当前位置: 首页 / 翻译园地 / 新词术语

བརྡ་ཆད་གསར་བ།新词术语

发布时间:2020-09-09
字体:
访问量:
来源:州编译局
分享到:

བརྡ་ཆད་གསར་བ།

新词术语

1.“一河一策”方案:围绕水资源保护、水域岸线管理、水污染防治、水环境治理、水生态修护、执法监管“六大任务”,梳理目标、问题、任务、责任“四张清单”,形成一条河一个管理保护方案。

ཆུ་གཅིག་ཇུས་གཅིགགི་ཐབས་ཚུལ་ཞེས་པ་ནི་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ཆུ་རྒྱུད་འགྲམ་ངོགས་དོ་དམ། ཆུའི་སྦགས་བཙོག་འགོག་སེལ།  ཆུའི་སྐྱེ་ཁམས་ཉམས་གསོ་སྲུང་སྐྱོང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་བཅས་ལས་འགན་ཆེན་པོ་དྲུགལ་དམིགས་ཤིང་། དམིགས་འབེན་དང་གནད་དོན། ལས་འགན། འགན་འཁྲི་བཅས་གསལ་ཐོ་བཞིརུ་ལེགས་སྒྲིག་བྱས་ཏེ་ཆུ་བོ་གཅིག་ལ་དོ་དམ་སྲུང་སྐྱོང་ཐབས་ཚུལ་གཅིག་འགོད་པ་ལ་གོ།

2.“四项行动”:清河、护岸、净水、保水行动。

བྱེད་སྒོ་བཞིཞེས་པ་ནི་ཆུ་རྒྱུད་གཙང་སེལ་དང་ཆུ་ངོགས་སྲུང་སྐྱོང་། ཆུ་སྤུས་ལེགས་བཅོས། ཆུ་བེད་སྲུང་འཛིན་བཅས་ཀྱི་བྱེད་སྒོ་ལ་གོ།

3.“健康阿坝2030”行动计划:2017年,按照中央和省的统一部署,我州启动的一项以“健康阿坝、幸福家庭”为目标,以“推动健康与经济社会深度融合”为重点的专项行动计划。按照该计划,到 2030 年,我州将全面建立以居民健康为中心的多层次、多元化、整合型全民健康体系,健康服务更加优化便捷,健康领域发展更加协调,健康生活方式得到普及,群众健康水平大幅提升。

བདེ་ཐང་རྔ་བ2030ཡི་བྱེད་སྒོ་འཆར་གཞི་ཞེས་པ་ནི2017ལོར་ཀྲུང་དབྱང་དང་ཞིང་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། བདེ་ཐང་རྔ་བ། བདེ་སྐྱིད་ཁྱིམ་གཞིས།དམིགས་འབེན་བྱས་ཤིང་། བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་འབྲེལ་འདྲེས་གཏིང་ཟབ་བྱེད་རྒྱུ་སྐུལ་འདེད་གཏོང་བགཙོ་གནད་དུ་བཟུང་བའི་ཆེད་དོན་བྱེད་སྒོའི་འཆར་གཞི་ཞིག་ལ་གོ། འཆར་གཞི་ལྟར་ན2030ལོར་ཐོན་དུས་རང་ཁུལ་དུ་སྡོད་དམངས་ཀྱི་བདེ་ཐང་ལྟེ་བར་བྱས་པའི་རིམ་པ་མང་ལ་རིགས་སྣ་མང་ཡིན་པ། སྡེབ་སྒྲིག་གི་རྣམ་པའི་དམངས་ཡོངས་བདེ་ཐང་མ་ལག་ཕྱོགས་ཡོངས་ནས་འཛུགས་དགོས་ལ། བདེ་ཐང་ཞབས་ཞུ་སྔར་ལས་ལེགས་སྒྲིག་སྟབས་བདེ་ཡིན་པ་དང་། བདེ་ཐང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་སྔར་ལས་མཐུན་སྦྱོར་ཡིན་པ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་བྱུང་ཞིང་། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་ཆེན་པོ་འབྱུང་དགོས་པ།

4.“二甲”医院:具有500张以下、100张以上病床规模的二级甲等医院。

རྩེ་གྲ་རིམ་གཉིསསྨན་ཁང་ཞེས་པ་ནི་གཞི་ཁྱོན་ནད་ཁྲི་ལྔ་བརྒྱ་མན་ཆད་ནས་བརྒྱ་ཡན་ཆད་ཅན་གྱི་རིམ་པ་གཉིས་པའི་སྨན་ཁང་རྩེ་གྲ་ལ་གོ།

5.1小时医疗服务圈”:通过完善县(市)、乡(镇)、村(社区)医疗卫生服务网络,形成辐射四周30分钟车程或步行1小时范围的急诊急救服务圈。

ཆུ་ཚོད1རིང་གི་སྨན་བཅོས་ཞབས་ཞུ་ཁུལཞེས་པ་ནི་རྫོངགྲོང་ཁྱེརདང་ཡུལ་ཚོགྲོང་རྡལ། གྲོང་ཚོསྡེ་ཁུལབཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་ནས། ཕྱོགས་བཞིར་གྱེས་ཤིང་སྐར་མ30རིང་གི་རླངས་འཁོར་གྱི་ལམ་ཐག་དང་ཆུ་ཚོད1རིང་གི་རྐང་ཐང་གི་ལམ་ཐག་ཁྱབ་ཁོངས་སུ་འཕྲལ་བཅོས་འཕྲལ་སྐྱོབ་བྱེད་པའི་ཞབས་ཞུ་ཁུལ་ལ་གོ།

6.口述历史“七进”:进学校、进大巴、进农村、进社区、进网络、进军营、进寺庙。

ངག་བརྗོད་ལོ་རྒྱུསགནས་བདུན་ལ་ཁྱབ་གདལ་གཏོང་བ་ཞེས་པ་ནི་སློབ་གྲྭ་དང་འགྲུལ་འཁོར། གྲོང་གསེབ། སྡེ་ཁུལ། དྲ་རྒྱ། དམག་སྒར། དགོན་པ་བཅས་ལངག་བརྗོད་ལོ་རྒྱུསབརྙན་འཕྲིན་ཁྱབ་གདལ་གཏོང་བ་ལ་གོ།

7.“双创”:大众创业、万众创新。

གཉིས་གཏོདཅེས་པ་ནི་མི་མང་བོས་ལས་སྒོ་གཏོད་པ་དང་མི་ཀུན་གྱིས་གསར་གཏོད་བྱེད་པ་ལ་གོ།

8.“五大保险”:养老保险、医疗保险、失业保险、工伤保险、生育保险。

འགན་བཅོལ་ཆེན་པོ་ལྔཞེས་པ་ནི་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ལ་གོ།

9.“两线”:农村低保线、扶贫线。

ཚད་གཉིསཞེས་པ་ནི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་དབུལ་སྐྱོར་བྱེད་པའི་ཚད་གཞི་ལ་གོ།

10. 多证合一 ལག་ཁྱེར་སྣ་མང་གཅིག་སྒྲིལ།

11. 营改增གཉེར་ཁྲལ་ནས་འཕར་ཁྲལ་དུ་བསྒྱུར་བ།

12. “五个信访”:阳光信访、责任信访、法治信访、开放信访、和谐信访。

ཡིག་སྐུར་ངོ་བཅར་ལྔཞེས་པ་ནི་དྭངས་གསལ་ཡིག་བསྐུར་ངོ་བཅར་དང་འགན་འཁྲི་ཡིག་སྐུར་ངོ་བཅར། ཁྲིམས་སྐྱོང་ཡིག་བསྐུར་ངོ་བཅར། སྒོ་འབྱེད་ཡིག་བསྐུར་ངོ་བཅར། འཆམ་མཐུན་ཡིག་བསྐུར་ངོ་བཅར་བཅས་ལ་གོ།

13.安全生产“三张清单”:安全生产责任清单、安全隐患排查清单、安全隐患整改清单。

བདེ་འཇགས་ཐོན་སྐྱེད་ཀྱི་གསལ་ཐོ་གསུམཞེས་པ་ནི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གསལ་ཐོ་དང་བདེ་འཇགས་ཀྱི་མངོན་མིན་རྐྱེན་ངན་གྲལ་བཤེར་གསལ་ཐོ། བདེ་འཇགས་ཀྱི་མངོན་མིན་རྐྱེན་ངན་དག་ཐེར་ལེགས་བཅོས་གསལ་ཐོ་གསུམ་ལ་གོ།

14.“三社联动”:社区、社会组织、社会工作专业人才“三个主体”有机融合、相互促进。

ཚོགས་གསུམ་མཉམ་འགུལཞེས་པ་ནི་སྡེ་ཁུལ་དང་སྤྱི་ཚོགས་རྩ་འཛུགས། སྤྱི་ཚོགས་ལས་དོན་གཉེར་བའི་ཆེད་ལས་ཤེས་ལྡན་པ་བཅས་གཙོ་གནད་གསུམཟུང་འབྲེལ་དམ་ཚགས་དང་ཕན་ཚུན་སྐུལ་འདེད་བྱེད་པ་ལ་གོ།

15. “五大必经程序”:公众参与、专家论证、风险评估、合法性审查、集体讨论决定。

བརྒྱུད་དགོས་ངེས་ཀྱི་བརྒྱུད་རིམ་ཆེན་པོ་ལྔཞེས་པ་ནི་མང་ཚོགས་ནང་དུ་ཞུགས་པ། ཆེད་མཁས་ཀྱིས་རིགས་པས་བསྒྲུབ་པ། ཉེན་ཁ་ལ་ཚོད་དཔག་བྱེད་པ། ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་པ། ཐུན་མོང་གིས་གྲོས་བསྡུར་ཐག་གཅོད་བྱེད་པ་ལ་གོ།

16.“放管服”:简政放权、放管结合、优化服务。

གློད་སྡོམ་ཞབས་གསུམཞེས་པ་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བྱེད་པ་ལ་གོ།

17.“三张清单”:权力清单、责任清单和负面清单。

གསལ་ཐོ་གསུམཞེས་པ་ནི་དབང་ཆའི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ། ལྡོག་ཕྱོགས་གསལ་ཐོ་བཅས་ལ་གོ།

18.“开评标一体化”:将开标室、评标室整合为开评标室,实现同场地既开标又评标。

འོས་འགུགས་གསལ་བསྒྲག་དཔྱད་བསྡུར་གཞི་གཅིག་ཅན་དུ་བསྒྱུར་བཞེས་པ་ནི་འོས་འགུགས་གསལ་སྒྲོག་ཁང་དང་འོས་འགུགས་དཔྱད་སྡུར་ཁང་གཉིས་གསལ་སྒྲོག་དཔྱད་བསྡུར་ཁང་དུ་གཅིག་སྒྲིལ་བྱས་ནས་ལས་ཡུལ་གཅིག་ནས་འོས་འགུགས་གསལ་བསྒྲག་དང་འོས་འགུགས་དཔྱད་བསྡུར་གྱི་ལས་དོན་མཉམ་དུ་བསྒྲུབ་ཐུབ་པ་ལ་གོ།

19.“双随机一公开”:随机抽取检查对象,随机选派执法人员,及时公布查处结果。

སྐབས་བསྟུན་གཉིས་དང་ཡོངས་བསྒྲག་གཅིགཅེས་པ་ནི་རྟོག་ཞིབ་བྱེད་ཡུལ་སྐབས་བསྟུན་དུ་གཏན་འཁེལ་བྱེད་པ་དང་ཁྲིམས་འཛིན་མི་སྣ་སྐབས་བསྟུན་དུ་གདམ་མངགས་བྱེད་པ། རྟོག་ཞིབ་བྱས་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་ལ་གོ།

20.“三公”:因公出国(境)、公务用车、公务接待。

གཞུང་གསུམཞེས་པ་ནི་གཞུང་དོན་དུ་ཕྱི་རྒྱལ(རྒྱལ་མཚམས་ནས་བརྒལ་བ)དུ་བསྐྱོད་པ་དང་གཞུང་འཁོར་སྤྱོད་པ། གཞུང་དོན་སྣེ་ལེན་བྱེད་པ་ལ་གོ།


责任编辑:卡毛才让

扫一扫在手机打开当前页