当前位置: 首页 / 翻译园地 / 法律法规

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་སྲུང་སྐྱོང་སྲོལ་ཡིག

发布时间:2020-09-03
字体:
访问量:
来源:州编译局
分享到:

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱིརྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་

སྲུང་སྐྱོང་སྲོལ་ཡིགབཟོ་བཅོས་སྐོར་གྱི་

གཏན་འབེབས།

 (2020ལོའི་ཟླ1པོའི་ཚེས ཉིན་རྔ་བ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག) 
    རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་འདུ་ཐེངས་བཞི་བའི་ཐོག
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིགལ་བཟོ་བཅོས་གཏན་འབེབས་བྱས་པ་གཤམ་གསལ། 

གཅིག དོན་ཚན་ཞེ་གསུམ་པའི་ནང་གསེས་དུམ་ཚན་བཞི་བའི“རང་སྐྱོང་ཁུལ་ནང་ཁོངས་སུ་རྒྱལ་ཁབ་ཀྱིས་རྩ་འཛུགས་ལག་བསྟར་བྱས་པའི་བས་མཐའ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་གློག་བཀོལ་གནད་དོན་ཐག་གཅོད་པའི་ཆུ་གློག་ཆུང་གྲས་ཀྱི་ལས་གཞི་མ་གཏོགས། ཆན་ཝ་ལྔ་སྟོང་དང་དེ་མན་གྱི་ཆུ་གློག་ལས་གཞི་གསར་སྤེལ་བྱས་མི་ཆོག”ཅེས་པ“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མཐུན་སྦྱོར་ཡིན་ཞིང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཁས་བླངས་པའི་དབུལ་སེལ་འགག་སྒྲོལ་ལས་གཞི་མ་གཏོགས། ཚོང་ལས་གསར་སྤེལ་གྱི་ཆན་ཝ་ལྔ་ཁྲི་དང་དེ་མན་ཆད་ཀྱི་ཆུ་གློག་ལས་གཞི་གསར་འཛུགས་བྱས་མི་ཆོག”ཅེས་བཟོ་བཅོས་བྱས་ཡོད། 
    གཉིས། དོན་ཚན་ཞེ་བཞི་བའི་དུམ་ཚན་གསུམ་པའི“ཆུ་གློག་གསར་སྤེལ་ཁེ་ལས་ཀྱིས་གཏན་འབེབས་ཀྱི་དུས་བཀག་ལྟར་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་ཡིག་ཆར་ཆོག་མཆན་འགོད་མཁན་གྱི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་མཇུག་སྒྲིལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་རེ་འདུན་ཞུ་དགོས”ཞེས་པ“ཆུ་གློག་གསར་སྤེལ་ཁེ་ལས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་གོ་རིམ་ལྟར། ཆ་ལག་ཚང་བའི་འཛུགས་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱེད་པ་དང་། ཞིབ་བཤེར་རྩིས་ལེན་གྱི་སྙན་ཞུ་བཟོ་འགོད་བྱ་དགོས་པར་མ་ཟད། ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས”ཞེས་པར་བཟོ་བཅོས་བྱས། དུམ་ཚན་བཞི་བའི“འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་མཇུག་སྒྲིལ་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་མ་ལོན་ན། གློག་ཤུགས་གཉེར་སྐྱོང་ཁེ་ལས་ཀྱིས་ཆུ་གློག་འཛུགས་སྐྲུན་ལས་གཞི་དེའི་ཁྲིམས་འགལ་གྱི་གློག་འདོན་ཉོ་བའམ་ཕྱིར་འཚོང་བྱས་མི་ཆོག”ཅེས་པ“འཛུགས་སྐྲུན་ལས་གཞི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱས་མེད་པའམ་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་མ་ལོན་ན། ཐོན་སྐྱེད་དམ་བེད་སྤྱོད་བྱེད་མགོ་བརྩམས་མི་ཆོག”ཅེས་བཟོ་བཅོས་བྱས་ཡོད། “གློག་ཤུགས་གཉེར་སྐྱོང་ཁེ་ལས་ཀྱིས་ཆུ་གློག་འཛུགས་སྐྲུན་ལས་གཞི་དེའི་ཁྲིམས་འགལ་གྱི་གློག་གཏོང་གློག་ཚད་ཉོ་སྒྲུབ་དམ་ཡང་ན་ཕྱིར་འཚོང་བྱས་མི་ཆོག”ཅེས་པ་དོན་ཚན་ལྔ་བར་བཞག་ཡོད།
    གསུམ། དོན་ཚན་ཞེ་ལྔ་བའི“རང་སྐྱོང་ཁུལ་གྱི་ཆུ་བེད་ཆུ་གློག་གསར་སྤེལ་འཛུགས་སྐྲུན་ལས་གཞི་ངེས་པར་དུ་ཆུ་དཀོན་པའི་དུས་སྐབས་ཀྱི་ལོ་མང་རིང་གི་ཆ་སྙོམས་རྒྱུག་ཚད་ཀྱི
10%ལྟར་སྐྱེ་ཁམས་སྤྱོད་ཆུ་ཕྱིར་གཏོང་དགོས།”ཞེས་པ“རང་སྐྱོང་ཁུལ་གྱི་མངའ་ཁོངས་ནང་གི་ཆུ་བེད་ཆུ་གློག་གསར་སྤེལ་འཛུགས་སྐྲུན་ལས་གཞི་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྐྱེ་ཁམས་སྤྱོད་ཆུ་ཕྱིར་གཏོང་དགོས་ཞེས་པར་བཟོ་བཅོས་བྱས་ཡོད། 
    བཞི། དོན་ཚན་ཞེ་བརྒྱད་པའི་དུམ་ཚན་གཉིས་པའི“གཏེར་རྫས་གསར་སྤེལ་ཁེ་ལས་ཀྱིས་གཏན་འབེབས་ཀྱི་དུས་བཀག་ལྟར། འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་ཡིག་ཆར་ཆོག་མཆན་འགོད་མཁན་གྱི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་རེ་འདུན་ཞུ་དགོས།”ཞེས་པ“གཏེར་རྫས་གསར་སྤེལ་ཁེ་ལས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་གོ་རིམ་ལྟར། ཆ་ལག་ཚང་བའི་འཛུགས་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་། ཞིབ་བཤེར་རྩིས་ལེན་གྱི་སྙན་ཞུ་བཟོ་འགོད་བྱ་དགོས་པར་མ་ཟད། ད་དུང་བཅའ་ཁྲིམས་ལྟར་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་དགོས།”ཞེས་པར་བཟོ་བཅོས་བྱས་ཡོད། 
    ལྔ། དོན་ཚན་དྲུག་ཅུ་བའི་ནང་གསེས(ལྔ)བའི་མཇུག་ཏུ“(དྲུག)དོན་ཚན་ཞེ་བཞི་བའི་དུམ་ཚན་གསུམ་པའི་གཏན་འབེབས་དང་འགལ་ཏེ། འཛུགས་སྐྲུན་སྡེ་ཚན་གྱིས་བཅའ་ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ཞིབ་བཤེར་རྩིས་ལེན་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་མེད་ན། རྫོང་རིམ་པ་ཡན་གྱི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྤྱི་བསྒྲགས་བྱེད་འགན་དཀྲི་རྒྱུ་དང་། སྒོར་ཁྲི5ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པར་མ་ཟད། སྤྱི་བསྒྲགས་ཀྱང་བྱ་རྒྱུ་ཡིན།”ཞེས་བསྣན་དགོས་ཤིང་། ནང་གསེས(བདུན)པའི“དོན་ཚན་ཞེ་བཞི་བའི་དུམ་ཚན་བཞི་བའི་གཏན་འབེབས་དང་འགལ་ན། གློག་ཤུགས་གཉེར་སྐྱོང་ཁེ་ལས་ལ་ཆུ་གློག་འཛུགས་སྐྲུན་ལས་གཞི་དེའི་ཁྲིམས་འགལ་གློག་འདོན་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་པར་མ་ཟད། སྒོར་ཁྲི5ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་ཀྱང་བཅད་ཆོག”ཅེས་པ“དོན་ཚན་ཞེ་བཞི་བའི་དུམ་ཚན་བཞི་པའི་གཏན་འབེབས་དང་འགལ་ན། དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། སྒོར་ཁྲི20ཡན་ནས་སྒོར་ཁྲི100མན་གྱི་དངུལ་ཆད་གཅོད་རྒྱུ། དུས་བཀག་ནང་ཡོ་བསྲང་མི་བྱེད་ན་སྒོར་ཁྲི100ཡན་ནས་སྒོར་ཁྲི200མན་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀའི་འགན་འཁུར་གཙོ་སྐྱོང་མི་སྣ་དང་དེ་མིན་གྱི་འགན་འཁུར་མི་སྣར་སྒོར་ཁྲི5ཡན་ནས་ཁྲི20མན་གྱི་དངུལ་ཆད་གཅོད་རྒྱུ། ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་པའམ་སྐྱེ་ཁམས་ལ་གཏོར་བཤིག་བཏང་ན། ཐོན་སྐྱེད་དམ་ཡང་ན་བཀོལ་སྤྱོད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཡང་ན་ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་སྙན་ཞུ་འབུལ་ནས་སྒོ་རྒྱག་ཏུ་འཇུག་རྒྱུ།”ཞེས་པར་བཟོ་བཅོས་བྱས་ཡོད།
    དྲུག དོན་ཚན་ཉེར་དགུ་བའི་དུམ་ཚན་བཞི་བ་དང་། དོན་ཚན་དྲུག་ཅུ་བའི་ནང་གསེས (དང་པོ་)བསུབས།

བདུན། སྲོལ་ཡིག་ཀུན་གྱི་ནང་གི“ཁུལ་དང་རྫོང་མི་དམངས་སྲིད་གཞུང་”ཞེས་པ་གཅིག་གྱུར་གྱིས“ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་”དུ་བཅའ་དགོས་པར་མ་ཟད། ད་དུང་སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་སྒྲིག་གཞིའི་མིང་བསྒྱུར་བ་དང་འགན་ནུས་ལེགས་སྒྲིག་བྱས་ཚུལ་ལ་གཞིགས་ནས་དོན་ཚན་ཁག་གཅིག་ནང་གི་འབྲེལ་ཡོད་སྒྲིག་གཞིའི་མིང་དང་འགན་ནུས་ལ་དེ་མཚུངས་ཀྱི་བཟོ་བཅོས་བྱེད་དགོས།
   
ཆོད་དོན་འདི་སྤྱི་བསྒྲགས་བྱས་ཉིན་ནས་ལག་ཏུ་བསྟར་རྒྱུ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིགཆོད་དོན་འདི་གཞིར་བཟུང་ནས་དེ་མཚུངས་ཀྱི་བཟོ་བཅོས་བྱས་རྗེས་བསྐྱར་དུ་ཁྱབ་བསྒྲགས་བྱ་རྒྱུ།


责任编辑:卡毛才让

扫一扫在手机打开当前页