཛིན་ལ་འགོག་རྒོལ་བྱས་པ་ལས་བྱུང་བའི་གཞུང་དོན་ལ་འགོག་རྐྱེན་བཟོས་པ་དང་བསྙད་རྐོ་ཟིང་སློང་བྱས། བསམ་བཞིན་དུ་གནོད་འཚེ་བཏང་བ་སོགས་ཀྱི་གྱོད་གཞི་དེའི་རིགས་སྒྲུབ་སྐབས། དྲག་ཤུགས་ཀྱིས་འགོག་རྒོལ་བྱས་པ་དང་རིམས་ནད་སྔོན་འགོག་གི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་བྱས་ཉེས་ལ། ཁྲིམས་ལྟར་ཆད་པ་ནན་མོ་བཅད་དེ་རྒྱུན་གཏན་གྱི་རིམས་ནད་སྔོན་འགོག་གི་སྒྲིག་ལམ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས་ལ། འགལ་ཟླ་དང་རྩོད་གཞི་འབྱུང་ཁུངས་ནས་བཅོས་སྒྲིག་བྱ་རྒྱུར་སྣང་ཆེན་བྱས་ཏེ་ཉེས་པ་ཁས་ལེན་དང་ཆད་གཅོད་ཁས་ལེན་བྱེད་སྐབས་གུ་ཡངས་གཏོང་བ་དང་། འགལ་ཟླ་མེད་པར་བཟོ་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་དགོས། དོགས་ཡོད་ཉེས་ཅན་ལ་ཉེས་པ་ཁས་ལེན་དང་ཆད་གཅོད་ཁས་ལེན་བྱ་རྒྱུ་སློབ་གསོ་དང་སྐུལ་ལྕག་བྱས་ཚེ། དེས་ཇི་མ་ཇི་བཞིན་དུ་ངོས་ལེན་དང་དཔང་རྟགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། གྱོད་གཞིའི་དོན་དངོས་ངོས་འཛིན་བྱ་རྒྱུར་ཕན་ཐོགས་ཡོད་པས་དཔང་རྟགས་ཀྱི་སྤུས་ཚད་དང་གཏུག་བཤེར་གྱི་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད།

检察机关办理这类因抗拒管控引发的妨害公务、寻衅滋事、故意伤害等案件,既要依法从严惩治暴力抗拒、严重破坏防疫秩序的犯罪行为,坚决维护正常防疫秩序,又要注重矛盾纠纷的源头治理,充分发挥认罪认罚从宽在化解矛盾、消弭对立、促进和谐等方面的制度优势。通过教育和鼓励犯罪嫌疑人认罪认罚,有助于促使其如实供述、完善证据,有助于案件事实的认定,从而提高证据质量和诉讼效率。

གྱོད་དཔེ་བཞི་པ། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་ཀྱི་ཏེང་ཆེ་གེ་མོས་གཞུང་དོན་ལ་གནོད་འཚེ་བཏང་བའི་གྱོད་གཞི།

གྱོད་ཡ་ཏེང་ཆེ་གེ་མོ་ནི་ལའེ་ཝུའུ་ཟས་རིགས་ཚད་ཡོད་ཀུང་སི་ཞིག་གི་ལས་བཟོ་བ་རེད། 2020ལོའི་ཟླ2ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད8ཙམ་ལ། ཏེང་ཆེ་གེ་མོས་ཆང་བཏུངས་རྗེས་ཁ་ཐུམ་མ་བརྒྱབ་པར་ཀུང་སི་རུ་ལས་ཀ་གཉེར་བར་སོང་། ཀུང་སིས་ཆང་བཏུངས་རྗེས་ལས་གནས་སུ་ཞུགས་མི་ཆོག་པ་དང་ཏོག་གསར་ནད་དུག་གློ་ཚད་ཀྱི་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། ཀུང་སིར་འགྲོ་འོང་བྱེད་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་གཏན་འབེབས་བྱས་ཡོད་པས། སྔོན་འགོག་ཚོད་འཛིན་མི་སྣས་ཁོ་ཀུང་སིའི་སྒོ་རའི་ནང་དུ་བསྐྱོད་མི་ཆོག་པར་ཁ་ཏ་དང་བཀག་འགོག་བྱས། ཏེང་ཆེ་གེ་མོས་བཀག་འགོག་དང་ཁ་ཏར་མ་ཉན་པར་བཙན་ཤེད་ཀྱིས་གློག་སྒུལ་སྐུམ་རྐྱོང་སྒོ་ནས་མཆོངས་ཏེ་ཀུང་སིར་འཛུལ། སྔོན་འགོག་ཚོད་འཛིན་མི་སྣས་སླར་ཡང་བཀག་འགོག་བྱེད་སྐབས། ཏེང་ཆེ་གེ་མོ་བློ་ཁ་མི་བརྟན་པར་མདུན་ཕྱོགས་ཀྱི་སྔོན་འགོག་ཚོད་འཛིན་མི་སྣའི་ངོ་གདོང་ལ་བརྒྱབ་ཅིང་སྔོན་འགོག་ཚོད་འཛིན་མི་སྣ་དང་འཐབ་རེས་བྱས། ཀུང་སིས་ཉེན་བརྡ་བཏང་རྗེས། དབྱང་ཀྲོང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞུས་ཆེ་གེ་མོ་དང་གཞོགས་འདེགས་ཉེན་རྟོག་པ་གཉིས་འཕྲལ་མར་ཐག་གཅོད་བྱེད་པར་བསྐྱོད། ཡུལ་དངོས་སུ་འབྱོར་རྗེས། ཏེང་ཆེ་གེ་མོ་དང་སྐྱེས་པ་ཞིག་འཐབ་རེས་བྱེད་བཞིན་པ་མཐོང་། མི་དམངས་ཉེན་རྟོག་པ་ཞུས་ཆེ་གེ་མོས་བཀག་འགོག་བྱེད་སྐབས། ཏེང་ཆེ་གེ་མོས་མི་དམངས་ཉེན་རྟོག་པ་ཞུས་ཆེ་གེ་མོའི་གཡོན་ཕྱོགས་ཀྱི་ངོ་གདོང་ལ་འགྲམ་ལྕག་ཅིག་གཞུས་པས། ཞུས་ཆེ་གེ་མོའི་དཔུང་རྟགས་གཡས་པའི་ཁྲིམས་བསྟར་ཟིན་ཐོ་འགོད་ཆས་དེ་ས་རུ་གཡུགས། གཞོགས་འདེགས་ཉེན་རྟོག་པ་གཞན་པས་ཏེང་ཆེ་གེ་མོ་བཟུང་ནས་ཀུང་སི་རུ་འཛུལ་དུ་མི་འཇུག་པའི་སྐབས་སུ། ཏེང་ཆེ་གེ་མོས་ལག་པ་ཡར་བཀྱགས་ནས་གཞོགས་འདེགས་ཉེན་རྟོག་པར་རྡུང་རྡེག་བྱས། ཕྱིས་སུ་མི་དམངས་ཉེན་རྟོག་པ་ཞུས་ཆེ་གེ་མོས་ཁྲིམས་འཛིན་ཟིན་ཐོ་འགོད་ཆས་གཞོགས་འདེགས་ཉེན་རྟོག་པར་བརྒྱུད་སྤྲོད་བྱས་ནས། མུ་མཐུད་དུ་བཀག་འགོག་བྱེད་སྐབས། ཏེང་ཆེ་གེ་མོས་ཡང་བསྐྱར་ཞུས་ཆེ་གེ་མོའི་གཡོན་ཕྱོགས་ཀྱི་ངོ་གདོང་ལ་འགྲམ་ལྕག་གཉིས་གཞུས། མི་དམངས་ཉེན་རྟོག་པ་ཞུས་ཆེ་གེ་མོ་དང་གཞོགས་འདེགས་ཉེན་རྟོག་པས་འཕྲལ་མར་ཏེང་ཆེ་གེ་མོར་ཚོད་འཛིན་བྱས་ནས་མངགས་གཏོང་ཁང་དུ་ཁྲིད། ཏེང་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་རྡུང་རྡེག་བྱས་པའི་བརྙན་དྲ་ཐོག་ཏུ་བརྒྱུད་བསྐུར་བྱས་རྗེས་ཤུགས་རྐྱེན་ངན་པ་བཟོས།

案例四:山东省济南市莱芜区邓某某妨害公务案

被告人邓某某系莱芜某食品有限公司职工。202023日上午8时许,邓某某饮酒后未戴口罩去公司上班,因公司规定酒后不能上岗以及在防控新冠肺炎疫情期间出入公司必须佩戴口罩,故防控人员不准许其进入公司院内,对其进行劝说阻止。邓某某不听劝阻,强行从电动伸缩门跳入公司,在防控人员再次阻止时邓某某情绪更加激动,并上前击打防控人员面部,进而与防控人员发生厮打。公司报警后,杨庄派出所民警徐某某与辅警立即出警处置,赶到现场后看到邓某某与一名男子在厮打,民警徐某某上前制止时,邓某某击打民警徐某某左侧面部一巴掌,致徐某某右肩肩章处的执法记录仪滑落,另一名辅警拉着邓某某不让其进入公司时,邓某某又要抬手击打辅警,辅警躲开没被打到,后民警徐某某将执法记录仪转交辅警,再次制止时邓某某又打了徐某某的左侧脸部两巴掌,民警徐某某及辅警随即将邓某某控制并带至派出所。邓某某殴打民警视频在网络上传播后,造成十分恶劣影响。

ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་ཐོན་པའི་ཉིན་དེར། སྤྱི་བདེ་ལས་ཁུངས་ཀྱི་གྱོད་དོན་བརྡ་ཁྱབ་འབྱོར་རྗེས་དུས་ཐོག་ཏུ་གྱོད་དོན་དང་དཔང་རྟགས་ཤེས་རྟོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། ཏེང་ཆེ་གེ་མོ་ཟུར་འཇོག་དང་ལོགས་སུ་བཙོན་འཇུག་བྱེད་དགོས་པའི་གྲོས་འགོ་བཏོན། ཟླ2ཚེས4ཉིན་གྱི་ཕྱི་དྲོ། ཅི་ནན་གྲོང་ཁྱེར་སྤྱི་བདེ་ཅུས་ལའེ་ཝུའུ་ཆུས་ཡན་ལག་ཅུས་ཀྱིས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་བསགས་པའི་དོགས་གཞི་ཡོད་པས། ཏེང་ཆེ་གེ་མོ་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཞུས་པ་དང་ཏེང་ཆེ་གེ་མོའི་བྱ་སྤྱོད་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་ཕྱོགས་བསྡུས་བྱས་ཏེ། ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ2ཚེས5ཉིན་ཏེང་ཆེ་གེ་མོ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུར་ཆོག་མཆན་སྤྲོད་རྒྱུ་གཏན་འབེབས་བྱས། ཟླ2ཚེས6ཉིན་གྱི་ཕྱི་དྲོར། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་དེ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་དང་ལའེ་ཝུའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ངོས་འཛིན་བྱས་དོན། ཏེང་ཆེ་གེ་མོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་དྲག་ཤུགས་ལ་བརྟེན་ནས་བཀག་འགོག་བྱས་པ་དང་། དེའི་བྱ་སྤྱོད་ཀྱིས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་བསགས་པ་དང་། དུས་མཚུངས་དེར་ཉེས་པ་ངོས་ལེན་དང་ཆད་པ་ཁས་ལེན་གྱི་སློབ་གསོའི་ལས་དོན་སྤེལ། ཏེང་ཆེ་གེ་མོས་ཉེས་པ་ཁས་ལེན་དང་ཆད་པ་ཁས་ལེན་དང་འགྱོད་བཤགས་བྱས། ཟླ2ཚེས7ཉིན། ཁྲིམས་རྩོད་པའི་བདེན་དཔང་འོག་ཏེང་ཆེ་གེ་མོས་རང་མོས་ངང་ནག་ཉེས་ངོས་ལེན་དང་ཆད་པ་ཁས་ལེན་གྱི་ཡི་གེ་ཐོག་ཏུ་མིང་རྟགས་བཀོད་པ་དང་། ལའེ་ཝུའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཏེང་ཆེ་གེ་མོར་ནག་ཉེས་ངོས་ལེན་དང་ཆད་པ་ཁས་ལེན་བྱས་པར་གུ་ཡངས་གཏོང་བའི་ལམ་ལུགས་སྤྱད་དེ། གཞུང་ཕྱོགས་ནས་ཞུ་སྦྱོར་བྱ་རྒྱུའི་གཏན་འབེབས་བྱས་པར་མ་ཟད། མྱུར་གཅོད་ཀྱི་གོ་རིམ་སྤྱོད་དགོས་པའི་གྲོས་འགོ་བཏོན་པ་དང་བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོའང་བཏོན། ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་མི་དམངས་ཁྲིམས་ཁང་གིས་ཟླ2ཚེས12ཉིན་མྱུར་གཅོད་གོ་རིམ་སྤྱད་དེ་གྱོད་གཞི་དེར་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་ཤིང་། ཁྲིམས་སར་འདྲི་གཅོད་བྱེད་པའི་རིང་ལ། ཞིབ་དཔྱོད་ཁང་གིས་གྱོད་ཡ་ཏེང་ཆེ་གེ་མོའི་ཉེས་གསོག་དོན་དངོས་ཁ་གསལ་དང་དཔང་རྟགས་ཁུངས་བཙན་ཡོད་པས་ཁྲིམས་ལྟར་གྱོད་ཡ་ལ་ཉེས་པ་ཡོད་པའི་ངོས་འཛིན་བྱས་པ་དང་། གྱོད་ཡ་ཏེང་ཆེ་གེ་མོས་དྲག་ཤུགས་ལ་བརྟེན་ནས་ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་འཇབ་རྒོལ་བྱས་པས་ཆད་པ་ལྕི་མོ་གཅོད་དགོས། གྱོད་ཡ་ཏེང་ཆེ་གེ་མོས་རང་ཉེས་ངོས་ལེན་དང་ཆད་པ་ཁས་ལེན་བྱས་པ་དང་། ཉེས་བགྲང་ཞུ་གཏུག་བྱས་པའི་དོན་དངོས་དང་། ཉེས་མིང་། བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོར་བསམ་འཆར་མི་མཐུན་པ་མེད་ལ། ཉེས་འགྱོད་ཀྱི་རྣམ་འགྱུར་ཡང་ཡོད་པས། ཁྲིམས་ཁང་གིས་ཁྲིམས་སར་དཔྱད་མཚམས་བཏང་བ་སྟེ། གྱོད་ཡ་ཏེང་ཆེ་གེ་མོས་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱས་ཉེས་བསགས་པས། ཟླ་བ་བཅུའི་དུས་བཙོན་གྱི་ཁྲིམས་ཐག་བཅད།

济南市莱芜区人民检察院于案发当日收到公安机关案情通报后及时介入,了解案情和证据,建议看守所在疫情防控期间对邓某某进行隔离、单独关押。24日下午,济南市公安局莱芜区分局以涉嫌妨害公务罪提请批准逮捕邓某某,综合邓某某的行为及造成的恶劣社会影响,济南市莱芜区人民检察院于25日对邓某某依法作出批准逮捕决定。26日下午,公安机关将该案移送审查起诉,莱芜区人民检察院审查认为:邓某某在疫情防控期间,以暴力方法阻碍人民警察依法执行职务,其行为已构成妨害公务罪,同时对其进行认罪认罚教育工作,邓某某表示认罪认罚、认罪悔罪。27日,在律师见证下,邓某某自愿签署认罪认罚具结书,莱芜区人民检察院决定对邓某某适用认罪认罚从宽制度提起公诉,建议适用速裁程序,并提出了量刑建议。济南市莱芜区人民法院于212日适用速裁程序开庭审理了该案,庭审中,检察院起诉认定被告人邓某某的犯罪事实清楚,证据确实充分,依法应当认定被告人有罪,被告人邓某某暴力袭击正在依法执行职务的人民警察,应当从重处罚;被告人邓某某表示认罪认罚,对指控的事实、罪名以及量刑建议没有异议,并有悔罪表现,法院当庭作出判决:被告人邓某某犯妨害公务罪,判处有期徒刑十个月。

གསུམ། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་བྱས་ཉེས་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས།

三、依法严惩破坏野生动物资源犯罪

བཅའ་ཁྲིམས་ཉིང་བཅུདཁྲིམས་འགལ་ངང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་བའི་རིགས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་པའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་ཞེ་གཅིག་གི་ནང་གསེས་དང་པོའི་གཏན་འབེབས་ལྟར། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་བའི་རིགས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་པའི་བྱས་ཉེས་སུ་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་དགོས། ཚང་མས་ཤེས་གསལ་ལྟར། ཉོ་ཚོང་མེད་ན་གནོད་འཚེ་མེད།ཁྲིམས་འགལ་ངང་རྩ་ཆེ་ལ་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་པའི་བྱས་ཉེས་ཉེས་ཚད་ལ་སླེབས་པའི་རིགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། རི་སྐྱེས་སྲོག་ཆགས་ནི་རང་བྱུང་ཁམས་ཆེན་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་རེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་ཤུགས་སྣོན་ཆེད། རང་རྒྱལ་ཉེས་ཁྲིམས་ནང་ཁྲིམས་འགལ་ངང་ཆུ་ཐོན་དངོས་རིགས་འཛིན་རྙབ་ཀྱི་བྱས་ཉེས་དང་། ཁྲིམས་འགལ་ངང་རྩ་ཆེ་ལ་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་རྔོན་པ་དང་གསོད་པ། རྩ་ཆེ་ལ་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་པའི་བྱས་ཉེས། ཁྲིམས་འགལ་ངང་རྔོན་པའི་བྱས་ཉེས་དང་། དེ་བཞིན་རྩ་ཆེ་ལ་རྩ་མེད་དུ་འགྲོ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་བཟོས་རྫས་ལྐོག་ཚོང་བརྒྱབ་པའི་བྱས་ཉེས་བཅས་གཏན་འབེབས་བྱས་ཡོད། གཞན་ཡང་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་ཁོངས་མིན་པའི་རི་སྐྱེས་སྲོག་ཆགས་དང་། དེའི་བཟོས་རྫསཉོ་ཚོང་བྱེད་ས་གཉེར་བ་དང་། དྲ་ཐོག་བྲིན་ཚོང་། ལས་སྣོན་བཟའ་བཅའ་འཚོང་བ་སོགས་ཚུད།ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པ། ཁྲོམ་རའི་སྒྲིག་ལམ་དཀྲུགས་ནས་ཉེས་ཚབས་ཆེ་བའི་རིགས་ལ་ཁྲིམས་འགལ་ངང་གཉེར་སྐྱོང་གི་བྱས་ཉེས་སུ་གཏན་འཁེལ་བྱས་ནས་ཆད་པ་གཅོད་རྒྱུ་དང་། ཁྲིམས་འགལ་ངང་རྔོན་པའི་རི་སྐྱེས་སྲོག་ཆགས་ཡིན་པ་ཤེས་པའམ་ཡང་ན་ཤེས་འོས་བཞིན་དུ་ཉོ་སྒྲུབ་བྱས་པའི་རིགས་ལ། འགེབས་སྲུང་དང་སྦས་གསང་བྱས་པའི་བྱས་ཉེས་སུ་གཏན་འཁེལ་བྱས་ནས་ཆད་པ་གཅོད་དགོས།

【法律要旨】

非法收购、运输、出售国家重点保护的珍贵、濒危野生动物的,依照刑法第三百四十一条第一款的规定,以非法收购、运输、出售珍贵、濒危野生动物罪定罪处罚。众所周知,“没有买卖就没有伤害”,对于非法收购、运输、出售珍贵濒危野生动物、珍贵濒危野生动物制品,构成犯罪的,要依法予以打击。野生动物是大自然的重要组成部分,保护野生动物,维护生物多样性和生态平衡,促进人与自然和谐相处,是生态文明建设的重要组成部分。为加强对野生动物的保护,我国刑法规定了非法捕捞水产品罪,非法猎捕、杀害珍贵、濒危野生动物罪,非法收购、运输、出售珍贵濒危野生动物、珍贵濒危野生动物制品罪,非法狩猎罪,以及走私珍贵动物、珍贵动物制品罪。此外,对于违反国家规定,非法经营非国家重点保护野生动物及其制品(包括开办交易场所、进行网络销售、加工食品出售等),扰乱市场秩序,情节严重的,以非法经营罪定罪处罚;知道或者应当知道是非法狩猎的野生动物而购买的,以掩饰、隐瞒犯罪所得罪定罪处罚。

ནན་བཤད་བྱེད་དགོས་པ་ཞིག་ནི། རིམས་ནད་ཐོན་པ་ནས་བཟུང་རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་མངོན་གསལ་དོད་པའི་གནད་དོན་དང་། དེ་བཞིན་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་གྲུབ་ཆའི་ཐད་ཀྱི་མངོན་མེད་རྐྱེན་ངན་གལ་ཆེན་ལ་གཞིགས་ནས། 2020ལོའི་ཟླ2ཚེས24ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིསཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་དང་། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་ཕྱོགས་ཡོངས་ནས་དོར་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པའི་གཏན་འབེབསལ་གྲོས་འཆམ་བྱུང་བ་དང་། བཟའ་བཅའ་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ཕྱི་རོལ་ཁོར་ཡུག་ཏུ་རང་བྱུང་ངང་འཚར་ལོངས་དང་རྒྱུད་སྤེལ་བྱེད་པའི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་འཛིན་གསོད་དང་ཉོ་ཚོང་། སྐྱེལ་འདྲེན་བཅས་བྱ་རྒྱུ་ཕྱོགས་ཡོངས་ནས་གཏན་འགོག་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་པ་དེའི་ཐོག་ནས། རྒྱལ་ཁབ་ཁྲིམས་འཛུགས་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་དོན་ཚན་ནན་ཤོས་ཀྱི་ཐད་ནས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་འཛིན་གསོད་དང་། ཉོ་ཚོང་། བཟའ་བཏུང་བཅས་ཀྱི་བྱ་སྤྱོད་མཐའ་དག་གཏན་འགོག་དང་རྡུང་རྡེག་ཚ་ནན་བཏང་བ་མཚོན་ཡོད།

需要强调的是,疫情发生以来,对滥食野生动物的突出问题及对公共卫生安全构成的重大隐患,2020224日,全国人大常委会通过了《关于全面禁止非法野生动物交易、革除滥食野生动物陋习、切实保障人民群众生命健康安全的决定》,明确规定全面禁止以食用为目的猎捕、交易、运输在野外环境自然生长繁殖的陆生野生动物,体现了国家立法机关以最严格的法律条文禁止和严厉打击一切非法捕杀、交易、食用野生动物的行为。

གྱོད་དཔེ་ལྔ་བ། ཧོ་པེ་ཞིང་ཆེན་ཡུས་ཐེན་རྫོང་གི་ལིའུ་ཆེ་གེ་མོ་སོགས་མི་ལྔས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་ཉོ་སྒྲུབ་དང་ཕྱིར་འཚོང་བྱས་པའི་དོགས་ཡོད་གྱོད་གཞི།

2019ལོའི་ཟླ11པ་ནས2020ལོའི་ཟླ1པར། དོགས་ཡོད་ཉེས་ཅན་ཝང་ཆེ་གེ་མོས་ཁྲིམས་འགལ་ངང་ལེའོ་ཉིང་ཞིང་ཆེན་ལིང་ཡོན་སོགས་ས་གནས་དང་དེ་བཞིན་དབྱིན་ཆེ་གེ་མོའི་ལག་ནས་རི་བོང་དང་བྱ་དེ། འུག་པ་དང་བྱ་རྒོད་འབོར་ཆེན་བཅས་ཉོས། དེའི་ཁྲོད་དུ་དབྱིན་ཆེ་གེ་མོའི་ལག་ནས་འུག་པ4དང་། རི་བོང200ལྷག་ཙམ། བྱ་དེ་ཆ15བཅས་ཉོ་སྒྲུབ་བྱས། དེའི་རྗེས་སུ་ཉོ་སྒྲུབ་བྱས་པའི་རི་སྐྱེས་སྲོག་ཆགས་ཡུས་ཐེན་རྫོང་གི་དོགས་ཡོད་ཉེས་ཅན་ཡོན་ཆེ་གེ་མོ་ལ་བཙོངས་ནས་དེའི་ཁྲོད་ནས་ཁེ་ཐོབ། 2019ལོའི་ཟླ11པ་ནས2020ལོའི་ཟླ1བར། ཡོན་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱིས་སྔ་རྗེས་སུ་ཧྲན་ཆེ་གེ་མོར་བྱ་རྒོད་དང་གླག་རྒོད། འུག་པ་སོགས་རི་སྐྱེས་སྲོག་ཆགས་ཀྱི་འཁྱགས་རོ་བཙོངས་ནས་ཁེ་ཟོས། གཞན་ད་དུང་སྤྱི་བདེ་ལས་ཁུངས་ཀྱིས་ཡོན་ཆེ་གེ་མོ་དང་ཧྲན་ཆེ་གེ་མོའི་ས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཤི་རོ་འབོར་ཆེན་སྔོག་བཤེར་བྱུང་། གསལ་འབྱེད་བྱས་པ་བརྒྱུད། འུག་པ་དང་བྱ་རྒོད་སོགས་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། རི་བོང་དང་བྱ་དེ་བཅས་ནིརྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དང་། ཚན་རིག  སྤྱི་ཚོགས་ཀྱི་རིན་ཐང་བཅས་ཀྱི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་གལ་ཆེན་གྱི་མིང་གཞུངཁྲོད་ཀྱི་སྲུང་སྐྱོབ་སྲོག་ཆགས་ཡིན།

案例五:河北省玉田县刘某某等五人涉嫌非法收购、出售珍贵野生动物案

201911月至20201月,犯罪嫌疑人王某某非法在辽宁省凌源等地以及从尹某某手中大量收购草兔、豹猫、雕、苍鹰等野生动物,其中从尹某某手中收购雕4只、草兔200余只,雉鸡15对。随后,将收购的野生动物销售给玉田县犯罪嫌疑人袁某某并从中获利。201911月至20201月间,袁某某、刘某某夫妇先后两次非法向单某某出售凤头蜂鹰、苍鹰、雕等野生动物冷冻死体,并从中获利。此外,公安机关还在袁某某、单某某处搜查出大量野生动物死体。经鉴定,雕、凤头蜂鹰、苍鹰等为国家二级保护动物;豹猫、草兔、雉鸡均为《国家保护的重要生态、科学、社会价值的陆生野生动物名录》中的保护动物。

2020ལོའི་ཟླ1ཚེས9ཉིན། ཡུས་ཐེན་རྫོང་སྤྱི་བདེ་ཅུས་ཀྱིས་དོགས་ཡོད་ཉེས་ཅན་ལིའུ་ཆེ་གེ་མོ་དང་། ཡོན་ཆེ་གེ་མོ། ཝང་ཆེ་གེ་མོ། ཧྲན་ཆེ་གེ་མོ། དབྱིན་ཆེ་གེ་མོ་བཅས་ཀྱིས་ ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རྩ་མེད་དུ་འགྲོ་ཉེ་བའི་རིགས་དང་། དེའི་བཟོས་རྫས་ཉོ་སྒྲུབ་བྱས་པའི་བྱས་ཉེས་ལ་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས། ཡུས་ཐེན་རྫོང་མི་དམངས་ཞིབ་དཔྱོད་ཁང་མྱུལ་ཞིབ་དང་ཁྲིད་སྟོན་བྱེད་པར་ཞུགས། ཟླ2ཚེས6ཉིན། སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཞུས། ཟླ2ཚེས10ཉིན། ཡུས་ཐེན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལིའུ་ཆེ་གེ་མོས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་ཕྱིར་འཚོང་བྱས་པའི་བྱས་ཉེས་དང་། ཡོན་ཆེ་གེ་མོས་རི་སྐྱེས་སྲོག་ཆགས་རྩ་ཆེན་ཉོ་སྒྲུབ་དང་ཕྱིར་འཚོང་བྱས་པའི་བྱས་ཉེས། ཝང་ཆེ་གེ་མོས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་ཉོ་སྒྲུབ་དང་ཕྱིར་འཚོང་བྱས་པའི་བྱས་ཉེས། ཧྲན་ཆེ་གེ་མོས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྩ་ཆེན་ཉོ་སྒྲུབ་བྱས་པ་བཅས་ཀྱི་བྱས་ཉེས་ལ་འཛིན་བཟུང་གི་ཆོག་མཆན་སྤྲོད་རྒྱུ་གཏན་འབེབས་བྱས། དབྱིན་ཆེ་གེ་མོ་ལ་ཁག་ཁྱེར་བཀའ་སྒུག་གི་བཙན་ཤེད་བྱེད་ཐབས་སྤྱད་ཅིང་། མིག་སྔར་གྱོད་གཞི་གོམ་གང་མདུན་སྤོས་ཀྱིས་མྱུལ་ཞིབ་བྱེད་བཞིན་ཡོད།

202019日,玉田县公安局对犯罪嫌疑人刘某某、袁某某、王某某、单某某、尹某某以涉嫌非法收购珍贵、濒危野生动物及其制品罪立案侦查。玉田县人民检察院介入侦查引导取证。26日,公安机关将该案提请批准逮捕。210日,玉田县人民检察院依法对刘某某以涉嫌非法出售珍贵野生动物罪、袁某某涉嫌非法收购、出售珍贵野生动物罪、王某某涉嫌非法收购、出售珍贵野生动物罪、单某某涉嫌非法收购珍贵野生动物罪作出批准逮捕决定。尹某某被采取取保候审强制措施。目前案件正在进一步侦查中。

责任编辑:俄尖泽仁

扫一扫在手机打开当前页